ཤིས་ཚང་དགོན་པའི་དགེ་འདུན་པ་ཚོ་རྒྱང་ཐག་སྤྱི་ལེ་ ༦༣ ཙམ་གྱི་སར་སྨོན་ལམ་གསུང་བར་ཆེད་ཕེབས་གནང་བ། Posted on 2012-11-302012-11-30 By ཁ་བརྡ་ 3 Comments on ཤིས་ཚང་དགོན་པའི་དགེ་འདུན་པ་ཚོ་རྒྱང་ཐག་སྤྱི་ལེ་ ༦༣ ཙམ་གྱི་སར་སྨོན་ལམ་གསུང་བར་ཆེད་ཕེབས་གནང་བ། དེ་ཡང་ཕྱི་ལོ་ ༢༠༡༢ ལོའི་ཟླ་ ༡༡ ཚེས་ ༢༩ སྟེ་རེས་གཟའ་ཕུར་བའི་བོད་ནང་གི་ཉིན་གུང་ཆུ་ཚོད་ ༢།༣༠ སྟེང་མདོ་སྨད་ཀླུ་ཆུའི་ཟམ་ཚ་རོང་གི་ལོ་ཙོ་སྡེ་བའི་རྒྱལ་གཅེས་དཔའ་བོ་ཚེ་རིང་རྣམ་རྒྱལ་གྱིས་བོད་བསྟན་སྲིད་ཀྱི་དོན་དུ་རང་གི་ཕ་མ་རྒན་རྒོན་དང་བཟའ་ཟླ་བུ་ཕྲུག་བཅས་པ་ཤུལ་དུ་བསྐྱུར་ཏེ་ཟམ་ཚ་ཡུལ་ཚོའི་སྲིད་གཞུང་གི་ཉེ་འདབས་སུ་རང་ལུས་མེ་སྲེག་བཏང་སྟེ་ས་གནས་དེ་ག་རང་དུ་སྐུ་གྲོངས་པ་དང་། ས་གནས་ཡུལ་མིས་ཁོང་གི་སྐུ་ཕུང་འདས་པོའི་རང་ཁྱིམ་དུ་གདན་དྲངས་ཤིང་། ཉེ་འཁོར་གྱི་ཟམ་ཚའི་ཉང་ཚང་གདོང་གཟིགས་དགོན་དང་རྨོག་རི་དགོན་པའི་དགེ་འདུན་པ་ཚོ་ཆེད་ཕེབས་ཀྱིས་སྨོན་ལམ་གསུང་འདོན་གནང་ཡོད་པ་རེད། དེ་བཞིན་དུ་དེ་རིང་སྟེ་ཕྱི་ཚེས་ ༣༠ རེས་གཟའ་པ་སངས་ཉིན་ཟམ་ཚའི་ལོ་ཙོ་སྡེ་བ་དང་བར་ཐག་སྤྱི་ལེ་ ༦༣ ཡོད་པའི་ཀླུ་ཆུའི་ཤིས་ཚང་དགོན་པའི་དགེ་འདུན་པ་ཉིས་བརྒྱ་དང་སུམ་ཅུ་ལྷག་འདས་པོའི་རང་ཁྱིམ་དུ་ཆེད་ཕེབས་ཀྱིས་སྨོན་ལམ་གསུང་འདོན་དང་ཤུལ་ལུས་ནང་མིར་གདུང་སེམས་མཉམ་སྐྱེད་གནང་ཡོད་པ་རེད། རྒྱལ་གཅེས་དཔའ་བོ་ཚེ་རིང་རྣམ་རྒྱལ་ནི་ཆུང་དུས་ཟམ་ཚ་ཡུལ་ཚོའི་སློབ་ཆུང་དུ་ལོ་ངོ་གཉིས་ཙམ་ལ་ཞུགས་པ་ལས་གཞན་སློབ་གྲྭར་འགྲིམ་མྱོང་མེད་མོད། ཁོང་ནི་རྒྱུན་དུ་མི་རིགས་ཀྱི་ལར་ཞེན་ཆེ་ཞིང་། བོད་དོན་ལ་དོ་སྣང་ཆེ་བའི་ཁར་ཕྱི་ལོ་ ༢༠༠༦ ལོར་བོད་ཁམས་ཡོངས་སུ་སྲམ་གཟིག་རྒྱན་པགས་མེ་སྲེག་གི་ལས་འགུལ་སྤེལ་སྐབས་ས་གནས་དེ་གར་འགན་འཁུར་མཁན་གཙོ་བོའི་གྲས་ཤིག་ཡིན་འདུག རྒྱལ་གཅེས་དཔའ་བོ་ཁོང་གི་ཁྱིམ་ཚང་གི་འཚོ་ཐབས་གཙོ་བོ་ཞིང་ལས་ཡིན་ལ། དེའི་ཞོར་དུ་ཁོང་དང་བཟའ་ཟླ་གཉིས་ཀྱིས་ད་ལྟ་ཟམ་ཚ་ཡུལ་ཚོ་རུ་ཚོང་ཁང་ཆུང་ཆུང་ཞིག་གཉེར་བཞིན་ཡོད་པ་རེད་ཅེས་བོད་ནས་གནས་ཚུལ་འགྲེལ་བརྗོད་གནང་སོང་། གསར་འགྱུར།
རྒྱལ་གཅེས་ཞི་རྒོལ་བ་ལ་མྱ་ངན་དང་ནང་མི་ལ་གདུང་སེམས་ཞུ ཨོཾ་མ་ཎི་པདྨེ་ཧཱུྃཿ ཁྱེད་ཅག་གིས་ཚེ་སྲོག་གིས་བསྒྲོན་པའི་མེ་ལྕེ་འདིས་བོད་མིའི་ལོ་རབས་བགྲངས་བའི་སྡུག་གི་མུན་པ་སེལ་བའི་འོད་སྣང་ཞིག་ཏུ་འགྱུར་བར་སྨོན།།
ཁྱེད་རྣམས་པའི་ཚེ་སྲོག་ལ་བསྒྲོན་པའི་མེ་ལྕེ་འདིས་ངའི་སྙིང་ཁམ་ལ་ན་གཟུགས་རེ་རེ་དང་ཡང་དུ་བསམ་དུས་་་་ངའི་ལྷག་བསམ་གྱི་དུང་ཞན་གོང་མཐོར་འཕེལ་ལ། ཡང་ཁྱེད་རྣམས་པའི་ལྷག་བསམ་གྱིས་མེ་ལྕེའི་ལས་འགུལ་དེ་མཐོང་སྐབས་དཔའ་བོ་ངོ་མ་ཁྱེད་རྣམས་པ་རེད་བསམ་པས། གདུངས་སེམས་མཉམ་བསྐྱེད་དང་སྙིང་དབུས་སུ་ལག་གཉིས་ཐལ་མོ་སྦྱར་ཏེ་རྗེད་སུ་ཡོད་རང་ཞུ།།
གུས་པས་ལག་གཉིས་ཐལ་མོ་སྦྱར་ཏེ་དཀོན་མཆོག་ལ་གསོལ་བ་འདེབས་པ་དང་གདུངས་སེམས་མཉམ་བསྐྱེད་ངང་རྗེས་སུ་ཡིད་རང་ཞུ་རྒྱུ་ཡིན།།