ཁྲོ་གཏུམ།
ཅོང་རྡོག་གི་ངོས་སུ་འཕྱུར་བའི་ཁ་རླངས་ཀྱིས་ཞོགས་དབུགས་ལ་རྒོལ་ཞིང
སྐད་ཆའི་བྲག་ཆ་དང་འདྲེས་བའི་གྲོགས་པོ་ཚོས
རམ་འདེགས་ཀྱི་བློ་ཁོག་གང་སར་མཆེད
ཚམ་ཚོམ་མེད་པར་ང་རང་སྨེ་ངག་གི་འཇིག་རྟེན་དུ་སླེབས་འདུག
ཚེ་སྲོག་འབར་གས་ཀྱི་ངོས་སུ་མི་སེམས་བརླན་པའི་གནས་ལུགས་ཀྱིས
དྲན་པའི་གཤོགས་སྟེང་དུ་བབས་ནས་འབར་ཞིང
ངས་ཅོང་རྡོག་ཟས་བའི་གྲངས་འབོར་བོར་ཏེ
མིག་ལམ་དུ་འབར་བའི་ཚེ་སྲོག་དེ་དག་ལ་ཧོན་འདུག
ཕ་ས་རུ་དགུན་གཞུང་སླེབས་པའི་གསར་འགྱུར་ཁྲོད་ནས
མེ་ཡི་ཚེ་སྲོག་ནས་དྲོད་ཐིག་འཚོལ་ལ
བདག་གི་ནམ་མཁའ་དུད་པས་ཁེངས་བས
ངའི་ཅོང་རྡོག་གི་བྲོ་བ་མེ་བསྲེགས་གཏམ་རྒྱུད་ལ་འཁྱམས་འདུག
2012/11/30