བཙན་མེ་སྟག
རྟག་བརྟན་གྱི་འཚོ་བ་ནི་འགྲུལ་བཞུད་ཅིག
འགྲུལ་བཞུད་ཀྱི་ལམ་བུ མེ་ལོང་ངོས་གཉིས་མ་ཞིག
མདུན་མ་བར་སྣང་ལ་བཅོལ་མཁན་ཚོ བར་དོ་བ་རྐྱང་རེད
རང་ཉིད་ཀྱི་མདུན་རྒྱབ་མི་མཐོང་བའི་ཞ་ར་རྐྱང་རྐྱང་རེད
ད་དུང་མེ་དཔུང་གིས་བཞུ་མི་ཐུབ་པའི་ལྕགས་ཐག་ངར་མ་ཞིག
འཚོ་བ་ལ་ངར་ཤུགས་ཆེ་བས་ལོས་ཡིན
མེ་ལྕེ་ཁྱོར་བ་གང དམ་པོར་བསྡམས་ཏེ་ཚོང་ཟོག་གི་ཚུལ་དུ
ངོ་མ་ཚོང་རྫས་གཤའ་མ་རུ་གྱུར་སོང་བ་འདྲ
ངའི་ཨ་ཕ་དམར་གསོད་བྱེད་མཁན་སུ་ཡིན ངའི་ཨ་མ་བཙན་གཡེམ་བྱེད་མཁན་སུ་ཡིན
གློ་བུར་དུ་བྱུང་བའི་ཚོར་བ་དག སྐད་ཅིག་མར་ཡལ་འགྲོ
2012.11.30
གང་ཡང་གོ་མ་སོང་།
ཚིག་གི་སྦྱོར་བ་དང་ནང་དོན་སྤྲོས་སྟངས་སོགས་གང་ཐད་བལྟས་ན་སྙན་ངག་འདི་ད་མེ་ཏོག་ཅིག་ཡིན་པའི་དབང་དུ་བཏང་ན། ད་དུང་སྒམ་བུའི་ཟོལ་དུ་མཆིས། རྩོམ་མཁན་གྱིས་མུ་མཐུད་ནས་སྐད་ཆའི་དབྱངས་རིས་ལ་ཚོར་བ་སྤྲོ་སྟངས་ཀྱི་རྣམ་པ་ལ་བསམ་བློ་གཏོང་དགོས།
གནམ་ལགས་ཕེབས་པར་དགའ་ཡོད། སྙན་ངག་པ་གྲགས་ཆེན་ལྷ་ཆབ་ཕེབས་ནས་བསམ་ཚུལ་གསུང་བ་ལྷག་པར་དགའ་ཡོད། བསམ་ཚུལ་ལ་མོས་མཐུན་ཡོད་མེད་གང་ལྟར་ཡང་བརྩི་བཀུར་ལོས་བྱེད།
སྙན་ངག་འདི་མེ་ཏོག་ཞིག་ཡིན་པའི་དབང་དུ་བཏང་ན། དེ་ནི་མཆོད་མདུན་དུ་བཤམ་རྒྱུ་ཞིག་མིན་པར་མཛེས་མ་ཞིག་གི་སྐེ་འདོགས་རྒྱུ་ལ་མཛའ་གི དེ་རེད་ལ།
་ཁྱོད་ཀྱི་སྙན་ངག་འདི་ཚོར་བས་བྲིས་པ་ཞིག་མིན་པའི་ཚོར་སྣང་ཧ་ཅང་ཆེ། རྒྱུ་མཚན་ནི་ཁྱོད་ཀྱི་སྙན་ངག་འདིའི་ཚིག་གི་སྡེབ་སྦྱོར་གྱི་སྐྱོན་ཡིན་པ་འདྲ་ལ་གཅིག་བྱས་ན་འདི་ངོ་མ་བཙིར་བའི་སྙན་ངག་ཅིག་ཡིན་ལས་ཀྱང་ཆེ། ཡང་མིན་ན་ཁྱོད་ཀྱིས་འབྲི་རྩལ་དང་ཚོར་བའི་བར་ཐག་རིང་སོང་ཞིག གང་ལྟར་ཅིག་འགྲིག་མི་འདུག ཨ་རིག་དགེ་མཐོང་འདི་ཞི་མོ་ཚོ་དང་ཐག་ཇེ་ཉེ་ཡིན་པ་འདྲ་ནོ་འདི་ཅང་མིན་ན་་་
རྩོམ་པ་པོ་གངས་དཀར་རྒྱལ་སྲས་དང་ཨ་རིག་དགེ་མཐོང་གཉིས་ཕེབས་ནས་དགོངས་ཚུལ་གསུང་བ་དགའ་ཡོད།