ཤིང་ལོ།
ལྷ་མི་ཡི་རྣམ་རོལ་འགྲོ་བའི་མགོན་པོ།།
མགོན་བླ་མ་ཀུན་གྱི་གཙུག་གི་ནོར་བུ།།
ཞལ་འཛུམ་མདངས་ཉི་མའི་གུར་ཁྱིམ་གསལ་ཞིང་།།
གསུང་ཆོས་དུང་རང་སྒྲ་ལྷོད་ཀྱིས་འཁྲོལ་སོང་།།
གསུང་འགག་པ་བྲལ་བའི་ངང་ཚུལ་གནང་ཡང་།།
སྐུ་བགྲེས་པོའི་རྣམ་པས་མཇལ་ཁ་གནང་ཐལ།།
ཐུགས་དཔྱད་སྟོབས་རྣོ་བའི་མཁྱེན་པའི་དབྱིངས་ནས།།
ལམ་རིམ་པའི་གཞུང་ལ་འཇུག་པ་ཡངས་ཐལ།།
བྱང༷་སྒྲིབ་པ་བྱང་ཞིང་དག་པ་ཡིན་ཞིང་།།
ཆུབ༷་ཡོན་ཏན་ཁོང་དུ་ཆུད་པ་དེ་ཡི།།
ལམ༷་ཆེ་འབྲིང་ཆུང་ངུའི་རིམ༷་པ་ཡིན་པས།།
སྡུག་དཀའ་ལས་བྱས་ནས་འབད་དགོས་གསུངས་སོང་།།
འདི་ཉན་པས་མི་ཆོག་ལག་ལེན་དགོས་ཤིང་།།
གཙོ་ཆེ་བ་སེམས་རྒྱུད་འདུལ་བ་མ་གཏོགས།།
ཤགས་འབྱེད་པའི་ཕྱིར་དང་ཁེ་གྲགས་འདོད་ཚེ།།
འདྲེ་ཤར་གནས་གནོད་བྱེད་ལྷོར་གཏོང་འདྲ་གསུངས།།
ཁྲིད་བརྒྱད་དམ་བཅོ་བརྒྱད་བཀྱགས་ན་མི་ཐེག།
ཀློག་དགོས་པའི་མི་ཚད་བཀའ་འགྲེལ་གནང་དགོས།།
ལོ་བརྒྱད་ཅུར་ཕེབས་པའི་བརྔན་པ་མིན་ན།།
དད་དམ་ཚིག་མཚོན་པར་སུ་ཡིས་ཤེས་སོང་།།
ཐུགས་བྱམས་བརྩེས་གདུལ་བྱར་ཕན་ན་དགོངས་ཏེ།།
ཕྱག་མཛུབ་མོས་ནན་གྱིས་སྟོན་པ་གནང་ཞིང་།།
གསུང་དྲོན་མོས་གོ་སླ་ཡང་ཡང་མཛད་དེ།།
མཚམས་མཚམས་སུ་དགོད་བྲོས་ཞི་བདེ་འབོད་གི །
ཇ་ཆུ་དང་ཟས་རིགས་མཚམས་ཆད་མེད་པར།།
འགྲོ་འདུག་དང་གཉིད་ཀྱིས་ཁ་ལོ་བསྒྱུར་བའི།།
དམངས་དད་ལྡན་འཚུབ་ཆའི་འཁོར་ལོ་མྱུར་ཡང་།།
གསུང་དལ་བ་དལ་བུས་འཇགས་པ་བྲལ་སོང་།།
ཁྱོད་ཀྱིས་བཤད་པ་ངོ་མ་བདེན།
བོད་ནང་མེར་བསྲེགས།
མོན་གྷོར་ཆོས་གསུངས།་་་་་་་་་་་་་་་་་་་་་་འདི་ལ་བསམ་ཚུལ་མེད།
འོན་ཀྱང་་་་་་་་་་་་་
བོད་ནང་མེར་བསྲེགས།
མོན་གྷོར་འདི་རིང་དགོང་དྲོ་གཞས་སྣ་འཁྲབ་སྟོན་ཡོད་ཟེར་སྐད་ཀྱིས་ཆོད་སོང་་་་་་་་་་་་་་་་་་་་་་་་ཐལ་འཚུབ་ཀྱིས་ཡར་འགྲོ་མར་འགྲོ་བྱེད་མཁན་དག་གི་ངོ་གདོང་ལ་བལྟ་དུས་་་་་་་་་་་་་་་མཛུམ་དམུལ་དམུལ་་་་་དང་འཁྲུགས་ཆ་འདོད་རུ་སོང་་་་་་་་་་་་་་་་་ཕར་བལྟ་ཚུར་བལྟའི་ངང་ཕོ་མོ་ཕན་ཚུན་བསུ་བ་ལས་་་་་་་་་་་་་་་་་བོད་མི་རིགས་ཀྱི་མེར་བསྲེགས་ལས་འགུལ་དྲན་ཞིང་ངུ་ངག་གིས་ཁེངས་མེད་པ་དེ་ངས་ཚོར་སོང་་་་་་་་་་་་་་་་་་་་་་་་་་་་་་་་འཛམ་གླིང་ལྟ་ཞོག་་་་་་་་་་་་་་་་་་་་་་་་་རང་གི་ཁོར་ཡུག་ནང་སྐྱིད་སྣང་རྐྱང་རྐྱང་ཤར་བ་དེས་་་་་་་་་་་་་་་་་་་མི་རིགས་གཞན་ཞིག་ལ་ཅི་ལྟར་འགྲེལ་བརྗོད་བྱེད་དགོས།
དྲ་གྲོགས་ཤིང་ལོ་ལགས། ཉེ་ལམ་ཉིད་ཀྱིས་རྩོམ་རིག་བྱས་པའི་དེབ་ཅིག་ཡོད་པར་སྣང་མོད། ད་ལས་མོན་གྷོ་རུ་དུས་དེབ་དང་ཚགས་ཤོག་ཁ་སས་ཀྱི་གྲས་སུ་མེད་ལ་ གྲོགས་པོ་དེ་གང་ནས་ཉོ་ཐུབ་བམ། ལན་ཞིག་བསྐྱོན་རོགས་ཞུ