མེར་བསྲེགས་ཀྱི་དཔའ་བོ་དཔའ་མོ Posted on 2012-12-022012-12-02 By ཁ་བརྡ་ 8 Comments on མེར་བསྲེགས་ཀྱི་དཔའ་བོ་དཔའ་མོ གླུ་གཞས།
ཁ་སང་ངས་འདིར་མཆན་བུ་ཞིག་བཏབས་ཡོད། སྐད་ཆ་དྲང་མོར་བཤད་ཡོད། ཁ་བརྡའི་རྩོམ་སྒྲིག་པས་ག་རེ་བྱས་ཏེ་གསུབ་གཏོང་དགོས་ཐུག གནོད་སྐྱེལ་གྱི་ཚིག་ཅིག་བཤད་མེད་མོ།
རྩ་བའི་ཆ་ནས་བོད་ཆོལ་ཁ་གསུམ་ནས་འདི་ལྟར་རོལ་དབྱངས་ཚོགས་པ་ཞིག་འཛུགས་ཐུབ་པ་ནི་ཆེས་རླབས་ཆེན་དང་གཟི་བརྗིད་ལྡན་པ་ཞིག་རེད།
འདྲེ་ལགས། རང་བཙན་ལེན་འདོད་ན། ལོ་རྒྱུས་དགོས་ཀྱི་མ་རེད། འཚེ་མེད་ཞི་བ་ཡིན་མིན་ཡང་གལ་ཆེན་མ་རེད། ག་རེ་བྱས་ན་བྱས་ཆོག་གི་རེད། ཡིན་ནའང། ཡོད་ཚད་བྱས་ཚར་བའི་རྗེས་ལ་ཅི་ཡང་ཐོབ་རྒྱུ་མེད་པ་ཡིན་ན་ཐབས་སྐྱོ་བོ་རེད། གཉིས་ནས། དེང་སང་རང་བཙན་ལེན་མཁན་དངོས་གནས་ཤིག་ཡོད་པ་མ་རེད། རྒྱལ་ཁབ་གཞན་གྱི་ཁེ་ཕན་ལེན་ཆེད་རང་བཙན་ལབ་བསྡད་ཡོད་པ་རེད། བོད་ནང་གི་གནས་སྟངས་ལ་ཡ་མེད་བཏང་ནས་རང་བཙན་ལབ་བསྡད་ཡོད་པ་རེད། ཁོ་ཚོས་རང་བཙན་ལབ་བསྡད་ན་འགྲིག་གི་ཡོད་པ་རེད། ཁོང་ཚོར་ལོ་རྒྱུས་སྟོབས་འབྱོར་མེད་པ་ཁོང་ཚོས་ཀྱང་ཤེས་པས་མ་ཟད། དེ་གཉིས་དགོས་མཁོ་ཞིག་ཏུ་ངོས་འཛིན་གནང་ནས་འབད་བརྩོན་བྱེད་ཀྱི་ཡོད་པ་མ་རེད། དཔེར་ན། འཇམ་ནོར་ལྟ་བུར་གཟིགས་དང། ཨ་རིའི་རྒྱ་ནག་དང་ཁ་གཏད་ཚོགས་པའི་གསང་བའི་ངང་བེད་སྤྱོད་གཏོང་བཞིན་པ་རེད། དེ་འདྲ་མང་པོ་རེད། རང་བཙན་ལོན་ན། ཐབས་ལམ་ག་རེ་ཡིན་ན་འགྲིག་གི་རེད། འགོག་མཁན་གཅིག་ཀྱང་ཡོད་པ་མ་རེད།
སྐད: ཡང་མི་ན་ངུ་སྐད་དགོས་པ་རེད། དེ་མིན་ན་དཔའ་སྐད་དགོས་བ་རེད། ཉམས: བྱུང་ཡིན་ན་བཙན་པོའི་ཁྲོ་ཉམས་དགོས་པ་རེད། དེ་མེད་ན་གདུང་བའི་སྡུག་ཉམས་དགོས་པ་རེད།
སྔོན་ཡང་འདིའི་སྐོར་ལ་མཆན་འདི་བྲིས་ཡིན། གླུ་ཚིག་འདི་གོ་དུས་སེམས་ལ་མེ་ལ་བསྲེག་ན་རང་བཙན་དང་རང་དབང་ལོན་ཡོང་ཞེས་བའི་བསྐུལ་སློང་འདྲ་བོ་འདུག ཡག་པོ་མི་འདུག་བསམ། གང་ལྟར་དེ་ནི་ང་རང་གི་ལྟ་ཚུལ་ཙམ་ཡིན་ནོ།
དབྱངས་དང་ཚིག་གཉིས་ཀ་ལེགས་གྲས་སུ་མི་བརྩི། གླུ་པ་མཚན་ཉིད་ཚང་བའང་གཅིག་གཉིས་ཤིག་རེད། མེར་སྲེག་པ་རང་དབང་འཐོབ་པའི་རྟགས་སུ་འདོད་ན་མི་བཟང་། མེར་སྲེག་པ་རང་དབང་འདོད་པའི་ཕྱིར་དུ་རེད། གཞས་ཚིག་ལ་མ་གཟབ་ན་ཕན་ལས་གནོད་ཆེ། བཙན་བྱོལ་བ་ཚོས་རང་ཉིད་སྐྱིད་ཉལ་བརྒྱབ་སྟེ་བོད་ནང་ལ་མེར་སྲེག་པར་སྐུལ་ན་ལས་འབྲས་སུ་མི་འགྲོ། མེར་སྲེག་པའི་སྐུལ་སློང་བཟང་ཡང་ཐབས་བཟང་བར་མི་བརྩི། ང་ནི་མེར་སྲེག་པར་ཨ་ཐང་ཆད་ནས་ཡོད། མིའི་རྣམ་དཔྱོད་དང་ནུས་པ་ཚང་མ་མེ་དང་ལྷན་དུ་བསྲེགས་ཟིན་པ་རེད། ཕངས་པོ་མ་རེད་དམ་་་་་་་་ད་དུང་མཆན་བུ་བ་ཀླད་མེད་འགས་དབུས་གཙང་པས་མེར་བསྲེགས་བྱས་མ་སོང་ཟེར་་་་མི་འདི་ཚོར་སྙིང་ཞིག་ཡོད་དམ་་་་་་
ཧཧཧ་དབུས་གཙང་གིས་མེ་བསྲེགས་བཏང་མེད་བ།།
ཁ་སང་ངས་འདིར་མཆན་བུ་ཞིག་བཏབས་ཡོད། སྐད་ཆ་དྲང་མོར་བཤད་ཡོད། ཁ་བརྡའི་རྩོམ་སྒྲིག་པས་ག་རེ་བྱས་ཏེ་གསུབ་གཏོང་དགོས་ཐུག གནོད་སྐྱེལ་གྱི་ཚིག་ཅིག་བཤད་མེད་མོ།
རྩ་བའི་ཆ་ནས་བོད་ཆོལ་ཁ་གསུམ་ནས་འདི་ལྟར་རོལ་དབྱངས་ཚོགས་པ་ཞིག་འཛུགས་ཐུབ་པ་ནི་ཆེས་རླབས་ཆེན་དང་གཟི་བརྗིད་ལྡན་པ་ཞིག་རེད།
སྐད་ཆ་ཤ་ཚ་མོ་བཤད་ན། ཚིག་དབྱངས་གཉིས་ཀར་ 40 % ལས་ཐོབ་ཀྱི་མི་འདུག གཟབ་གཟབ་གནང་རོགས།
འདྲེ་ལགས།
རང་བཙན་ལེན་འདོད་ན། ལོ་རྒྱུས་དགོས་ཀྱི་མ་རེད། འཚེ་མེད་ཞི་བ་ཡིན་མིན་ཡང་གལ་ཆེན་མ་རེད། ག་རེ་བྱས་ན་བྱས་ཆོག་གི་རེད། ཡིན་ནའང། ཡོད་ཚད་བྱས་ཚར་བའི་རྗེས་ལ་ཅི་ཡང་ཐོབ་རྒྱུ་མེད་པ་ཡིན་ན་ཐབས་སྐྱོ་བོ་རེད། གཉིས་ནས། དེང་སང་རང་བཙན་ལེན་མཁན་དངོས་གནས་ཤིག་ཡོད་པ་མ་རེད། རྒྱལ་ཁབ་གཞན་གྱི་ཁེ་ཕན་ལེན་ཆེད་རང་བཙན་ལབ་བསྡད་ཡོད་པ་རེད། བོད་ནང་གི་གནས་སྟངས་ལ་ཡ་མེད་བཏང་ནས་རང་བཙན་ལབ་བསྡད་ཡོད་པ་རེད། ཁོ་ཚོས་རང་བཙན་ལབ་བསྡད་ན་འགྲིག་གི་ཡོད་པ་རེད། ཁོང་ཚོར་ལོ་རྒྱུས་སྟོབས་འབྱོར་མེད་པ་ཁོང་ཚོས་ཀྱང་ཤེས་པས་མ་ཟད། དེ་གཉིས་དགོས་མཁོ་ཞིག་ཏུ་ངོས་འཛིན་གནང་ནས་འབད་བརྩོན་བྱེད་ཀྱི་ཡོད་པ་མ་རེད། དཔེར་ན། འཇམ་ནོར་ལྟ་བུར་གཟིགས་དང། ཨ་རིའི་རྒྱ་ནག་དང་ཁ་གཏད་ཚོགས་པའི་གསང་བའི་ངང་བེད་སྤྱོད་གཏོང་བཞིན་པ་རེད། དེ་འདྲ་མང་པོ་རེད། རང་བཙན་ལོན་ན། ཐབས་ལམ་ག་རེ་ཡིན་ན་འགྲིག་གི་རེད། འགོག་མཁན་གཅིག་ཀྱང་ཡོད་པ་མ་རེད།
སྐད: ཡང་མི་ན་ངུ་སྐད་དགོས་པ་རེད། དེ་མིན་ན་དཔའ་སྐད་དགོས་བ་རེད།
ཉམས: བྱུང་ཡིན་ན་བཙན་པོའི་ཁྲོ་ཉམས་དགོས་པ་རེད། དེ་མེད་ན་གདུང་བའི་སྡུག་ཉམས་དགོས་པ་རེད།