རྒྱ་གར་ཤར་ཕྱོགས་ཚོང་སྡེའི་གཞུང་ཞབས་མི་སྣ་ ཇོར་ཇི་བྷེ་གལ་ཟེར་བ་དེ་བྷེང་ལོར་དང་བོད་བར་ཚོང་འབྲེལ་གྱི་ཆེད་དུ་ ༡༧༧༤ ལོར་གཙང་ལ་སླེབས་ནས་པན་ཆེན་རིན་པོ་ཆེ་སྐུ་ཕྲེང་དྲུག་པ་དཔལ་ལྡན་ཡེ་ཤེས་ལ་མཇལ་ཞིང་། བཀྲ་ཤིས་ལྷན་པོར་བོད་ཡིག་སྦྱངས་ནས་བསྡད་འདུག ཕ་ཁྲི་རིག་ཧྥི་རེན་ཆི་ནས་བྲིས་པའི་བོད། བོད་ཟེར་བའི་དབྱིན་དེབ་དེའི་ནང་བྲིས་པ་ལྟར་ན། བྷེ་གལ་གྱིས་བོད་མོ་བདེ་ཆེན་ལ་ཆང་ས་རྒྱབ་འདུག་པ་དང་། ཁོང་གཉིས་ལ་ བུ་མོ་གཉིས་ཡོད་པ་དང་། བུ་མོ་དེ་གཉིས་སློབ་སྦྱོང་གི་ཆེད་དུ་ཕྱིར་སི་ཁོ་ཊི་ལན་ཊིར་བཏང་ཚུལ་བྲིས་འདུག ཡང་ཝེ་ཀི་ཧྥེ་ཌེས་ཡ་ནང་ཡིག་ཆ་ཞིག་མཐོང་བའི་ནང་། བྷོ་གལ་གྱིས་ཆང་ས་རྩ་ནས་བཀྱོན་ཡོད་པ་མ་རེད། ཡིན་ནའང་། ཁོ་ལ་བུ་ཇོར་ཇི་དང་བུ་མོ་མར་ཐ་དང་མེ་རི་གཉིས་ཡོད་པ་རེད། ཁྱིམ་མིའི་ངག་རྒྱུན་གཞིར་བཟུང་ན་བུ་མོ་རྗེས་མའི་ཨ་མ་བོད་མོ་རེད་ཅེས་བྲིས་འདུག གནས་ཚུལ་འདི་འདྲ་ཡ་ཁ་མ་ཁ་ཐོ་མི་ཐུག་པ་ཞིག་མ་གཏོགས་ལག་ཡོང་བྱུང་མ་སོང་། སུ་གང་ཞིག་ནས་གནས་ཚུལ་ཁུངས་ཐུབ་རེ་རྙེད་ན་འདིར་འགོད་རོགས་གནང་།
བྷེ་གལ་ནོར་འདུག བྷོ་གལ་རེད། ཁོའི་སྐོར་ལ་ལྟ་ན་དྲ་ཐོག་ནས་རྙེད་ཐུབ། སྲིད་དོན་རྒྱལ་རབས་ནང་ཡང་ཅུང་ཟད་རེ་འདུག
དགོངས་དག བཀྲ་ཤིས་ལྷུན་པོ་ཡང་ནོར་འདུག
མདའ་ཚན་ལགས །།།
ལོ་གཅིག་སྟོང་སུམ་བརྒྱའི་སྔོན་དུས་རབས་བདུན་པའི་(600-AD)ནང་བོད་རྒྱལ་སྲོང་བཙན་གྱིས་རྒྱ་དཀར་ནག་གི་སྨན་པ་དང་ཁྲོམ་
(Byzantine-Empire-or-Eastern-Roman-Empire་་་་་བྷ་ཟན་ཁྲེ་ན་རྒྱལ་ཁབ་དང་།མིང་གཞན་ཤར་རོམ་གྱི་རྒྱལ་ཁབ་ལ་གོ་དགོས)གྱི་ཡུལ་ནས་སྨན་པ་ག་ལེས་ནོས་གདན་ཞུ་མཛད་དེ་སྨན་གྱི་དཔྱད་གླེང་འཚོགས་འདུ་བསྡུས།ཁྲོམ་མམ་རོམ་གྱི་སྨན་པ་ག་ལེ་ནོས་ཡིས་རྒྱལ་བོའི་བླ་སྨན་མཛད་དེ་གསོ་བྱེད་སྨན་གྱི་ཚན་རིག་པ་གྲགས་ཆེན་རྒ་ལེན་(galen,130-201AD)གྱི་གཞུང་ལུགས་བོད་ཡུལ་ལ་སྤེལ།འདི་ནི་གྷིརིག་གི་ཚན་རིག་བོད་ལ་ཐད་ཀར་དུ་སྤེལ་བ་ཐོག་མ་རེད་སྙམ།ཕྱིས་སུ་གཡུ་ཏོག་གིས་གསར་བཏོན་མཛད་པའི་རྒྱུད་བཞིའི་མ་ལག་ཆེ་ཤས་གཞུང་འདིས་གྲུབ་ཡོད་མེད་རྒ་ལེན་གྱི་གཞུང་ལ་བལྟ་དགོས། ག་ལེས་ནོས་བོད་མོ་ཞིག་དང་འཆངས་ས་བརྒྱབས་ནས་གསོ་རིགས་རྒྱུད་འཛིན་པ་སྤེལ་ཡོད་པར་བོད་ཀྱི་གསོ་རིག་ལོ་རྒྱུས་ཁག་ན་གསུངས་ཡོད་པས། ནུབ་གླིང་པ་དང་ཆང་ས་རྒྱག་མཁན་དང་པོ་སྐབས་དེ་དུས་བྱུང་ཡོད་པར་སྙམ།
ནུབ་གླིང་བ་དང་ཆང་ས་དང་པོ་རྒྱག་མཁན་གྱི་ཕྱོགས་ལ་བསམ་ན། མགོན་ཕྱག་དང་ཀུན་གསལ་གཉིས་ཀྱི་སྐད་ཆ་དེར་ཁུངས་འདུག་བསམ།
འོན་ཀྱང་། ཡོ་རོབ་པ་དང་ཐེངས་དང་པོར་ཆང་ས་རྒྱག་མཁན་གྱི་བོད་རིགས་བུད་མེད་རྩོམ་པ་པོ་ཞིག་སྟོན་དགོས་ན། ཕལ་ཆེར་རིན་ཆེན་ལྷ་མོ་འདི་ཡིན་པ་འདྲ།