རང་སྲེག་ནི་བོད་མི་ཚོའི་སེམས་ལ་ཟུག་ཡོད། རང་སྲེག་གིས་བོད་ཀྱི་འཐབ་རྩོད་འདི་རྣམ་པ་གསར་པ་ཞིག་ལ་བསྐྱལ་ཡོད། སྲིད་སྐྱོང་བློ་བཟང་སེང་གེའི་བཀའ་ཤག་ནི་བོད་ཀྱི་ལོ་རྒྱུས་ཀྱི་ཐོག་ནས་རང་སྲེག་གི་ལོ་ཟླ་ཞིག་ཡིན་པ་ལ་ངོས་འཛིན་བྱེད་རྒྱུ་རེད།
ཁ་བརྡའི་ངོས་ནས། “རང་སྲེག་ཐད་ཅི་བྱ་ཅི་འགབ།”ཅེས་པའི་ཁ་བྱང་ཐོག་ནས། རང་སྲེག་གི་གནད་དོན་དང་འབྲེལ་ནས་བོད་མི་སྒེར་པ་རེ་རེ་དང་ཡང་ན་བཀའ་ཤག་གིས་མཚོན་པའི་སྒྲིག་འཛུགས་ཁག་གིས་ཅི་བྱ་ཅི་འགབ་ཀྱི་ཐད་ལ་བགྲོ་གླེང་བྱེད་རྒྱུ་ཡིན།
དུས་ཡུན་ནི་དེ་རིང་ནས་ཉིན་བཅུའི་རིང་བྱེད་རྒྱུ་ཡིན། བགྲོ་གླེང་གནང་ཕྱོགས་ཐད་ནས་ དགག་སྒྲུབ་ཀྱི་ཕྱོགས་གང་ཡིན་ཡང་བརྗོད་བྱ་དོན་ལ་དམིགས་པ་མ་གཏོགས་རྗོད་མཁན་གྱི་སྐྱེ་བོ་སྒེར་ལ་འཕྱ་སྨོད་ཀྱི་ཚིག་མི་འབྲི་བའི་རེ་བ་ཞུ་བ་ཡིན།
རང་སྲེག་ནི་རྒྱ་མིའི་གདུག་རྩུབ་སྲིད་ཇུས་འོག་བོད་མི་རིགས་འདིས་བཟོད་པར་དཀའ་བའི་སྡུག་བསྔལ་མྱོང་བཞིན་པའི་མེ་ཡི་མིག་ཆུ།
རང་སྲེག་ནི་པོ་ཏ་ལའི་རྩེ་རུ་སྐར་ལྔའི་དར་དམར་བཙུགས་ནས་བོད་པ་རྣམས་ཀྱི་རྣམ་ཤེས་ལ་དམའ་ཕབ་པའི་བླ་ཡི་ངུ་འབོད།
རང་སྲེག་ནི་བོད་པ་རྣམས་ཀྱི་སྨྲ་བརྗོད་རང་དབང་སོགས་སྐྱེ་བོ་སྤྱི་ལ་ལྷན་སྐྱེས་ངང་ཐོབ་པའི་རང་དབང་ལེན་འདོད་པའི་དམ་བཅའི་མེ་སྟག
རང་སྲེག་ནི་དཔའ་བོ་དཔའ་མོ་མང་པོས་རང་གི་མི་རིགས་དང་ཆོས་ལུགས་སྐད་ཡིག་སྣོད་བཅུད་སོགས་ཀྱི་ཆེད་དུ་རང་སྲོག་བློས་གཏོང་གི་ལམ་དུ་བཞུགས་པའི་རྒྱལ་སྲས་ལག་ལེན།
རང་སྲེག་ཐད་སྒེར་པ་ཚོས་ཅི་བྱ། གང་ཐུབ་པ་དེ་བྱ། མ་གོ་བ་རྣམས་ལ་གོ་བ་བཀོན་རྒྱུ་དང་། གོ་བ་ཡོད་པ་རྣམས་ལ་རྡོ་ལ་རི་མོའི་རྗེས་སུ་འཇུག་ཐུབ་པ་བྱེད་དགོས། དཔའ་བོ་དཔའ་མོ་ཚོའི་ཁ་ཆེམས་དང་འགྲོགས་པའི་བློས་གཏོང་དེ་དག་ཁོང་ཚོའི་འདུན་པ་ལྟར་མི་རིགས་རང་དབང་བརྩོན་ལེན་ལ་ཕན་པའི་རྒྱུ་ཆར་བསྒྲུབ་དགོས་པ་ལས་དེ་ལས་ལྡོག་པའི་འབྲས་བུར་འཕེན་མི་རུང་། བོད་གཞུང་ནས་དཔའ་བོ་དཔའ་མོ་དེ་ཚོའི་བུ་ཕྲུག་ཕྱི་ཕྱོགས་སུ་ལེན་ཐབས་ཐད་དགོངས་པ་བཞེས་དགོས་པར་འདོད།
ཟམ་གདོང་ལགས་ཅི་ཞིག་གནང་རྩིས་ལགས།
ཟམ་གདོང་གིས་རང་བཙན་དང་དབུ་མའི་རྩོད་པ་འདི་རྒྱ་གཞུང་དང་བོད་གཞུང་གི་རྩོད་པ་ལས་གལ་ཆེ་བ་ཞིག་དུ་འཛིན་གི་ཡོད་པ་གསལ་པོ་རེད་།
རང་སྲེག་འདི་ནས་ང་ཚོས་དོན་སྙིང་ཞིག་ངོ་ཤེས་དགོས་པ་ནི། ང་ཚོའི་མི་རིགས་འདིའི་རྣམ་ཤེས་ཐོག་ཏུ་བྱམས་སྙིང་རྗེའི་ཤན་བཞུགས་ཟབ་པོ་ཞིག་ཡོད་པ་དང་ལྷན་དུ་ལུས་སྲོག་ལོངས་སྤྱོད་བློས་གཏོང་གི་སྙིང་སྟོབས་ཆེན་པོ་ཞིག་ཡོད་པ་འདི་ཡང་ཚོར་དགོས་པ་དང་། དེ་དག་མི་རིགས་རང་དབང་འཐབ་རྩོད་ནང་གི་རྒྱགས་ཕྱེ་གལ་པོ་ཆེ་ཞིག་ཡིན་པ་ངོས་འཛིན་ཐུབ་དགོས།
ང་ལྟ་བུ་འི་བསམ་ཚུལ་ཡིན་ན་རང་སྲེག་འདིའི་ཐད་ལ་ཕྱི་སྡོད་བོད་མི་ཚོར་འགན་ངོ་མ་ཞིག་ཡོད་པ་དེ་ནི་ལོ་རྒྱུས་གསལ་ཞིང་རྒྱས་པ་དང་ཞིབ་ཚགས་འཚོལ་སྡུད་བྱེད་དགོས་པ་དེ་རེད། ལོ་རྒྱུས་གསལ་ཞིང་ཞིབ་པ་བྲིས་ཏེ་བོད་མི་དང་བོད་དོན་ལ་དྲང་ལྡོག་ཕྱོགས་ནས་ཐེ་གཏོགས་བྱེད་མཁན་ཚོའི་མིག་ལམ་ལ་སྟོན་ཐུབ་དགོས་པ་རེད། འདིས་ནི་ད་ལྟའི་དུས་སུ་ནུས་པ་མིག་མཐོང་ལག་ཟིན་ཞིག་ཐོན་ཟེར་མི་ཤེས་མོད་ལོ་རྒྱུས་གསལ་པོ་ཞིག་མ་འོངས་པའི་མི་རབས་ཕྱི་མའི་ལག་ཏུ་འཕྲོད་དགོས་པ་དེ་རྒྱ་བོད་མི་རིགས་གཉིས་ཆར་ལ་གལ་ཆེན་པོ་རེད།
དེ་མིན་རང་སྲེག་གཏང་ན་འགྲིགས་དང་མི་འགྲིགས་ཀྱི་སྐད་ཆ་དེའི་ཐད་ལ་ཕྱིར་སྡོད་བོད་མིའི་ཚོགས་སྡེ་སྒྲིག་འཛུགས་ཀྱི་ལངས་ཕྱོགས་དང་དེའི་ཚབ་མཚོན་མི་སྣ་ཚོས་ཁ་བཙུམས་ནས་འདུག་ཤེས་དགོས་པ་གལ་ཆེན་རེད།
མི་སྒེར་ངོས་ནས་ནི་རང་སྲེག་ལས་འགུལ་ཐད་ལ་བསམ་ཚུལ་གང་ཡོད་འདོན་དགོས་པ་རེད། བགྲོ་གླེང་བྱེད་དགོས་པ་རེད། ལེགས་ཉེས་གླེང་དགོས་པ་རེད།
གལ་ཆེ་ཤོས་དེ་རྒྱལ་བ་རིན་པོ་ཆེས་གསུང་ཅིག་འབྱོན་ན་བསམ་ཏེ་ཡོང་བཟོ་མི་འདུག་པ།
ངས་བསམ་ན་ད་ལྟ་ནས་བོད་རིགས་སྤུན་ཟླ་རྣམས་ཀྱིས་ཚེ་སྲོག་གཅེས་སྤྲས་བྱ་དགོས་། བཙན་བྱོལ་ནང་གི་བླ་མ་རིན་པོ་ཆེ་རྣམས་ཀྱིས་གཞིས་ཁྱིམ་བོད་མི་སྤུན་ཟླ་རང་ལུས་མ་གཏོང་དུ་འབོད་སྐུལ་དང་བཀའ་སློབ་གནང་རོགས་ཞུ་།
བོད་ནང་གི་བོད་མི་ཡོད་ཚད་ཀྱིས་རང་སྲོག་ཚུན་ཆད་བཏང་ནས་བོད་རང་དབང་རད་བཙན་ཡིན་པའི་འཐབ་འཛིང་གི་ཁྲོད་མི་ལོ་དང་མི་སྲོག་ག་ཚོད་ཅིག་ཤོར་ནས་ཕྱིན་ཡོད་པ་ཤེས་མཁན་གྱི་མི་བུ་བཙན་བྱོལ་ན་ཧ་ཅང་ཉུང་ཉུང་ཡིན་ས་རེད།
ངས་བཤད་འདོད་པའི་སྐད་ཆ་གཉིས་ཡོད།
དེ་ནི། བོད་ནང་གི་བོད་མིས་སྔ་རབས་ལོ་རྒྱུས་ཀྱིས་རྒྱབ་དཔང་བྱས་ནས་གནའ་ནས་ད་བར་རྒྱ་བོད་གཉིས་ཁ་ཁ་སོ་སོ་ཡིན་པས་རང་ས་བདག་སྐྱོང་བྱས་ནས་ཤི་བཞིན་ཡོད་པ་རེད། འདི་ཚོས། བོད་ཟེར་བ་འདི་ཡག་སྡུག་ཅི་བྱུང་གི་ལམ་ལ་མི་སྦྱར་བར་བོད་འདི་བཙན་པོའི་རྒྱལ་ཁབ་ཞིག་ཡིན་པ་རྩོད་བཞིན་པ་རེད།
གཞན་དེ། བོད་ཕྱི་ན་ཡོད་པའི་གཏེ་བོ་འགའ་དང་དེའི་རྒྱུགས་ཁྱི་དག་གིས་བོད་འདི་དགོས་མཁོ་ཁོ་ན་ཞིག་ལ་དམིགས་ནས་དགོས་མཁོ་ཙམ་ཞིག་རྩོད་ཁུལ་བྱས་ནས་ཉིན་མ་གཏོང་བཞིན་ཡོད་པ་རེད། འདི་ཚོས། བོད་ཟེར་བ་འདི་མི་རྩོད་པར་འདིའི་ནང་གི་ཁེ་གྱོང་གཉིས་ཀྱི་དབྱེ་བ་ལ་སྦྱར་ནས་རྩོད་བཞིན་པ་རེད།
ས་ོསོ་གང་ན་ལངས་ཡོད་པ་དེ་ཤེས་ནས་འཐབ་རྩོད་ལ་ཞུགས་ན་ནུས་པ་ཡོད་པ་རེད། དེ་ན་འདི་འདྲ་ཞིག་རེད། རྒྱལ་ཁབ་རྩོད་ན་རང་བཙན་རྩོད། གནས་སྐབས་ཀྱི་ཁེ་བཟང་ཟེར་བ་དེ་ཡོད་ལས་མེད་ཆེ་ན་ཡང་ཁེ་བཟང་རྩོད་ན་དབུ་མར་འདུར་ཞུ་ཡ་ཡིན།
བོད་ཟེར་བ་འདི་འབྲོག་པ་ཞིག་ལ་མཚོན་ན་མགོའི་སྦྲ་རེད། ཞིང་བ་ཞིག་ལ་མཚོན་ན་མགོའི་ཁང་བ་རེད། བོད་པ་ཡོངས་ལ་མཚོན་ན་བོད་རྒྱལ་ཁབ་རེད།
སྦྲ་དང་ཁང་པ་དང་བོད་རྒྱལ་ཁབ་ཀྱི་ནང་གི་བོད་མི་ལ་བདེ་སྐྱིད་དགོས་ན་འདྲ། སྡུག་བསྔལ་ཡོང་ན་ཡང་འདྲ། ཁེ་དང་གྱོང་ག་རེ་ཞིག་ཡོད་ན་ཡང་དེ་ནི་སྦྲ་དང་ཁང་བ་དང་བོད་རྒྱལ་ཁབ་ཀྱི་ནག་ཉེས་ལ་འབྲེལ་ཚུལ་ཞིག་ག་ལ་ཡོད། དེ་ནི་རྒྱ་ཁབ་ཀྱི་མི་རིགས་དེའི་རྣམ་དཔྱོད་ལ་ཐུག་ཡོད་པས་རང་ཚོས་རང་གང་དུ་ཁྲིད་ན་ཡང་རང་ལག་རེད།
ངས་ཟེར་ན་སྡུག་ཐང་ལ་བཞག་ནས་ལག་ལ་བླང་། ལག་ལ་བླང་ནས་ཐང་ལ་བཞག་ནས་བོད་རང་བཙན་འདི་མ་ནི་ལག་སྐོར་འདྲ་ཞིག་བྱས་ན་དགོས་མཚན་མི་འདུག་ཞུ་ཡ་ཡིན། རྒྱལ་ཁབ་མེད་པའི་སྡུག་འདི་མི་རབས་འདི་དང་ཡང་ན་ཕྱི་མ་ཕྱི་མ་བའི་མགོ་ན་ཡོད་ཡོད་པ་རེད། དེ་ན་ཚང་མས་འདི་དང་མ་འོངས་པའི་ཆེད་དུ་ལོངས་ཤོག་ཟེར་ཡ་ཡིན།
ཨོ། ཡང་གཅིག་ཞུ་རྒྱུ་ཞིག་ལ། བོད་ནང་གི་བོད་མིས་སྡུག་འོག་ནས་རང་བཙན་རྩོད་བཞིན་པ་རེད། བཙན་བྱོལ་བོད་མིས་སྐྱིད་ས་ནས་རང་དོན་རྩོད་བཞིན་པ་རེད། རང་བཙན་མ་ལོན་བར་དུ། མི་ཤི་བའི་དམ་བཅའ་འཛིན།
ཁ་བརྡ་ཚང་གི་རང་དབང་བསམ་ཚུལ་གླེང་སྟེག་འདིར་ཐུགས་རྗ྄ེ་ཆེ་ཞུ་རྒྱུ་ཡིན། རང་སྲེག་ནི་བོད་མི་རིགས་འ་ཆད་འུ་ཐུག་གི་འཚེ་བ་མེད་པའི་ལས་འགུལ་མཐའ་མ་དེ་ཡིན། ལས་འགུལ་འདི་རྒྱ་ནག་གཞུང་དང་མི་མང་། རྒྱལ་སྤྱི་ནས་དོ་སྣང་སྤྲད་དེ་བོད་མི་རིགས་ཀྱི་གནས་སྟངས་འགྱུར་བ་ཞིག་མ་བཏང་ན་ལས་འགུལ་གྱི་ངོ་བོ་དང་རྣམ་པ་འགྱུར་རྒྱུ་ངེས་པ་རེད། བོད་མི་རིགས་ཀྱི་དོན་དུ་རང་སྲོག་བློས་གཏོང་ཐུབ་མཁན་ཞིག་ཡིན་ཚེ་བྱ་བ་གང་ཡང་བྱེད་སྲིད། དེས་ན་བཀའ་སྤྱི་གཉིས་ཀྱི་དབུ་ཁྲིད་དེ་འབོད་སྒྲ་གཅིག་གི་འོག་གཞིས་བྱེས་རྒྱལ་སྤྱིའི་བོད་མི་དང་། བོད་དོན་རྒྱབ་སྐྱོར་བ་ཚང་མ་བོད་ཀྱི་གནད་དོན་འགྱུར་བ་མ་ཕྱིན་བར་སྡེབ་ལངས་བྱེད་དགོས། ཆབ་སྲིད་ཀྱི་ངོ་བོ་དང་རྣམ་པ་འདྲ་མིན་ཐོག་ནས་མི་རྒྱུ་སྲོག་གསུམ་གྱི་འགྲོ་གྲོན་གཏོང་དགོས། ལས་འགུལ་དེ་དག་ལ་བླ་ཆེན་དགོན་ཆེན་དག་ནི་འཚོ་བའི་འགྲོ་སོང་མཐུན་རྐྱེན་སྦྱར་དགོས། མདོར་ན་ཆབ་སྲིད་ཚོས་གོ་སྐབས་འདི་ནམ་ཡང་བརྗེད་མི་རུང་། སྡེབ་ལངས་དགོས་བོད་རྒྱལ་ལོ།
མངའ་རིས་ཕྲིན་ལས་དེ་འདྲ་མ་ཟེར་རོགས། རང་སྲེག་ལས་འགུལ་འདི་ཆབ་སྲིད་ལས་འགུལ་ཡིན་ཙང་ལ་བླ་མ་ཚོས་ཁ་དེ་ཙམ་མ་གྲགས་ན་བཟང་། འདི་ལ་ནང་ཆོས་ཀྱིས་ལན་འདེབས་ཐུབ་གི་མི་འདུག
མི་སྲོག་དགུ་བཅུ་ལྷག་མེ་ལ་བསྲེགས་ཀྱང་ད་བར་དུ་ཚད་ལྡན་གྱི་བགྲོ་གླེང་གི་ཚོགས་འདུ་ཞིག་ཀྱང་ཚོགས་མ་སོང་། སྔོན་མ་བོད་དོན་རྒྱབ་སྐྱོར་གྱི་ཚོགས་འདུ་རྣམ་པ་སྣ་ཚོགས་ཤིག་ཚོགས་རྒྱུ་ཡོད། དེང་སང་མི་གྲངས་དགུ་བཅུས་རང་སྲོག་དམར་སྲེག་བྱས་ཀྱང་རྒྱལ་སྤྱིའི་ཐོག་ནས་བགྲོ་གླེང་གི་ཚོགས་འདུ་ཞིག་ཚོགས་རྒྱུ་ལྟ་ཕར་ཞོགས། ཐ་ན་བོད་གཞུང་གིས་ཀྱང་དེ་འདྲ་ཞིག་ཚོགས་མ་སོང་། རང་སྲེག་ལ་རྒྱབ་སྐྱོར་བྱེད་མཁན་རྣམས་ཀྱིས་རང་སྲེག་འགོག་པའི་དབང་ཆ་ང་ཚོར་ཡོད་པ་མ་རེད། དེ་ནི་རྒྱ་ནག་གི་སྲིད་ཇུས་ཀྱི་ངན་འབྲས་རེད་ཟེར། བོད་གཞུང་གིས་ཀྱང་དེ་ལྟར་དགོངས་ནས་གནང་གི་མེད་པ་ཡིན་ནམ། དོན་དག་གང་ཞིག་ལ་བགྲོ་གླེང་ཚོགས་འདུ་ཚོགས་ན་དེ་ནི་དོན་དག་ཤེས་ཆེད་དུ་ཚོགས་ཀྱི་ཡོད་པ་མ་གཏོགས་དོན་དག་དེ་འགོག་ཆེད་དུ་ཚོགས་ཀྱི་ཡོད་པ་མ་རེད། རང་སྲེག་གི་བགྲོ་གླེང་ཚོགས་འདུ་ཡང་དེ་ལྟར་རེད། འགྲོ་བ་མིའི་ཐོབ་ཐང་གི་མཁས་པ་དང་། ལོ་རྒྱུས་ཀྱི་མཁས་པ།༐་་་ཆབ་སྲིད་ཀྱི་མཁ་པ། སྲིད་དོན་པ་སོགས་འཛོམས་ནས་རང་སྲེག་གི་དོན་དག་འདི་ལ་ལྟ་ཕྱོགས་འདྲ་མིན་ནས་དབྱེ་ཞིབ་ཅིག་བྱས་ནས་རང་སྲེག་གི་དོན་རྐྱེན་འདི་ལ་ཤེས་རྟོགས་ཅུང་ཙམ་ཆ་ཇེ་ཚང་དང་གཏིང་ཇེ་ཟབ་ཏུ་བཏང་ན་བཟང་བ་ལ།་ང་ཚོར་རང་སྲེག་འགོག་པའི་དབང་ཆ་མེད་ན་ཡང་ཤེས་པའི་དབང་ཆ་ནི་ཡོད་ཀྱི་རེད། སྤྱིར་བཏང་བོད་གཞུང་མཛད་དཀའི་གནས་ན་ཡོད་པ་ནི་ཐུགས་ཁག་མེད། ཡིན་ན་ཡང་བགྲོ་གླེང་གི་ཚོགས་འདུ་ཚད་ལྡན་ཞིག་སྐོང་རྒྱུ་ནི་མཛད་དཀའ་བ་ཞིག་ཨེ་ཡིན།
གོང་དུ་སྤོབས་པ་མཐའ་ཡས་ཀྱིས་ལོ་རྒྱུས་འཚོལ་བསྡུ་དགོས་ཚུལ་གསུངས་པ་དེ་བློ་ལ་འཐད་པོ་བྱུང་། ཕྱི་ཕྱོགས་ན་ཡོད་པའི་བོད་ཀྱི་རྩོམ་པ་པོ་ཚོས་མེ་སྲེག་གཏོང་མཁན་དཔའ་བོ་དཔའ་མོ་དེ་ཚོའི་ལོ་རྒྱུས་འཚོལ་བསྡུ་བྱས་ནས། རྩོམ་པ་པོ་རེ་རེས་བོད་དབྱིན་རྒྱ་སོགས་ཡིག་རིགས་གང་ཞིག་རང་གིས་འཇོན་ཀྱང་དེའི་ཐོག་ནས་དཔའ་བོ་རེ་རེའི་ལོ་རྒྱུས་དངོས་སྒྲུང་དང་འབོལ་རྩོམ་ངོ་སྤྲོད་གང་རུང་གི་ལམ་ནས་སྤེལ་ཐུབ་ན་ནུས་པ་ཆེན་པོ་ཐོན་གྱི་རེད་དྲན། གང་ལགས་ཟེར་ན་ཡིག་ཐོག་ནས་གནས་ཚུལ་ངོ་སྤྲོད་བྱེད་པ་ལ་ཁོ་རང་གི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ཞིག་ཡོད་པ་ང་ཚོས་ཤེས་ཤེས་རེད།
ཉིས་སྟོང་བརྒྱད་ཀྱི་ལོར་བོད་པ་རྣམས་ཡར་ལངས་བྱེད་དུས་BBC དང་CNNསོགས་རྒྱལ་སྤྱིའི་གསར་ལམ་ཆེ་ཁག་ནས་བོད་པ་ཡར་ལངས་ཀྱི་གནས་ཚུལ་སྤེལ་ནས་རྒྱ་གཞུང་ནི་ཁོང་ཁྲོ་ལོས་ལངས། གནས་ཚུལ་མི་ཤེས་པའི་རྒྱ་མི་རྣམས་ཀྱང་ཁོང་ཁྲོ་ལངས་པའི་ཚད་ལ་སླེབས་པ་རེད། ད་ལོ་རང་སྲེག་བྱས་ནས་མི་གྲངས་བརྒྱ་ལ་སླེབས་ཉེ་ན་ཡང་། གསར་ལམ་ཆེ་ཁག་དང་ཆུང་ཁག་གང་ལ་ཡང་རང་སྲེག་གི་གནས་ཚུལ་མི་ཐོན་པ་འདི་ཅི་ཡིན་ནམ། ད་ཕན་རྒྱུ་མཚན་གཅིག་ལ་ཚོད་དཔག་བྱེད་ཀྱི་ཡོད་དེ། དེ་ནི་གསར་ལམ་ཁག་གིས་རང་སྲེག་གི་གནས་ཚུལ་ཆེར་སྤེལ་བྱས་ན་རང་སྲེག་ལ་སྐུལ་ཐེབས་ཀྱི་རེད་ཟེར་ནས་སྤེལ་གྱི་ཡོད་པ་མ་རེད་ཟེར་བ་དེ་ཡིན། ཡིན་ན་ཡང་རང་སྲེག་གཅིག་པོ་མ་ཡིན་པར། རེབ་གོང་དང་ཆབ་ཆ་རུ་སློབ་མ་ཡང་སྟོང་ཕྲག་དུ་མས་ཁྲོམ་སྐོར་བྱས་པ་རེད། ཆབ་ཆའི་སློབ་མའི་ངོ་རྒོལ་དེ་ནེའུ་ཡོག་དུས་བབ་ཀྱི་ཤོག་སྣེ་ལ་ཞིག་ལ་གནས་ཚུལ་ཐུང་ཐུང་ཞིག་ཐོན་སོང་རེབ་གོང་གི་དེ་ཅི་ཡང་ཐོན་མ་སོང་། རང་སྲེག་དཔའ་རྒོད་རྣམས་ཀྱིས་བོད་ཀྱི་རྩདོན་གྱི་ཆེད་དུ་རང་སྲེག་བྱེད་ཀྱི་ཡོད་པ་མ་གཏོགས་ཕྱི་རྒྱལ་གྱི་གསར་ལམ་ལ་ཐོན་ཆེད་རང་སྲེག་བྱེད་ཀྱི་ཡོད་པ་མ་རེད། ཡིན་ན་ཡང་གཞིས་ལུས་མི་དམངས་རྣམས་ཀྱིས་གནས་སྟངས་འདི་ཤེས་ན་བཟང་རྒྱུ་རེད་བསམས། གཅིག་བྱས་ཁོང་ཚོས་ཕྱི་སྡོད་བོད་མི་རྣམས་ཀྱིས་རང་སྲེག་གནས་ཚུལ་འདི་རྒྱལ་སྤྱིའི་གསར་ལམ་ཐོག་ལ་བསྐྱལ་ནས་རྒྱལ་སྤྱིའི་ཐོག་ནས་བོད་དོན་ལ་དོ་སྣང་ཆེན་པོའདྲེན་པའི་རེ་བ་ཡང་བྱེད་མི་སྲིད་པ་མ་རེད།
ཉིས་སྟོང་བརྒྱད་ཀྱི་ལོར་བོད་པ་རྣམས་ཡར་ལངས་བྱེད་དུས་BBC དང་CNNསོགས་རྒྱལ་སྤྱིའི་གསར་ལམ་ཆེ་ཁག་ནས་བོད་པ་ཡར་ལངས་ཀྱི་གནས་ཚུལ་སྤེལ་ནས་རྒྱ་གཞུང་ནི་ཁོང་ཁྲོ་ལོས་ལངས། གནས་ཚུལ་མི་ཤེས་པའི་རྒྱ་མི་རྣམས་ཀྱང་ཁོང་ཁྲོ་ལངས་པའི་ཚད་ལ་སླེབས་པ་རེད། ད་ལོ་རང་སྲེག་བྱས་ནས་མི་གྲངས་བརྒྱ་ལ་སླེབས་ཉེ་ན་ཡང་། གསར་ལམ་ཆེ་ཁག་དང་ཆུང་ཁག་གང་ལ་ཡང་རང་སྲེག་གི་གནས་ཚུལ་མི་ཐོན་པ་འདི་ཅི་ཡིན་ནམ། ད་ཕན་རྒྱུ་མཚན་གཅིག་ལ་ཚོད་དཔག་བྱེད་ཀྱི་ཡོད་དེ། དེ་ནི་གསར་ལམ་ཁག་གིས་རང་སྲེག་གི་གནས་ཚུལ་ཆེར་སྤེལ་བྱས་ན་རང་སྲེག་ལ་སྐུལ་ཐེབས་ཀྱི་རེད་ཟེར་ནས་སྤེལ་གྱི་ཡོད་པ་མ་རེད་ཟེར་བ་དེ་ཡིན། ཡིན་ན་ཡང་རང་སྲེག་གཅིག་པོ་མ་ཡིན་པར། རེབ་གོང་དང་ཆབ་ཆ་རུ་སློབ་མ་ཡང་སྟོང་ཕྲག་དུ་མས་ཁྲོམ་སྐོར་བྱས་པ་རེད། ཆབ་ཆའི་སློབ་མའི་ངོ་རྒོལ་དེ་ནེའུ་ཡོག་དུས་བབ་ཀྱི་ཤོག་སྣེ་ལ་ཞིག་ལ་གནས་ཚུལ་ཐུང་ཐུང་ཞིག་ཐོན་སོང་རེབ་གོང་གི་དེ་ཅི་ཡང་ཐོན་མ་སོང་། རང་སྲེག་དཔའ་རྒོད་རྣམས་ཀྱིས་བོད་ཀྱི་རྩདོན་གྱི་ཆེད་དུ་རང་སྲེག་བྱེད་ཀྱི་ཡོད་པ་མ་གཏོགས་ཕྱི་རྒྱལ་གྱི་གསར་ལམ་ལ་ཐོན་ཆེད་རང་སྲེག་བྱེད་ཀྱི་ཡོད་པ་མ་རེད། ཡིན་ན་ཡང་གཞིས་ལུས་མི་དམངས་རྣམས་ཀྱིས་གནས་སྟངས་འདི་ཤེས་ན་བཟང་རྒྱུ་རེད་བསམས། གཅིག་བྱས་ཁོང་ཚོས་ཕྱི་སྡོད་བོད་མི་རྣམས་ཀྱིས་རང་སྲེག་གནས་ཚུལ་འདི་རྒྱལ་སྤྱིའི་གསར་ལམ་ཐོག་ལ་བསྐྱལ་ནས་རྒྱལ་སྤྱིའི་ཐོག་ནས་བོད་དོན་ལ་དོ་སྣང་ཆེན་པོའདྲེན་པའི་རེ་བ་ཡང་བྱེད་མི་སྲིད་པ་མ་རེད།
ལྷོ་ཀོ་རི་ཡ་ཚོས་ཨ་རིས་རང་ཟེར་བའི་བརྙན་ལམ་ཐོག་རང་སྲེག་སྐོར་དང་སློབ་མའི་སྐད་འབོད་དེ་དག་ངོ་སྤྲོད་བྱས་པ་མཐོང་། ཨ་རིས་རང་བརྙན་ལམ་དེ་ཡང་དབྱིན་སྐད་ཐོག་ནས་གཙོ་སྐྱོང་གནང་གི་ཡོད་པ་རེད། དེ་ནི་དུས་ཚོད་སྟབས་འཁེལ་ངང་ངས་མཐོང་བ་ཞིག་རེད། ད་དུང་མ་མཐོང་བ་ཡང་ཡོད་ཀྱི་རེད་བསམ་གྱི་འདུག རང་སྲེག་འདི་སྡུག་བསྔལ་འདོན་པ་ཡིན་པས་ཁྱབ་བསྒྲགས་ངེས་པར་དུ་འཁོ་བ་དང་། ཁྱབ་བསྒྲགས་ཐད་བོད་གཞུང་སྒེར་གཉིས་ནས་རིག་པ་སྒྲིམ་དགོས་པ་ལོས་ཡིན།
དམ་པ་ཇི་ལྟར་ཐབས་རྡུགས་ཀྱང་།
བླུན་པོ་འཇུག་པའི་ལམ་མི་འགྲོ
ཆར་འདོད་བྱེའུ་སྐོམ་ན་ཡང་།
ས་ལ་བབས་པའི་ཆུ་མི་འཐུང་།
ཐོག་མར་བོད་ཀྱི་དཔའ་བོ་དཔའ་མོ་ཚོར་ལེགས་བཤད་འདི་ཕུལ་ནས་རང་གི་བསམ་འཆར་ཡུན་གྱིས་གླེང་ངེས།
སྤོབས་པ་མཐའ་ཡས་ཀྱིས་བཤད་པ་བདེན་པ་རེད། རང་སྲེག་གི་གྱེན་ལངས་དེ་ལ་ང་ཚོ་ཕྱི་སྡོད་བོད་མི་ཚོས་གནས་ཚུལ་དྲིལ་བསྒྲགས་དུས་ཐོག་དང་། ནན་པོ། གསལ་པོ། དྲང་པོ། ཁྱབ་ཆེན་པོ་བྱེད་ཐུབ་པ་བྱེད་རྒྱུ་དང་། ཁོང་རྣམས་པ་ལ་རྒྱབ་སྐྱོར་མཚོན་བྱེད་རང་ནུས་གང་ཡོད་ཀྱིས་ལས་འགུལ་སྤེལ་རྒྱུ་བཅས་ཡིན། དེ་མིན་རང་སྲེག་གི་ལས་འགུལ་དེ་འགྲིག་མི་འགྲིག སྤེལ་དགོས་མི་དགོས་སོགས་བཤད་རྒྱུའི་ཐོབ་ཐང་ང་ཚོ་ཕྱི་སྡོད་ཚོ་ལ་མེད། གང་ཡིན་ཞེ་ན་གཞིས་བཞུགས་བོད་མིའི་སྡུག་བསྔལ་ང་ཚོས་མྱོང་ཐུབ་མེད་ལ། ཁོང་རྣམས་པའི་དཀའ་ངལ་ངཚོས་དངོས་སུ་ཤེས་ཐུབ་མེད། ལྷག་པར་དུ་ཚེ་སྲོག་རྩ་ཆེན་ཡིན་པའི་རྒྱུ་མཚན་སོགས་བཤད་པ་ནི་ངོ་མ་དཔའ་བོ་ཚོ་ལ་མཐོང་ཆུང་རེད། རང་གི་སྲོག་རྩ་ཆེན་ཡིན་པ་མ་ཤེས་མཁན་སུ་གཅིག་མེད། ཁོང་རྣམས་པས་རང་གི་རྩ་ཆེ་ཤོས་དེ་ང་ཚོའི་དོན་དུ་བཏང་བ་ཡིན་པ་ཤེས་དགོས།
ཁ་བརྡ་ཚང་གི་གོ་སྒྲིག་འདི་ཧ་ཅང་ཡག་པོ་འདུག བགྲོ་གླེང་འདིར་མ་ཞུགས་བའི་ཡར་སྔོན་ལ་སྐབས་འདིའི་བརྗོད་གཞི་དང་འབྲེལ་བའི་མིང་བྱང་འདོགས་ཚུལ་གྱི་སྒང་ལ་བསམ་ཚུལ་ཙམ་ཞིག་ཞུས་ན་བསམ་བྱུང་། ༼རང་སྲེག་ཐད་ཅི་བྱ་ཅི་འགབ༽ཞེས་བའི་གླེང་གཞི་འདིས་བརྗོད་དོན་གསལ་བོ་ཞིག་སྟོན་ཐུབ་ཀྱིན་མེད་པའི་བཟོ་ཞིག་འདུག གོང་གི་གླེང་སློང་བ་འདི་དག་གི་སྒང་ནས་ཀྱང་བརྗོད་དོན་གནད་གཅིག་གི་སྒང་ལ་འབབ་ཐུབ་ཀྱིན་པ་ལྟ་བུ་རེད། གང་ལྟར་ཕྲན་གྱི་གོ་ལ་མ་ལོན་པའམ་དེ་འདྲའི་ནོར་འཁྲུལ་རིགས་ཡོད་ཚེ་དམིགས་ཡུལ་གཞན་གང་ཡང་མེད་ལ། དེ་ག་ནང་བཞིན་ཁ་བརྡ་ཚང་གིས་གུ་ཡངས་རེ་བྱེད་ཐུབ་པའི་རེ་བ་ཡོད། ཞོར་དུ་བགྲོ་གླེང་འདིར་ཞུགས་འདོད་ཀྱིས་དགའ་མོས་ལྟར་ཐུགས་རྗེ་ཆེ་ཞུ་བ་ལགས།
རང་སྲེག་ཐད་ཅི་བྱ་ཅི་འགབ་ཅེས་པའི་དོན་གྱི་རྒྱབ་ལྗོངས་ནི།
ད་བར་དཔའ་བོ་དཔའ་མོ་མི་གྲངས་གོ་གསུམ་གྱིས་བོད་དོན་ཆེད་རང་སྲེག་གནང་བའི་མཛད་རྗེས་དང་དེ་འབྲེལ་ང་ཚོ་ལས་དོན་ཆེ་ཕྲ་ཆུང་གསུམ་ཅི་ཞིག་བྱ་རྩིས་ཡོད་དམ། ལས་དོན་ཆེ་ཕྲ་ཆུང་གསུམ་ཅི་འདྲ་ཞིག་བསྒྲུབས་ན་འོས་སམ་ཞེས་པའི་གོ་བ་ཡིན་པ་འདྲ།
ངས་བལྟས་ན་རང་སྲེག་ལས་འགུལ་འདི་རིགས་མེད་པ་ལས་ཡོད་པ་ལེགས་པར་མཐོང་ཞིང་། ཡོད་པ་དེས་ནུས་པ་འདི་དང་དེ་ཐོན་ཡོད་ཅེས་དམིགས་སུ་བཀར་ནས་ཁོ་བོར་བསྟན་དུ་མེད་ཀྱང་ནུས་པ་འཐོན་དང་ཐོན་མུས་རེད་སྙམ་བཞིན་ཡོད།
འོན་ཀྱང་། རང་སྲེག་གི་ཐོག་གཞུང་དང་ཚོགས་པ་ཁག་གིས་གནང་གི་མི་འདུག བྱེད་ཀྱི་མི་འདུག འདི་དང་དེ་བྱེད་དགོས་ཀྱི་འདུག་ཅེས་དྲ་ཐོག་ཏུ་བཞག་པ་ཙམ་མ་ཡིན་པར། དོན་ཕན་ལྡན་པའི་ལམ་སྟོན་དང་སློབ་སྟོན། ཐབས་ལམ་དེ་འདྲ་གཟིགས་ཀྱི་ཡོད་ན་ཐད་ཀར་མཐོ་སྲིད་སྐྱོང་སོགས་འབྲེལ་ཡོད་ཁག་ལ་སྙན་ཞུ་སོགས་ཕུལ་ན་ལེགས་པར་མཐོང་།
དེ་མིན་དྲ་ཐོག་ནས་ཟུར་ཟ་དང་འཕྱ་སྨོད། དམའ་འབེབས། ནག་འགེལ་སོགས་ཚོར་བ་རྣོན་པོའི་ཐོག་ནས་བཤད་ཀྱང་དེ་ཙམ་ཕན་ཐོགས་མེད། དེ་ལས་ལྡོག་སྟེ་གནས་ཚུལ་དེ་རིགས་དགྲ་བའི་ལག་ཆར་འགྱུར་ཉེན་ཡོད།
རང་ལུས་ལས་མཆེད་པའི་སྲིན་བུས་རང་ལུས་ཟ་བའི་དཔེ་ཟླར་འགྲོ་ཉེན་ཡོད་པས་དེ་དོན་ཐུགས་ལ་འདོགས་པར་འཚལ། །
ཁ་བརྡ་ཚང་ལ་ཐུགས་རྗེ་ཆེ་ཞུ། མེར་སྲེག་སྐོར་འདི་གླེང་དགོས་པ་ཞིག་དང་གླེང་འོས་པ་ཞིག་ཡིན་པ་ཡིན་ནའང་། བཙན་བྱོལ་སྤྱི་ཚོགས་ཁྲོད་ནས། འདིའི་སྐོར་གྱི་བགྲོ་གླེང་དོན་གནས་ཤིག་འཚོགས་མ་སོང་། ཁ་བརྡ་ཚང་གི་བགྲོ་གླེང་འདིའི་ནང་ཆ་ཤས་མང་ཙམ་ལེན་འདོད་ཡོད། ཐོག་མར་བཤད་འདོད་པ་དེ་ཚོ་རགས་བཤད་ཅིག་བྱེད་འདོད།
༡༽ རང་ལུས་མེར་སྲེག་གི་སྐོར་ལ། བཙན་བྱོལ་སྒྲིག་འཛུགས་དང་མི་མང་སུ་གང་གིས་ཀྱང་བོད་ནང་ལ་བརྡ་ལན་གསལ་པོ་ཞིག་བྱེད་ཐུབ་ཀྱི་མེད་པ་གསལ་པོ་རེད། ཡིན་ནའང་། དེ་འགན་མ་ཁུར་བ་དེ་འདྲ་མ་རེད། བོད་ནང་རང་ལུས་མེར་སྲེག་གཏོང་མཁན་ཚོས་བཏོན་པའི་དགོས་འདུན་དེ་ཚོ། བཙན་བྱོལ་སྒྲིག་འཛུགས་དང་མི་མང་སུ་གང་གིས་སྒྲུབ་ཐུབ་པ་ཞིག་མ་རེད། དེའི་སྟབས་ཀྱིས། འདི་བྱས་འདི་མ་བྱེད་ཅེས་བཤད་ཐུབ་ཀྱི་ཡོད་པ་མ་རེད་ལ། ལྷག་པར་དུ་རང་ལུས་མེར་བསྲེགས་མཚམས་འཇོག་གནང་རོགས་ཞེས་དེ་བས་ཀྱད་བཤད་ཤེས་ཀྱི་ཡོད་པ་མ་རེད། དེ་གནད་འགག་གཅིག་རེད། ད་ལྟ་བོད་ནང་ནས་དགོས་འདུན་འདོན་ས་དེ་རྒྱ་ནག་གཞུང་རེད། རྒྱ་ནག་གཞུང་གིས་བོད་ལ་རང་དབང་སྤྲད། གོང་ས་མཆོག་བོད་ལ་ཕེབས་བཅུག་པ་ཡིན་ན། དེ་རྗེས་ནས་རང་ལུས་མེར་བསྲེགས་གཏོང་མཁན་ཡོང་དགོས་དོན་མེད་པ་རེད། འདིའི་ངོས་ནས་བཙན་བྱོལ་སྒྲིག་འཛུགས་དང་མི་མང་གིས་རང་ལུས་མེར་བསྲེགས་ཐད་གང་ཡང་སྒྲུབ་མ་སོང་ཟེར་མི་རུང་ལ། སྒྲུབ་ཀྱི་མི་འདུག་ཅེས་ཀྱང་ཟེར་མི་རུང་བ་ཞིག་རེད།
ཡིན་ནའང་། བཙན་བྱོལ་སྒྲིག་འཛུགས་དང་མི་མང་ནས་ཁོང་ཚོའི་དགོས་འདུན་འདི་རྒྱ་ནག་གཞུང་གི་རྣ་བས་གོ་འཇུག་དགོས་པ་དང་། རྒྱལ་སྤྱིའི་རྣ་བས་གོ་འཇུག་དགོས་པ་རེད། དེའི་འགན་དེ་བཙན་བྱོལ་སྒྲིག་འཛུགས་དང་མི་མང་ལ་ཡོང་པ་རེད། འོན་ཀྱང་། ད་ལྟ་བོད་ནང་ནས་མི་དགུ་བཅུ་གོ་གསུམ་གྱིས་རང་ལུས་མེར་བསྲེགས་བཏང་ཡོད་པ་རེད། ད་དུང་ཡང་ང་ཚོས་ཁོང་ཚོའི་ཁ་ཆེམས་དང་གནས་ཚུལ་སྐོར་ཡིག་རིགས་མང་པོའི་ནང་བསྒྱུར་ནས་ཁྱབ་སྤེལ་སོགས་ཀྱི་ཐད་ལ་ནུས་པ་ཆེན་པོ་འདོན་ཐུབ་ཀྱི་མེད། ལྷག་པར་དུ་སྒྲིག་འཛུགས་ཁག་གིས་དུས་ཚོད་འདི་འདྲ་ལ་དམིགས་བསལ་གྱི་ནུས་པ་ཞིག་འདོན་དགོས་པ་རེད་ནའང་། དེ་ཡང་གསལ་པོ་ཞིག་མེད་པའི་གནས་སྟངས་རེད།
༢༽ རང་ལུས་མེར་བསྲེགས་ཀྱི་སྐོར་ནས་གནས་ཚུལ་དང་འདྲ་པར་མང་པོ་ཞིག་བརྒྱུད་ལམ་སྣ་ཚོགས་ན་ཡོང་གི་ཡོད་པ་རེད། བརྒྱུདས་ལམ་སྣ་ཚོགས་ལ་བཀྲམས་ཀྱི་ཡོད་པ་རེད། འདི་ཚང་མ་བོད་ནས་གསར་དུ་འབྱོར་བའི་གསར་འབྱོར་བ་ཟེར་བ་ཚོར་རག་གི་ཡོད་པ་རེད། ཁོང་ཚོས་འགྲེམས་ཀྱི་ཡོད་པ་རེད། ཁོང་ཚོར་གནས་ཚུལ་དང་པར་རིགས་སྣ་ཚོགས་འབྱོར་གྱི་ཡོད་པ་འདི་ཚོ། བརྒྱུད་ལམ་གཞན་ཞིག་ནས་ད་གཟོད་བོད་མིའི་སྒྲིག་འཛུགས་དང་བོད་མི་མང་སྤྱི་འཐུས་ཀྱི་དྲ་རྒྱའི་ནང་སླེབས་ཀྱི་ཡོད། འཁོར་སྐྱོད་བྱེད་སྟངས་འདི་ལ་བལྟས་པ་ཡིན་ན། བོད་མིའི་སྒྲིག་འཛུགས་དང་སྤྱི་འཐུས་ཀྱི་ཕྱོགས་ནས། བོད་ནང་གི་བོད་མི་ཚོའི་ཛ་དྲག་གནས་ཚུལ་འདི་རིགས་བསྡུ་རུབ་དང་ཁྱབ་སྤེལ་གྱི་ཐད་ནས་རྒྱུན་ལྡན་གྱི་འགུལ་སྐྱོད་བྱེད་སྟངས་ཤིག་ལས་མཐོང་རྒྱུ་མེད་པ་ཆགས་འདུག བཙན་བྱོལ་བ་ཚོས་འཇོན་དགོས་པ་དང་འཇོན་ནུས་པའི་ལས་ཀ་གཅིག་འདི་རེད་ཡོད་ནའང་། འདི་ཚགས་ཚུད་པོ་ཞིག་ཡོང་གི་མེད་པ་ལྟ་བུ་རེད།
ཆུང་ས་ཞིག་ནས། ང་ཚོའི་སྒྲིག་འཛུགས་དང་སྒྲིག་འཛུགས་དག་གིས། རང་ལུས་མེར་བསྲེགས་སྐོར་འདི་ཁྱབ་བསྒྲགས་བྱེད་པ་ལ། བདེ་སྤྱོད་ཁྱབ་ཆེ་བའི་ཡིག་རིགས་དབྱིན་ཡིག་དང་། རྒྱ་ཡིག། ཧྥ་ཡིག འཇར་མན་ཡི་གེ་སོགས་ཀྱི་ནང་ལྟ་ཀློག་དང་ཁྱེབ་སྤེལ་གྱི་དྲ་རྒྱ་ཞིག་གཉེར་ན་ཕན་ཐོགས་ཆེན་པོ་རེད། དེ་ཡང་མི་འདུག འདི་ཡང་ང་ཚོས་འཇོན་པ་དང་ནུས་པའི་གྲས་རེད།
༣༽ མཆོད་འབུལ་སྨོན་ལམ་ཟེར་བ་ནི། ང་ཚོའི་རིག་གཞུང་དང་བསམ་བློའི་དགོས་མཁོ་ཞིག་ཡིན་ནའང་། རང་ལུས་མེར་བསྲེགས་གནང་མཁན་ཚོའི་དམིགས་ཡུལ་གྱི་ཟུར་ཙམ་ཡང་དེ་མ་རེད། འདས་པོ་ཚོའི་རྗེས་ལ་ང་ཚོས་ཆོས་དང་སྨོན་ལམ་གྱི་སྐྱེལ་མ་བྱེད་ལོས་དགོས། འོན་ཏེ། མཆོད་འབུལ་རེ་བྱས་ནས་ལས་དོན་གྲུབ་པའི་སྣང་ཚུལ་འདྲ་བོ་འདི་མི་ལེགས། ང་ཚོས་མཆོད་འབུལ་ལས་ཀྱང་ཁོང་ཚོའི་རེ་འདུན་དེ་རྒྱ་གཞུང་ལ་གསལ་སྟོན་གྱི་ཐབས་ཤེས་དང་། དེ་རྒྱལ་སྤྱིའི་སྟེང་ནས་གོ་བ་ཞིག་བྱེད་དགོས།
༤༽ བོད་མིའི་སྒྲིག་འཛུགས་དང་མི་མང་སྤྱི་འཐུས་ཚོས་མང་ཚོགས་ཀྱི་སྣེ་ཁྲིད་རྒྱུ་ཡིན་ན། སྐད་འབོད་དང་ཁྲོམ་སྐོར་ལྟ་བུ་འཆར་ཅན་གྱི་ལས་འགུལ་རྙིང་པ་དེ་ཚོ་སྤེལ་ནས་མི་འདུག་པར། འདས་པོ་ཚོི་ཞལ་ཆེམས་དང་གནས་ཚུལ་རིགས་རྒྱ་ཆེར་འགྲེམས་སྤེལ་གྱི་ཕྱོགས་ལ་ནུས་པ་བཏོན་པ་ཡིན་ན། དགོས་ངོ་མ་དེ་རེད།
དྲ་གྲོགས་ཚོའི་མཉམ་དུ་མུ་མཐུད་ཉིན་བཅུའི་རིང་ཆ་ཤས་ལེན་ཐུབ་པ་བྱེད་ཀྱི་ཡིན།
སྲིད་ཇུས་གསར་པ་མ་ཡོད་ན་ལོ་རྒྱུས་ཐོག་བྱུང་མ་མྱོང་པའི་སྡུག་བསྔལ་དང་མྱ་ངན་གྱི་མནར་གཅོད་འདི་ལས་ཇི་ལྟར་ཐར་རམ། གངས་ཅན་པའི་མྱ་ངན་དང་བྱང་སེམས་དཔའ་བོ་ཚོས་བློས་གཏོང་གི་རེ་འདོད་འགྲུབ་དགོས་ཕྱིན། བཀའ་ཤག་ནས་མགོ་བཙུགས་ཏེ་སྲིད་ཇུས་གསར་བསྒྱུར་བྱ་དགོས། ད་བར་དུ་གངས་རིའི་གཅེས་ཕྲུག་ཡང་རྩེ་བ་དགུ་བཅུ་མ་ཟིན་ཙམ་གཤེགས་པ་དོན་མེད་དུ་སོང་བ་ནི་ཐབས་ཇུས་གསར་པ་གང་ཡང་མ་ཡོད་པས་ལན་པ་རེད། ཁྲེལ་མེད་པའི་ལེ་ལན་དེ་སུ་ཞིག་གིས་འཁུར་དགོས་སོམས་དང་།
ཕྲན་ལ་སོགས་པའི་བོད་རིགས་མང་པོས་རེ་བ་དང་ཡིད་ཆེས་ཀྱིས་འབད་པ་བརྒྱ་ཕྲག་གིས་རྒྱབ་སྐྱོར་ལ་བརྟེན་ཏེ་སྐུ་ཞབས་བློ་བཟང་སེངྒེ་སྲིད་སྐྱོང་དུ་གྱུར། སྔ་རབས་ཀྱིས་མཐོང་ཞན་ཁེངས་བཙན་གྱི་དཔོན་ངན་དག་དང་གཞལ་ན་སྲིད་སྐྱོང་བློ་བཟང་སེངྒེ་ནི། ཤེས་ཡོན་ལྡན་པའི་རྒྱལ་ཁབ་དང་མི་རིགས་གཞན་དག་གི་མི་སྣ་བཞིན་དུ་གཏམ་བཤད་སྟངས་དང་། ལས་དོན་སྒྲུབ་ལུགས་སོགས་ནུབ་གླིང་གི་དྲི་མ་ཅུང་ཙམ་ཡོད་པས་ཕྲན་སོགས་ཀྱི་རེ་བའི་མིག་ཟུང་ཅེར་ཞིང་དགའ་བའི་སོ་དཀར་འཛུམ་མྱངས་མོད། བློ་སེང་གིས་ཁོའི་སྲིད་ཇུས་གཙོ་བོའི་ནང་གི་གཙོ་བོ་ནི་༧གོང་ས་མཆོག་བོད་ལ་གདན་འདྲེན་ཞུ་རྒྱུ་དེ་ཡིན་པར་དམ་བཅས། ཁ་མཁས་ལྕེ་མཁས་ཀྱིས་ནུབ་ཕྱོགས་པའི་ཚོར་སློང་གི་གཏམ་བཤད་གྱིས་མི་སེམས་འགུག་ཐུབ་ཡོད། ཡིན་ཡང་དེ་ནི་འཆར་གཞི་མེད་པའི་སྟོང་གཏམ་དང་། གདེང་ཚོད་མེད་པའི་བཟོས་མ། འགན་ལེན་མེད་པའི་སྙན་ཚིག་ཅིག་ཏུ་གྱུར་འདུག སྐབས་འཚོལ་བའི་ཚིག་འདི་སྙན་ཡང་གངས་རིའི་དཔའ་རྒོད་ཚོའི་ཚེ་སྲོག་གི་གཤེད་མར་བསྒྱུར་མ་སོང་ངམ།
བོད་ཀྱི་དཔའ་རྟུལ་བརྒྱ་ཕྲག་མ་ཟིན་ཙམ་གྱིས་རང་སྲོག་མེ་ལ་ཕུལ་ཚེ་འབོད་ཚིག་ནི། ༧གོང་ས་མཆོག་བོད་དུ་གདན་འདྲེན་ཞུ་དགོས་ཟེར་བ་དེས་ར་སྤྲོད་བྱས་ཡོད། ཁོང་ཚོས་ཚེ་སྲོག་འདི་སྣང་གི་བདེ་སྐྱིད་དང་བཅས་པ་བློས་བཏང་བ་བློ་སེང་ལ་རམ་འདེགས་བྱས་པ་རེད་མོད། འོན་ཀྱང་བློ་སེང་ཁྱེད་ལ་བློ་བདེ་བོ་ཞིག་བྱུང་སོང་ངམ། སྙན་ཚིག་ཙམ་གྱེར་བ་ལས་ད་འགན་ཅི་ཞིག་འཁུར་རྒྱུ་ཡིན་ནམ། གངས་རིའི་དཔའ་རྒོད་ཚོས་ངོ་མཚར་བསམ་ཡུལ་ལས་འདས་པའི་བྱང་ཆུབ་སེམས་དཔའི་མཛད་པ་དངོས་ཡོད་འཇིག་རྟེན་དུ་བསྟན་པ་རེད། ཁྱེད་ཀྱིས་ཁོང་ཚོའི་མགྲིན་ཚབ་པ་མཚན་ཉིད་ཚང་བ་ཞིག་བྱེད་ཐུབ་བསམ་ཡོད་དམ།
རྒྱལ་གཅེས་སེམས་དཔའ་རེ་རེ་བཞིན་གྱིས་བློས་གཏོང་གིས་༧གོང་ས་མཆོག་གི་ལྟ་གྲུབ་དམར་རྗེན་གྱི་མཚོན་རྟགས་དང་ལྡན་པའི་ངོ་མཚར་འཕྲུལ་གྱི་འཁོར་ལོ་མང་པོ་འཛམ་གླིང་གི་ངོམ་རིན་ཆེ་བ་དང་། བོད་ཀྱི་ཆབ་སྲིད་ཁ་ཕྱོགས་ལ་ལམ་སྟོན་དུ་དངོས་སུ་ཕུལ་མོད། སྲིད་སྐྱོང་བློ་སེང་གི་བཀའ་ཤག་དང་ཆབ་སྲིད་ཀྱི་དབུ་ཁྲིད་ཚོས་འཕྲུལ་འཁོར་དེ་ཉིད་གཏོང་མ་ཤེས་ཤིང་མ་ཕོད་པར། མི་ལོ་ལྔ་བཅུ་སོང་ཟིན་པའི་བེད་མེད་རྙིང་པ་རྙིང་ནག་གི་ཤིང་རྟ་ཆག་རོ་མ་དེ་དག་ཁ་ལོ་བསྒྱུར་རྒྱུ་ལས་མ་འཇོན་པ་མངོན་གསལ་རེད་མོད། རྒྱལ་གཅེས་སེམས་དཔའ་ཚོས་བློས་གཏོང་ཐམས་ཅད་ཁྱེད་ཚོའི་ཆབ་སྲིད་ལ་རམ་འདེགས་སུ་ཕུལ་ཡང་། ཁྱེད་ཚོས་ཆུད་ཟོས་སུ་བཏང་མ་སོང་ངམ། དཔའ་བོ་དཔའ་མོ་ཚོས་རང་སྲོག་ཁྱེད་ཚོ་ལ་ཕུལ་ཡང་། ཁྱེད་ཚོས་རྒྱལ་སྤྱིའི་ཐོག་ལ་ནུས་པ་འདོན་མ་ཤེས་པ་དང་། རྒྱ་དམར་ལ་རྒོལ་བའི་ལག་ཆ་རུ་ཡང་བཀོལ་མ་ཤེས་པ་རེད།
ད་ནི་ལམ་ཁ་གཞན་ཞིག་གདམ་ན་མི་ལེགས་སམ། ཁོང་ཚོས་ཁྲག་གིས་བྲིས་ཤིང་། སྙིང་གིས་ཕུལ་བའི་ངོ་མཚར་བའི་མཛད་རྣམ་འཛམ་གླིང་གི་ལོ་རྒྱུས་ཀྱི་དེབ་ཐེར་དུ་གསེར་ཞུན་གྱིས་བྲི་མ་ཐུབ་ན་སུ་ཡི་སྐྱོན་རེད། ཁྱེད་ཚོས་སྤེལ་བཞིན་པའི་ལས་འགུལ་རྙིང་པ་བེད་མེད་མར་མེ་ཁྲོམ་སྐོར་དང་མཆོད་འབུལ་སྨོན་ལམ་རྐྱང་གིས་དུས་འདའ་ན་སེམས་དཔའ་ཚོའི་རེ་སྨོན་མི་འགྲུབ་ཐག་ཆོད་པ་རེད། ཆབ་སྲིད་ཆེད་མཁས་ཀྱི་དབུ་ཁྲིད་ཚོ་ལ་བློ་གྲོས་དང་འབད་བརྩོན་གྱིས་མི་མང་གི་སྣེ་ཁྲིད་མ་ཐུབ་ན། མི་མང་ལ་རེ་སྟོང་གིས་ལས་འགུལ་རྙིང་པ་རེས་གར་ཡང་མི་ཕྱིན་པ་ཤེས་བཞིན་དུ་ད་དུང་ཁ་ཕོད་ཤོད་པ་ཡ་མཚར། འདི་ལས་ཁྲེལ་མེད་ཅིག་བྱ་རྒྱུ་ཡོད་དམ།
༧གོང་ས་མཆོག་ནི་འཛམ་གླིང་ཞི་བདེའི་མི་སྣ་རེད། ཁོང་གིས་ཞལ་ནས་ཅི་གསུང་ཁོ་ནར་བསྒུག་ན་ནོར་འཁྲུལ་རེད། ང་ཚོས་ཁོང་ལ་ལད་ཟློས་བྱ་ཚུལ་མེད། དེ་ནི་མི་འོས་ཤིང་མི་རུང་བ་ཞིག་རེད། ཁོང་གིས་སྲིད་དབང་རྩིས་སྤྲོད་གནངས་པ་ལ་དགོས་དོན་མང་དུ་ཡོད་པ་ཤེས་དགོས། རྒན་ཡོལ་དུ་འགྲོ་འདོད་པ་དང་། བོད་མི་རྐང་མགོར་ལངས་ཤེས་པ་ཙམ་གྱི་ཆེད་མ་རེད། ཁོང་གིས་གནང་མི་བདེ་ཞིང་ང་ཚོས་བྱེད་དགོས་པ་ཁག་གི་གོ་སྐབས་སྤྲད་པ་རེད། ས་སོང་ངམ། ང་ཚོས་ཁོང་མེད་པ་ནང་བཞིན་འགན་ཁུར་དགོས། བྱུང་མ་མྱོང་པའི་ལོ་རྒྱུས་ཀྱི་གཟི་བརྗིད་བོད་ཀྱི་སེམས་དཔའ་ཚོས་བཞག་ཀྱང་། རང་དབང་ལུང་བའི་ཆབ་སྲིད་པ་ཚོས་ངོ་སྐལ་གྱི་འགན་དབང་མ་ལོན་ན་དེའི་སྡུག་ཅིག་གང་ན་ཡོད།
འཛམ་གླིང་ལ་ཤུགས་རྐྱེན་དང་རྒྱ་གཞུང་ལ་གནོན་ཤུགས་ཅི་ཡང་སྤྲོད་མ་ཐུབ་ཕྱིན། ད་ཐབས་ལམ་གཞན་ཞིག་མི་འཚོལ་བར་ད་དུང་མིག་མེད་ཆུ་མཆོང་བྱེད་རྒྱུ་ཡིན་ནམ། ང་ཚོས་ད་བར་དུ་མི་འཚམས་པའི་རེ་བ་ཁོ་ན་ལ་ཕུགས་གཏད་ནས་འཕུང་བ་མ་རེད་དམ། སྨོན་ལམ་ཁོ་ན་བྱས་པས་འཕུང་མ་སོང་ངམ། གསར་པ་ལ་འཛེམས་ཟོན་ཆེ་དྲགས་ནས་མཐའ་འདི་ལ་ཐུག་པ་མ་རེད་དམ། གལ་གནད་འདི་དག་གི་ཐད་ལ་མིག་བཙུམས་ནས་སྡོད་ཐབས་ག་ལ་ཡོད། ཁ་བ་དང་གྲང་ངར་བསྡེབས་ཀྱང་གཅེར་བུར་སྡོད་རྒྱུ་ཡིན་ནམ། ད་དུང་རྒྱ་གཞུང་གི་སྲིད་ཇུས་འགྱུར་བའི་རེ་སྟོང་ལ་བསྒུག་རྒྱུ་ཡིན་ནམ།་ང་ཚོས་ཕལ་ཆེར་ཡོད་ཚད་ཤོར་ཟིན་པས་ད་ནི་འཛེམ་ས་ཞིག་ལྷག་སོང་ངམ། ད་ནི་འཛེམས་ཟོན་བྱ་རྒྱུ་ཅི་ཡང་མེད་པར་གཞིས་བྱེས་ཆོལ་ཁ་གསུམ་མཉམ་དུ་ཡར་ལངས་མ་རན་ནམ།
རྒྱ་དམར་དབུས་གཞུང་གི་སྲིད་འཛིན་མི་སྣ་བརྗེ་མཚམས་འདི་ལ། འཛམ་གླིང་གང་སར་ཡོད་པའི་བོད་མི་ཡོད་དོ་ཅོག་ཞི་བའི་སྡེབ་ལངས་ཀྱི་བཀོད་སྒྲིག་རན་མ་སོང་ངམ། རང་སྲོག་མེ་མཆོད་ཀྱི་ངོ་བོ་བོད་མི་སྡེབ་ལངས་ཀྱི་རྣམ་པར་བསྒྱུར་རན། ད་བར་དུ་བོད་གཞིས་བྱེས་སོ་སོས་ལས་དོན་ཁེར་རྐྱང་དུ་སོ་སོ་ནས་བསྒྲུབས་པས་དོན་ མ་འགྲུབ། ད་ནི་མཉམ་འབྲེལ་མི་བྱེད་ན་ནམ་ཞིག་བྱེད། ད་བར་དུ་རྒྱ་གཞུང་ལ་ངོ་དགའ་དང་སྤྲེལ་ལད་འཁྲབ་ནས་གཅེས་སྲོག་མང་པོ་ཆུད་ཟོས་སུ་བཏང་ཚར། ད་བར་དུ་རྒྱ་གཞུང་ལ་བསྟུན་ཤེས་ཀྱིས་རེ་སྟོང་ཆེ་དྲགས་ཀྱང་། རྒྱ་གཞུང་གིས་ནག་མེད་ཉེས་འཛུགས་ཀྱིས་ཞྭ་མོ་ད་བར་དུ་གཡོགས་དང་གཡོག་གིན་ཡོད་པས། ད་ནི་མངོན་གསལ་གྱིས་ལས་འགུལ་གསར་པ་འདི་སྤེལ་པ་ལས་ཐབས་གཞན་ཅི་ཡང་མེད། དེ་ནི་གཞི་བྱེས་མཉམ་འབྲེལ་གྱིས་མངོན་གསལ་འཛེམ་མེད་དུ་ལས་དོན་མཉམ་རུབ་བྱེད་དགོས་པ་རེད། གནས་སྟངས་འདི་ལས་སྡུག་ཏུ་འགྱུར་རྒྱུ་མེད་པས་ཁྱེད་ཚོས་ཅི་ཞིག་འབྱུང་བར་ད་དུང་འཛེམ་བཞིན་ཡོད་དམ།
བྱང་སེམས་དཔའ་རྒོད་བརྒྱ་ཕྲག་མ་ཟིན་ཙམ་གྱིས་ཚེ་སྲོག་ཞུགས་འབུལ་གྱིས་འཛམ་གླིང་འགུལ་མ་ནུས་པས། ད་ནི། བོད་མི་སྡེབ་ལངས་ཀྱིས་འཛམ་གླིང་བསྒུལ་ཐུབ་པ་བྱ་རན། ཁ་ཆེའི་རྒྱལ་ཁབ་ཁག་གིས་ནང་འཁྲུག་རྣམས་ནི་འཛམ་གླིང་གི་ལྟད་མོ་ཡིན། བོད་མིའི་རིན་བྲལ་གྱི་བློས་གཏོང་ཁག་འཛམ་གླིང་ལ་སྟོན་རན། ད་བར་དུ་བོད་ཀྱི་ཆབ་སྲིད་པ་ཚོས་འཇོན་ཐང་གིས་མ་འཇོན་པ་སུས་ཀྱང་ཤེས་སླ། བོད་སྡེབ་ལངས་བྱེད་པ་ལ་གཅེས་སྲོག་གཏོང་མི་དགོས། གསོན་དབུགས་བྲལ་མི་དགོས། བོད་སྡེབ་ལངས་བྱས་ན་སྒེར་ལངས་ལས་ཉེན་ཁ་ཆུང་ཞིང་དོན་དགོས་ཆེ། བོད་སྡེབ་ལངས་བྱས་ན་དྲག་གནོན་བྱེད་དཀའ་ལ་བྱས་ན་འཛམ་གླིང་གིས་མཐོང་སླ། བོད་སྡེབ་ལངས་བྱེད་པའི་སྣེ་ཁྲིད་ཀྱི་འགན་དབང་བྱེས་སྡོད་བོད་མིའི་སྲིད་དོན་པ་ཚོར་ཡོད། མཉམ་འབྲེལ་ནུས་པ་མཉམ་སྤུངས་ཀྱི་དུས་སྐབས་རྩ་ཆེན་འདི་འཆོར་མི་རུང་། དེང་དུས་འཕྲུལ་རིགས་འབྲེལ་ལམ་སླ་བའི་གོ་སྐབས་འདི་དམ་འཛིན་གནང་རན། སྡེབ་ལངས་ལས་འགུལ་སྲིད་ཇུས་འདི་ད་ལྟའི་བྱེས་བཞུགས་བོད་མིའི་སྲིད་དོན་པ་ཚོའི་སྲིད་ཇུས་གཙོ་བོ་ལ་འཛིན་རྒྱུ་ལས་གཞན་ཅི་ཡང་ལྷག་མེད།
དེ་ཙམ་གནང་བའི་སྙིང་སྟོབས་དང་གདེང་ཚོད་མེད་ན་བརྫུས་མའི་ཆབ་སྲིད་ཀྱི་འབག་མགོ་མ་གྱོན་རོགས། ད་ལྟའི་སྲིད་དོན་པ་ཚོའི་ཁ་སྟོང་དོན་སྟོང་གི་ཆབ་སྲིད་འདོར་རན། ཆེས་མ་མཐའ་ན་ཡང་། ཁྱེད་ཚོའི་འགྲུབ་མེད་ཚིག་སྟོང་རྫུན་བག་གི་བོད་དོན་གླེང་སློང་འདི་བློས་རྩ་གཏོང་བྱས་ཏེ། མིའི་འཚོ་བ་དཀྱུས་མ་ཞིག་རོལ་ན་མི་ལེགས་སམ།
རྒྱལ་ཁབ་ཤོར་མཁན་འཛམ་གླིང་ན་ཆེས་མང་མོད། རང་རིགས་ཀྱི་དཔའ་བོ་དཔའ་མོ་རྣམས་ལྟ་བུ་འཛམ་གླིང་ལ་བྱུང་མྱོང་མེད། ཁོང་ཚོའི་རེ་འདོད་སྐོང་མ་ཐུབ་རུང་། ཐ་ན་ཡང་མ་འོངས་པའི་དཔའ་རྒོད་ཚོ་ཆུད་ཟོས་སུ་མི་འགྲོ་བ་ཞིག་བྱ་མི་དགོས་སམ། དེ་གཉིས་གང་ཡང་མི་བྱེད་པར་ཆབ་སྲིད་ཀྱི་ཁ་གཡང་བརྗོད་ནས་སྤུན་ཟླ་དཔའ་རྒོད་ཚོ་ ད་དུང་འདི་ལྟར་མུ་མཐུད་དུ་སྔ་ལམ་དུ་སྐྱེལ་རྒྱུ་ཡིན་ནམ། །
གོང་གི་དགོངས་ཚུལ་རྣམས་ཧ་ཅང་ཡག་པོ་གསུང་འདུག རང་ལུས་མེར་སྲེག་གི་འབོད་སྒྲ་དང་ཞལ་ཆེམས་དགོས་དོན་དམིགས་ཡུལ་སོགས་ཁུངས་དང་ལྡན་པ་རྣམས་རྒྱལ་སྤྱིའི་གསར་ལམ་ཁག་ལ་མཁོ་སྤྲོད་དང་། བོད་ནང་གི་མེར་སྲེག་མཚོན་པའི་ལས་འགུལ་སྤེལ་བ་རྣམས་ཁུངས་ལྡན་བསྡུ་རུབ་བྱེད་རྒྱུར་དམིགས་གསལ་བདེ་སྲུང་ལས་ཁུངས་དང་འབྲེལ་བའི་ཐོག་ནས་གནང་དགོས་པ་དོན་ལ་གནས། འོན་ཀྱང་དེང་སྐབས་ཀིར་ཏི་བྱེས་པའི་ཀ་ཉག་དང་བློ་བཟང་གཉིས་མ་གཏོགས་གཞུང་འབྲེལ་བདེ་སྲུང་ལས་ཁུངས་སོགས་ནས་གནང་བ་ཞིག་མཐོང་རྒྱུ་མེད་པ་དེ་དགོས་པ་དགོས་ཆེད་ཡིན་ན་མ་གཏོགས་དེ་ཚོ་ཞན་ཆ་རེད། གང་ལྟར་ཡང་སྙིང་རྒྱ་ནག་ནང་འགྱུར་བ་འགྲོ་དང་མི་འགྲོ་ཟེར་བ་དེ་བཙན་བྱོལ་རང་དབང་ལུང་པར་གནས་པའི་སྤུན་ཟླ་རྣམས་ལ་ཐུག་ཡོད། གཞིས་ལུས་པས་སྲོག་གཏོང་ཐུབ་ན་ང་ཚོས་རྒྱུ་དང་བློ་གཏོང་མི་ནུས་པ་མི་སྲིད།
རང་སྲེག་བྱས་དགོས་དོན་ནི།
༡༽༤༩སྔོན་ལ་རྒྱ་ནག་ལ་དམར་པོ་བཙུགས་ཙང་། རང་བསྲེགས་བྱས་པ་རེད།
༢༽ཞེ་དགུར་དམར་དམག་བོད་ནང་འཛུལ་བས། རང་བསྲེགས་བྱས་པ་རེད།
༣༽༥༣ལོར་དོན་ཚན་བཅུ་བདུན་བཞག་བཅུགས་ཙང་། རང་བསྲེགས་བྱས་པ་རེད།
༤༽༥༩འི་གསུམ་བཅུར་མི་མངས་སྒེར་ལངས་འུ་ཐུག་པ་བཟོས་ཙང་། རང་བསྲེགས་བྱས་པ་རེད།
༥༽༦༠འི་ནང་རིག་གནས་གསར་བརྗེས་གདུག་རྩུབ་ཀྱིས། རང་བསྲེགས་བྱས་པ་རེད།
༦༽༧༩འི་ལོར་ཏིང་གིས་རང་བཙན་མིན་པའི་ཡོད་ཚད་ཤོད་ཆོག་པར་བཟོས་དུས། ༸གོང་ས་མཆོག་དང་བཙན་བྱོན་མི་མངས་སྲིད་གཞུང་གིས་བོད་རང་བཙན་བློས་བཏང་བྱས་བཅུག་པར། རང་བསྲེགས་བྱས་པ་རེད།
༨༽༧༩འི་རྗེས་སུ་ཡང་དུས་ད་ལྟའི་བར་ཏྰ་ལའི་ཁ་བྲལ་རིང་ལུགས་ཟེར་ནས་ཁ་བརྡུང་མུ་མཐུད་བྱས་སྟབས། རང་བསྲེགས་བྱས་པ་རེད།
༩༽པཎ་ཆེན་༸སྐུ་གོང་མའི་རེ་འདུན་ལ་འཁྱོག་བཤད་དང་། ཡང་སྲིད་འཁྲུལ་བྲལ་ངོམ་༸པཎ་ཆེན་༸བསྟན་འཛིན་དགེ་འདུན་མཆོག་བཟང་བཙོན་ས་མཐར་སྤྱུགས་ཙང་། རང་བསྲེགས་བྱས་པ་རེད།
༡༡༽༸པཎ་ཆེན་༡༡པ་བསྟན་འཛིན་དགེ་འདུན་གྱི་ཚབ་ཏུ་སྡིག་པ་མིག་བཙུམ་གྱིས། པཎ་རྫུན་རྒྱལ་ནོར་བཙན་བསྐོས་བྱས་ཙང་། རང་བསྲེགས་བྱས་པ་རེད།
༡༢༽༢༠༠༨ནས་ད་བར་བོད་ཀྱི་སྐད་ཡིག་ལ་བཀག་འགོག ལེགས་གཞུང་ལ་འཕྱ་དམོད། བོད་སར་བོད་མིར་བརྙས་བཅོས་ཚད་ལ་འདས་པ་བྱས་ཙང་། རང་བསྲེགས་བྱས་པ་རེད།
༡༣༽ བོད་མིའི་རང་དབང་ཅུང་ཟད་ཅིག་བསྐྱར་གསོའི་ཆེད་དུ་༸གོང་ས་མཆོག་བོད་ནང་ཕེབས་བཅུགས་ན་བསམ་པའི་རེ་འདུན་ལ་བསམ་མེད་རྡོག་རོལ་བཏང་ཙང་། རང་བསྲེགས་བྱས་པ་རེད།
ད་རང་སྲེག་སུས་འགོག་ཐུབ་བམ།
ཅི་བྱ་ཅི་འགབ་ཅེས་་པ་ནི་ནང་དོན་ག་རེ་རེད། འགབ་ཀྱི་ནང་དོན་འདི་ནས་ག་རེ་མཚོན་པ་རེད། དྲིས་ལན་ཡང་དག་ཅིག་དགོས་ན་ཐོག་མར་དྲིས་བ་གསལ་བོ་ཞིག་ཡིན་དགོས།
༣༽༥༣ལོར་ ༣༽༥༡ལོར་ལ་བཅོས།
དེང་སང་ནངས་དགོང་བོད་གནས་གསར་འགྱུར་ཁག་མ་མ་བཀླགས་ན་འདུག་མི་ཚུགས་ཤིང་། བཀླགས་ན་སྙིང་ལ་ན་ཟུག་ལངས་པར་བྱེད། རང་ལུས་མེར་སྲེག་དང་། རང་སྲེག རང་ལུས་ཞུགས་འབུལ། འདི་རིགས་ཀྱིས་གསར་ཤོག་ཁག་གི་མདུན་ངོས་ཁེངས། འཛམ་གླིང་ལོ་རྒྱུས་ནང་དེ་སྔ་བྱུང་མ་མྱོང་བའི་ལས་འགུལ་འདིར་གྲུབ་འབྲས་མ་ཐོན་ན་མཇུག་འབྲས་སྐྱོ་ལྷང་ངེའམ་འཇིགས་སུ་རུང་བ་ཁོ་ན་རེད། ཉེ་དུས་བཀའ་སྤྱི་གཉིས་ཀྱིས་བཀའ་བློན་ཁྲི་བའི་མིང་དེ་སྲིད་སྐྱོང་དུ་བརྗེ་བསྒྱུར་གྱིས་ཁྱབ་བསྒྲགས་གནང་བ་ལྟར། གོང་གི་ཐ་སྙད་དེ་དག་འོས་འཚམས་རང་དུ་མ་མཐོང་ལ་རེ་རེ་བཞིན་རྒྱུ་མཚན་བགྲང་མ་དགོས་པའི་ཐོག (རང་ཉིད་གསོན་སྲེག)གམ་(སོ་སོ་གསོན་སྲེག)གི་ལས་འགུལ་ཟེར་ན་ཅི་འདྲ་འདུག ད་དུང་ཕྱི་མའི་ཚིག་སྡུད་ལ་(སོོ་གསོན་སྲེག)་ཏུ་བྲིས་ན་ཡིག་ཟོར་ཡང་བའི་ཁྱད་ཆོས་ལྡན།
རང་བསྲེགས་བྱས་ཟིནད་ནས།
༡༽ ད་ནས་རང་སྲེག་མ་གྱིས། རང་བསྲེགས་བྱས་ན། དགོས་དོན་བསྒྲུབས་དུས་དགོས་དོན་ཆུང་དུ་འགྲོ་སྲིད།
༢༽རང་སྲེག་བྱས་ཟིནད་པ་དག་གི་ལོ་རྒྱུས་དང་། བརྙན་པར་གང་མང་ཕྲལ་དུ་འཚོལ་སྒྲུབ་བྱེད་དགོས།
༣༽ལོ་རྒྱུས་དང་བརྙན་པར་སོགས་ཕྲལ་དུ་གསར་ཤོག དྲ་རྒྱ། བརྒྱུད་ལམ་ཁག་ལ་གང་མགྱོགས་གཏོང་ཐབས།
༤༽ལོ་རྒྱུས་དང་བརྙན་པར་སོགས་ཕྲལ་དུ་སྐད་ཡིག་གང་མང་མང་ལ་བསྒྱུར་ནས། གསར་ཤོག དྲ་རྒྱ། བརྒྱུད་ལམ་ཁག་ལ་གཏོང་ཐབས།
༥༽ མེ་སྲེག་གནང་ཟིནད་པའི་ཆེད་དུ། ད་ལྟ་བྱེད་བཞིན་པའི་མཆོད་འབུལ་སྔོ་སྨོན། སྐད་འབོད་དང་སྙན་ཞུ་ལས་གཞན་པའི་ཐབས་ལམ་གསར་པ་སྤྱི་སྒེར་གཉིས་ནས་ལས་འགུལ་གསར་པ་སྣ་མང་སྤེལ་དགོས།
རང་སྲེག་ལས་འགུལ་འདི། མ་སྤེལ་མ་རོགས་ཞེས་ཡང་སྐྱར་ཞུའོ། །
བོད་པའི་རང་ལུས་མེར་སྲེག་གི་ལས་འགུལ་འདི་རྒྱལ་སྤྱིའི་རྒྱུད་ལམ་ཁག་ཏུ་ཁྱབ་བསྒྲགས་དེ་ཙམ་འགྲོ་མ་ཐུབ་པ་ནི། སྤྱིར་རྒྱ་གཞུང་གིས་དཔལ་འབྱོར་གྱི་སླུ་འདྲིད་དང་ཆབ་སྲིད་ཀྱི་གནོན་ཤུགས་སོགས་ལ་བརྟེན་ནས་ཡིན་ངེས་ཀྱང་། རྒྱུ་རྐྱེན་གཙོ་བོ་ཞིག་ནི་བོད་ནས་རང་ལུས་མེར་སྲེག་གི་གནས་ཚུལ་ཐོན་མ་ཐག་རྒྱལ་སྤྱིའི་རྒྱུད་ལམ་ཕར་ཞོག བོད་རང་གི་གསར་འགྱུར་ནང་ལ་ཡང་མ་ཐོན་གོང་ནས་བོད་མི་ཚོའི་ངོ་དེབ་དང་འཕྲིན་ཕྲན་སོགས་ཀྱི་ནང་ལ་ཤུགས་ཆེར་བཀོད་བཞིན་ཡོད་པས། གནས་ཚུལ་དེ་རྒྱལ་སྤྱིའི་རྒྱུད་ལམ་ལ་འབྱོར་སྐབས་གནས་ཚུལ་རྙིང་པ་ཆགས་ཏེ་ཁོང་ཚོས་བཀོད་འདོད་མ་བྱས་པ་ཡིན་ཚོད་རེད། འདིའི་ཐད་སྲིད་སྐྱོང་མཆོག་ནས་ཀྱང་མེར་སྲེག་གི་གནས་ཚུལ་ལག་ཏུ་འབྱོར་ཚེ་ཐད་ཀར་རྒྱལ་སྤྱིའི་རྒྱུད་ལམ་ཆེ་ཁག་ལ་སྐུར་རྒྱུ་དང་། དེ་ལྟར་མ་བྱུང་ན་བོད་མིའི་སྒྲིག་འཛུགས་ལ་འབྲེལ་བ་བྱེད་དགོས་པའི་ལམ་སྟོན་ཞིག་ཀྱང་གནང་སོང་བསམ། གཞན་རང་ལུས་མེར་སྲེག་གི་ལས་འགུལ་འདིས་ཕན་ནུས་དེ་ཙམ་ཐོན་གྱི་མེད་པའི་བསམ་ཚུལ་བཤད་མཁན་འགའ་རེ་ཡོང་གི་འདུག་ལ། རྒྱལ་སྤྱིའི་ཁྲོད་ལས་འགུལ་གྱི་ཤུགས་ཚད་དང་འཚམ་པའི་གྲགས་འགུལ་དེ་ཙམ་འབྱུང་ཐུབ་ཀྱི་མེད་པ་དངོས་ཡོད་རེད། འོན་ཀྱང་བོད་པའི་སྤྱི་ཚོགས་ཁྲོད་ལས་འགུལ་འདིས་ནུས་པ་ཆེན་པོ་ཐོན་ཡོད། དེ་ཡང་ས་བྱི་ཞི་རྒོལ་ཆེན་མོ་དང་ལྷག་ཏུ་གཅིག་འཇུག་གཉིས་འཐུད་ཀྱི་མེར་སྲེག་ལས་འགུལ་འདིས་བོད་མི་རིགས་ཀྱི་སེམས་ནང་ལ་ནམ་ཡང་བརྗེད་མི་སྲིད་པའི་རང་དབང་འཐབ་རྩོད་ཀྱི་རྡོ་རིང་ཞིག་བཞེངས་ཡོད་ལ། ལྷག་པར་བོད་ནང་གི་བོད་རིགས་ན་གཞོན་མང་པའི་སེམས་ལ་བོད་དོན་འཐབ་རྩོད་ཀྱི་མེ་ལྕེ་ཤུགས་ཆེར་སྤར་ཡོད་པ་དང་། སྔར་ཀྲུང་གོ་ནི་རང་གི་རྒྱལ་ཁབ་ཡིན་པར་བསམ་པའི་གཞོན་སྐྱེས་མང་པོའི་སེམས་ལ་རང་ཉིད་རྒྱ་ནག་ལས་ཐ་དད་ཡིན་པ་དང་མི་རིགས་འདི་ནི་རང་དབང་མེད་པའི་མི་རིགས་ཤིག་ཡིན་པའི་བག་ཆགས་ཟབ་མོ་བཞག་ཡོད་ལ། མི་རིགས་རང་ཉིད་ཀྱི་སྐད་ཡིག་དང་རིག་གཞུང་སོགས་ལ་སྲུང་སྐྱོབ་བྱེད་དགོས་པའི་འདུ་ཤེས་ཤུགས་ཆེར་སྐྲུན་ཡོད། ལྷག་ཏུ་རང་སྲེག་ལས་འགུལ་འདི་ལ་བརྟེན་ནས་བོད་ནང་དང་ལྷག་ཏུ་རང་སྲེག་ལས་འགུལ་སྤེལ་སའི་ས་ཁུལ་དག་ལ་རྒྱ་གཞུང་གི་འཁྲེག་འཛིན་སྲིད་བྱུས་ལ་འགྱུར་བ་གང་འཚམ་འགྲོ་བཞིན་ཡོད་པ་ནི། སྔར་ཡིན་ན་མེར་སྲེག་ལས་འགུལ་བྱུང་ན་སྐུ་ཕུང་རྒྱ་མིའི་ལག་ལ་ཤོར་རྐྱང་ཡིན་ཡང་དེང་སྐབས་ཕལ་ཆེ་བ་བོད་པ་རང་གིས་བདག་པོ་རྒྱག་ཐུབ་ཀྱི་ཡོད་པ་མ་ཟད། སློབ་ཕྲུག་དང་མི་མང་གིས་སྐབས་དང་སྐབས་སུ་ངོ་རྒོལ་སྐད་འབོད་ཀྱི་ལས་འགུལ་སྤེལ་ན་ཡང་༢༠༠༨ སོགས་ཀྱི་སྐབས་ལྟར་དྲང་གནོན་དང་རྡུང་རྡེག་མི་འཇུ་བཟུང་སོགས་བྱེད་ཀྱི་མེད་པ་འདི་དག་གིས་མཚོན་ནུས།
༼རང་སྲེག་གི་གནད་དོན་དང་འབྲེལ་ནས་བོད་མི་སྒེར་པ་རེ་རེ་དང་ཡང་ན་བཀའ་ཤག་གིས་མཚོན་པའི་སྒྲིག་འཛུགས་ཁག་གིས་ཅི་བྱ་ཅི་འགབ༽འདི་ད་རེས་ཀྱི་ཁ བརྡའི་གླེང་གཞི་རེད།
༡༽ བཀའ་ཤག་དང་སྤྱི་འཐུས་ལྷན་ཁང་གི་ངོས་ནས། བོད་རིགས་ཤིག་ཡིན་པའི་ཆ་ནས་གདུང་སེམས་མཉམ་སྐྱེད་ཡོད། ནང་པ་ཞིག་ཡིན་པའི་ཆ་ནས་མཆོད་འབུལ་བྱེད་ཀྱི་ཡོད་ལབ་ནས་འདུག་མི་རུང་། ཡིན་ནའང་། ད་སྐད་འབོད་དང་ཁྲོམ་སྐོར་སོགས་བྱེད་དགོས་པ་རེད་ཟེར་གྱི་མེད། རང་སྲེག་ལས་འགུལ་སྤེལ་མཁན་མི་སྣ་རེ་རེའི་སྔ་ཕྱིའི་གནས་ཚུལ་ཞིབ་ཕྲ་བསྡུ་རུབ་བྱེད་དགོས་པ་དང་། དེར་དབྱེ་ཞིབ་ཀྱིས་ཡིག་ཚགས་གསར་པ་ཞིག་བསྐྲུན་ནས་རྒྱལ་སྤྱིའི་མིག་མདུན་དང་རྒྱ་ནག་གི་མིག་མདུན་ལ་འཇོག་དགོས། ད་བར་དུ་གཞུང་དང་སྤྱི་འཐུས་ཀྱི་ངོས་ནས་མེར་བསྲེག་སྐོར་ལ་སྙན་ཐོ་ཁ་གསལ་ཞིག་ཀྱང་བཏོན་མེད། ད་ལྟ་ཉི་མ་རེ་རེའི་གནས་ཚུལ་རག་གི་ཡོད་པའི་གནས་སྟངས་འདི་འདྲ་ལ། འདི་ལས་མང་བའི་གནས་ཚུལ་རག་ཐབས་ཆེད་འབད་བརྩོན་དང་། ད་ལྟའི་ནུས་པ་འདི་གཅིག་ལ་སྤུངས་པའི་མགོ་འདྲེན་ཞིག་གནང་དགོས་ཚོད་ལ། ད་དུང་ཡང་ཉིན་འགྱངས་ཞག་འགྱངས་བྱས་ནས་བསྡད་ཡོད་པ་འདི་ལ་ངེས་པར་གོམ་པ་སྤོ་ཕྱོགས་གསར་པ་ཞིག་ཡོད་དགོས་པར་མཐོང་།
༢༽ སྤྱི་འཐུས་ཁག་ཅིག་གིས་རང་སྲེག་ནི་ང་ཚོའི་ནང་པའི་སྟོན་པའི་གསུང་རབ་དང་དེའི་དགོངས་དོན་དང་མཐུན་པ་ཡིན་སྟབས། འཚེ་མེད་ཞི་བ་ཡིན་པ་རེད་ཅེས་ཤོད་ཀྱི་ཡོད་པ་དེའི་སྐོར་ལ། འཚེ་མེད་ཞི་བ་ཡིན་མིན་དེ་རང་སྲེག་པ་དེའི་ཀུན་སློང་ལ་བལྟ་དགོས་པ་ལས། ཐག་ཆོད་པོས་བཤད་ཐུབ་པ་ཞིག་མིན་པར་གོང་ས་མཆོག་གིས་གསུངས་ཡོད་པ་དེ་ལས་འགྲེལ་བཤད་གཞན་པ་ཞིག་དགོས་པ་ཨེ་འདུག རང་སྲེག་འདི་ང་ཚོས་ཆོས་ལུགས་དང་མཐུན་པར་བཤད་ཆོག་གི་རེད་དེ། ང་ཚོའི་ཆོས་ལུགས་མི་ཤེས་མཁན། རང་སྲེག་ལ་ཆོས་ལུགས་ཀྱི་ལྟ་སྟངས་ཀྱིས་མི་བལྟ་མཁན་ཚོས། ཅི་ཞིག་བསམ་རྒྱུ་རེད། ཆོས་ལུགས་ཀྱི་ལྟ་སྟངས་འཁྱེར་ཡོང་ནས་ཆབ་སྲིད་ལ་འགྲེལ་བཤད་རྒྱག་སྟངས་འདི་དགོས་མཁོ་མེད་པ་ཞིག་རེད།
༣༽ རང་སྲེག་ལས་འགུལ་འདིའི་སྐོར་རྒྱལ་སྤྱིའི་གསར་ལམ་ཁག་ནང་དེ་ཙམ་ཁྱབ་སྤེལ་འགྲོ་གི་མེད་པ་དེ། ཁྱབ་ཆེ་བར་བསྒྲགས་ན། སྐུལ་སློང་ལྟ་བུར་འགྱུར་བར་དོགས་ནས་མ་སྤེལ་བ་རེད་དམ། ཡང་ན། ང་ཚོས་གནང་ཚུལ་ཁུངས་ལྡན་དུ་བྱེད་མ་ཐུབ་པ་རེད་དམ། ཡང་ན། ཆབ་སྲིད་པའི་ལྟ་སྟངས་ཀྱིས་མུ་མཐུད་རང་སྲེག་འདིར་འདོད་མོས་མེད་པ་རེད་དམ། འདི་ལྟ་བུའི་གནད་འགག་གི་བརྗོད་གཞི་མང་པོར། བོད་པ་རང་གི་མཁས་པ་དང་ཤེས་ཡོན་པའི་བགྲོ་གླེང་དང་། མི་རིགས་གཞན་གྱི་མཁས་པའི་བགྲོ་གླེང་སོགས་བསྡུས་ནས། གླེང་སློང་གི་ལམ་ནས་རང་སྲེག་གི་ནུས་པ་དང་ཤུགས་རྐྱེན། གྲུབ་འབྲས་སོགས་གླེང་བ་གལ་ཆེན་པོ་རེད་དྲན།
བཀའ་ཤག་གིས་མཚོན་པའི་སྒྲིག་འཛུགས་ཚོས་རང་སྲེག་སྐོར་ལ་སྒྲུབ་རྒྱུའི་ལས་ཀ་མང་པོ་ཞིག་ཡོད་པ་རེད།
ང་ཚོས་ངེས་པར་དུ་ཤེས་དགོས་པ་ནི་མེར་སྲེག་ཀྱི་ལས་འགུལ་འདི་བོད་མི་རིགས་རིག་གཞུང་དང་བཅས་པ་འཆི་གསོན་གྱི་འགག་རྩར་ཐུག་པའི་ཐ་མའི་འཕག་ཚགས་ཤིག་ཡིན་པས་མཚམས་བཞག་ན་བཞག་ཆོག་ཆོག་གི་ལས་སླ་པོ་ཞིག་མིན་པ་་དང་། བློས་གཏོང་ཆུང་ཆུང་ཞིག་གིས་འབྲས་བུ་ཆེན་པོ་ཞིག་སྒྲུབ་མི་ཐུབ་པ་ཤེས་པའི་ཐོག་ནས་སེམས་ཤུགས་སྐྱེད་དགོས་པ་ལས། དཀའ་ངལ་འཕྲད་པ་དང་སྡུག་སྐད་ཤོར་ཆོག་ཆོག་དང་མདུང་རྩེ་ནང་ལ་བསྐོར་ཆོག་ཆོག་ནམ་ཡང་བྱེད་རྒྱུ་མེད།
བགྲོ་གླེང་ཟེར་ན་འདྲ་་་་་་་་་་་་་་་་་་་་་་་
བོད་མིའི་ཁྲོད་ན། མེར་བསྲེག་ལས་འགུལ་འདི་མཚམས་འཇོག་གི་སྐད་ཆ་སུ་གང་གིས་ཤོད་ཕོད་ཀྱི་ཡོད་པ་མ་རེད། དེ་མ་ཕོད་པ་རྒྱུན་གཉིས་ལ་ཐུག་ཡོད་རེད།
༡ འདི་མཚམས་བཞག་ནས་འདིའི་ཚབ་བྱེད་ཐུབ་པའི་ལས་འགུལ་ཞིག་མེད་པ་དེ་རེད།
༢ འདི་མཚམས་འཇོག་དགོས་ན་བོད་ལ་རང་དབང་དགོས་པ་དང་གོང་ས་མཆོག་བོད་ལ་ཕེབས་རྒྱུ་དགོས་པ་རེད། དེ་བོད་མི་སུ་གང་གིས་སྒྲུབ་ཐུབ་པ་ཞིག་མ་རེད། མ་ཐུབ་ཙང་རང་སྲེག་གི་ལས་འགུལ་འདི་མུ་མཐུད་སྤེལ་གྱི་ཡོད་པ་རེད།
རང་ལུས་མེར་སྲེག་གི་གནས་ཚུལ་ཉིན་རེ་བཞིན་ཡོང་བཞིན་པ་རེད། བཙན་བྱོལ་སྒྲིག་འཛུགས་ཀྱིས་དེ་ཚོད་ཀྱི་གནས་ཚུལ་ཕྱོགས་བསྒྲིགས་དང་། སྐད་ཡིག་མང་པོའི་ནང་ཁྱབ་སྤེལ་ཐུབ་པ་བྱས་ཏེ། རྒྱལ་སྤྱིའི་མི་མང་གིས་ཤེས་པ་དགོས་པ་རེད། མི་མང་གི་ནུས་པ་ཞིག་ང་ཚོའི་གཞོགས་འདེགས་ལ་འགུལ་བའི་ཐབས་ཤེས་བྱེད་དགོས་པ་རེད། དེ་ང་ཚོའི་ལས་འགན་རེད། ང་ཚོའི་ལས་འགན་དང་། ང་ཚོས་བྱེད་དགོས་པའི་སྐོར་གླེང་བ་དེ་མདུང་ཁ་ནང་བསྐོར་གྱི་ལས་ཀ་མ་རེད།
སྙིང་ཆུང་རྣམས་ཀྱིས་བསམ་མི་ཕོད་པའི་བདག་གཞན་བརྗེ་བའི་མེ་ལྕེའིཐབས་ལམ་ལ་བརྟེནཏེ་བོད་ཀྱི་དཀའ་རྙོག་སེལ་བར་རེ་མཁན་དང་། སྲོག་ལ་སྡོ་བའི་ལས་འགུལ་སྤེལ་མཁན་དག་ལ་བདག་ཕངས་སྟེ་འཁང་བཞིན་ཡོད་ལ། གཞན་གཅེས་འཛིན་བློ་ལ་ཡིད་སྨོན་ཡང་འཆོར་བཞིན་མཆིས། ཐབས་དེ་ལྟ་བུ་ནི། རང་ཅག་རྣམས་ལ་མཚོན་ན་གྱོང་གུད་གསབ་ཏུ་མེད་པའི་ཕམ་ཁ་ཆེན་པོ་ཞིག་དང་རང་སྡུག་འཕར་མ་ཞིག་རེད། ང་ཚོ་མི་རིགས་ཀྱི་གྲངས་འབོར་གྱི་ཆ་ནས་ཕོངས་ཡོད་པར་མ་ཟད། འོ་སྐོལ་མི་རིགས་འདི་ཁོད་མ་སྙོམ་པའི་བསམ་བློ་དང་ལྟ་བ་རེ་ཡོད་པས། ད་དུང་ཡང་དཔའ་བོ་དང་ལྷག་བསམ་ཅན་རྣམས་རེ་རེ་བཞིན་དགྲ་འོག་ཏུ་ཤོར་ན། མཐའ་མ་ང་ལྟ་བུ་ཤེས་འཇོན་གང་ཡང་མེད་པའི་ཁྱུ་ཅིག་ལྷག་ན་སྐབས་དེར་དྲན་ཤེས་གསར་པ་ཞིག་རྙེད་དུས་རྗེས་ལུས་སུ་ཐེབས་ཟིན། འཇིག་རྟེན་གཏམ་དཔེར། བློ་སྔུན་ལ་དྲན་ན་མཁས་པ་ཡིན། རྗེས་ལ་དྲན་ན་བླུན་པོ་ཡིན་ཟེར་སྲོལ་ལྟར་སྣང་། བཞུད་བཞིན་པའི་དཔའ་བོ་དེ་དག་གི་ཚེ་སྲོག་ལ་སུས་ཀྱང་རིན་ཐང་རྒྱབ་མི་ཐུབ། དེ་དག་གི་ཚབ་ཏུ་སུས་ཀྱང་བགྱིད་མི་ཐུབ། དེ་དག་གི་ལ་རྒྱ་དང་ལྷག་བསམ་སྙིང་སྟོབས་ལྟ་བུ་འཛམ་གླིང་ལ་བརྩལ་ན་རྙེད་དཀའ། བདག་ལྟ་བུ་ལ་མཚོན་ན་གཞན་དོན་དུ་ཚེ་སྲོག་ཞིག་ཀྱང་ཕར་ཞོག མཛུག་མོ་ཞིག་ཀྱང་འབུལ་མི་ནུས། ད་དུང་དེའི་མུས་བཞུད་སོང་ན་དགྲ་བོ་ལ་དགོས་པའི་མཇུག་འབྲས་ཤིག་ལས་འུ་ཅག་ལ་དགོས་པའི་མཐའ་འབྲས་ཞིག་ཡོད་པར་མ་མཐོང་། དེ་ལས་ཚང་མས་ཐབས་ལམ་གཞན་ཞིག་བཙལ་ཏེ། མི་རིགས་འདི་རྒྱུན་གནས་ཡོང་ཐབས་ལ་འབད་ན་ཅི་མི་བཟང་། རང་མེད་བགྱིད་པ་ལས་རང་སྲོག་སྐྱོབ་ན་ཕན་འབྲས་ཆེ་བར་མཐོང་། དམ་པའི་ལྷ་ཆོས་ནས་བཤད་ན། དལ་རྒྱས་འབྱོར་བཅུ་ཚང་བའི་བརྟན་བཟང་འདི། ཡུན་ཙམ་ཞིག་གི་ནང་དུ་མེ་དཔུང་དུ་སྟིམ་སྟེ་རླག་རུང་བར་མི་སེམས། མེ་སྲེག་གི་གནས་ཚུལ་རེ་ཐོས་དུས། དལ་བའི་བརྟན་འདི་ཡིད་བཞིན་ནོར་ལས་ལྷག། འདི་འདྲ་རྙེད་པ་ད་རེ་ཙམ་ཞིག་ཡིན། གསུང་དེ་བདག་གི་རྣ་བའི་བུ་གར་དུ་ལྷང་ལྷང་དུ་གྲགས་པའི་ཚོར་ཤུགས་ངང་གིས་སླེབ། ཁ་ནས་ཀྱེ་མ་ཀྱི་ཧུད་ཀྱི་སྡུག་སྐད་རང་ཤུགས་ཀྱིས་ཤོར་ཏེ། སྨྲེ་ངག་མ་ཎི་ཡེ་གེ་དྲུག་མ་རང་བཞིན་གྱིས་འདོན་ཡང་ཤོར། མེ་སྲེག་གི་ཐབས་ལ་བརྟེན་ནས་བོད་དོན་བདེན་མཐའ་གསལ་བའི་ལམ་བུ་ཞིག་ཡོད་ན། ལམ་བུ་དེ་ཉིད་རྙེད་དགོས་ཚོད་ཡིན། མེ་སྲེག་གཏོང་བའི་གྲངས་འབོར་གྱི་ཆ་ནས་མང་མེད་ན་ཉུང་དྲགས་མེད། ལས་འགུལ་འདིའི་དོན་འབྲས་ཤིག་ཡོད་མིན་མཁྱེན་ལྡན་ཚོས་ཁ་སངས་ཏེ་གསལ་བཤད་གནོངས་གལ་ཆེ། འཕྲོ་ལུས་ཕ་མ་སྤུན་མཆེད་ཡིད་ཕམ་དོགས་ཀྱིས་གནས་ཚུལ་གསལ་འགྲེལ་མ་གནང་ན་ད་དུང་རང་རེ་སྤུན་ཟླའི་ཚེ་སྲོག་མེ་རུ་སྒྲོན་མཁན་རྒྱུན་མཐུད་དུ་ཡོང་ངེས་རེད། འོན་ཅང་མེ་རུ་བཏང་ཟིན་པ་རྣམས་ཀྱི་རླབས་ཆེན་གྱི་བྱ་བ་འདིས་ལོ་ཤས་སྔོན་དུ་བག་ལ་ཞ་བའི་བོད་དོན། རྒྱལ་སྤྱིའི་ཐོག་ཏུ་མངོན་གསལ་བཟོས་ཡོད་པ་མ་ཚད་རྒྱ་ནག་གི་རྫུན་རྐུབ་བརྡོལ་བཅུག་ཡོད་ཚུལ་སོགས་འགྲེལ་བཤད་ཐབས་མཁན་སྒོ་ནི་གནང་ན་ཡིད་ཕམ་ཆེན་པོ་སྐྱེ་ཡི་མ་རེད་བསམ། གལ་སྲིད་དེའི་མུས་འཇོག་ན་ད་དུང་བོད་མི་སྟོང་ཕྲག་འགའ་ཤས་ཚེ་སྲོག་གཏོང་ནའང་བཟང་ཕྱོགས་སུ་འགྱུར་བའི་རེ་བ་ཞིག་ཡོད་པ་མ་མཐོང་།
དེའི་སྐོར་ལ་༧ གོང་ས་མཆོག་གི་ལམ་སྟོན་ཞིག་ཡོང་རེ་ཆེ་ནའང་། དགོས་པ་གང་གི་ཕྱིར་ད་བར་ཕྱི་གསལ་ནང་གསལ་གྱི་བཀའ་སློབ་ཞིག་ཐོས་རྒྱུ་མི་འདུག། ད་རིང་ངའི་སྐད་ཆ་འདི་བརྡོལ་བཏམ་ཞིག་ཡིན་སྲིད་ཡང་། འོན་ཅང་འཇམ་ཐིང་ངེ་ཞིག་འདུག་བཟོད་མེད་པས་དབང་མེད་དུ་འདི་ལྟར་འབྲི་ཤོར། ལྷག་དོན་རང་ཉིད་ཀྱི་སྤུན་འཆེད་ལ་དཔེར་མཚོན་བྱེད་དེ་ཡིད་ལ་བསམ་དུས། དེ་བས་ཀྱང་ཅང་མི་སྨྲ་བའི་རྟུལ་ཞུགས་སུ་སྡོད་བཟོད་བྲལ་སོང་ངོ་།
ཅི་བྱ་ཅི་འགབ། གང་བྱ་རྩིས་ཡོད། གང་བྱས་ན་ཡག་གི་རེད་དམ་ཞེས་པ་འགྲེལ་ན་སྐྱོན་འདུག་གམ།
མ་གཞི་ངས་བསམ་ཚུལ་ཅང་འདོན་མི་ཤེས་མོད། འཆར་སྒོ་ཆུང་ཆུང་ཞིག་ཡོད་པ་ངེས་པར་དུ་ཞུ་འདོད།
སྔོན་མ་ངས་འཇིགས་བྲལ་གྱི་གློག་བརྙན་དེ་བལྟས་པའི་སྐབས་སུ་མི་ཞིག་གིས་”ངས་གང་འདྲ་ཞིག་བྱེད་དགོས་མི་ཤེས་ཀི ངོ་རྒོལ་ཞིག་བྱེད་དགོས་རུང་ཇི་ལྟར་བྱེད་དགོས་མི་ཤེས་ཀི ངས་ཤེས་རྒྱུ་ཡིན་ན་ངས་བོད་མི་རིགས་ཀྱི་དོན་དུ་རང་སྲོག་སྤར་བ་གང་བོ་འདི་ག་འདྲ་སེ་བྱས་ནས་འབུལ་དགོས་ན་འང་འབུལ་ཐག་ཆོད་ཡིན། ངས་ག་འདྲ་བྱེད་དགོས་མི་ཤེས་ཀི་ཡ།” འདི་འདྲའི་སྐད་ཆ་ཞིག་གོ་བ་དྲན།
དེའི་དོན་ལ་ངས་འདི་འདྲ་ཞིག་བསམ་བཞིན་འདུག གཞིས་བཞུགས་བོད་མི་རྣམས་ཀྱིས་ད་བར་དུ་རིང་ནས་སྙིང་ནས་སྡང་བའི་དམར་བོའི་དགྲ་བོ་འདི་ལ་ཇི་ལྟར་ལུགས་མཐུན་གྱིས་ངོ་རྒོལ་བྱེད་ལུགས་མ་ཤེས་པར་ལུས་པ་དང་། ༢༠༠༩་ལོར་དཔའ་བོ་བཀྲ་བྷེ་ལགས་ཀྱིས་དབུ་ཚུགས་ནས་རང་སྲེག་བྱེད་པ་འདི་ལམ་ལུགས་ཤིག་དང་། བྱེད་ལུགས་བྱེད་རིན་ཡོད་པ་ཞིག་ཡིན་པའི་ལམ་སྣ་རྙེད་ནས་བཟུང་ཡུལ་གང་སར་རང་སྲེག་བྱེད་པའི་ལམ་འདི་བྱུང་བ་མིན་ནམ་སྙམ།
གལ་སྲིད་དེ་འདྲ་ཡིན་ན། ད་ནི་བཙན་བྱོལ་བོད་གཞུང་གིས་འཚེ་མེད་ཞི་བའི་ངོ་རྒོལ་ཇི་ལྟར་བྱེད་པའི་ལམ་སྣ་འཁྲིད་དགོས་ཀྱི་འདུག རང་སྲེག་མ་ཡིན་པའི་ངོ་རྒོལ་གྱི་རྣམ་གྲངས་མང་པོ་ཡོད་པ་དང་། འཚེ་མེད་ཞི་བའི་ངོ་རྒོལ་ཇི་ལྟར་བྱེད་པའི་བྱེད་སྟངས་མང་པོ། ད་ནི་ང་ཚོས་རྒྱ་མིས་ཅིག་བཤད་ཡོང་གི་རེད་ཅེས་རྒྱང་འཛེམ་བྱས་ནས་མི་སྡོད་པར་གཞིས་ལུས་བོད་མི་ལ་ངོ་རྒོལ་བྱེད་ན་དེ་ལྟར་མ་བྱེད་འདི་ལྟར་བྱེད་པའི་སྣེ་ཁྲིད་གནང་དགོས་ཀྱི་འདུག་བསམ།
མང་པོ་ཞིག་གི་སེམས་ནང་རང་ལུས་མེར་སྲེག་གི་ལས་འགུལ་ལ་ཕན་འབྲས་ཐོན་བཞིན་མེད་པའི་སྣང་ཚུལ་ཡོད་མཁན་ཡོད་པ་རེད། རང་ལུས་མེར་བསྲེགས་ལ་ཕན་འབྲས་མངོན་དུ་འགྱུར་དགོས་ན་དེའི་རྒྱུ་རྐྱེན་རྩ་བ་ཕྱི་སྡོད་བོད་མི་ང་ཚོ་ལ་རག་ལུས་ཡོད་པ་དེར་གཡོལ་ཐབས་ཡོད་པ་མ་རེད། ལི་ལྦི་ཡའི་རང་སྲེག་རྐང་གཅིག་གིས་ལི་ལྦི་ཡའི་དྲག་པོའི་སྲིད་གཞུང་མགོ་རྟིང་བསློག་པའི་ནུས་པ་ཐོན་ཐུབ་ཡོད་པ་རེད།
དེར་བལྟས་ན་ཕྱི་སྡོད་བོད་མི་ང་ཚོའི་བྱེད་སྟངས་ནི་ས་ཕུག་ནང་འཛུལ་ནས་བྱིས་པ་སྐོར་ཞིག་གིས་གཏམ་རྒྱུད་ཕར་བཤད་ཚུར་བཤད་བྱེད་པའི་རྣམ་པ་དང་ཆ་འདྲ་བོ་རེད། རྒྱུ་མཚན། རང་བསྲེགས་དཔའ་བོ་ཕོ་མོ་གྲངས་དགུ་བཅུ་ལྷག་གིས་རང་སྲོག་བློས་གཏོང་བྱས་པའི་ཧ་ཅང་ཛ་དྲག་གི་གནས་ཚུལ་རྣམས་ཀྱང་རྒྱལ་སྤྱིའི་ཐོག་བསྒྲགས་ཐབས་མི་བྱེད་པར་བོད་པ་ནང་ཁུལ་ཤོད་རེས་བྱས་ནས་བསྡད་ཡོད་པ་རེད།
གོ་རིམ་མེད་པ། འཆར་གཞི་མེད་པ། གྲ་སྒྲིག་མེད་པ། ཚོར་མེད་སྣང་མེད། ཕར་ལྟ་ཚུར་ལྟ། ཧ་ཧ་ཧོ་ཧོ། དགའ་དགའ་སྐྱིད་སྐྱིད་ངང་སྐད་འབོད་རྒྱག་པ་དང་། ཁྲོམ་སྐོར་བྱེད་པ་སོགས་ཀྱི་ལོ་མང་གི་རྒྱུན་ལྡན་ལས་འགུལ་དེ་འདྲས་རང་དབང་རང་བཙན་ལེན་ཐུབ་གི་རེད་པས། རང་གིས་རང་ལ་འདང་ཞིབ་ཚགས་ཅིག་རྒྱོབས་དང་།
གང་ལྟར་ང་ཚོའི་མགོ་ཐོག་གི་ཉི་མ་དམར་པོ་དེས་ཚ་ཤུགས་ཧ་ཅང་ཆེ་སྟབས་ང་ཚོས་བསིལ་རླུང་འཇམ་པོ་ལྡིང་སའི་འཁོར་ཡུག་ཅིག་ཕྱོགས་བཞི་མཚམས་བརྒྱད་ལ་བཙལ་མོད་ད་བར་དུ་བསིལ་རླུང་འཇམ་པོའི་རིགས་དག་གིས་ང་ཚོ་ལ་གཡོལ་ཞིང་ཡུབ་ནས་འགྲོ་བ་ལས་ང་ཚོ་ལ་ཁ་ཡ་མི་བྱེད། ད་དུང་ཁོང་ཅག་གིས་ཐག་རིང་ཐག་རིང་ཞིག་ནས་ང་ཚོ་ལ་འཛུམས་ཙམ་སྟོན་པ་དེ་ཡང་མ་གཞི་བསླུ་བྲེད་ཅིག་མ་ཡིན་ནམ། ང་ཚོས་རེ་ཞིང་སྒུག་པའི་བསིལ་རླུང་དེ་མ་རག་པས་རྐྱེན་གྱིས་ང་ཚོའི་མི་བུ་རེ་རེ་མེ་ཕུང་རེ་རེ་ཡི་ངོ་བོར་གྱུར་ཏེ་ང་ཚོའི་མགོ་ཐོག་གི་ཉི་མ་དམར་པོ་དེས་ཚ་ཟེར་འདི་འདྲ་རེད་ཅེས་བསིལ་རླུང་འཇམ་པོའི་རིགས་ལ་ངོ་སྤྲོད་བྱས་ཡང་མིག་གིས་བལྟ་ཙམ་རེ་བྱེད་པ་ལས་བསིལ་རླུང་གི་རེག་བྱ་འཇམ་པོ་དེ་ང་ཚོར་མི་གནང་བ་ཅི་ཕྱིར་ང་ཚོ་ལ་ནག་ཉེས་ཡོད་དམ། ཤུ་་་ད་་ང་ཐང་ཆད་སོང་།
སྤྱིའི་ཆ་ནས་བགྲོ་གླེང་འདི་དུས་སྐབས་ཛ་དྲགས་ནང་གོ་སྒྲིག་བྱས་འདུག་པ་བཞིན། དགེ་ཕན་ཆེ་ཙམ་འབྱུང་སྲིད་པ་དང་བྱུང་དགོས་བ་འདི་ཁ་བརྡ་ཚང་གི་བསྙེགས་ཡུལ་རེད་ལ། དེ་ག་ནང་བཞིན་འདིར་འཛོམས་པའི་གླེང་སློང་བ་ཚོའི་འདོད་མོས་ཀྱང་ཡིན་འོས། བྱས་ཙང་ཐོག་མར་གླེང་གཞི་སྒུལ་ཤུགས་ཅན། འཐེན་ཤུགས་ཅན། གླེང་མོལ་ཕྱོགས་གཅིག་ཏུ་བསྡུ་ཐུབ་པའི་ཁྱད་ཆོས་སྣ་ཚོགས་པ་ཞིག་འཛོམས་ན། ད་གཟོད་མང་མང་གི་བློ་ཁ་ཕྱོགས་གཅིག་ཏུ་འདུ་ཐུབ་པའི་དགེ་ཕན་དེ་འབྱུང་སྲིད་པ་རེད། དེར་བརྟེན་ཕྲན་གྱིས་བགྲོ་གླེང་འདིའི་ཐོག་མ་སྐབས་ཀྱི་གླེང་གཞི་འབྲེལ་ནས་བཙུགས་ན་བསམ་པ་དྲན་བྱུང་།
གཅིག ཕྲན་ལ་མཚོན་ན་སྐབས་ཀྱི་གླེང་གཞི་འདིས་གོ་བརྡ་ཡག་ཐག་ཆོད་ཅིག་འཕྲོད་མ་ཐུབ་པའི་རྒྱུ་མཚན། ཕྱོགས་གཅིག་ནས་རང་ཉིད་ཀྱི་ཤེས་ཚད་དང་འབྲེལ་བ་ཡོད་སྲིད་མོད། འོན་ཀྱང་། བོད་རང་ཉིད་ཀྱི་བརྡ་སྤྲོད་ནང་ལྟར་གོ་དོན་ཆ་འདྲ་བ་ཞིག་གཞིར་བཟུང་སྟེང་། རང་ལུས་མེར་བསྲེགས་ཀྱི་དོན་རྐྱེན་ཁྲོད་ཡུལ་གྱར་གཞུང་འབངས་འདིས་ཅི་ཞིག་བྱ་དགོས་བའམ། གང་ཞིག་བྱེད་འོས་བ་རེད་ཞེས་བའི་གོ་བ་ལེན་ཕྱོགས་ལྟར་བགྲོ་གླེང་འདིར་འཇུག་བཞིན་པ་ཡིན།
༡༽རང་ལུས་མེར་བསྲེགས་ཀྱི་དོན་རྐྱེན་ཁྲོད་ཡུལ་གྱར་གཞུང་འབངས་འདིས་ཅི་ཞིག་བྱ་དགོས་བའམ། གང་ཞིག་བྱ་འོས་བ་རེད་ཞེས་བའི་བརྗོད་དོན་གཙོ་བོ་འདི་གླེང་ཆེད། ཐོག་མར་རང་ལུས་མེར་བསྲེགས་ཀྱི་དོན་རྐྱེན་འདི་གནས་བབ་གང་ཞིག་ན་ལྷག་ཡོད་པ་རེད་ཅེས་བའི་དྲི་བ་ཞིག ཚོད་ཚོད་ལ་སེམས་ངོགས་ནས་ལྡིང་སྐོར་བྱེད་ཀྱིན་འདུག་ན། དོགས་པ་འདི་གླེང་སློང་བ་ཚོའི་མིག་མདུན་ལ་མི་འདྲེན་ཐབས་མེད་དང་དོགས་དཔྱོད་མི་བྱེད་ཐབས་མེད་ཞིག་ཏུ་གྱུར་སོང་། ཕྲན་རང་ཉིད་ཀྱི་བསམ་ཕྱོགས་ཤིག་ལ་རང་ལུས་མེར་བསྲེགས་ཀྱི་དོན་རྐྱེན་འདི་གནས་བབ་གསུམ་གྱི་སྒང་ན་ལྷག་བསྡད་ཡོད་པ་ལྟ་བུ་ཞིག་གི་སེམས་ཚོར་བྱུང་། གཅིག་དེ། རྒྱལ་སྤྱིའི་དབང་ཤེས་དེ་པེ་ཅིན་གཞུང་གི་དབང་ཤུགས་འོག་ན་འོན་ལྐུགས་ཅན་དུ་འགྱུར་བཞིན་པ་རེད་ལ། དེ་ཡང་འགྲོ་བ་མིའི་རང་དབང་གཅེས་འཛིན་གྱི་གྲོས་ཆོད་དག་རྒྱལ་སྤྱིའི་སྲིད་དོན་པ་ཚོའི་ཁ་གང་ལ་འཁོར་ན་དེ་ལ་ཕྱོགས་འགྲོ་བ་མ་གཏོགས། དོན་དམ་གྱི་བདེན་དྲང་དང་ཞི་དྲག་གི་བློའི་འཁྱེར་སོ་ཞིག་ལ་འབྲེལ་བ་དེ་ཙམ་མེད་པའི་ཆ་ནས། རང་ལུས་མེར་བསྲེགས་ཀྱི་དོན་རྐྱེན་འདི་རྒྱལ་སྤྱིའི་མིག་ལམ་དུ་ཛ་དྲགས་ཀྱི་སྣང་བརྙན་ཞིག་འཆར་ཐུབ་ཀྱིན་མེད་པའི་བཟོ་ལྟར། སྣང་མེད་དུ་འཇོག་བཞིན་པ་ཞིག་རེད། གཉིས་བ་དེ། རྒྱ་ནག་ཕྱོགས་ཀྱི་སྲིད་ཇུས་ཁོ་རང་མཁྲེགས་འཛིན་གྱི་ལམ་ལུགས་ཞིག་ཡིན་སྟབས། རང་དབང་གི་སྒོ་མོ་ཡོད་ཚད་བཙུར། མནན། བརྡུངས་ཀྱི་བྱ་སྤྱོད་རང་གི་ཐོག་ནས་བཀག་འགོག་བྱེད་ཀྱིན་ཡོད་ལ། བདེན་པ་བདེན་དྲང་གི་སྐད་ཆ་བཤད་ས་དང་བློ་དཀར་གཞུང་དྲང་གི་ཆ་ལུགས་ལ་གུས་བརྩི་ཞུ་མཁན་གྱི་གཞུང་ཞིག་མ་རེད། དེར་བརྟེན་རང་ལུས་མེར་བསྲེགས་ཀྱི་དོན་རྐྱེན་འདིས་མཁྲེགས་འཛིན་གྱི་ལམ་ལུགས་དང་བསམ་བློ་ལ་གཏོར་རྒོལ་ཐེབས་ཐུབ་ཀྱིན་མེད་པ་ལྟ་བུ་ཞིག་རེད། གསུམ་པ་དེ། ཡུལ་གྱར་གཞུང་འབངས་འདིས་རང་ཉིད་ཀྱི་སེམས་ཚོར་ནང་བཞིན་འཐབ་རྩོད་ཅིག་བྱ་ཐུབ་ཀྱིན་ཡོད་བ་མ་རེད། དོན་དངོས་ནས་བཤད་ན་རང་ལུས་མེར་བསྲེགས་ཀྱི་དོན་རྐྱེན་ཁྲོད་སེམས་ཕམ་པ། ཡིད་སྐྱོ་བ། བལྟ་མི་བཟོད་པ། སྙིང་ན་བ་སོགས་ཀྱི་མྱོང་ཚོར་དག་རྒྱུན་དུ་འབྱུང་བཞིན་པ་རེད་དེ། ལག་ལེན་ཆ་དེ་ཆོས་ལུགས་བྱེད་སྒོ་ཞིག་གཙོར་བཟུང་ནས། གདུང་སེམས་མཉམ་བསྐྱེད་སྐྱིལ་ཀྲུང་ལ་བསྡད་ནས་སྒྲུབ་བཞིན་པའི་བྱ་བྱེད་འདི་རིགས་ཀྱི་སྟེང་ན་ལྷག་བསྡད་ཡོད་པ་ལྟ་བུ་རེད། ༢༽གནད་དོན་འདི་གསུམ་གྱི་མཇུག་འབྲས་གཞེས་ལུས་མི་མང་གི་གནས་སྟངས་ཧ་ཅང་ཡིད་སྐྱོ་བ་དང་། ཉེན་ཚབས་ཅན་གྱི་ངོ་བོ་ལ་འགྱུར་བཞིན་པ་ཞིག་རེད། དཔེར་ན། རྒྱལ་སྤྱིའི་རམ་འདེགས་སྟོབས་ཆེན་ཞིག་སླེབས་ཡོང་ཚུལ་ལྟར་དཀྲོགས་གཏམ་སྣ་ཚོགས་ཀྱི་དབང་གིས་རང་ལུས་མེར་བསྲེགས་གྲངས་ཚད་འཕར་བཞིན་པའམ། དེ་ག་ནང་བཞིན་འཕྲུལ་ཆས་ཅན་གྱི་རྒྱ་དམག་གིས་འདས་ཟིན་པའི་དཔའ་བོ་དཔའ་མོ་ཚོའི་ཤུལ་ལུས་ནང་མི་ལ་སུན་བཙིར་བྱེད་ལུགས་སོགས་ལ་བརྟེན། བཟོད་དཀའ་བའི་སེམས་ངལ་རྒྱུན་ཏུ་འབྱུང་བཞིན་པའི་འདི་འདྲའི་གནས་སྟངས་འོག༼དྲག་པོར་དྲག་པོས་རྒོལ་དགོས༽བའི་བསམ་ཚུལ་ལྟར། རྒྱ་བོད་གཉིས་ལ་ཆགས་སྒོ་བལྟས་མི་བཟོད་པ་ཞིག་འབྱུང་ཉེན་ལ་ཐུག་བསྡད་ཡོད་པ་རེད། དཔེར་མཚོན་གཞན་ཞིག རེབ་གོང་དང་ཆབ་ཆ་ཁུལ་གྱི་སློབ་ཕྲུག་གི་དོན་རྐྱེན་ལྟ་བུ་རེད།
གཉིས་བ། གོང་གི་བསམ་ཚུལ་འདི་གླེང་རྗེས་གཞི་ནས་ཡུལ་གྱར་གཞུང་འབངས་འདིས་ཅི་ཞིག་བྱའམ། གང་དེ་བྱེད་འོས་སམ་ཞེས་བའི་དྲི་བ་རང་བཞིན་གྱིས་སེམས་ལ་ཟགས་ཡོང་བ་ཞིག་འདུག
༡༽དེར་བརྟེན། ཡུལ་གྱར་གཞུང་འབངས་འདིས་མུ་མཐུད་ནས་རྒྱལ་སྤྱིའི་སྒང་ལ་རེ་སྟོང་དེ་བཅངས་ནས་འདུག་རྒྱུ་ཡིན་ནམ། པེ་ཅིན་གཞུང་ལ་ལན་བརྒྱ་ཆད་མཐུད་ཀྱི་ཞི་མོལ་ལྷན་པ་དགུ་བརྩེགས་ཅན་དེ་སླར་གསོ་རྒྱུ་ཡིན་ནམ། དེ་མིན་ན་དཔའ་བོ་དཔའ་མོ་དག་གི་རྣམ་ཤེས་རེ་རེ་དག་པའི་ཞིང་ལ་འདྲེན་ཐབས་ཀྱིས་མ་ཎི་གསོག་སྒྲུབ་ཀྱི་དགེ་རྩ་ཁོ་ན་གཙུག་འཛིན་བྱེད་རྒྱུ་ཡིན་ནམ། ཕྲན་གྱི་སེམས་པར་རྒྱལ་སྤྱིའི་རམ་འདེགས་ཅི་འདྲ་ཞིག་རྒྱ་བསྐྱེད་ཐུབ་རུང་། དེ་ནི་མཐུན་རྐྱེན་ཁོ་ན་ཞིག་མ་གཏོགས་བོད་སྤྱི་བའི་བདེན་མཐའ་འདི་བོད་མི་རང་སྟེང་ནས་སེལ་མ་ཐུབ་ཚེ། སུས་ཀྱང་བསྒྲུབས་ཐུབ་པ་ཞིག་མ་རེད། བྱས་ཙང་བོད་ཀྱི་དབུ་ཁྲིད་ལྷན་རྒྱས་ནས་བློ་རིག་ཡོད་ན་བློ་ཐབས་དང་། དཔའ་སྟོབས་ཡོད་ན་སྤོབས་པ། རྒྱུ་ཆེན་ཡིན་ན་རྒྱུ་ནོར་གྱི་རམ་འདེགས་གང་མང་ཕྱོགས་བཞི་མཚམས་བརྒྱད་བསྡུ་དགོས་ལ། འདུ་ཐུབ་པ་ཞིག་རེད། སེམས་ཤུགས་འདི་དང་ལྷག་བསམ་འདི། སྲིད་སྐྱོང་བློ་སེང་ལགས་ཀྱི་བཀའ་མོལ་བོད་མི་རང་སྟེང་གི་ནུས་སྟོབས་ལ་བརྟེན་གོམ་སྤོ་ཐབས་དེ། བཙན་བྱོལ་ཡུལ་མིའི་གནས་སྟངས་ལ་དམིགས་པ་ཞིག་མིན་པར་བོད་སྤྱི་བའི་རྩ་དོན་ལ་བསྙེགས་བ་ཞིག་ཡིན་པའི་རེ་བ་ཡོད།
༢༽ཁ་བཤད་གཉིས་མེད་ཀྱི་འཐབ་རྩོད་ཞིག་མྱུར་ནས་མྱུར་དུ་སྤེལ་དགོས་བ་འདི། དོན་གྱི་རྩ་བ་ཡིན་ལ། དེ་རིང་གི་བགྲོ་གླེང་འདིར་འཇུག་པའི་དགོས་དམིགས་ཁོ་ན་ཡིན། དེར་བརྟེན་གླེང་སློང་རྣམ་པ་ཚོས་ཀྱང་བསམ་ཚུལ་མི་མཐུན་ས་དང་འདོད་མོས་མེད་ས་དེ་ཁ་གསལ་གྱི་གླེང་སློང་བྱེད་རྒྱུའི་རེ་བ་ཡོད། ཡུལ་གྱར་གཞུང་འབངས་འདིས་ག་རེ་བྱ་དགོས་བ་རེད་དམ་ལབ་ཡོང་དུས། བོད་སྤྱི་བའི་རྩ་དོན་འདི་དམངས་གཙོ་མཚན་ཉིད་ཡོངས་ཚང་བའི་གཞུང་སམ་སྒྲིག་འཛུགས་ཅིག མུ་མཐུད་ནས་མི་ལོ་བརྒྱ་སྐོར་ཞིག་ལ་གནས་ཐུབ་ཆེད་རྡ་ལམ་ས་ལ་ནས་ཁང་བརྩེགས་མཐོན་རྒྱག་དགོས་བའི་དོན་མ་རེད་ལ། བཀའ་སྤྱི་ལྷན་རྒྱས་ཀྱི་གྲོས་ཚོགས་ར་བའི་ནང་རྩ་དོན་མི་རྩོད་པར་སྒྲིག་འཛུགས་ཚགས་ཚུད་པོ་བྱེད་ཐབས་བློ་རིག་གྲུང་ནས་འདུག་དགོས་བ་ཞིག་དེ་བས་ཀྱང་མ་རེད། དེ་ག་ནང་བཞིན་གདན་ས་གསུམ་གྱི་བླ་མ་དགེ་བཤེས་རྣམ་པ་ཚོས་ཀྱང་ཕྱི་མའི་ཡུལ་ལ་དམིགས་པ་གཏད་ནས་མིག་ཟུང་སྦྲེལ་དགོས་བའི་དོན་ཡང་མ་རེད། མདོར་གཏུག་ས་དེ་བོད་ཀྱི་བདེན་མཐའ་འདི་སང་ཉིན་ལས་དེ་རིང་སེལ་དགོས་བའི་ཛ་དྲགས་རང་བཞིན་ཞིག་ཆགས་ཡོད་སྟབས། ལམ་ཆས་རྒྱག་རོགས། ཕ་ཡུལ་ཕྱོགས་ཀྱི་ལམ་ལ་འབུད་རོགས། སྣང་རིང་གི་བྱ་བཞག་དེ་ཚོ་འཚམས་འཇོག་རོགས། རྡ་ལམ་ས་ལ་ན་ལས་དོན་གང་ཡང་ལྷག་ཡོད་བ་མ་རེད། ཡུལ་གྱར་གཞུང་འབངས་འདིས་བསྒྲུབ་དགོས་བའི་བྱ་བ་འདི་རེད།
༢༽གང་ཞིག་བྱ་འོས་སམ་ཟེར་ན། བོད་སྤྱི་བོ་གནམ་བསྟན་ཡོངས་ཀྱིས་༧གོང་ས་མཆོག་གི་དགོངས་གཞི་ལྟར་རྩ་དོན་བསྒྲུབས་འདོད་ཡོད་པ་བདེན་ན། འཚེ་མེད་ཞི་བའི་ལམ་སྟོན་འདི་ལག་ལེན་ཁེལ་ཐུབ་རྒྱུ་འདི་བྱ་འོས་བ་དེ་རེད། འཚེ་མེད་ཞི་བའི་ལམ་ལུགས་སྟེང་ལ་ཟམ་གདོང་བླ་མའི་བདེན་པའི་ཨུ་ཚུགས་ཀྱི་རྒྱབ་དཔུང་ཡོད་པ། ཅིས་ཀྱང་ཁ་གསལ་བཟོ་དགོས་བའི་ལས་དོན་ཞིག་རེད། དེར་བརྟེན་ཕྲན་གྱི་བསམ་པར་བོད་སྤྱི་བའི་བདེན་མཐའ་འདི་མྱུར་ནས་མྱུར་དུ་སེལ་དགོས་བ་ཡིན་ཙང་། གཏམ་གྱ་གྱུ་བཤད་པའི་དགོས་བ་གང་ཡང་ཡོད་བ་མ་རེད། དོན་དམ་ལག་ལེན་རང་སྟེང་ལྷག་བསྡད་ཡོད་པ་ལྟར། རྒྱ་གར་གཞུང་གིས་མཚོན་པའི་བལ་ཡུལ་ལ་གཞུང་ལ་དགོངས་སེལ་ཞུ་གིན་ཞུ་གིན་བདེན་པར་ཨུ་ཚུགས་བྱེད་པ་མ་གཏོགས། བྱ་ཐབས་ཟད་པ་རེད། འཐབ་རྩོད་འདི་བྱ་འོས་དེ་ཡིན། སྐབས་སུ་འདི་ཙམ་གྱིས། ག་ལེར་ཡིན་ད།
ག་རེ་བྱས་ན་མ་བྱས་ན། བཙན་བྱོལ་འམ་ཕྱི་ལོགས་གི་བོད་མི་ཚོས་རང་འགུལ་ཀྱིས་ཡར་ལ་ལངས་དགོས་པ་རེད། གང་ལ་ལངས་དགོས་པ་རེད་ཟེར་ན། བཙན་བྱོལ་གཞུང་དང་ཚོགས་པ་དག་གཏི་མུག་གི་གྲོང་ན་ཡར་ལ་ལངས་འཇུག་པར་བརྡ་གཏོང་དགོས་པ་རེད། མི་དམངས་གི་གཞུང་ལ་འགྲིག་མི་འགྲིག་བཅོ་བརྒྱད་བཤད་། གཞུང་ནས་མི་མང་ལ་གཅིག་འཆད་མ་བསྡད་པར་རང་འགུལ་ཀྱིས་གོམ་བགྲོད་ཡིན་ཡང་རེད། ཟས་བཅད་ངོ་རྒོལ་ཡིན་ཡང་རེད་ད་ལག་ལེན་ལ་བསྟར་དགོས་གི་རེད།
ད་ལྟ་མར་མེ་ཁྲོམ་སྐོར་འདྲ་ཞིག་བྱས། མཆོད་འབུལ་འདྲ་ཞིག་བྱས་ནས་སྡོད་པའི་དུས་ཞིག་མ་རེད།
ཡང་མིན་ན་གང་ཟག་སྒེར་སོ་སོར་ནས་རང་རང་གི་ནང་མི་དང་ངོ་ཤེས་དག་ལ་རང་ལུས་མེ་བསྲེགས་མི་གཏོང་པའི་འགྲྲེལ་བཤད་རྒྱག་དགོས་པ་རེད། ཕྱི་ལོག་ནས་ཅི་ཡང་མ་བྱས་པར་འདི་ལྟར་བསྡད་པ་ཡིན་ན་དངོས་བོད་ནང་གི་གཞོན་སྐྱེས་དཔལ་བོ་དཔའ་མོ་དག་གི་མི་ལུས་རིན་ཆེན་འདི་ཕངས་གི་འདུག། སྲིད་སྐྱོང་གཙོ་བྱས་པས་སྤྱི་འཐུས་དང་ཚོགས་པ་དག་གི་ག་རེ་བྱས་ནས་སྒུག་བསྡད་ཡོད་དམ།
རང་སྲེག་ཐད་ཅི་བྱ་ཅི་འགབ་ཅེས་པའི་དོན་ངའི་རྨོངས་བློ་འཆར་ཚུལ་ཙམ་སྡོག་དྲིལ་ཏེ་བརྗོད་ན་གཞིས་བཞུགས་བོད་མི་དང་བོད་མི་རྒྱལ་གཅེས་པ་དགུ་བཅུ་གོ་གྲངས་ཞིག་གིས་བོད་ཁ་བ་གངས་ཅན་པའི་བདེ་སྡུག་དང་བདེན་དོན་གྱི་སླད་དུ་ཆེས་རིན་ཐང་བྲལ་བའི་ཚེ་སྲོག་ཚུན་ཆད་ཞུགས་ལ་ཕུལ་བའི་ལས་འགུལ་འཇིག་རྟེན་འདིར་སྔར་བྱུང་མྱོང་མེད་པ་སྤེལ་བའི་ཐད་ལས་འབྲས་གཡག་རྔ་བཞིན་སྲུང་བར་ཁས་འཆེ་བའི་བྱེས་བཞུགས་གངས་ཅན་པ་རྣམས་ཀྱིས་དེ་དང་འཚམ་པའམ་དེ་དང་རན་པའི་ལས་འགུལ་ཅི་འདྲ་ཞིག་སྤེལ་དགོས་སམ་ཡང་ན་ཅི་འདྲ་ཞིག་སྤེལ་རྩིས་ཡོད་ཅེས་པའི་དོན་ཡིན་པར་སྙམ། དོན་འབྲས་ཡོད་པ་དང་གནད་ལ་ཁེལ་བའི་བགྲོ་གླེང་ལྷུག་པོར་ཡོང་བའི་རེ་བ་ཡོད།
ང་རང་ཕྱི་སྡོད་པ་ཞིག་གི་ངོས་ན་བཤད་ན།བོད་ནང་གི་དཔའ་བོ་དང་དཔའ་མོ་ཚོས་ལོ་རྒྱུས་ཐོག་བྱུང་མ་མྱོང་བའི་ཟིན་བྲིས་གསར་བ་ཞིག་བྲིས་ཏེ།བྱེས་ཀྱི་བོད་མི་རྣམས་དང་རྒྱལ་སྤྱིའི་སྟེང་བཞག་འདུག་པས་ང་ཚོས་ཆ་ཚང་གིས་བཀའ་ཤག་དང་རྒྱལ་སྤྱི་ལ་ཕུད་འདེད་བྱེད་དགོས།དེ་ཡང་དང་པོ་བཀའ་ཤག་ནས་འགོ་བཙུགས་ཏེ་མཐའ་འདེད་ཕུད་འདེད་བྱེད་ཐུབ་དགོས། དེ་མིན་དྲ་ཐོག་ཞིག་ནས་ཐག་གཅོད་བྱེད་ཐུབ་པའི་གནས་ཚུལ་ཞིག་མ་རེད། སྐུ་ངོ་ཚོས་གང་བཤད་པ་ལ་མགོ་སྒུར་སྒར་བྱེད་ཡ་དུས་ཞིག་མ་རེད།དྲིན་ཆེན་ཚོ་ང་ཚོ་ཆ་ཚང་གིས་ཁ་ཞེ་གཉིས་མེད་ཀྱིས་ལམ་སྟོན་གསར་བ་རེ་གནང་ཐབས་འབད་རོགས་ཞུ་རྒྱུ་ཡིན།
འདིའི་སྐོར་ལ་བསམ་ཚུལ་འགའ་རེ་བང་བསྒྲིགས་ཡོད་མོད། འགའ་ཞིག་ནི་རྣམ་པ་ལྷན་རྒྱས་ཀྱིས་གསུངས་ཟིན་འདུག དེ་རིང་འདིར་བགྲོ་གླེང་གི་ཆེད་དུ་དོན་ཚན་གཅིག་ཞུ་རྒྱུ་ཡིན། དེ་ནི་སྲིད་སྐྱོང་མཆོག་དང་ཚོགས་གཙོ་མཆོག་སོགས་ཀྱིས་བོད་མི་དམ་པ་དེ་ཚོའི་ནང་མི་ལ་སེམས་གསོའི་གསུང་འཕྲིན་ཞིག་བསྩལ་ཡོད་པ་རེད་དམ། རྒྱལ་ཁབ་ལ་ཉེན་ཁ་འཕྲད་པའི་སྐབས་སུའམ་དོན་ཆེན་དེ་འདྲའི་སྐབས་རྒྱལ་ཁབ་ཀྱི་དབུ་འཛིན་གྱི་མཚན་ཐོག་ནས་གསུང་འཕྲིན་སྤེལ་སྲོལ་ཞིག་འདུག དེ་ཙམ་དུ་མ་ཟད་སེམས་སྐྱོ་དུས་སེམས་གསོ་གཏོང་བ་ནི་ལུགས་སྲོལ་ཞིག་རེད། དཔའ་བོ་དཔའ་མོ་དེ་ཚོའི་ཁྱིམ་ལ་ཟླ་བ་གཅིག་ལ་མྱ་ངན་ཞུ་རུ་ཕེབས་མཁན་ཡོང་གི་འདུག་ཅེས་གོ་བྱུང་ལགས།
རང་སྲེག་དེ་གཏན་ནས་མ་གཏོང་ན་ལེགས། འགའ་རིས་དཔའ་བོའི་ཆོ་ལོ་དང་རྒྱལ་གཅེས་ཞེས་མིང་བཟང་པོ་ཇི་ལྟར་བཏགས་ཀྱང་མི་འདོ་ཤོར་རོ་དང་འདྲ་བའི་ལས་རེད། དེ་འདྲ་ཤ་ཞེན་དང་བློ་སྟོབས་ཡོད་ན་དེ་ཚང་ནང་ལ་བོད་ཡིག་ཡག་པོ་འབྲི་ཤེས་མཁན་དང་༧རྒྱལ་བ་རིན་པོ་ཆེའི་རྣམ་ཐར་ཤེས་མཁན་ཡང་ཉུང་ཉུང་རེད། ཆོས་སྲིད་ཀྱི་སྙིང་པོ་དང་ལ་རྒྱ་ཤེས་མཁན་དེས་ན་རང་སྲེག་མཁན་དེ་བོད་བསྟན་སྲིད་ཆེད་དུ་གཏོང་མིན་གསལ་ཁ་མེད། གྲྭ་བ་དང་ཨ་ནེ་ཆོས་མགོ་དང་སྡོམ་མགོ་མ་ཐོན། ལོ་ཆུང་ཚོས་རང་སེམས་མ་སྐྱིད་དུས་གྲངས་ཀའི་ཆེད་དུ་མེ་སྲེག་གཏོང་བ་ཡང་ཡོད་སྲིད། གང་ལྟར་༧རྒྱལ་བ་རིན་པོ་ཆེའི་ཆེད་དུ་མ་རེད། བོད་བསྟན་སྲིད་ཆེད་དུ་ཟེར་དཀའ་མོ་རེད། རང་བཙན་གྱི་ཆེད་དུ་དེ་བས་ཀྱང་མ་རེད། དེ་དག་བཟའ་ཚང་ནང་ནས་མ་འགྲིག་ན་རང་སྲེག་གཏོང་ཡིན་ཞེས་རྡ་ས་ནས་རྔ་བ་སྒྲོན་དཀར་གྱིས་ལབ་སོང་ཙང་། དེ་འདྲ་རྐྱང་པས་བོད་དོན་ལ་ནུས་པ་གཏན་ནས་ཐོན་མི་སྲིད། སྲིད་སྐྱོང་ཁ་བདེ།ཟམ་དོང་དེ་མགོ་བདེ། བཙན་བྱོལ་ཚོ་འཕྲུལ་བདེ་བས་དབང་རྩ་མི་ཚང་བ་ཚོ་གསོན་བསྲེག་གི་ལས་འགུལ་འདི་སྤེལ་བ་རེད། རྒྱལ་བ་རིན་པ་རིན་པོ་ཆེ་སྙིང་རྗེ་རྒན་པ་དབང་ཆུང་། ཆོས་པ་ཉམས་ཆུང་། སྤྱན་ཆུ་རེ་བཏང་པ་ལས་ཁོ་རང་གི་ཐོབ་ཐང་ལ་ཡང་རང་སྲེག་ཚོས་རྒྱལ་བ་རིན་པོ་ཆེའི་དབང་ཆ་རྡོག་རོལ་གཏོང་མི་འདུག་གམ། མདོར་ན་རང་སྲེག་འདི་ནུས་མེད་རང་ཡུལ་བརྒས་པའི་ལས་ཀ་ཡིན་པ་ཀུན་གྱིས་ཤེས་དགོས། མ་ཤི་གསོན་བསྲེག་བྱས་ནས་བོད་མི་རོ་ཐལ་དུ་བསྒྱུར་བ་རེད།
ད་སྐུ་མཁྱེན། རྒད་པོ་ནག་ཐར་སྐྱིད། ནག་དྲག་ནས་འོད་ཅིག་འདུག དཀོན་མཆོག་གསུམ་ཁྱེད་འདྲ་བས་ཅིག་མ་བཤད། ངས་ཁྱེད་ནས་གླེང་ནོ་བཀླགས་ན་ངོ་ཚ་ནས་ཤི་འགྲོ་ཡི། ད་མི་ཤེས་ན་མ་གླེང་ན་འགྲིག་གི་རེད། དཀོན་མཆོག་ཡོང་ས་མ་རེད། སེམས་གཏམ་ཡིན།
གོང་དུ་བགྲོ་གླེང་མང་པོ་བྱས་པ་ཡག་པོ་འདུག ཕྱི་ལོགས་ན་ཡོད་པ་རྣམས་ཀྱིས་ངེས་པར་དུ་ཐབས་ཤེས་གང་ཡོད་ཀྱིས་བསམ་གཞིག་བྱེད་དགོས་པ་རེད། ན་གཞོན་འདི་འདྲའི་མང་པོ་ཞིག་གིས་རང་ལུས་མེ་བསྲེགས་བཏང་བཞག་པ་འདི་ལ་ང་ཚོས་ལྟད་མོ་བལྟས་ནས་འདུག་ཐུབ་བམ། རང་རང་གི་ངོས་ནས་འགུལ་སྐྱོད་དང་མཉམ་ལས་བྱེད་དགོས་པར་སེམས།
དགེ་རབ་ལགས། ད་ཁྱེད་ནས་ཅིག་མི་ཤེས་ན་ཆེན་པོ་བཤད་ཀི་མ་འདུག སྲིད་སྐྱོང་དང་ཁོང་ཚོས་རང་སྲེག་གི་གྲངས་ཚད་འཕར་གི་འཕར་གི་རང་ཉིད་གཞིས་བྱེས་བོད་མིའི་དབུ་ཁྲིད་ཡིན་པ་དྲན་པ་གཏིང་བརྗེད་ཆགས་ཟིན་པ་རེད། ཁོང་ཚོས་ད་དུང་བོད་ནང་ལ་ཅིག་གསུང་རྒྱུའི་ཐོབ་ཐང་མེད། ང་ཚོ་ཁོང་ཚོའི་བཀོད་གདམ་པ་མིན། ཁོང་ཚོའི་སྡུག་བསྔལ་ཁྱབ་བསྒྲགས་བྱེད་མཁན་ཡིན་ཟེར། སོང་ཙང། ཁོང་ཚོ་དེ་འདྲ་བསམ་བློ་འཁྱེར་མཁན་ཡིན་ཙང་ནང་མི་ཚོར་སེམས་གསོའི་གསུང་འཕྲིན་གཏོང་རྒྱུའི་འོས་བབ་ཅིག་གང་ན་ཡོད། གཏན་ནས་ཡོད་པ་མ་རེད།
གང་ལྟར་རང་སྲེག་ཐད་བོད་ཕྱི་ནས་བོད་ནང་གི་བོད་མི་ཚོར་མེ་སྦར། ལས་སླ་པོའི་ཐོག་བེད་སྤྱོད་བཏང་བ་སོགས་རྒྱུད་སྐུལ་དཀྲོགས་གཏམ་འདྲ་མིན་སྤེལ་མཁན་ཡོད་པར་ང་རང་ཡིད་ཆེས་གཙང་མ་ཡོད། །
དམྱལ་བའི་ས་བོན་བསྐྲུན་པའི་གྲོགས་པོ་ལ་དམྱལ་བའི་ཞིང་ས་འབུལ་བའི་སྙན་ངག།
ཀྱེ་མ་དལ་འབྱོར་རིན་ཆེན་ལེགས་པར་ཐོབ་ན་ཡང་།།
ཚེ་སྔོན་ལས་ངན་དྲག་པོའི་རྒྱུན་འབྱམས་པས།།
དེང་འདིར་མ་ངེས་རྒྱལ་ཁབ་དུ་མའི་ནང་།།
ཆོས་འགལ་འཇིག་རྟེན་བསླུས་པའི་ས་བོན་བཏབ།།
བྱམས་ལྡན་ཕ་མའི་ཤ་ཁྲག་ལོངས་སྤྱོད་ཅིང་།།
བརྩེ་བའི་ཕ་མའི་ཞལ་ཆེམས་རླུང་ལ་བསྐུར།།
འཇམ་པོའི་ངང་ནས་གཞན་གྱི་རྒྱུ་ནོར་འཕྲོག།
ཟད་མེད་ལས་ཀྱི་ས་བོན་ང་ཡིས་བཏབ།།
ཁྲོས་པའི་སེམས་པ་གདོང་གི་གད་མོས་བཀབ།།
གདུག་རྩུབ་བྱུས་ངན་བསྟོད་པའི་གོས་ཀྱིས་གཡོགས།།
གུས་པའི་ཚུལ་གྱིས་སྐྱོན་གྱི་སྒོ་མོ་ཕྱེ།།
མ་ཤི་དམྱལ་བའི་ས་བོན་འདེབས་ཡོད་དོ།།
དེ་རིང་འཆི་ཡང་འགག་སྒོ་མ་བརྒྱུད་པར།།
ཐད་ཀར་ཡང་སོས་ཐིག་ནག་གང་རུང་དུ།།
བགྲོད་པའི་ལམ་ཡིག་རིན་ཆེན་ལྡེ་མིག་མཆོག།
དུག་གསུམ་སྒོར་མོས་ང་ཡིས་བསླུས་ཡོད་དོ།།
ད་ནས་བསྐལ་པ་དུང་ཕྱུར་གྲངས་མེད་དུ།།
དམྱལ་བར་བསྡོད་ཆོག་འགྲོ་ལུགས་བརྒྱུད་ཡོད་པས།།
དམ་ཉམས་ང་ཡི་གྲོགས་པོ་ཚང་མ་ལ།།
སྣེ་ལེན་ཟབ་རྒྱས་དམྱལ་བའི་ཡུལ་ནས་ཡོད།།
ཡུན་རིང་བསགས་པའི་དགེ་བ་ཚེ་འདིར་གཏོར།།
སྡུག་གི་ཁུར་པོ་མི་ཐེགས་ཕྲག་ཏུ་འཁུར།།
མྱ་ངམ་ཐང་ན་ཡིད་ཆད་གྱུར་པའི་སྐབས།།
ཤུགས་རིང་འབྱིན་པའི་རླུང་བུ་གསོག་ཡོད་དོ།།
ཟད་མེད་ལས་ཀྱི་ནོར་དེ་རིང་བསགས།།
སྙིང་ལ་མནག་པའི་ནད་ངན་དེ་རིང་ཕོག།
སྤྱི་བོ་གད་འདྲའི་སྡུག་བསྔལ་དེ་རིང་ཉོས།།
དམྱལ་སྲོག་བྲག་ལས་སྲ་བ་དེ་རིང་གྲུབ།།
ལུས་ལ་གསོ་མེད་རྨ་ཁ་དེ་རིང་བཏོད།།
སྐེ་ལ་ཞག་པ་ནག་པོ་དེ་རིང་བཀོན།།
གཅོང་ཆེན་ཁྲི་སྟོང་ནད་ངན་དེ་རིང་ཐེབས།།
འཆི་བདག་དམྱལ་བའི་མགྲོན་པོ་དེ་རིང་གྱུར།།
རི་མཐོ་ས་གཙང་ཕ་རུས་དེ་རིང་གཏོར།།
ཤ་ཁྲག་མི་གཅིག་རིགས་བརྒྱུད་དེ་རིང་བསྐྲུན།།
བདེ་སྐྱིད་དོན་དུ་རང་མགོ་དེ་རིང་བསྐོར།།
རྒྱུ་འབྲས་ཆོས་མཐུན་དམྱལ་བར་ཅིས་ཀྱང་འགྲོ།
སླད་ནས་དམྱལ་བའི་ཡུལ་གྱི་ཞིང་ས་རུ།།
གོ་ལ་འདི་སྟེང་དཔོན་ངན་བླ་ངན་དང་།།
མི་ངན་བྱེད་གཏེ་དམ་ཉམས་ཐམས་ཅད་ལ།།
ཕེབས་བསུའི་མཆོད་ཕྲེང་མདའ་མདུང་གྲ་སྒྲིག་ཡོད།།
ལུང་རྟོགས་མཛེས་པའི་ཚོང་རྫས་སྣ་འཛོམས་རྣམས།།
ཕྱོགས་རིས་ཁྱོད་ཤི་ང་གསོན་ཚོང་བྱས་པས།།
སྡིག་པའི་ཁེ་སང་ངོ་མཚར་གྱ་ནོམ་བྱུང་།།
སྐྱེ་ཀུན་དམྱལ་ས་བཟུང་བའི་ཕ་ནོར་ཡོད།།
ལས་འབྲས་མི་བརྩི་ཁྲེལ་མེད་ཟོག་པོ་དང་པོ།།
བརྩེ་སེམས་མེད་པའི་གཤིན་པོའི་རིགས་གྱུར་སོགས།།
མདོར་ན་གཞན་ལ་གནོད་པའི་གྲོགས་མཆོག་རྣམས།།
ཕངས་མེད་དམྱལ་བའི་སྡུག་བསྔལ་ང་ཡིས་བྱིན།།
གཞན་དཔལ་མི་བཟོད་དམོད་ལ་ཆེས་དགའ་ཞིང་།།
ངོ་ལྐོག་མེད་པའི་རྔ་ཆུང་ལྕེ་གཉིས་རིགས།།
ཁྱི་ལས་སྡུག་པའི་རིགས་ཀྱི་ཞབས་འདྲེན་རྣམས།།
དམྱལ་བའི་ཞིང་སར་འཁྲི་མཆོག་དགའ་བར་མཛོད།།
ཐོས་པ་མེད་ཅིང་ལེགས་པའི་ཡོན་གཏན་བྲལ།།
མདོ་མེད་ཉི་མ་གང་ཁྱོལ་འཇིག་རྟེན་ཁུར།།
དམ་ཉམས་གདུག་ཅན་མིང་ཁུར་ཐམས་ཅད་ལ།།
དམྱལ་བའི་ཁང་བཟང་རིན་མེད་གང་འདོད་ཡོད།།
རྫུན་གྱི་བུ་ཆུང་གོ་ལ་འདི་རུ་གསོ།།
ཚེ་སྲོག་ལག་རྩེད་བྱེད་ལ་ཆེས་སྤྲོ་བའི།།
བདག་གི་གྲོགས་མཆོག་འཇིག་རྟེན་དགྲ་བོ་ལ།།
དམྱལ་བའི་ཞིང་ས་འབུལ་ལོ་བཞེས་སུ་གསོལ།།
དམྱལ་བའི་ས་བོན་བསྐྲུན་པའི་གྲོགས་པོ་ལ་དམྱལ་བའི་ཞིང་ས་འབུལ་བའི་སྙན་ངག་ཅེས་བྱ་བ་རྫོགས་སོ།། ༢༠༡༢་༡༢་༤
རང་སྲེག་ལས་འགུལ་འདི།
རྒྱལ་བ་རིན་པོ་ཆེའི་ཆེད་དུ་ཨེ་རེད། ཡང་ན་བོད་མི་རིགས་ཀྱི་ཆེད་དུ་རེད་གསལ་བོ་ཞིག་བཟོ་རོགས།
བློ་སེང་གཉིད་བསྡད་ཡོད་ས་རེད། གྲག་རྒྱུ་མེད་ཀི
བཀའ་ཤག་ལ་ངག་བཅད་དུ་བསྡད་ནས་ཡུན་རིང་འགྲོ་སོང་།
གཞོན་ལྷན་གྱི་ངར་ཤུགས་དེ་གང་ཞིག་ཏུ་ཡོད། དེང་སང་འཇམ་མདོག་ཁ་བོ་སྔོན་མར་སྐད་གྲགས་ཆེན་པོ་དགོས་དུས་ནུས་མེད་རང་ཁེ་གཉེར་བའི་ཚོགས་པ་ཞིག་ལ་ཆགས་སོང་།
བླ་ཆེན་རྣམས་ནི་ཆོས་ཞེན་དྲགས་པས་ཆབ་སྲིད་ལ་ཞེན་པ་ལོག་འདུག ཟུར་འདུག་བྱས་འདུག
ཨ་ཕྱི་ཆོས་སྒྲོན་མཛེས་མ་ཡིས། །
རྒྱུ་འབྲས་ངོ་ལྐོག་ཁྲེལ་མེད་པའི། །
དམྱལ་བའི་ས་བོན་བསྐྲུན་པའི་གྲོགས། །
དམ་ཉམས་དམྱལ་བའི་ཞིང་ས་རུ། །
བསླུ་མེད་ས་བོན་བཏབས་སོ་ཞེས། །
སྙན་པའི་ངག་གིས་སྡིག་ར་སྐུལད། །
༡ རང་ལུས་མེ་མཆོད་འབུལ་བའི་ལས་འགུལ་འདི་ནི་བོད་དོན་ཆེད་ལས་འགུལ་རྣམ་པ་གསར་ཤོས་ཤིག་དང་ནུས་པ་ཐོན་ཆེ་ཤོས་ཤིག་ཏུ་འདོད། ཡིན་ནའང་། རྒྱལ་ཁབ་ཅིག་སྐྱར་གསོའམ་ཡང་ན་དམངས་གཙོ་དང་རང་དབང་ཆ་ཚང་ཞིག་ཐོབ་པར་མི་མང་པོ་ཞིག་གི་གཅེས་སྲོག་མ་དོར་བར་ལས་སླ་པོས་ཐོབ་ཐབས་མེད་པ་ནི་ལོ་རྒྱུས་ཀྱིས་ང་ཚོར་བདེན་དཔང་བྱས་ཡོད་པ་རེད།
༢ རང་ལུས་མེ་མཆོད་ཀྱི་ལས་འགུལ་འདིས་གཞན་ག་རེ་སྟོན་གྱི་ཡོད་པ་རེད་ཟེར་ན། རྒྱ་གཞུང་གིས་དྲག་པོའི་མཚོན་ཆ་ལ་བརྟེན་ནས་ད་བར་བོད་ནང་གི་ལས་འགུལ་ཁག་འགོག་ཐབས་བྱས་པ་དེ་འབྲས་མེད་འཁྲུལ་སྣང་ཞིག་ལས་མ་འདས་པ་དེ་སྟོན་གྱི་ཡོད་པ་རེད།
༣ གཞན་བོད་མིའི་མངོན་འདོད་དེ་ཆབ་སྲིད་གཡོ་ཐབས་དང་དཔལ་འབྱོར་བསླུ་བྲིད་ཀྱིས་འགོག་ཐབས་མེད་པའང་སྟོན་གྱི་ཡོད།
༤ གོང་གསལ་འདི་དག་ལས་ནམ་ཞིག་བོད་མིའི་མངོན་འདོད་དེ་མངོན་འགྱུར་བྱེད་ངེས་ཡིན་པ་དེའང་ང་ཚོ་ལ་གསལ་སྟོན་བྱེད་ཀྱི་ཡོད། ཁོང་ཚོའི་མངོན་འདོད་དེ་མངོན་འགྱུར་བྱེད་པར་ང་ཚོས་དང་པོར་སྒྲུབ་དགོས་པ་ནི། རྒྱལ་སྤྱིའི་ཐོག་ཁྱབ་བསྒྲགས་མ་བྱས་སྔོན་རྒྱ་གཞུང་གི་ཨམ་ཅོག་ཡིག་ངག་གཉིས་ཐོག་ནས་ཚ་པོ་བཟོ་རྒྱུ་དེ་རེད། མེ་མཆོད་ཀྱི་ལས་འགུལ་འདིའི་འགན་ཆ་ཚང་རྒྱ་གཞུང་ལ་ཡོད་པ་དེ་ངོ་གསལ་པོར་འཕྲོད་པ་བྱེད་དགོས།
༥ རྒྱ་ནག་ནང་གསར་འགོད་རང་དབང་ལ་བཀག་སྡོམ་ཡོད་པར་བརྟེན་མི་སེམས་གཡོ་བར་བྱེད་པའི་ལས་འགུལ་ཆེ་ཁག་འདི་རིགས་རྒྱལ་སྤྱིའི་གསར་ལམ་གལ་ཆེན་ཁག་ཏུ་ཡོང་ཐུབ་ཀྱི་མེད་ནའང་། བྱེས་སྡོད་བོད་མི་རང་གིས་ད་བར་དཀའ་ལས་བྱས་ནས་སྐད་རིགས་དུ་མའི་ནང་བསྐྲུན་པའི་གསར་གནས་བརྒྱུད་ལམ་ཁག་བརྒྱུད་པ་དང་། གཞན་གསར་འགོད་ལྷན་ཚོགས། ལས་འགུལ་འདྲ་མིན། ཚོགས་འདུ་འདྲ་མིན། འབྲེལ་ཡོད་རྒྱལ་སྤྱིའི་ལས་ཁུངས་ཁག་ལ་ཆེད་བཅར། མཆོད་འབུལ་སོགས་ལས་འགུལ་གྱི་རྣམ་པ་འདྲ་མིན་ཐོག་རྒྱལ་སྤྱིའི་ཐོག་ཤེས་ཐུབ་པ་བཟོས་ཡོད་པ་མ་ཟད་དེའི་སྐོར་གྲོས་ཆོད་བཞག་ཏེ་རྒྱ་ནག་ལ་གོ་བརྡ་སྤྲོད་ཀྱི་ཡོད་པ་དེའང་ང་ཚོས་ཤེས་དགོས་པ་ཞིག་རེད།
༦ ད་བར་མི་དགུ་བཅུ་ལོངས་པ་ཞིག་གིས་རང་ལུས་མེ་མཆོད་ཕུལ་ཡང་དེ་ལ་ད་རུང་གཅིག་གྱུར་གྱི་ངོས་འཛིན་དང་གཅིག་གྱུར་གྱི་ཐ་སྙད་ཅིག་བྱུང་མེད། འཚེ་བ། རང་ཉིད་ལ་འཚེ་བ། འཚེ་བ་མེད་པ་སོགས་ངོས་འཛིན་འདྲ་མིན་ཞིག་ཡོང་གི་ཡོད་པ་དང་། ངོས་འཛིན་གཅིག་གྱུར་མེད་པ་ལ་བརྟེན་ནས་ཐ་སྙད་ཀྱང་འདྲ་མིན་ཞིག་བེད་སྤྱོད་གཏོང་གི་ཡོད་པ་རེད། མེར་སྲེག མེ་སྦར། གསོན་སྲེག རང་བསྲེག མེ་མཆོད་ཕུལ་ལྟ་བུ། ངས་བལྟས་ན། མེར་སྲེག་དང་མེ་མཆོད་ཕུལ་གཉིས་ཀྱི་གོ་དོན་ལ་ཁྱད་པར་ཆེན་པོ་ཡོད་པ་རེད་འདོད།
དབུ་མའི་ལམ་གྱི་འབྲས་བུ་རེད་བརྗོད་ན་མི་འགྲིག་མེད།
༡༽ རང་ལུས་མེར་བསྲེགས་ཀྱིས་རྒྱ་ནག་གཞུང་དང་། ཡང་ན་རྒྱ་ནག་གཞུང་གི་སྲིད་ཇུས་ལ་ངོ་རྒོལ་གནང་བ་འདི་ལ་མེ་མཆོད་དུ་ཕུལ་བའི་ཐ་སྙད་ཡོད་པ་མ་རེད། འདི་ནི་རང་དབང་དང་འགྲོ་བ་མིའི་ཐོབ་ཐང་གི་ཆེད་དུ་གཞུང་དང་སྲིད་ཇུས་ལ་ངོ་རྒོལ་བྱས་པ་ཞིག་ཡིན་པས་ཆོས་སྐད་ལྟ་བུའི་མེ་མཆོད་ཀྱི་མིང་དགོས་དོན་མི་འདུག་ལ། མཆོད་པ་ཕུལ་བ་ཞིག་ཏུ་ངོས་འཛིན་བྱེད་ཐབས་ཁྱོན་ནས་ཡོད་པ་མ་རེད་བསམ།
༢ ༽ ལྷག་པར་ཏུ་རང་བསྲེགས་ངོ་རྒོལ་གླེང་དུས་རང་ལུས་ཞུགས་མེར་ཕུལ་ལྟ་བུའི་བརྡ་དོན་གོ་ལོག་ཏུ་སྤྱོད་པ་དང་། རྒྱལ་སྲས་བྱང་ཆུབ་སེམས་དཔའི་སྤྱོད་པ་བསྐྱངས་པ་ལྟ་བུའི་ཕྱོགས་རིས་པའི་སྐད་དུ་འཁྱེར་ཏེ་མི་ཆོས་སྤྱོད་ལམ་གྱི་རྣམ་བཞག་ལ་ལྷ་ཆོས་དགེ་བའི་འགྲེལ་བཤད་ཀྱིས་རང་བཞིན་པར་བསྒྱུར་བ་སོགས་ནི་མ་འོས་སོ།
༣ ༽ ཆབ་སྲིད་ནི་ཕྱོགས་ཡོངས་ཀྱི་ངོས་འཛིན་ནས་སྟོབས་ཤུགས་སུ་འགྱུར་དགོས་གཤིས། རང་བསྲེགས་ངོ་རྒོལ་གྱི་སྟོབས་ཤུགས་ནུས་པ་མཉམ་སྤུངས་ལ་ངོས་འཛིན་གཅིག་གྱུར་དགོས་ཏེ། འདི་ནི་ཕྱོགས་ཡོངས་ནས་ཆབ་སྲིད་གཅིག་པུའི་ལས་འགུལ་ཞིག་ཡིན་དགོས་པ་དེ་གཅིག་དང་།
༤༽ རྒྱལ་སྤྱིའི་ཆབ་སྲིད་ཀྱིས་ཁ་ཕྱོགས་དང་བསྟུན་པའམ། སྲིད་གཞུང་ཁག་གི་གཞུང་སྲིད་ཁྱབ་ཁོངས་ཀྱི་རྒྱ་ཁྱོན་དང་བསྟུན་པས་བོད་ཀྱི་རང་བསྲེགས་ནི་དོན་དངོས་ཀྱི་སྟེང་གི་རང་དབང་དང་། འགྲོ་བ་མིའི་ཐོབ་ཐང་གི་འཐབ་རྩོད་ཡིན་པ་གསལ་འདོན་དང་། དེ་ཉིད་ཀྱི་འཐབ་རྩོད་ཡིན་པ་འགྲོ་བ་ཀུན་པོར་བརྡ་སྤྲོད་རྒྱུ་ནི་ངས་བསམ་ན་འདི་བྱ། འདི་བྱེད་ཀྱི་གདམས་ཀ་ལགས་སོ།
སྔོན་མ་བཀའ་ཁྲི་འདེམས་སྐབས་ཚ་ཚ་འུར་བཟོ་མཁན་དང་བཙན་བྱོལ་ནང་མིང་ཡོད་མཁན་མང་པོ་ཞིག་མཐོང་རྒྱུ་མེད་པ་འདི་ག་རེ་ཡིན་ནམ།
རང་སྲེག་ཐད་སྐད་ཆ་ཤོད་འདོད་ཡོད་མཁན་ཚོས་རྩ་འཛིན་ཡོད་པའི་ཐོག་ནས་བགྲོ་གླེང་བྱེད་ན་ལེགས།
ང་ཚོས་མི་རུང་བ་བཅུ་དང་རུང་བ་གཅིག་ལག་བསྟར་བྱེད་དགོས།
༡ དོན་དངོས་གཞིར་བཟུང་བ་ལས་དག་སྣང་གཞིར་བཟུང་མི་རུང་།
༢ དངོས་ཡོད་ཤོད་དགོས་པ་ལས་རྟོག་བཟོ་དང་སྒྲོ་བསྐུར་ཤོད་མི་རུང་།
༣ རྒྱབ་མདུན་གཉིས་ཀར་ལྟ་དགོས་པ་ལས་མདུན་ཁོ་ནར་ལྟ་མི་རུང་།
༤ འཇམ་པོ་ཁོ་ན་ཤོད་པ་ལས་རྩུབ་པོ་མི་ཤོད་པའི་བསམ་ཚུལ་འཛིན་མི་རུང་།
༥ ཆོས་སེམས་ཡོད་མདོག་གི་རྣམ་འགྱུར་ཤུགས་ཆེ་མི་རུང་།
༦ དཔའ་བོ་སྟག་གི་ཆོ་ལོ་ཆུང་མི་རུང་།
༧ མང་བ་ལས་ཉུང་བ་གཙོ་བོར་འཛིན་མི་རུང་།
༨ མི་རིགས་དང་མི་གཅིག་གི་གལ་ཆེན་རང་བཞིན་དབྱེར་མེད་དུ་བྱེད་མི་རུང་།
༩ མ་འོངས་པ་གཙོ་བོ་འཛིན་པ་ལས་ད་ལྟ་གཙོ་བོ་འཛིན་མི་རུང་།
༡༠ རྒྱལ་སྤྱི་དང་རྒྱ་ནག བཀའ་ཤག་སོགས་གྱི་སྒོ་ནང་ཤུགས་ཆེན་པོས་རྔ་རྡུང་སྦུབས་རྡུང་བྱེད་རུང་།
ཚང་མས་སྐད་ཆ་རྡོག་རྡོག་དང་དངོས་ཡོད་བདེན་པ་འཁུར་ཡོང་ན་ནུས་པ་ཆེ། ངའི་རྡོག་རྡོག་འདི་ཡིན།
རང་ལུས་མེར་སྲེག་པ་འདི་འ་ཆད་འུ་ཐུག་གི་ལམ་རེད། འདི་བོད་གཞུང་དང་རྒྱ་དམར་གཉིས་ཀར་ངོ་རྒོལ་རེད། བོད་གཞུང་ལ་ད་བར་མང་ཚོགས་རྣམས་ཆབ་སྲིད་ཀྱི་ལམ་ཡག་པོ་གཅིག་ལ་སྣེ་ཁྲིད་མ་ཐུབ་པ་དེ་དང་རྒྱ་ནག་གཞུང་གི་བསམ་ཤེས་མེད་པའི་གླེན་རྟགས་ཀྱི་སྲིད་ཇུས་ལ་ངོ་རྒོལ་རེད།
དེར་བརྟེན། བོད་གཞུང་འདི་མུ་མཐུད་བོད་ཀྱི་ཆབ་སྲིད་དང་མི་དམངས་ཀྱི་གཞུང་ཞིག་གི་གནས་བབ་བཟུང་དགོས་ན། བོད་ཕྱི་ནང་གི་བོད་མི་རྣམས་ལ་ཆབ་སྲིད་ཀྱི་ལམ་ཁ་དང་སྲིད་ཇུས་གདེང་འཁེལ་བ་ཞིག་མཁོ་སྤྲོད་བྱེད་དགོས།
རང་ལུས་མེར་སྲེག་བྱ་རྒྱུ་དེ་གནས་སྐབས་མཚམས་འཇོག་ཡོང་བའི་རེ་སྐུལ་དང་དུས་བཅད་ཤིག་གི་ནང་ལ་དེའི་ཚབ་ལ་སྲིད་ཇུས་གནད་དུ་འཁེལ་བ། ནུས་པ་ཆེ་བ་ཞིག་བོད་གཞུང་གིས་གདོན་དགོས།
༡ རང་སྲེག་ལུས་མཆོད་འབུལ་བའི་ལས་འགུལ་འདི་ནི་བོད་དོན་ཆེད་དུ་ཡིན་ན་རྒྱལ་བ་རིན་པོ་ཆེ་འབོད་ན་ཡག་པོ་མི་འདུག སྒེར་མི་ཞིག་འབོད་ན་ཁྱབ་རྒྱ་ཆུང་བ་རེད། ད་དུང་ཀརྨ་པ་དང་། ཀུརྟི་རིན་པོ་ཆེ་དང་འབྲི་གུང་ཆེ་ཚང་ཞེས་འབོད་ན་ཡང་གཅིག་མཚུངས་རེད། སྐད་འབོད་དངོས་དེ་བོད་ལ་རང་བཙན་དགོས། སྐད་ཡིག་དང་ཆོས་ལུགས་རང་དབང་། རང་ས་རང་བདག་དགོས་བརྗོད་ན་ཁྱབ་ཆེ་བར་འདོད།
༢ རང་སྲེག་ལས་འགུལ་འདིས་རྒྱལ་བ་རིན་པོ་ལ་ལུས་མཆོད་ཀྱི་ཚོགས་བསགས་ལྟ་བུ་འདོད་པ་ནི་ཤིན་ཏུ་མ་རབས་རེད། ལས་འབྲས་མེད་པའི་འཁྲུལ་སྣང་ཞིག་ལས་མ་འདས་པ་རེད།
༣ རང་སྲེག་དེ་ཆོས་ལུགས་ཕྱོགས་རེ་བ་དང་ཆོལ་ཁ་ཕྱོགས་རིས་པ་ཡིན་ན་ལས་འགུལ་དེ་ནུས་པ་ཆུང་དྲག་པ་རེད།
༤ བཙན་བྱོལ་པས་སྤྱི་དོན་བརྗོད་པ་དང་རྒྱ་མིས་མི་སྒེར་འཁོན་རང་བསྲེག་ཟེར་བ་ངོ་གདོང་གསལ་བོ་བསྟན་ཐུབ་དགོས། འཛམ་གླིང་རྒྱལ་སྤྱིའི་ཐོག་ཁྱབ་བསྒྲགས་ཀྱང་ཛ་དྲག་བྱེད་དགོས།
༥ བོད་གསར་ལམ་ཁག་ཏུ་གྲངས་མི་འགྲིགས་པ་དེ་ཅི་ཞིག་བྱུང་བ་རེད། ཁ་སེམས་མཐུན་པོས་ཕྱོགས་རིས་མེད་པ་ཞིག་ངེས་པར་དུ་དགོས། རང་སྲེག་འདིས་རྒྱ་ནག་ལ་མི་བཟོད་པའི་གོ་བརྡ་ཚ་དྲོ་བ་སྤྲོད་ཀྱི་ཡོད་པས་མུ་འཐུད་དུ་སྤེལ་དགོས། དེ་ཡང་གོ་རིམ་དང་དམིགས་ཡུལ་ཡོད་པ་བརྙན་ཐུང་དང་འཆར་འགོད་བཅས་གསལ་ཐག་ཆོད་པ་དགོས་ས་རེད།
མེར་བསྲེག་སོགས་ཚེ་སྲོག་གིས་བོད་མི་རིགས་ཀྱི་ལས་དབང་སྒྱུར་མཁན་དག་གི་སྙིང་སྟོབས་དང་ཆེད་སེམས་ལ་མི་གུས་པས་པུ་རྒྱ་རྩམ་ཟོས་པ་ཞིག་ག་ལ་ཡོད། མི་རིགས་ཀྱི་ལ་རྒྱ་ཅན་གྱི་གངས་ཅན་ཕོ་མོ་དག་གི་ཚེ་སྲོག་རེ་རེའི་བཞིན་སྒང་པ་ཚང་གི་གཅེས་ནོར་དམ་པར་ཡང་ཡིན་པས་ང་ཚོ་དང་དུས་ནམ་ཡང་ལྷན་འཚོ་དགོས་རྒྱུ་ནི་མི་རིགས་འདིའི་བདག་དབང་གི་མདུན་སྐྱེད་དང་གཏན་དུ་འབྲེལ་བ་ཡོད་པ་ཞིག་རེད། དེ་རིང་གི་བར་དུ་མེར་བསྲེག་གིས་དཔལ་རྒོད་ཕོ་མོ་དགུ་བཅུ་ལྷག་ཙམ་གྱི་གཙོས་ཚེ་སྲོག་དང་སྐུ་ལུས་ཀྱིས་མི་རིགས་དང་རྒྱལ་ཁབ་ཀྱི་དོན་དུ་གཤེགས་པའི་ཡོད་ཚོད་ཀྱིས་ཡོད་ཚོད་ནི་ང་ཚོའི་ལོ་རྒྱུས་ཀྱི་དྲན་བརྟེན་དང་རྒྱལ་གཅེས་ཀྱི་སློབ་དཔོན་ནམ་དཔལ་རྒོད་དག་དག་ཡང་ཡིན། ང་ཚོ་ནམ་དུ་ཡང་ཕྱིར་གཤེག་མེད་པར་རྒྱལ་གཅེས་པ་དག་གིས་ཕུགས་འདུན་ལ་འབོད་པ་མཉམ་རྩོལ་དགོས་རྒྱུ་ནི་གངས་ཅན་པའི་རིགས་སུ་སྐྱེས་པའི་དགོས་དོན་ཡང་ཡིན། འགོ་བཀའ་ཤག་དང་གྲོས་ཚོགས་བཅས་ཀྱི་དབུ་ཁྲིད་དང་ཚོགས་སྐྱིད་ཁག་གི་ལས་སྣེ་སོགས་ལ་ལེ་ལན་འདས་ནས་མིན་པར་རང་ཉིད་ཀྱི་ཤེས་འགྱོན་དང་བློ་རྩལ་ཡོད་དགུ་ཁས་བཤད་ཙམ་མིན་པ་རང་གི་ཕུང་པོ་ལྔ་ལ་གང་ཤར་གྱིས་བྱ་བ་དངོས་ལ་སྤྱོད་རྒྱུ་ནི་ཛ་དྲག་གི་གནས་སྟངས་འདིར་བབ་པའི་འོས་འགན་ཡིན།
མདོར་ན། ལེ་ལན་གཞན་ལ་འདས་ནས་མ་སྡོད་པར་རང་གི་ནུས་ཤུགས་གང་ཡོད་ཕྱིར་སྟོན་ནས་སྤྱི་དོན་འབོད་པ་མཉམ་རུབ་དགོས་རྒྱུ་གལ་ཆེའོ།།
ངའི་རི་བ་ལ་བློ་སེང་མཆོག་གི་གཞོན་ནུ་ཚོགས་པ་དང་རང་བཙན་རྩོད་ལེན་པ་ཚོ་ལ་ཕྱགས་དངུལ་ཐུབ་ལ་རོགས་རམ་གནང་རོགས་གནང་ཞུ་རྒྱུ་ཡིན་་་་
འདིའི་ཐད་སྤྱིའི་ཆ་ནས་ཚང་མས་དྲན་པ་དང་རེ་བ་གཅིག་མཚུངས་ཡིན་རྒྱུ་རེད། དམིགས་བསལ་གསལ་བོ་དང་གསར་པ་ཞིག་བཤད་རྒྱུ་ཡོད་མེད་ཁག་པོ་རེད། རང་གིས་དྲན་པ་མང་པོ་ཞིག་རྣམ་པ་ཚོས་གསུངས་ཚར་འདུག ཅི་བྱ་ཅི་འགབ་ཀྱི་ཐད་ནས་རང་ཉིད་ལ་རེ་བ་གཅིག་ཞུ་རྒྱུ་ཡོད།
ལོ་ཤས་རིང་འདིར་ལོ་རྒྱུས་ལ་འགྱུར་བ་འདི་འདྲའི་ཆེན་པོ་ཞིག་ཐེབས་རུང་། ང་ཚོ་ཕྱི་སྡོད་བོད་མི་ཚོའི་ངོས་ནས་དོན་དག་ལྟེ་བ་གཅིག་སྒྲུབ་ཐུབ་གི་མེད་པ་འདྲ། དེ་ནི་འབྲི་མ་ཐུབ་པ་དེ་རེད། གསར་འགྱུར་ཐན་ཐུན་རེ་ཆད་མ་མཐུད་ཀྱིས་ཡོང་གི་ཡོད་པ་མ་གཏོགས། སྨྱུག་ཁ་བརྟན་པོ་དང་། གོ་རིམ་དང་རྒྱུ་མཚན། གནས་ཚུལ་སོགས་རྡོ་སྒྲིག་སྒྲིག་བྱས་ཏེ་འབྲི་ཐུབ་མི་འདུག ལོ་རྒྱུས་ཀྱི་ཡིག་ཚགས་དང་སྐབས་ཐོག་གི་གནས་ཚུལ་གང་ལ་ཡང་དེ་འདྲ་རེ་མཁོ་བ་འདྲ། འོན་ཀྱང་ད་ཕན་བོད་ཡིག་གི་ནང་དུ་དེ་འདྲ་བྲིས་པའི་རྩོམ་ཡིག་གཅིག་ཀྱང་མཐོང་ལམ་དུ་མ་གྱུར་ཐལ།
གཉིས། དབྱིན་ཡིག་གི་ཤེས་ཚད་དང་རྩོམ་འབྲིའི་ཉམས་མྱོང་། གནས་ཚུལ་ལ་རྒྱུས་ལོན་བྱ་ཤེས་མཁན་བོད་པ་གང་འཚམ་ཡོད་རུང་། ལོ་ཤས་རིང་འདིར་དེང་གི་རྒྱལ་སྤྱིའི་གསར་འགྱུར་བརྒྱུད་ལམ་ཆེ་ཁག་གི་མགོ་བརྗོད་ལ་རྒྱག་ཐུབ་མཁན་གྱི་རྩོམ་ཡིག་ཀྱང་གཅིག་ཀྱང་མཐོང་ཡུལ་དུ་མ་གྱུར་ཐལ། བཀོད་ཡོད་པ་ཡང་མཐོང་མ་མྱོང་། རྒྱ་ཡིག་ཀྱང་རང་བཞིན་གཅིག་པ་རེད། ཅི་འདྲའི་ནུས་པ་ཞིག་མེད་སོང་བ་རེད།
ཕྱིའི་མི་རིགས་ཀྱི་ནང་དུ་འབྲི་མཁན་འདུག འོན་ཀྱང་། མཚམས་རེར་ཆེད་དུ་རྡ་སར་སོང་ནས་འབྲི་བ་དང་སྐབས་རེར་དྲ་གནས་དང་མི་སྒེར་སོགས་ཀྱི་ཁ་ནས་གནས་ཚུལ་ཐུས་ཏེ་འབྲི་གིན་འདུག ལོས་དགའ་མོད། རང་རེ་བོད་པ་ཚོའི་ནང་ན་ཆེད་དུ་འབྲི་མཁན་གྱི་དཔུང་ཁག་ཅིག་ཡོད་ན་ཅི་མ་རུང་། ཕན་ཚུན་ནང་ཁུལ་ལ་རྒྱུ་ཆ་མཁོ་སྤྲོད་བྱེད་རེས་དང་བཅས་ཀློག་མཁན་གྱི་གཞི་རྒྱ་ཇེ་ཆེར་གཏོང་ཐབས་ལ་འབད་རྒྱུ་ན་ཕན་ཐོགས་ཡོད་རྒྱུ་རེད།
བོད་ནང་ནས་ཉིན་དང་མཚན་ལ་མཐུད་ནས་རང་ལུས་མེར་སྲེག་གནང་བཞིན་པའི་སྐབས་སུ། བོད་ཕྱི་ལོག་གི་ང་ཚོ་འཛམ་གླིང་གི་གྲོང་ཁྱེར་གང་རུང་གི་བཞི་མདོར་བུད་ནས་ཀི་རིང་རེ་འདེབ་པ་དང་། མར་མེ་རེ་སྒྲོན་རྒྱུ་མ་གཏོགས་ཅི་གང་ཐུབ་གི་མི་འདུག འབྲི་མཁན་ཚོའི་སྨྱུག་ཁ་ཆག་བསྡད་འདུག འདིའི་ཐད་བགྲོ་གླེང་ཙམ་དུ་མ་ཟད་མི་སྒེར་སོ་སོར་རེ་སྐུལ་དང་། ཡང་ན། གོ་སྒྲིག་ཡོད་པ་ཞིག་བཟོ་ཐུབ་ན་ལེགས་པར་འདོད།
དེའི་ཕན་ནས་ཅི་བྱ་ཅི་འགབ་སྐོར་ལ་གནས་སྐབས་ཅི་ཡང་ཞུ་རྒྱུ་མི་འདུག
ལུང་རིགས་ལགས་ཀྱིས་དངོས་གནས་གནད་ལ་འཁེལ་བ་ཞིག་གསུངས་འདུག སངས་དོན་སོགས་ཀྱིས་གསུངས་པའང་གནད་འདི་ལ་འབྲེལ་བ་འདུག ངས་བོད་ཀྱི་གྲོགས་པོ་ཞིག་ལ་དམ་པ་གཅིག་གི་ལོ་རྒྱུས་ཞིབ་ཚགས་ཤིག་ཨེ་ཡོང་ཞེས་རེ་སྐུལ་ཞིག་ཞུས་པ་ཡིན། དཀའ་ངལ་གཅིག་ནི་དམ་དྲག་རེད། དམ་དྲག་ལ་བརྟེན་ནས་ཞིབ་ཚགས་པོའི་ལོ་རྒྱུས་ཤིག་བོད་ནས་ཚུར་ལེན་ཐུབ་ཀྱི་མེད་པ་རེད། གཞན་ཞིག་ནི་སྒྲིག་འཛུགས་ཀྱི་ཆ་ལ་འབྲེལ་བ་ཡོད་པ་འདྲ། ཕྱི་མི་ཞིག་གིས་རང་སྲེག་གི་སྐོར་ལ་རྩོམ་ཡིག་ཅིག་བྲིས་ཚེ་དེ་ལ་དཔག་པའི་མཐུན་སྦྱོར་ཡང་ཡོད་པ་རེད། ང་ཚོ་ལ་སྒྲིག་འཛུགས་ཀྱི་ཆ་ནས་ཞིབ་གསལ་འབྲི་མཁན་ལ་མཐུན་རྐྱེན་སྦྱོར་བ་དེ་འདྲ་ག་རེ་བྱས་ནས་མ་ཡོང་བ་ཡིན་ནམ། གོ་ཐོས་ལ་བཀའ་ཤག་གིས་ཞིབ་འཇུག་པ་འགའ་རེ་ལ་མཐུན་རྐྱེན་སྦྱོར་གྱི་ཡོད་པ་རེད་ཟེར་བཞིན་འདུག་ག དེ་འདྲ་ཞིག་གིས་མི་རེ་རེ་ལ་ལས་བགོས་བྱས་ནས་བྱུང་ན་ཅི་མ་རུང་། དཀའ་ངལ་གསུམ་པ་ནི་ང་ཚོས་གང་ཐུབ་ཐུབ་ཀྱིས་ཞོར་ལས་དང་ཞོར་འབྲི་བྱེད་པ་འདི་རེད། སེམས་ཀྱིས་མ་བཟོད་པ་དང་ལག་ནས་མ་ཕྲིས་པ་འདི་རེད། ཁ་བརྡའི་བགྲོ་གླེང་འདིས་ཕན་ཐོགས་བྱུང་སོང་བསམས། མ་མཐའ་ལའང་ང་ཚོས་ཐབས་ལམ་ཞིག་འཚོལ་བཞིན་ཡོད་པ་རེད།
ང་ལ་གལ་ཆེན་པོ་ཞིག་བཤད་རྒྱུ་ཡོད།
བློ་བཟང་སེང་གེ་མཆོག་སྲིད་སྐྱོང་ནས་དགོངས་ཞུ་བྱ་དགོས།
དང་པོ། བོད་ནང་ལ་རྒྱ་ཆེ་བའི་ངོ་རྒོལ་འདི་འདྲ་ཛ་དྲག་བྱས་རུང་། ཕྱི་ལ་བོད་གཞུང་གིས་གང་ཡང་བྱེད་ཐུབ་མ་སོང་། བྱས་ཙང་། བློ་བཟང་སེང་གེ་མཆོག་གིས། བོད་སྤྱིའི་བདེ་རྩ་དང་མ་འོངས་པའི་མདུན་ལམ་ལ་བསམ་བློ་བཏང་ནས། སྲིད་སྐྱོང་ནས་དགོངས་པ་ཞུ་དགོས། དེ་ལྟར་བྱུང་ན། སྲིད་སྐྱོང་འོས་འདེམས་གསར་པ་ཞིག་ཚུགས་ནས་དེའི་ནང་ལ་འོས་མི་རྣམས་ཀྱིས་གཙོ་བོ་མ་འོངས་པའི་ཆབ་སྲིད་ཀྱི་སྲིད་ཇུས་གསལ་པོ་གཏན་བེབ་བཟོ་ཐུབ། གསར་དུ་སྲིད་སྐྱོང་གི་འོས་མིར་ཞུགས་མཁན་རྣམས་ཀྱིས། གཙོ་བོ་ཆབ་སྲིད་ཀྱི་སྲིད་ཇུས་དང་ཁ་ཕྱོགས་དེ་གང་ཡིན་མིན་གསལ་པོ་བཟོ་དགོས། སྲིད་ཇུས་རྙིང་པ་མི་དམངས་ཀྱིས་ཁས་ལེན་བྱས་མེད་སྟབས། འགྱུར་བ་གཏོང་དགོས་པ་གསལ་པོ་རེད།
གཉིས་པ། གལ་ཏེ་བློ་སེང་མཆོག་གིས་བོད་གཞུང་གིས་ལས་་འགན་གྲུབ་མ་ཐུབ་པ་འདི་ངོས་འཛིན་གྱིས་དགོངས་ཞུ་བྱས་ན། དམངས་གཙོ་དོན་དང་ལྡན་པ་རེད།
གསུམ་པ། བློ་སེང་གིས་དགོངས་ཞུ་མ་བྱས་ནས། སྤྱི་འཐུས་ནང་ལ་བགྲོ་གླེང་འགོ་བཙུགས་ནས། སྲིད་སྐྱོང་དགོངས་པ་ཞུ་ཕྱོགས་སྐོར་ལ་བགྲོ་གླེང་བྱ་དགོས།
ཁ་ནང་ནས་འདོན་དཀའ་ན་ཡང་ད་ལྟའི་འགྲོས་འདི་ལ་བལྟས་ན་རང་སྲེག་གི་གྲངས་བརྒྱ་ཐམ་པ་ངེས་པར་དུ་ཟིན་ངེས་རེད། དེ་དུས་ཀུན་ལ་དོ་སྣང་འབྱུང་བ་ཞིག་བྱེད་དགོས། འོ་ན་གང་བྱེད་དགོས། འདིའི་ཐོག་ལ་ལས་ཀྱི་སྣེ་མོར་གཏོགས་པ་ཚོས་ཀླད་པ་དཀྲུགས་དགོས།
འདིའི་ཐད་དྲ་བརྒྱའི་བདག་པོ་ཚོས་རང་ངོས་ནས་བྱེད་ཐུབ་པ་འགའ་རེ་ཡོད་བསམ། དཔེར་ན་རང་རང་གི་དྲ་ཚིགས་ཀྱིས་ངོས་འགྱུར་བ་གཏོང་བ། དྲ་ཚིགས་ངོས་ལ་༡༠༠་མེ་རིས་རྒྱན་པ་ཞིག་འཇོག་པ། དེའི་flash འཇོག་པ། མཐའ་ན་འཕྲལ་ཡུན་གང་འོས་ལ་དྲ་ཚིགས་སྒོ་རྒྱག་པ། སོགས་བྱེད་ཐུབ་པ་མང་པོ་ཡོད་ཀྱི་རེད་སྙམ།
དེ་དུས་BBC CNN ABC སོགས་འཛམ་གླིང་གི་གསར་འགྱུར་ཆེ་ཁག་གིས་བགྲོ་གླེང་བྱེད་པའི་དུས་ཚོད་རག་ཐབས་བྱེད་དགོས། དེ་ཡང་སྔ་ས་ནས་འབྲེལ་བ་བྱས་ནས་འཆར་གཞི་འདིང་དགོས། སྤྱིར་བཏང་ལས་ཁུངས་དང་གཞུང་ལམ་གྱི་ཐོག་ཏུ་ངོ་རྒོལ་བྱེད་པ་ལས་གསར་འགྱུར་ལས་ཁུངས་འདི་ཚོའི་སྒོ་འགྲམ་ནས་ངོ་རྒོལ་བྱས་ན་གྲུབ་འབྲལ་བསང་བ་མི་འབྱུང་ངམ་བསམ། དེ་ཡང་འཛམ་གླིང་ཡུལ་ག་ས་གང་དུ་ཉིན་བརྒྱ་དུས་གཅིག་ལ་རང་རང་སོ་སོའི་གསར་འགྱུར་ལས་ཁུངས་ཁག་གི་སྒོ་འགྲམ་ནས་ཟས་བཅད་སོགས་ངོ་རྒོལ་རིགས་སྤེལ་ན་ག་འདྲ་འདུག
གཞུང་གིས་བྱེད་པར་རེ་སྒུག་བྱེད་རྒྱུ་མེད། ང་རང་ཚོ་སྒེར་གྱི་ངོས་ནས་དེའི་ཐོག་ལ་ལམ་སྣེ་སྟོན་དགོས། གཞན་བྱེད་དགོས་པ་གང་འདུག
བསམ་ཚུལ་འདུ་འགོད་བྱེད་ཀྱི་འདུག་པ་ཡག་པོ་རེད།
དེ་ནས་དོན་ཚན་དུ་ཆ་བགོས་རྒྱབ་ནས་ཞུ་རྒྱུ་ལ།
དོན་ཚན་དང་པོ། ད་བར་ཉུང་མཐར་བོད་མི་ས་ཡ་གཅིག་དང་འབུམ་གཉིས་ལྷག་ཅིག་གི་ཚེ་སྲོག་དེ་བོད་དོན་གྱི་ཆེད་དུ་ཤོར་བ་རེད། འདིའི་ནང་དེང་སང་ཚེ་སྲོག་ཤོར་བཞིན་པའི་རང་ཉིད་མེར་སྲེག་གི་དོན་རྐྱེན་དེ་ཡང་ཚུད་དགོས་ཀྱི་རེད། ཚེ་སྲོག་འདི་དག་ཤོར་སྔ་ཕྱི་ཙམ་མ་གཏོགས་ཚེ་སྲོག་ཤོར་བ་གཅིག་པ་རེད། དེར་བརྟེན་ང་ཚོས་ཚེ་སྲོག་གི་རིན་ཐང་ལ་དབྱེ་བ་ནམ་ཡང་ཕྱེ་རྒྱུ་ཡོད་མ་རེད། བཤད་སྟངས་གཞན་ཞིག་གི་ལམ་ནས་བཤད་ན། ཚེ་སྲོག་ཤོར་བ་ཕྱི་མ་དེ་ཚོ་གླེང་དུས་སྔ་མ་དེ་ཚོའི་ཚེ་སྲོག་ཤོར་བ་བརྗེད་མི་འོས་པ་རེད་ཟེར་གྱི་ཡོད་ལ། མདོར་ན་ཤོར་ཟིན་པའི་ཚེ་སྲོག་ཡོངས་རྫོགས་ལ་གཅིག་གྱུར་གྱི་རིན་ཐང་འཇོག་དགོས་ཀྱི་རེད།
དོན་ཚན་གཉིས་པ། ང་ཚོ་བཙན་བྱོལ་བོད་གཞུང་མང་གིས་ག་རེ་བྱེད་དགོས་རེད་ཟེར་ཡོང་དུས་ངེས་པར་ཚེ་སྲོག་འདི་དག་གིས་འབོད་སྒྲ་ག་རེ་བསྒྲགས་ཡོད་པ་དེ་ལ་ཕྱིར་བལྟ་བྱེད་དགོས་རེད། དེ་ལ་ཚེ་སྲོག་ཤོར་བ་འདི་དག་ཁོ་ནའི་འབོད་སྒྲ་གླེང་ན།
བོད་བསྟན་སྲིད་གཉིས་ལ་རང་བཙན་ནམ། བོད་ལ་བསྟན་སྲིད་གཉིས་ལ་རང་དབང་དགོས་པ་སྟེ་བོད་ལ་རང་དབང་དགོས་ཟེར་བའི་འབོད་ཚིག་དེ་གླེང་ཡོད་པ་རེད། ༧གོང་ས་མཆོག་བོད་དུ་ཕེབས་འཇུག་དགོས་པའི་དེང་གི་འབོད་སྒྲ་དང་། ༡༩༥༩ ལོར་༧གོང་ས་མཆོག་བོད་ནས་བོད་རང་དབང་རང་བཙན་སླར་གསོའི་ཆེད་དུ་བཙན་བྱོལ་དུ་ཕེབས་སྐྱེལ་ཞུས་པ་འདི་གཉིས་ཀ་ཡང་བོད་རང་བཙན་དང་བོད་རང་དབང་གི་ཆེད་དུ་རེད། དེར་བརྟེན་བོད་མིས་ ༡༩༤༩ ནས་ད་བར་ཚེ་སྲོག་གིས་འབོད་བཞིན་པའི་འབོད་སྒྲ་དེ་ཇི་ལྟར་བསྒྲུབ་དགོས་མིན་དེ་དྲི་བ་ཞིག་ཏུ་གྱུར་ཡོད་པ་རེད།
དོན་ཚན་གསུམ་པ། བསྒྲུབ་བྱ་རང་བཙན་དང་རང་དབང་གང་ཡིན་རུང་སྒྲུབ་བྱེད་ཞི་བའི་འཐབ་རྩོད་ཀྱི་ལམ་དུ་བསྐྱོད་དགོས་པ་དེ་ང་ཚོའི་བགྲོད་ལམ་ཉག་ཅིག་རེད། ཡིན་ནའང་ཞི་བའི་འཐབ་རྩོད་དེ་ནང་ཆོས་ཀྱི་གཞུང་ནས་བཤད་པའི་སྤྱོད་པ་འཚེ་བ་མེད་པའམ་གཞན་གནོད་མི་བྱེད་པའི་བརྩེ་བའི་སེམས་བྱུང་ལག་བསྟར་བྱེད་པའི་དོན་དེར་གོ་རྒྱུ་ཞིག་མ་རེད། ཞི་བའི་འཐབ་རྩོད་ནི་ཕ་རོལ་པོའི་ལུས་སྲོག་ལ་རྨ་མི་གཏོད་ཀྱང་། ཕ་རོལ་པོར་ཕར་རྒོལ་བྱེད་པའི་རང་ཉིད་བློས་གཏོང་གི་ཐབས་ལམ་ཞིག་ལ་ཟེར་བ་རེད། ཞི་བའི་འཐབ་རྩོད་ཀྱི་སྐོར་ལ་འཛམ་གླིང་དུ་བྱུང་བའི་ཞི་བའི་འཐབ་རྩོད་བྱེད་ཐབས་དེ་ཚོ་བེད་སྤྱོད་པ་དང་། ཡུལ་དུས་ལ་དཔག་པའི་ཐབས་བྱུས་ལག་བསྟར་བྱེད་དགོས་པ་རེད།
དོན་ཚན་བཞི་པ། དེང་སང་བཙན་བྱོལ་བོད་གཞུང་གིས་དབུ་མའི་ལམ་གྱི་མིང་ཐོག་ནས་བོད་རིགས་ཡོངས་ལ་མིང་དོན་མཚུངས་པའི་རང་སྐྱོང་ཡོང་ཐབས་ཟེར་བ་ཞིག་རྩོད་ཀྱི་ཡོད་པ་རེད། དུས་རྒྱུན་བོད་དོན་ལ་དངོས་འབྲེལ་དོ་སྣང་སྤྲོད་མཁན་ཞིག་ཡིན་ན་ཧ་གོ་དོན་གསལ་རེད། ཐབས་ལམ་འདི་བརྒྱུད་ནས་བོད་ལ་རང་བཙན་དང་རང་དབང་གཉིས་ཀ་རྩ་བ་ནས་ཐོབ་མི་སྲིད་པ་གསལ་པོ་ཆགས་ཡོད་པ་དེ་ཞིབ་རྒྱས་ཞུ་མི་དགོས་པ་བྱོས། གང་ལྟར་བོད་མིའི་ཚེ་སྲོག་གིས་གླེང་བཞིན་པའི་འབོད་སྒྲ་དེ་དེང་སང་རྩོད་བཞིན་པའི་མི་རིགས་ས་ཁོངས་རང་སྐྱོང་གི་ལམ་འདི་མིན་པ་དེ་གསལ་པོ་རེད། དེར་བརྟེན་ང་ཚོས་རྒྱ་ནག་གི་རྩ་ཁྲིམས་ཀྱི་སྒྲོམ་གཞིའི་འོག་ཏུ་བོད་ཆོལ་ཁ་གསུམ་གྱི་ཁྱོན་དུ་རང་དབང་མང་གཙོ་དང་། འགྲོ་བ་མིའི་ཐོབ་ཐང་དགོས་པའི་ལམ་ཞིག་ལ་དབུ་མའི་ལམ་ཞིག་ཏུ་འཇོག་དགོས་པ་དང་རྩོད་དགོས་པ་དེ་ཁ་ཚ་དགོས་གཏུག་ཆགས་ཡོད། གང་ཡིན་ཟེར་ན། རྒྱ་མིས་གྲོས་མོལ་བྱེད་ཟེར་ན་ང་ཚོས་གླེང་རིན་ཡོད་པ་ཞིག་དང་། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་རྒྱབ་སྐྱོར་ཡོད་པ་ཞིག་གླེང་དགོས་རེད་ལ། རྩོད་དགོས་རེད། དེ་མིན་ང་ཚོས་རྩོད་བཞིན་པ་དེ་དབུ་མའི་ལམ་མི་ཆགས་པར་རྒྱ་མིའི་ལམ་ཆགས་ངེས་པ་རེད་སེམས་ཀྱི་ཡོད། དེར་བརྟེན་གྲོས་ཚོགས་ནས་དགོངས་པ་ཟབ་བཞེས་དང་འབྲེལ་ནས་བཀའ་ཤག་ལ་ལས་དོན་བྱེད་བདེ་བཟོ་དགོས་པ་རེད་བསམ་གྱི་འདུག ༢༠༡༠།༠༣ ནང་བཞག་པའི་དབུ་མའི་ལམ་གྱི་གྲོས་ཆོད་ནི་ངེས་པར་ཕྱིར་བསྡུ་བྱེད་དགོས་པ་ཞིག་རེད། དེ་ཧ་ཅང་སྦུག་དོགས་པའི་གྲོས་ཆོད་ཅིག་རེད།
དོན་ཚན་ལྔ་པ། ཆོས་བརྒྱུད་ཆེན་པོ་བཞི་དང་། གཡུང་དྲུང་བོན་བཅས་ཀྱི་བླ་ཆེན་རྣམ་པ་དང་། ཕྱི་རྒྱལ་ཡུལ་གྲུ་གང་སར་ཆོས་ཚོགས་བཙུགས་ཏེ་ཡོད་པའི་མཁན་པོ་དང་། དགེ་བཤེས། སྔགས་པ་སོགས་མདོར་ན་གཞིས་ལུས་དགོན་སྡེ་ཁག་གིས་རེ་བ་བྱེད་ཡུལ་ཚོས་ཐུགས་དགོངས་ཡག་པོ་བཞེས་དགོས་པ་འདུག་སྙམ་གྱི་འདུག གང་ཡིན་ཟེར་ན། ཁྱེད་རྣམ་པར་དད་པ་དང་དམ་ཚིག་བཅངས་ནས་ཁྱེད་རྣམས་ཀྱི་གཅིན་ཚུན་འཐུང་བ་དང་། ཨ་རི་སྒྲོ་ལོ་དང་ཡུ་རོབ་ཡུ་རོ་སོགས་ཕུལ་རྒྱུ་མེད་ཀྱང་རང་གི་ཚེ་སྲོག་ཚུན་ཁྱེད་རྣམས་ཀྱི་དོན་དུ་གཏོང་ནུས་པའི་གཞིས་ལུས་དགོན་པ་དང་། སྡེ་མི་སེར་དེ་དག་བོད་བསྟན་སྲིད་ཀྱི་ཆེད་དུ་རྒྱ་མིས་སྡུག་སྦྱོང་མྱོང་བཞིན་ཡོད་པ་རེད། ཁྱེད་རྣམས་ནས་བོད་མི་ཞིག་ཡིན་པའི་འགན་ཁུར་འདོད་མེད་པ་སྟེ་ཁྱེད་རྣམས་ཐར་བ་དོན་གཉེར་ཡིན་ཟེར་གྱི་ཡོད་པ་དང་ཡིན་ན་དེས་ཆོག་པས། ཁྱེད་རྣམས་ནས་ཆབ་སྲིད་ཀྱི་བཀའ་མོལ་མ་གནང་ན་ཆོག་ཀྱང་། བོད་བརྒྱུད་ནང་བསྟན་རྩ་མེད་གཏོང་བཞིན་པའི་རྒྱ་མིའི་ལས་དོན་བྱེད་ཕྱོགས་དེ་ལ་དཔག་ནས། འཛམ་གླིང་དང་། རྒྱ་ནག་གཞུང་ལ་ཆོས་ལུགས་རྩ་མེད་གཏོང་བཞིན་པ་མཚམས་འཇོག་དགོས་པ་བསྟན་པ་དང་རང་གི་གདུལ་བྱའི་དོན་དུ་ག་རེ་བྱས་ནས་གསུང་ཐུབ་ཀྱི་མེད་པ་རེད། དེ་ངེས་པར་གསུང་དགོས་རེད་སྙམ། དེ་གསུང་ཐུབ་ཀྱི་མེད་ན་བསྟན་འགྲོའི་དོན་ཟེར་བ་ཡང་དགོད་བྲོའི་གནས་ལས་ཅང་རིན་ཐང་འདུག་གམ།
དོན་ཚན་དྲུག་པ། བཙན་བྱོལ་བོད་མིའི་སློབ་གྲྭ་ཁག་ཏུ་བོད་ཀྱི་སྲིད་དོན་ལོ་རྒྱུས་སྤྱི་དང་། ལྷག་པར་རྒྱ་ནག་གི་སྲིད་གཞུང་རིམ་བྱུང་གིས་བོད་དུ་བཙན་འཛུལ་དང་། དམར་གསོད། བཙན་གཡེམ་སོགས་བོད་ཀྱི་གནོད་བཅུད་གཉིས་ཀ་ཇི་ལྟར་རྩ་མེད་གཏོང་བཞིན་པའི་སྐོར་དང་། བོད་མིས་སྔ་ཕྱི་བར་གསུམ་དུ་གདོང་ལེན་ཁ་གཏད་ཇི་ལྟར་བྱས་དང་བྱེདབཞིན་པའི་སྐོར་དེ་སློབ་ཕྲུག་ཚོར་ངེས་པར་སློབ་དགོས་ཀྱི་འདུག ད་བར་བཙན་བྱོལ་བའི་སློབ་གྲྭ་དང་། དམག་སྒར་ཚུན་ཆད་དུ་ཆོས་དགེ་རེ་གཉིས་བཙུགས་ཡོད་ཀྱང་སྲིད་དགེ་གཅིག་ཀྱང་བཙུགས་མེད་པ་དེ་རྩ་བ་ནས་བཅོས་བསྒྱུར་གཏོང་དགོས། མདོར་ན་ཕ་ཡི་ལོ་རྒྱུས་བུ་ཡིས་མ་ཤེས་ན། བུ་དགྲ་གཉེན་ངོ་མི་ཤེས་མཁན་ཅིག་ཏུ་འཚར་རྒྱུ་རེད། འདི་ཚང་མའི་ཐུགས་ལ་འཇོག་རོགས་ཟེར་གྱི་ཡོད།
དོན་ཚན་བདུན་པ། གཞན་ཞུ་དགོས་པ་ཁག་ཅིག་གོང་དུ་བཤད་ཚར་འདུག་པས་བསྐྱར་སྤྲོས་མ་བྱས། འོན་ཀྱང་ཚོར་ཤུགས་འཕར་བའི་བཀའ་མོལ་ཁག་ཅིག་གནང་འདུག་པ་དེ་དག་ནི་དེ་འདྲ་ཞིག་རེད།
དགེ་རབ་ཀྱི་གླེང་སྟངས་འདི་གནད་འགག་ཅན་གཅིག་རེད། དེའི་འཕྲོ་ལ་འཇུས་ནས་གླེང་ན། བོད་པ་རྩོམ་ཡིག་འབྲི་མཁན་ཚོའི་ངོས་ནས། རང་ལུས་མེར་བསྲེགས་ཀྱི་སྐོར་འདི་བརྗོད་གཞིར་བཟུང་ནས་གླེང་ཤུགས་ཆེ་རུ་གཏོང་དགོས་པ་ཞིག་ཆགས་ཡོད། ཉིས་སྟོང་བརྒྱད་ལོའི་ཞི་རྒོལ་གླེང་སྟངས་དེ་ད་ཆ་ངེས་པར་དགོས་པ་ཞིག་རེད། དེ་དུས་ཀྱི་དྲ་རྒྱ་དང་དེ་དུས་ཀྱི་ཚགས་པར་ཁག་གིས་གླེང་སྟངས་དེ་ད་ལྟ་ཡར་བསྐྱར་དགོས་པ་ཞིག་ཆགས་འདུག དེ་དུས་རྒྱ་ནག་གཞུང་གིས་ཉིན་བསྟུད་ནས་འཁྱོག་བཤད་བྱས་པ་དེར། ང་ཚོའི་ངོས་ནས་ཀྱང་ཉིན་བསྟུད་གདོང་ལེན་བྱས་པ་དེས་ནུས་པ་ག་ཚད་ཐོན་མ་སོང་། དེ་དུས་སྟོབས་ཤུགས་ཤིག་མཐོང་སོང་།
ཡིན་ནའང་། རང་ལུས་མེར་བསྲེགས་སྐོར་འདི་དེ་ཙམ་གླེང་མ་སོང་། སེམས་ཚོར་སྤེལ་བའི་སྙན་ངག་གི་སྡེ་བ་ཞིག་བྱུང་བ་དེ་ཡག་པོ་རེད། ད་དཔྱད་གླེང་གི་རྣམ་པ་ཅན་གྱི་རྩོམ་ཡིག་སྤེལ་ནས་རང་ལུས་མེར་བསྲེགས་འདི་གླེང་དགོས་པ་གལ་ཆེ་བར་མཐོང་།
གླེང་དགོས་པར་འདུག་ཅེས་པ་ཙམ་བརྗོད་ཀྱི་མེད། རང་ལུས་མེར་བསྲེགས་གཏོང་མཁན་དམ་པ་དེ་དག་གི་ནང་མིའི་ལོ་རྒྱུས། རབ་ཡིན་ན་མི་རབས་གཉིས་ཀྱི་ལོ་རྒྱུས་གསལ་བ་ཞིག དེ་ནས་དམ་པ་དེ་དག་སྐུ་འཚོ་བཞུགས་རིང་གི་འཚོ་གནས་སྐོར། མེར་བསྲེགས་བཏང་བའི་དུས་ཚེས་ཀྱི་གནད་འགག་སྐོར། མེར་བསྲེགས་གཏོང་ཡུལ་ས་གནས་ཀྱི་གནད་འགག་སྐོར། མེར་བསྲེགས་རྗེས་མི་དམངས་ཀྱིས་གདུང་སེམས་མཉམ་སྐྱེད་སྐོར་བཅས་ཞིབ་འབྲི་ཐུབ་དགོས་པ་ཞིག་རེད། ད་ལྟ་ང་ཚོས་སྐབས་ཐོག་གི་གནས་ཚུལ་ཙམ་ཁྱབ་སྤེལ་བྱས་ནས་དེ་འཕྲོས་ཀྱི་གནས་ཚུལ་རིགས་བསྡུ་རུབ་ཐད་ལྷོད་གཡེང་ཤོར་གྱི་ཡོད་པའི་བཟོ་འདུག དོ་སྣང་བྱེད་དགོས་པ་གཅིག་འདི་ཡང་རེད་དྲན། དཔེར་ན། རང་ལུས་མེར་བསྲེགས་གཏོང་མཁན་ཚོ་རང་གི་ཕུད་པོ་འཚིག་རོ་དེར་ཞེན་ཆགས་ཡོད་སྲིད་ཀྱི་མ་རེད་དེ། དེ་རྒྱ་ལག་ཏུ་མ་ཤོར་བའི་བསམ་བློ་ཞིག་སྔོན་ལ་བཏང་ཡོད་པ་རེད། གང་ལ་ཟེར་ན། དེའི་རྗེས་ནས་ནང་མི་གཉེན་ཉེ་དང་བོད་མི་ཡོངས་ལ་སྡུག་ཡུས་གཞན་མི་ཡོང་བའི་བསམ་བློ་ཞིག་སྔོན་ལ་བཏང་ཡོད་པ་རེད་དྲན། ལྷག་ཏུ་མེར་བསྲེགས་རྗེས་ནས་གསོན་པའི་གནས་སྟངས་དེ་སེམས་ནང་མི་འདོད་པ་མཐར་ཐུག་ལྟ་བུ་རེད། མདོ་སྨད་ནས་ཡིན་པའི་དཔའ་མོ་ཞིག་གིས། ང་མ་ཤི་ན་ངའི་མགོ་ལ་རྡོ་ཡིས་བརྒྱབ་ནས་གསོད་རོགས། རོ་རྒྱ་ལག་ལ་མ་འཇོག་ཅེས་ཁ་ཆེམས་ཡི་གེ་བཞག་ཡོད་པ་འདི་དཔེ་མཚོན་གཅིག་རེད། ད་ང་ཚོས་ཞིབ་ཚགས་པོས་འབྲི་རྩོམ་བྱེད་པར་ཤུགས་རྒྱག་དགོས་འདུག
བོད་མིའི་སྒྲིག་འཛུགས་དང་སྤྱི་འཐུས་ལྷན་ཚོགས་ཀྱིས་ངོས་ནས་དམའ་མཐའ་ལ་དྲན་དགོས་པ་གཅིག་འདི་ཡང་རེད་དེ། སྒྲིག་འཛུགས་དང་སྤྱི་འཐུས་ཀྱིས་དྲན་མ་དྲན་ལ་མ་ལྟོས་པར། མེར་བསྲེགས་སྐོར་གྱི་གནས་ཚུལ་བསྡུ་རུབ་ལ་ཤུགས་རྒྱག་དགོས་པ་དང་། འདི་མེར་བསྲེགས་སྐོར་གླེང་བའི་རྒྱུ་ཆའི་འབྱུང་ཁུངས་དང་གནད་འགག་ཀྱང་ཆགས་ཡོད།
ད་དུང་མཐོང་ཚུལ་གཅིག་ལ། གསར་འབྱོར་བ་ཚོས་ཕ་ཡུལ་པྱོགས་ལ་ཁ་པར་རྒྱག་ཐེངས་རེར། དམ་དྲག་གི་སྐོར་སོགས་ཉི་མ་རེར་གོ་ཡོང་གི་ཡོད་ནའང་། འདི་ཚང་མ་ཕྱོགས་གཅིག་ལ་སྤུངས་ས་ཞིག་མེད་པ་རེད། འཐུས་ཤོར་ཆེ་ཤོས་གཅིག་འདི་རེད། སྤུངས་ཡུལ་ལམ་རྩིས་སྤྲོད་བྱ་ཡུལ་ཞིག་ཡོད་པ་ཡིན་ན། མེར་བསྲེགས་སྐོར་དང་དེའི་རྗེས་འབྲེལ་གནས་ཚུལ་རིགས་ཁ་གསལ་ཆགས་པར་ཏན་ཏན་ཕན་གྱི་རེད། ཆུང་ས་ནས་ང་ཚོས་འདི་ཚོའི་ཐད་ནས་ཀྱང་གཟབ་ནན་བྱེད་དགོས་པ་ཞིག་རེད་དྲན་ནོ། །
རང་སྲེག་ཀྱི་ལས་འགུལ་འདི་ཁྱབ་བསྒྲགས་ཤུགས་ཆེན་བྱེད་དགོས་པ་ང་ཚོའི་འོས་འགན་གཙོ་བོ་ཞིག་རེད། དེ་ལ་སྤྱིར་བཏང་ལས་ཁུངས་དང་གཞུང་ལམ་གྱི་ཐོག་ཏུ་ངོ་རྒོལ་བྱེད་པ་ལས་གསར་འགྱུར་ལས་ཁུངས་འདི་ཚོའི་སྒོ་འགྲམ་ནས་ངོ་རྒོལ་བྱས་ན་གྲུབ་འབྲལ་བསང་བ་མི་འབྱུང་ངམ་བསམ། དེ་ཡང་འཛམ་གླིང་ཡུལ་ག་ས་གང་དུ་ཉིན་བརྒྱ་དུས་གཅིག་ལ་རང་རང་སོ་སོའི་གསར་འགྱུར་ལས་ཁུངས་ཁག་གི་སྒོ་འགྲམ་ནས་ཟས་བཅད་སོགས་ངོ་རྒོལ་རིགས་སྤེལ་ན་ག་འདྲ་འདུག དགོས་འདུན་ནི་བོད་ནང་དུ་རང་རང་གི་གསར་འགོད་པ་དངོས་སུ་བཏང་ནས་གནས་ཚུལ་རྒྱུས་ལོན་བྱེད་དགོས་པ་སོགས་ལས་ཁུངས་རང་ལ་འབྲེལ་བ་ཡོད་པའི་རིགས་འདོན་དགོས།
རས་སྲེག་གྲངས་ཀ་བརྒྱ་ལ་ལོངས་བའི་དྲན་རྟེན་མངོན་གསལ་ཅན་རེ་བཞག་ན་ཁྱབ་བསྒྲགས་འགྲོ་བར་ཕན་རེད་བསམ་པ་ཡིན། དེ་ཡང་ད་གནས་སྐབས་དྲན་ཚོད་འགའ་ཞིག་ཞུ་ནཿ་
༡༽ སྤྱི་སྒེར་སུ་རུང་གི་ཁང་པའི་ཚོན་བརྩི་དམར་པོ་འམ་མེ་རིས་ཐོངས།
༢༽ སྤྱི་སྒེར་སུ་རུང་གི་འཁོར་རིགས་གི་ཐོག་ཏུ་མིག་ལ་མི་མཛེས་པའི་མེ་རིས་ཕྲིས།
༣༽ སྤྱི་སྒེར་སུ་རུང་གི་དྲ་ཚིགས་ལ་མངོན་གསལ་ཅན་གྱི་འགྱུར་བ་ཐོང་ས།
༤༽ སྤྱི་སྒེར་ཚང་མས་ངོ་དེབ་ལ་ངོ་ཤེས་གང་མང་ཚོལ། གནས་ཚུལ་གང་ཐུབ་སྤེལ། གཞན་ནས་ལོང་། སྤེལ།
༥༽ གསར་འགྱུར་བརྒྱུད་ལམ་ཆེ་ཁག་གི་ལས་ཁུངས་མདུན་དུ་རིམ་བསྟུད་ངོ་རྒོལ་བྱོས།
༦༽ དྲ་རྒྱ་བརྒྱུད་ནས་འབྲེལ་བ་ཡོད་པའི་ངོ་ཤེས་དང་། གྲོགས་པོ་དག་ལ་སྒེར་གྱི་གློག་ཡིག་གང་མང་ཐོངས། གྲོགས་པོས་ཁྱོད་རང་སྨྱོས་མི་འདུག་གམ་བསམ་ཚོད་དུ་གནས་ཚུལ་ཐོངས།
༧༽ གཞན་གྱི་སྦྱིན་བདག་སོགས་ལ་ཡི་གེ་འབྲི་རོགས་བྱེད་སྐབས་དེའི་ནང་དུ་ཡང་བོད་དོན་གང་མང་མང་བླུགས་ནས་ཕྲིས། འདི་འདྲ་བོད་པའི་ནང་དུ་མང་པོ་ཡོང་རྒྱུ་འདུག ལྷག་པར་དུ་གྲ་བའི་སྤྱི་ཚོགས་ནང་དུ་འདུག
༨༽ སྒེར་སོ་སོས་འཕྲུལ་སྒྲའི་ཐོ་བྱང་མེད་ན་གསར་བ་བཟོས་ནས་དེའི་ནང་དུ་བོད་དོན་ཇི་ཐུབ་སྒྲོགས།
༩༽ ཁུ་ཁུ་ནང་དུ་རྒྱ་རིགས་ངོ་ཤེས་རེ་སྐུལ་ཚང་མ་དངས་ལེན་བྱས་ཤིང་། རང་གིས་ཀྱང་གང་མང་བཙལ་ནས་དེ་དག་ལ་བོད་ཀྱི་གནས་ཚུལ་ཐོངས། བྱུང་ན་རྒྱ་ཡིག་ཐོག་ཡིན་དགོས།
༡༠༽ སྒེར་སོ་སོའི་ཆས་གོས་ཀྱི་ཐོག་ནས་ཀྱང་ཕྱིའི་མིའི་མིག་ལམ་དུ་མངོན་གསལ་དུ་འཆར་འོང་བའི་ཐབས་ལམ་སྤྱོད།
དེ་དག་ནི་ང་རང་གིས་སྐབས་ཐོག་འདིར་བྱུང་འཆར་སྒོ་རྣམས་ཡིན། དྲ་གྲོགས་གཞན་རྣམས་ཀྱིས་ཀྱང་འདིའི་ཐོག་ལ་ཞལ་འདེབས་གནང་བར་ཞུ། ང་ཚོས་རྒྱ་ཆེའི་མང་ཚོགས་ལ་བློ་གསལ་གཏོང་གི་ཡོད་པ་རེད།
བཀའ་ཤག སྤྱི་འཐུས། གཞོན་ནུ། བུད་མེད། རང་བཙན་ཆེད་སློབ་ཕྲུག་ཚོགས་པ་སོགས་གཞུང་སྒེར་གྱི་ཚོགས་པ་ཁག་གི་ངོས་ནས་ལས་འགུལ་གོ་སྒྲིག་གང་བྱས་པ་ལ་མཉམ་ཞུགས་བྱེད་དགོས་པ་ནི་འདིའི་ནང་དུ་མ་འདུས།
༦༢་བཀྲིས་གྲོགས་པོ་ལགས། ཁྱེད་རང་གི་གལ་ཆེན་པོ་ཞིག་བཤད་རྒྱུ་དྲང་མོ་ངེས་གནས་ཡིན་། བཙན་གཞུང་གིས་ བོད་ནང་དུ་སྤུན་ཟླའི་ཚེ་སྲོག་བློས་བཏང་དེ་རང་གི་ཕན་པ་ཐོབ་བའི་སྤྱོད་པ་ནི་ཆོས་ལུགས་མཚན་ཉིད་དང་མི་འདྲ་གི་། བཙན་གཞུང་གི་སྲིད་སྐྱོང་རྣམས་ཀྱིས་རང་གི་ཚེ་སྲོག་མེ་མཆོད་ན་ངས་བསམ་ཚུལ་མེད་པ་རེད་།
རང་ལུས་མེར་སྲེག་གི་ལོ་རྒྱུས་ཕྱི་མིས་བྲིས་པ་ཞིག་དྲ་བྱང་འདིར་འདུག
http://news.nationalgeographic.com/news/2012/121130-tibet-burning-protest-china-world/?fb_action_ids=10151257962359869&fb_action_types=og.likes&fb_source=aggregation&fb_aggregation_id=288381481237582
ངས་ནམ་ཡང་འདི་འདྲ་བསམ་ནས་བསྡད་ཡོད་། བོད་མི་ཡོངས་དང་ལྷག་པར་བྱེས་འབྱོར་བོད་མིས་ཕྱོགས་ཡོངས་མཐོང་བའོ་སྒོ་ནས་རྒྱའི་སྲིད་གཞུང་དུས་རྒྱུན་དུ་སུན་པོ་བཟོ་འུ་ཐུབ་དང་རྒྱ་ནག་མི་མང་ལ་བོད་ནང་གི་བོད་མའི་གནས་སྟངས་སྐྱོ་བོ་དེ་ལ་རྟེན་བོད་མི་ཚོས་རང་ལུས་མེར་སྲོག་གི་ཡོད་པ་ངོ་སྤྲོད་གསལ་བོ་ཐུབ་དགོས་བ་མ་ཟད་གཙན་བྱོལ་སྲིད་གཞུང་གི་ལངས་ཕྱོགས་ཀྱང་གསལ་བཤད་བྱ་འུ་ཐུབ་ལྟ་དགོས་། གལ་སྲིད་ང་ཚོས་རྒྱའི་སྲིད་གཞུང་ཕྱོགས་ཡོངས་ནས་སུན་པོ་མ་བྱས་པར་མཐུན་ཐབས་བྱས་ན་མཐའ་མ་འུ་ཚོར་གང་ཡང་མི་ཐོབ་པ་ནི་ལོ་ངོ་དྲུག་ཅུ་མ་ཟིན་ཙམ་གྱི་ནང་གི་བྱུང་རིམ་ལ་ཕྱིར་ལྟོས་བྱས་ན་མཤེས་ཡོང་།
བསམ་ཚུལ་འདུ་འགོད་བྱེད་ཀྱི་འདུག་པ་ཡག་པོ་རེད།
དེ་ནས་དོན་ཚན་དུ་ཆ་བགོས་རྒྱབ་ནས་ཞུ་རྒྱུ་ལ།
དོན་ཚན་དང་པོ། ད་བར་ཉུང་མཐར་བོད་མི་ས་ཡ་གཅིག་དང་འབུམ་གཉིས་ལྷག་ཅིག་གི་ཚེ་སྲོག་དེ་བོད་དོན་གྱི་ཆེད་དུ་ཤོར་བ་རེད། འདིའི་ནང་དེང་སང་ཚེ་སྲོག་ཤོར་བཞིན་པའི་རང་ཉིད་མེར་སྲེག་གི་དོན་རྐྱེན་དེ་ཡང་ཚུད་དགོས་ཀྱི་རེད། ཚེ་སྲོག་འདི་དག་ཤོར་སྔ་ཕྱི་ཙམ་མ་གཏོགས་ཚེ་སྲོག་ཤོར་བ་གཅིག་པ་རེད། དེར་བརྟེན་ང་ཚོས་ཚེ་སྲོག་གི་རིན་ཐང་ལ་དབྱེ་བ་ནམ་ཡང་ཕྱེ་རྒྱུ་ཡོད་མ་རེད། བཤད་སྟངས་གཞན་ཞིག་གི་ལམ་ནས་བཤད་ན། ཚེ་སྲོག་ཤོར་བ་ཕྱི་མ་དེ་ཚོ་གླེང་དུས་སྔ་མ་དེ་ཚོའི་ཚེ་སྲོག་ཤོར་བ་བརྗེད་མི་འོས་པ་རེད་ཟེར་གྱི་ཡོད་ལ། མདོར་ན་ཤོར་ཟིན་པའི་ཚེ་སྲོག་ཡོངས་རྫོགས་ལ་གཅིག་གྱུར་གྱི་རིན་ཐང་འཇོག་དགོས་ཀྱི་རེད།
དོན་ཚན་གཉིས་པ། ང་ཚོ་བཙན་བྱོལ་བོད་གཞུང་མང་གིས་ག་རེ་བྱེད་དགོས་རེད་ཟེར་ཡོང་དུས་ངེས་པར་ཚེ་སྲོག་འདི་དག་གིས་འབོད་སྒྲ་ག་རེ་བསྒྲགས་ཡོད་པ་དེ་ལ་ཕྱིར་བལྟ་བྱེད་དགོས་རེད། དེ་ལ་ཚེ་སྲོག་ཤོར་བ་འདི་དག་ཁོ་ནའི་འབོད་སྒྲ་གླེང་ན།
བོད་བསྟན་སྲིད་གཉིས་ལ་རང་བཙན་ནམ། བོད་ལ་བསྟན་སྲིད་གཉིས་ལ་རང་དབང་དགོས་པ་སྟེ་བོད་ལ་རང་དབང་དགོས་ཟེར་བའི་འབོད་ཚིག་དེ་གླེང་ཡོད་པ་རེད། ༧གོང་ས་མཆོག་བོད་དུ་ཕེབས་འཇུག་དགོས་པའི་དེང་གི་འབོད་སྒྲ་དང་། ༡༩༥༩ ལོར་༧གོང་ས་མཆོག་བོད་ནས་བོད་རང་དབང་རང་བཙན་སླར་གསོའི་ཆེད་དུ་བཙན་བྱོལ་དུ་ཕེབས་སྐྱེལ་ཞུས་པ་འདི་གཉིས་ཀ་ཡང་བོད་རང་བཙན་དང་བོད་རང་དབང་གི་ཆེད་དུ་རེད། དེར་བརྟེན་བོད་མིས་ ༡༩༤༩ ནས་ད་བར་ཚེ་སྲོག་གིས་འབོད་བཞིན་པའི་འབོད་སྒྲ་དེ་ཇི་ལྟར་བསྒྲུབ་དགོས་མིན་དེ་དྲི་བ་ཞིག་ཏུ་གྱུར་ཡོད་པ་རེད།
དོན་ཚན་གསུམ་པ། བསྒྲུབ་བྱ་རང་བཙན་དང་རང་དབང་གང་ཡིན་རུང་སྒྲུབ་བྱེད་ཞི་བའི་འཐབ་རྩོད་ཀྱི་ལམ་དུ་བསྐྱོད་དགོས་པ་དེ་ང་ཚོའི་བགྲོད་ལམ་ཉག་ཅིག་རེད། ཡིན་ནའང་ཞི་བའི་འཐབ་རྩོད་དེ་ནང་ཆོས་ཀྱི་གཞུང་ནས་བཤད་པའི་སྤྱོད་པ་འཚེ་བ་མེད་པའམ་གཞན་གནོད་མི་བྱེད་པའི་བརྩེ་བའི་སེམས་བྱུང་ལག་བསྟར་བྱེད་པའི་དོན་དེར་གོ་རྒྱུ་ཞིག་མ་རེད། ཞི་བའི་འཐབ་རྩོད་ནི་ཕ་རོལ་པོའི་ལུས་སྲོག་ལ་རྨ་མི་གཏོད་ཀྱང་། ཕ་རོལ་པོར་ཕར་རྒོལ་བྱེད་པའི་རང་ཉིད་བློས་གཏོང་གི་ཐབས་ལམ་ཞིག་ལ་ཟེར་བ་རེད། ཞི་བའི་འཐབ་རྩོད་ཀྱི་སྐོར་ལ་འཛམ་གླིང་དུ་བྱུང་བའི་ཞི་བའི་འཐབ་རྩོད་བྱེད་ཐབས་དེ་ཚོ་བེད་སྤྱོད་པ་དང་། ཡུལ་དུས་ལ་དཔག་པའི་ཐབས་བྱུས་ལག་བསྟར་བྱེད་དགོས་པ་རེད།
དོན་ཚན་བཞི་པ། དེང་སང་བཙན་བྱོལ་བོད་གཞུང་གིས་དབུ་མའི་ལམ་གྱི་མིང་ཐོག་ནས་བོད་རིགས་ཡོངས་ལ་མིང་དོན་མཚུངས་པའི་རང་སྐྱོང་ཡོང་ཐབས་ཟེར་བ་ཞིག་རྩོད་ཀྱི་ཡོད་པ་རེད། དུས་རྒྱུན་བོད་དོན་ལ་དངོས་འབྲེལ་དོ་སྣང་སྤྲོད་མཁན་ཞིག་ཡིན་ན་ཧ་གོ་དོན་གསལ་རེད། ཐབས་ལམ་འདི་བརྒྱུད་ནས་བོད་ལ་རང་བཙན་དང་རང་དབང་གཉིས་ཀ་རྩ་བ་ནས་ཐོབ་མི་སྲིད་པ་གསལ་པོ་ཆགས་ཡོད་པ་དེ་ཞིབ་རྒྱས་ཞུ་མི་དགོས་པ་བྱོས། གང་ལྟར་བོད་མིའི་ཚེ་སྲོག་གིས་གླེང་བཞིན་པའི་འབོད་སྒྲ་དེ་དེང་སང་རྩོད་བཞིན་པའི་མི་རིགས་ས་ཁོངས་རང་སྐྱོང་གི་ལམ་འདི་མིན་པ་དེ་གསལ་པོ་རེད། དེར་བརྟེན་ང་ཚོས་རྒྱ་ནག་གི་རྩ་ཁྲིམས་ཀྱི་སྒྲོམ་གཞིའི་འོག་ཏུ་བོད་ཆོལ་ཁ་གསུམ་གྱི་ཁྱོན་དུ་རང་དབང་མང་གཙོ་དང་། འགྲོ་བ་མིའི་ཐོབ་ཐང་དགོས་པའི་ལམ་ཞིག་ལ་དབུ་མའི་ལམ་ཞིག་ཏུ་འཇོག་དགོས་པ་དང་རྩོད་དགོས་པ་དེ་ཁ་ཚ་དགོས་གཏུག་ཆགས་ཡོད། གང་ཡིན་ཟེར་ན། རྒྱ་མིས་གྲོས་མོལ་བྱེད་ཟེར་ན་ང་ཚོས་གླེང་རིན་ཡོད་པ་ཞིག་དང་། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་རྒྱབ་སྐྱོར་ཡོད་པ་ཞིག་གླེང་དགོས་རེད་ལ། རྩོད་དགོས་རེད། དེ་མིན་ང་ཚོས་རྩོད་བཞིན་པ་དེ་དབུ་མའི་ལམ་མི་ཆགས་པར་རྒྱ་མིའི་ལམ་ཆགས་ངེས་པ་རེད་སེམས་ཀྱི་ཡོད། དེར་བརྟེན་གྲོས་ཚོགས་ནས་དགོངས་པ་ཟབ་བཞེས་དང་འབྲེལ་ནས་བཀའ་ཤག་ལ་ལས་དོན་བྱེད་བདེ་བཟོ་དགོས་པ་རེད་བསམ་གྱི་འདུག ༢༠༡༠།༠༣ ནང་བཞག་པའི་དབུ་མའི་ལམ་གྱི་གྲོས་ཆོད་ནི་ངེས་པར་ཕྱིར་བསྡུ་བྱེད་དགོས་པ་ཞིག་རེད། དེ་ཧ་ཅང་སྦུག་དོགས་པའི་གྲོས་ཆོད་ཅིག་རེད།
དོན་ཚན་ལྔ་པ། ཆོས་བརྒྱུད་ཆེན་པོ་བཞི་དང་། གཡུང་དྲུང་བོན་བཅས་ཀྱི་བླ་ཆེན་རྣམ་པ་དང་། ཕྱི་རྒྱལ་ཡུལ་གྲུ་གང་སར་ཆོས་ཚོགས་བཙུགས་ཏེ་ཡོད་པའི་མཁན་པོ་དང་། དགེ་བཤེས། སྔགས་པ་སོགས་མདོར་ན་གཞིས་ལུས་དགོན་སྡེ་ཁག་གིས་རེ་བ་བྱེད་ཡུལ་ཚོས་ཐུགས་དགོངས་ཡག་པོ་བཞེས་དགོས་པ་འདུག་སྙམ་གྱི་འདུག གང་ཡིན་ཟེར་ན། ཁྱེད་རྣམ་པར་དད་པ་དང་དམ་ཚིག་བཅངས་ནས་ཁྱེད་རྣམས་ཀྱི་གཅིན་ཚུན་འཐུང་བ་དང་། ཨ་རི་སྒྲོ་ལོ་དང་ཡུ་རོབ་ཡུ་རོ་སོགས་ཕུལ་རྒྱུ་མེད་ཀྱང་རང་གི་ཚེ་སྲོག་ཚུན་ཁྱེད་རྣམས་ཀྱི་དོན་དུ་གཏོང་ནུས་པའི་གཞིས་ལུས་དགོན་པ་དང་། སྡེ་མི་སེར་དེ་དག་བོད་བསྟན་སྲིད་ཀྱི་ཆེད་དུ་རྒྱ་མིས་སྡུག་སྦྱོང་མྱོང་བཞིན་ཡོད་པ་རེད། ཁྱེད་རྣམས་ནས་བོད་མི་ཞིག་ཡིན་པའི་འགན་ཁུར་འདོད་མེད་པ་སྟེ་ཁྱེད་རྣམས་ཐར་བ་དོན་གཉེར་ཡིན་ཟེར་གྱི་ཡོད་པ་དང་ཡིན་ན་དེས་ཆོག་པས། ཁྱེད་རྣམས་ནས་ཆབ་སྲིད་ཀྱི་བཀའ་མོལ་མ་གནང་ན་ཆོག་ཀྱང་། བོད་བརྒྱུད་ནང་བསྟན་རྩ་མེད་གཏོང་བཞིན་པའི་རྒྱ་མིའི་ལས་དོན་བྱེད་ཕྱོགས་དེ་ལ་དཔག་ནས། འཛམ་གླིང་དང་། རྒྱ་ནག་གཞུང་ལ་ཆོས་ལུགས་རྩ་མེད་གཏོང་བཞིན་པ་མཚམས་འཇོག་དགོས་པ་དེ་བསྟན་པ་དང་རང་གི་གདུལ་བྱའི་དོན་དུ་ག་རེ་བྱས་ནས་གསུང་ཐུབ་ཀྱི་མེད་པ་རེད། དེ་ངེས་པར་གསུང་དགོས་རེད་སྙམ། དེ་གསུང་ཐུབ་ཀྱི་མེད་ན་བསྟན་འགྲོའི་དོན་ཟེར་བ་ཡང་དགོད་བྲོའི་གནས་ལས་ཅང་རིན་ཐང་འདུག་གམ།
དོན་ཚན་དྲུག་པ། བཙན་བྱོལ་བོད་མིའི་སློབ་གྲྭ་ཁག་ཏུ་བོད་ཀྱི་སྲིད་དོན་ལོ་རྒྱུས་སྤྱི་དང་། ལྷག་པར་རྒྱ་ནག་གི་སྲིད་གཞུང་རིམ་བྱུང་གིས་བོད་དུ་བཙན་འཛུལ་དང་། དམར་གསོད། བཙན་གཡེམ་སོགས་བོད་ཀྱི་གནོད་བཅུད་གཉིས་ཀ་ཇི་ལྟར་རྩ་མེད་གཏོང་བཞིན་པའི་སྐོར་དང་། བོད་མིས་སྔ་ཕྱི་བར་གསུམ་དུ་གདོང་ལེན་ཁ་གཏད་ཇི་ལྟར་བྱས་དང་བྱེད་བཞིན་པའི་སྐོར་དེ་སློབ་ཕྲུག་ཚོར་ངེས་པར་སློབ་དགོས་ཀྱི་འདུག ད་བར་བཙན་བྱོལ་བའི་སློབ་གྲྭ་དང་། དམག་སྒར་ཚུན་ཆད་དུ་ཆོས་དགེ་རེ་གཉིས་བཙུགས་ཡོད་ཀྱང་སྲིད་དགེ་གཅིག་ཀྱང་བཙུགས་མེད་པ་དེ་རྩ་བ་ནས་བཅོས་བསྒྱུར་གཏོང་དགོས། མདོར་ན་ཕ་ཡི་ལོ་རྒྱུས་བུ་ཡིས་མ་ཤེས་ན། བུ་དགྲ་གཉེན་ངོ་མི་ཤེས་མཁན་ཅིག་ཏུ་འཚར་རྒྱུ་རེད། འདི་ཚང་མའི་ཐུགས་ལ་འཇོག་རོགས་ཟེར་གྱི་ཡོད།
དོན་ཚན་བདུན་པ། གཞན་ཞུ་དགོས་པ་ཁག་ཅིག་གོང་དུ་བཤད་ཚར་འདུག་པས་བསྐྱར་སྤྲོས་མ་བྱས། འོན་ཀྱང་ཚོར་ཤུགས་འཕར་བའི་བཀའ་མོལ་ཁག་ཅིག་གནང་འདུག་པ་དེ་དག་ནི་དེ་འདྲ་ཞིག་རེད།
གོང་དུ་དྲ་གྲོགས་ཁག་ཅིག་གིས་རྩོམ་ཡིག་འབྲི་ཐུབ་ཀྱི་མི་འདུག་གསུངས་པ་དེ་བདེན་པ་རེད། སྔ་ལོ་༼བོད་མིའི་ཚེ་སྲོག་གིས་གླེང་བའི་བོད་དོན་སྒྲུབ་ཕྱོགས། ༡༩༤༩-༢༠༡༢༽ ཟེར་བའི་བརྗོད་གཞི་ཞིག་བོད་ཀྱི་དུས་བབ་དང་། བོད་ཀྱི་བང་ཆེན། ཤམ་བྷ་ལ་དྲ་ཚིགས། ཁ་བརྡ་དྲ་བ། སྒེར་གྱི་ཟིན་བྲིས་བཅས་སུ་ཤུགས་ཆེན་པོས་བཀྲམས་པ་ཡིན། སྐབས་དེར་སྨྱུག་ཁ་གནད་ལ་ཕོག་པའི་རྩོམ་ཡིག་གནང་མཁན་མི་འདུག ང་ཚོས་ཟླ་བ་གཉིས་ལྷག་ཕྱིར་འགྱངས་བྱས་ཏེ་རྩོམ་ཡིག་སྒུག་ཀྱང་གནང་མཁན་མི་འདུག མཐའ་མ་༧གོང་ས་མཆོག་གི་ ༡༩༥༩ ལོའི་ཤིན་ཏུ་གལ་ཆེའི་གསར་འགོད་གསལ་བསྒྲགས་དང་། བཀའ་སློབ། བཀའ་ཟུར་ཁག་གི་དགོངས་ཚུལ་གནང་བ་དང་ཆེད་ཞུས། རྩོམ་པ་པོ་ཁག་ཅིག་ལ་རེ་སྐུལ་ནན་མོ་ཞུས་ཏེ་གནང་བའི་རྩོམ་ཡིག་ཁག་ཅིག་བཅས་ཕྱོགས་བསྒྲིགས་བྱས་ཏེ་དེབ་དེ་འདི་ལོ་ཕྱི་ཟླ་གཉིས་པའི་ལོ་གསར་གྱི་སྔ་ནུབ་ཏུ་སྤྱི་འཐུས་ཚོགས་གཞོན་དང་། བདེ་སྲུང་བཀའ་བློན་གྱིས་གངས་སྐྱིད་སྤྱི་ཐབ་ཁང་དུ་སྒོ་འབྱེད་བྱས་པ་རེད། སྐབས་དེར་ང་ཚོས་གསར་འགོད་གསལ་བསྒྲགས་ཀྱི་ལམ་ནས་ཞུ་རྒྱུ་བྱུང་། མ་འོངས་པར་ལས་དོན་མུ་མཐུད་སྤེལ་རྒྱུ་ཡིན་པ་དང་། སྐབས་དེར་རྩོམ་པ་པོ་དང་། བསམ་བློ་བ་ང་ཡིན་ཟེར་མཁན་དེ་ཚོ་ཐོན་ཤོག་དང་། རྩེ་ཕུད་བྱ་དགའ་དང་རྩོམ་ཡོན་ཚུན་ཕུལ་ཆོག་ཞུ་རྒྱུ་བྱུང་། དེ་ང་ཚོ་རྒྱུ་ཆེ་ནས་མིན་པར་འུ་ཐུག་ནས་རྒྱུ་བསྟན་ན་འབྲི་མཁན་ཡོང་རེ་བྱས་པ་ཡིན། ངས་ག་རེ་ཞུ་གི་ཡོད་ཟེར་ན། སྨྱུག་ཁ་བོད་དོན་ཐོག་བསྐོར་རོགས་ཟེར་གྱི་ཡོད།
ནུབ་ཕྱོགས་རྒྱལ་ཁབ་རྣམས་ཀྱིས་རྟག་ཏུ་དྲང་བདེན་དང་དམངས་གཙོ་ཆེས་མཐོ་ས་ཤིག་ཏུ་བཞག་ནས་གནས་ཚུལ་ཚང་མར་འགྲེལ་བཤད་རྒྱག་གི་ཡོད་པས། ད་ལྟ་ལོ་རྒྱུས་ཐོག་བྱུང་མ་མྱོང་བ་མི་གྲངས་དགུ་བཅུ་ལྷགས་ཙམ་གྱིས་རང་སྲེག་བྱས་ཟིན་པ་དང་ད་དུང་ཡང་བྱེད་སྲིད་པའི་ཛ་དྲག་གི་ཞག་མ་ཆུ་ཚོད་འདི་དག་ནང་དུ་འཛམ་གླིང་སྤྱི་མི་དང་། ལྷགས་དོན་ནུབ་ཕྱོགས་དམངས་གཙོའི་རྒྱལ་ཁབ་རྣམས་ཀྱི་མི་དམངས་ཚོའི་ཀུན་སྤྱོད་ཐོག་ཁ་ཞེ་གཉིས་མེད་ཡིན་མིན་གྱི་ཚད་མཇལ་ཞིག་བྱེད་དང་བྱེད་བཞིན་པ་ཡིན་པས་བོད་དོན་ལ་ཐུགས་ཁུར་བྱེད་མཁན་ཀུན་གྱིས་རང་ཉིད་རྒྱལ་ཁབ་གང་དུ་ཡོད་པ་དེ་ཉིད་ཀྱི་རྒྱལ་ཁབ་སྲིད་འཛིན་ཀུན་ལ་རང་ལུས་མེར་སྲེག་གི་སྡུག་བསྔལ་འདི་ཡི་གེ་རུ་ཕབ་ནས་བསྐུར་བར་རེ་འབོད་བྱེད་དགོས། ལྷགས་པར་དུ་ཨ་རི་ནས་འདི་ལྟ་བུའི་ཡི་གེ་ཁྲི་གཅིག་ཙམ་ཞིག་བསྡུ་རུབ་བྱས་ནས་དེ་དག་མེར་སྲེག་གི་རི་མོ་ཡོད་པའི་ཡིག་སྒམ་ཆེན་པོ་ཞིག་གི་ནང་བཅུག་ནས་རྔམ་རྗིད་ལྡན་པ་དང་། འཇིག་རྟེན་སྐྱེ་བོ་མང་པོའི་མཐོང་ཆོས་སུ་འགྱུར་ཐབས་བྱས་ནས་ཕོ་བྲང་དཀར་པོར་བསྐྱེལ་དགོས་པ་དང་། ཨ་རྦ་མ་ངོ་མས་རྩིས་ལེན་འཕྲོད་ཐབས་ཞིག་འབད་ཐུབ་ན་ཡག་པོ་འདུག བྱ་བ་འདི་དག་སློབ་ཕྲུག་ཚོགས་པ་སོགས་ཀྱིས་འགོ་ཁྲིད་ནས་ཛ་དྲག་ངང་སྤེལ་དགོས་པ་མ་གཏོགས། དེ་རིང་རྒྱ་ནག་ཆེས་མཐོའི་ཁྲིམ་ཁང་ནས་བཏོན་པའི་ཡིག་ཆ་དེ་ཚོར་བལྟས་ན་རྒྱ་གཞུང་ནས་མ་ཉེས་ཁ་གཡོག་གི་དྲག་རྡུང་ཞིག་རང་སྲེག་དང་འབྲེལ་ནས་སྤེལ་བའི་ཉེན་ཁ་འདུག་ལ། མགོ་ལོག་འཇིགས་མེད་ཀྱི་གནས་བབས་དེ་རྒྱལ་སྤྱིའི་སྟེང་ཁྱབ་བསྒྲགས་ཆེན་པོ་བྱེད་མ་ཐུབ་ན་ཁོང་ལ་སྲོག་ཉེན་ཡང་ཡོད་པ་འདུག
ཡ་ཡ་་་ཡང་དེ་རིང་གཅིག་བཤད་སྙིང་འདོད་སོང་། མེ་བསྲེགས་དོན་རྐྱེན་འབྱུང་ཁུངས་ངོ་མ་དེ་རྒྱ་གཞུང་གིས་བྱས་འབྲས་ཡིན་པ་ལས་བོད་མིའི་བཟོས་བཞག་པ་ཞིག་གང་ཡང་མིན་པས་ནང་ཁུལ་དུ་ཁ་བརྡུང་དགོས་དོན་མི་འདུག །དེ་རིང་གླེང་སྟེགས་འདིའི་ནང་དུ་མང་ཤོས་ཀྱིས་སོ་སོའི་བསམ་ཚུལ་ཡག་པོ་འདྲ་བཤད་ཁུལ་བྱས་འདུག་པ་མ་ཟད་ནམ་རྒྱུན་ནང་ཁུལ་དཀྲུགས་ཤིང་མཁན་དེ་ཚོ་ཡང་དངོས་སུ་མཐོང་ཡུལ་དུ་ཉུང་ཉུང་ཞིག་ལས་མི་འདུག །ཕྱོགས་རིས་གདོན་གྱི་སྨྱོས་པ་རེ་ཟུང་ནི་ལས་འགན་གྱི་དབང་གིས་ཡིན་པར་འདྲ། ཆོ་ངེ་འདོན་བཞིན་དུག ། སྙིང་རྗེས་ཡུལ་ཞིག་ནི་བོད་ནང་གིས་དཔའ་བོ་དཔའ་མོ་དག་གིས་མེ་བསྲེག་སྐབས་སུ་འབོད་ཚིག་འགྲིག་མིན་བཤད་མཁན་ཞིག་དེ་རིང་འདི་ནས་གསར་དུ་མཐོང་སོང་། དེའི་ལེན་དུ་འདི་ཡིན་་་་་སྙིང་རྗེ་ཁྱོད་ཁག་མེད། ༧གོང་ས་ཡིད་བཞིན་ནོར་བུ་ལས་ལྷག་པ་ཞིག་བོད་རྒྱ་ཁབ་དང་མི་རིགས་ཀྱིས་ངོ་བོ་མཚོན་བྱེད་ཞིག་དང་། བསམ་པའི་གཙོ་འཛིན་ཞིག །དེ་བཞིན་ཁོང་ལས་ལྷག་པའི་བོད་མི་རིགས་ལ་བཀའ་དྲིན་ཆེ་བ་ཞིག་མེད་པར་ཁོང་ཚོས་ཤེས་ནས་དེ་ལྟར་འབོད་ཀྱིན་ཡོད་པ་རེད།
དྲིས་བ་གཉིས་འདུག
།དང་པོ་མེ་སྲེག་ཐད་ཅི་བྱ། མྱུར་དུ་མཚམས་འཇོག་བྱས་ན་བཟང་སྙམ། གང་ཡིན་ཞུ་ན་ང་ཚོའི་ཁོག་པའི་སྙིང་དང་དཔྲལ་བའི་མིག་ལྟ་བུའི་བོད་མི་དགུ་བཅུ་གོ་གཅིག་མེ་ལ་བསྲེགས་ཀྱང་ཕན་འབྲས་ཏིལ་འབྲུ་ཙམ་ཡང་མེད་པས་སོ།
གཉིས་པ་མེ་སྲེག་ཐད་ཅི་འགབ། ང་ཚོས་ངེས་པར་དུ་བསྲེགས་ཚར་བའི་རྒྱལ་གཅེས་དཔའ་བོ་དཔའ་མོ་ཚོའི་མངོན་འདོད་གང་ཡིན་གསལ་བོར་རྟོགས་དགོས་པ་དང་མཉམ་དུ་རེ་འདུན་ཆུད་ཟོས་སུ་གཏོང་མི་རུང་སྙམ། དེ་ནི་ཁ་ཞེ་གཉིས་གཉིས་མེད་ངང་བོད་རང་དབང་རང་བཙན་ཐོབ་ཏེ་རྒྱལ་བ་རིན་པོ་ཆེ་རང་ཡུལ་ལ་འཁོར་བའི་དུས་ཚོད་ཅིག་འཆར་ཨེ་ཐུབ་ལྟ་ཡ་དེ་དང་། ཤུལ་བཞུགས་བོད་མི་རེ་རེས་རང་འགན་ཁུར་ནས་བོད་ཀྱི་འཐབ་རྩོད་ཀྱི་ངོ་བོ་བརླག་མི་རུང་བ་དང་། བོད་ཀྱི་མི་རིགས་ཀྱི་སྲོག་རྩ་སྐད་ཡིག་དང་ཆོས་རིག་གཞུང་མི་ཉམས་གོང་འཕེལ་དང་ཉམས་པ་སླར་གསོ་བྱེད་དགོས་པ་དེ་རེད། །
འདིའི་སྐོར་ལ་བོད་མིའི་སྒྲིག་འཛུགས་ཡིན་ནམ་དེ་དང་ཚོགས་སྡེ་གཞན་སུ་ཡིན་ཡང་མྱ་ངན་གུས་འདུད་ཞུས་ན་ལེགས། ནང་མི་སྤུན་ཟླ་ཚོར་སེམས་གསོ་ཞུས་ན་བཟང་། བོད་སྤྱི་པའི་དོན་ལ་རང་སྲེག་བྱེད་མཁན་ཚོ་དང་ཁོང་ཚོའི་སྙིང་སྟོབས་ལ་བསྔགས་བརྗོད་བྱས་ན་བཟང་། འདི་ཙམ་བྱེད་མ་ཕོད་ན་སྐྱོན་རེད། དེ་ཚོ་བྱེད་པའི་ཐོབ་ཐང་བོད་མི་ཡིན་ཚད་ལ་ཡོད། ཡིན་ན་ཡང་མི་སུ་ལ་ཡང་བོད་སྤྱི་པའི་ཆེད་དུ་གསོན་སྲེག་བྱེད་དགོས་ཟེར་བའམ་ཡང་ན་་གསོན་སྲེག་བྱེད་མི་རུང་ཟེར་བའི་ཐོབ་ཐང་མེད། ཧ་ཅང་གཟབ་དགོས། རྒྱ་དམར་གཞུང་གིས་དེང་སང་རྒྱལ་བ་རིན་པོ་ཆེའི་ཞལ་ནས་ཚིག་གཉིས་ཨེ་ཤོར་ལ་བསྒུག་བསྡད་ཡོད། དེ་ནི་རྒྱལ་བ་རིན་པོ་ཆེས་བོད་མི་ཚོར་རང་སྲེག་ཐོངས་ཟེར་བའམ་ཡང་ན་རང་སྲེག་མ་གཏོང་ཟེར་བ་དེ་གཉིས་གང་རུང་ཞིག་ཡིན། དེ་གཉིས་གང་ཡིན་ཡང་རྒྱ་དམར་གཞུང་གི་འདོད་མོས་འགྲུབ་ཀྱི་ཡོད། གལ་སྲིད་རྒྱལ་བ་རིན་པོ་ཆེས་བོད་མིས་རང་སྲེག་མ་གཏོང་ཞེས་གསུངས་ནས་བོད་མིས་རང་སྲེག་གཏང་རྒྱུ་མཚམས་བཞག་ན་ཡང་རྒྱ་དམར་གྱིས་དེ་རྒྱལ་བ་རིན་པོ་ཆེས་ཡག་པོ་བྱས་སོང་ཟེར་རོགས་ནམ་ཡང་བྱེད་ཀྱི་མ་རེད།
རང་སྲེག་ལ་ཕན་འབྲས་ཏིལ་འབྲུ་ཙམ་མེད་ཅེས་ཐག་བཅད་པ་དེ་མི་བདེན། རང་སྲེག་འདིས་བོད་མི་ཚོར་ཆབ་སྲིད་ཀྱི་གོ་རྟོགས་སེམས་ཤུགས་སྤར་བཞན་ཡོད། ང་ཚོ་བོད་མི་ཚོར་ཆབ་སྲིད་ཀྱི་གོ་རྟོགས་སེམས་ཤུགས་ཧ་ཅང་ཆུང་། དེ་ནི་བོད་རང་བཙན་ཤོར་བའི་རྒྱུ་རྐྱེན་ངོ་མ་གཅིག་ཡིན་ལ་བོད་རང་བཙན་མི་ཐོབ་པའི་རྒྱུ་རྐྱེན་ལྟེ་བ་དེ་ཡང་ཡིན་པས་བོད་མི་ཞིག་གིས་བོད་མི་མང་གི་དོན་ལ་རང་གིས་སྲེག་ཡོང་ན་བོད་མི་སུ་ཡིན་ཡང་སེམས་ལ་ན་ཚ་ཞིག་གཏོང་གི་ཡོད། ན་ཚ་དེ་ནི་གོ་རྟོགས་ཤིག་ཡིན་ལ་སྟོབས་ཤུགས་ཤིག་ཏུ་འགྱུར་བཞན་ཡོད། རྒྱ་ནག་མི་མང་ལ་ཡང་གོ་བརྡ་གཏོང་ཟབ་མོ་ཞིག་སྤྲོད་བཞིན་ཡོད་པ་དང་རྒྱ་དམར་གཞུང་གིས་ཀྱང་བོད་དོན་ལྟ་སྟངས་ལ་འགྱུར་བ་ཆེན་པོ་གཏོང་བཞིན་ཡོད། འགྱུར་བ་གཏོང་བཞིན་པ་དེ་མིག་མཐོང་ལག་ཟིན་ཡིན། སྔོན་མ་མཚོ་སྔོན་དང་སི་ཁྲོན་ཁོངས་ཀྱི་བོད་ཀྱི་ས་གནས་དེ་ཚོའི་བོད་མི་ལ་བོད་མི་ཡིན་པར་ངོས་འཛིན་མཁན་ཡང་ཉུང་ཉུང་ཡིན། དེང་སང་ཁམས་དང་ཨ་མདོའི་བོད་རིགས་ཚོ་ཡང་བོད་རིགས་ཀྱི་མིང་བཏགས་པ་ཙམ་མ་ཡིན་པར་བོད་དོན་གྱི་ན་ཚ་ཡོད་པ་དེ་རྒྱ་ནག་མི་མང་ལ་ངོ་འཕྲོད་བཞིན་ཡོད། དེ་དང་བསྟུན་ནས་བོད་རང་སྐྱོང་ལྗོངས་ཀྱི་ཕྱི་ལོགས་ཀྱི་བོད་རིགས་ས་ཁུལ་ཁག་ཀྱང་བོད་ལྗོངས་དང་གཅིག་མཚུངས་དུ་ཁ་བྲལ་ལ་དྲག་གནོན་གྱི་ལས་འགུལ་དམ་དྲག་ཆེ་རུ་བཏང་ཡོད། དེ་ནི་ཆབ་སྲིད་ཀྱི་ཕྱོགས་ནས་ཡར་རྒྱས་ཤིག་ཏུ་ངོས་བཟུང་མི་ཆོག་པ་མེད།
བྷོད་མི་ཚོར་འཐབ་རྩོད་ཀྱི་མ་ཁ་མང་པོ་ཞིག་མེད།
ཐོག་མར་བོད་མི་ཚོས་དྲག་པོའི་གཡུལ་འགྱེད་བྱས་ནས་རྒྱ་མི་འགོག་ཐབས་བྱས། རྒྱ་མི་དེ་ལ་ཡ་ལན་ཡག་པོ་ཞིག་མ་སྤྲད།་དེ་ནས་པན་ཆེན་རིན་པོ་ཆེ་དང་རྒྱལ་བ་རིན་པོ་ཆེས་གཙོས་པའི་མི་སྣ་གནད་ཡོད་ཚོས་རྒྱ་གཞུང་ལ་སྙན་ཞུ་འབུལ་བ་སོགས་གྲོས་མོལ་གྱི་ལམ་ནས་གོ་བརྡ་ཨེ་འཕྲོད་བལྟས་ཀྱང་ཉན་རོགས་མ་བྱས། མི་མང་སྡེབས་ལངས་བྱས་ནས་ཁྲོམས་སྐོར་བྱས་ན་ཡང་སྡེབས་གསོད་བཏང་། ད་སྙིང་སྟོབས་ཅན་ཚོས་བོད་མི་མང་གི་ན་ཚ་དེ་སྟོན་པའི་ཆེད་དུ་རང་སྲེག་གི་ཡོད་པ་རེད། ཁོག་ན་སྙིང་ཡོད་མཁན་ཞིག་ཡིན་ན་མི་ཞིག་ཁྱེད་ཀྱི་སྒོ་རྩར་ཡོང་ནས་རང་ལུས་དྲོན་པོ་ལ་མེ་སྦར་ནས་ཞུ་བ་བྱེད་ཡོང་ན་མ་མཐའ་ཡང་བསམ་བློ་རེ་གཏོང་དགོས་ཐུག་གི་རེད་བསམ།
རྒྱ་དམར་གཞུང་གིས་དེང་སང་རྒྱལ་བ་རིན་པོ་ཆེའི་ཞལ་ནས་ཚིག་གཉིས་ཨེ་ཤོར་ལ་བསྒུག་བསྡད་ཡོད། དེ་ནི་རྒྱལ་བ་རིན་པོ་ཆེས་བོད་མི་ཚོར་རང་སྲེག་ཐོངས་ཟེར་བའམ་ཡང་ན་རང་སྲེག་མ་གཏོང་ཟེར་བ་དེ་གཉིས་གང་རུང་ཞིག་ཡིན། དེ་གཉིས་གང་ཡིན་ཡང་རྒྱ་དམར་གཞུང་གི་འདོད་མོས་འགྲུབ་ཀྱི་ཡོད། གལ་སྲིད་རྒྱལ་བ་རིན་པོ་ཆེས་བོད་མིས་རང་སྲེག་མ་གཏོང་ཞེས་གསུངས་ནས་བོད་མིས་རང་སྲེག་གཏང་རྒྱུ་མཚམས་བཞག་ན་ཡང་རྒྱ་དམར་གྱིས་དེ་རྒྱལ་བ་རིན་པོ་ཆེས་ཡག་པོ་བྱས་སོང་ཟེར་རོགས་ནམ་ཡང་བྱེད་ཀྱི་མ་རེད། ཟེར།
སྤོབས་པ་མཐའ་ཡས་ནས་དགོངས་ཚུལ་ཧ་ཅང་ལེགས་པོ་ཞིག་གསུང་འདུག་་་་་དེང་སང་རྒྱ་ནག་གིས་ཧ་ཅང་རེ་སྒུག་བྱེད་ཀྱིན་པ་འདི་རེད་གོང་ས་མཆོག་གིས་མེར་སྲེག་མ་གཏོང་རོགས་ཞེས་འབོད་བསྐུལ་ཞུ་བ་ལ་རེ་སྒུག་བྱས་ཡོད་པ་གསལ་བོ་རེད་དེ་འདྲ་ཡིན་ཙང་ང་ཚོས་བསམ་ཚུལ་བཤད་དུས་གཟབ་དགོས་པ་གལ་ཆེན་པོ་རེད་འགྲོ་བ་མིའི་ཚེ་སྲོག་གལ་ཆེན་གྱིས་བདེན་པ་རྩ་ཆེན་དེ་ཚེ་སྲོག་གིས་རྩོད་ཀྱིན་རེད།་ཚང་མའི་ཐུགས་བསམ་བཞེས་ནས་དགོངས་ཚུལ་ལྷུག་པོར་གསུང་པའི་རེ་བ་ཤིན་ཏུ་ཆེ།།
རང་ལུས་མེར་བསྲེགས་མཚམས་འཇོག་དགོས་སམ་མི་དགོས།
ཁྲི་རལ་པས་བྲིས།
ད་ཆ་བོད་ནང་བོད་མི་རྒན་གཞོན་དང་ཕོ་མོ་སེར་སྐྱ་དབྱེ་བ་མེད་པར་མི་92གིས་གཙོ་བོ་༧གོང་ས་སྐྱབས་མགོན་ཆེན་པོ་ཕྱིར་ཕེབས་དང་བོད་ནང་རང་དབང་གཙང་མ་ཅིག་ཡོང་ཆེད་དུ་རང་ལུས་མེར་བསྲེགས་གནང་ཟིན་ཡོད།བོད་མི་དེ་ཚོ་ཀུན་གྱིས་ང་ཚོ་བོད་མི་རེ་རེའི་རང་དབང་དང་བདེ་སྐྱིད།འཚོ་གནས་དང་རིག་གཞུང་གི་ཆེད་སྲོག་བཏང་བ་ཡིན་དུས།མིའི་གཤིས་ཀ་དང་བསམ་བློ་ཡོད་པའི་བོད་མི་ཅིག་ཡིན་ན་མར་མེ་ཁྲོམ་བསྐོར་དང་མཆོད་འབུལ་བསྔོ་སྨོན་གྱི་ཆོ་ག་ཕྱག་ལེན་ཙམ་བྱས་ཏེ་འཇམ་ཐིང་ཐིང་བསྡད་ཚད་མ་རེད།ཡག་སྡུག་ག་རེ་བཤད་ན་བོད་མིའི་འཐབ་རྩོད་ཀྱི་འགོ་ཁུངས་ངོ་མ་དང་ཁ་ལོ་བསྒྱུར་ཐུབ་མཁན་དངོས་བཙན་བྱོལ་ནང་ཡོད་པ་བརྗེད་མི་ཉན།འོན་ཀྱང་།བཙན་བྱོལ་གྱི་གནད་ཡོད་ཚོས་ད་སྔ་རང་ལུས་མེར་བསྲེགས་སྟེང་གནད་འགག་གི་སྐད་ཆ་གཉིས་བཤད་ཡོད་པ་ནི།ཁོང་ཚོར་བོད་ནང་བཀའ་གཏོང་རྒྱུའི་དབང་ཆ་མེད་པ་དང་བོད་ནང་གི་བོད་མི་ཐབས་ཟད་འུ་ཐུག་གིས་མེར་བསྲེགས་བཞིན་པ་དེ་རེད།
ཡིན་ནའང་།བཀའ་གཏོང་དབང་ཡོད་ནས་བོད་རང་བཙན་དང་དབུ་མའི་ལམ་བོད་རིགས་ཡོངས་ལ་རང་སྐྱོང་ཡོང་བའི་བསམ་འཆར་ཡིག་ཆ་སོགས་གཞུང་དང་ཚོགས་པ་ཁག་གིས་གཏན་འབེབས་དང་ཐ་ན་རྒྱ་ནག་གཞུང་ལའང་ཕུལ་ཡོད་པ་རེད།དབང་ཆ་མེད་ན་བོད་ནང་གི་བོད་མིར་མོས་ཤོག་མ་བསྡུས་པར་རྩ་དོན་དེ་རིགས་གང་འདྲ་བྱས་ཏེ་ཐག་གཅོད་ཐུབ་བམ།དེར་བརྟེན་བཀའ་གཏོང་དབང་མེད་ཟེར་བ་དེ་འགན་ཁུར་ལ་གཡོལ་ཐབས་ཀྱི་མགོ་བདེ་བོའི་བསམ་བློ་ཅིག་རེད་སྙམ།ང་རང་གིས་བསམ་ན་ད་ལྟ་ཕལ་ཆེར་ཉི་མ་རེ་རེར་རང་ལུས་མེར་བསྲེགས་བྱུང་བཞིན་པའི་ཆེས་ཛ་དྲག་གི་གནས་བབ་འདིར།བྱེས་ཀྱི་བོད་མི་ཚོས་ཁྲལ་སྒྲུབ་ཙམ་གྱི་ལས་འགུལ་རེ་སྤེལ་ཏེ་ལྟད་མོ་བའི་ངང་ཚུལ་དང་སོ་སོར་གདེང་མེད་པའི་སྒོ་ནས་མི་འདུག་པར།ངེས་པར་ཡག་སྡུག་གི་ཕན་ཁྱད་འདོན་ཐུབ་པའི་ཐག་གཅོད་ཅིག་གནང་རན་རེད།
མེར་བསྲེགས་མུ་མཐུད་གཏོང་བཅུག་རྒྱུ་ཡིན་ན།
༡ད་སྔ་བར་བཞུགས་སྒར་དུ་ཛ་དྲག་འཚོགས་ཆེན་མང་པོ་བསྐོངས་ཏེ་གྲོས་ཆོད་མང་པོ་ཅིག་བཞག་པ་རེ་རེ་བཞིན་བཀླགས་མོད།ཛ་དྲག་ལ་འཕྲལ་མར་ཕན་ནུས་འདོན་ཐུབ་པ་དོན་ཚན་གཅིག་ཀྱང་མཐོང་མ་སོང་བས།ད་རྒྱ་གར་དུ་བོད་གཞུང་དང་ཚོགས་པ་ཁག་ཡོངས་རྫོགས་མཉམ་རུབ་ཀྱིས་བོད་ཀྱི་བླ་ཆེན་མི་ཆེན་ཀུན་པོས་སྣེ་ཁྲིད་དེ།བོད་བསྐྱོད་ཀྱི་ལས་འགུལ་ལོ་རྒྱུས་ནང་བྱུང་མ་མྱོང་བ་ཅིག་སྤེལ་ནས་བཟང་ཐག་ངན་ཐག་ཆོད་པའི་སྐེ་མཚམས་ལ་བསྐྱལ་རན་རེད་མ་གཏོགས།མི་སྒེར་བའི་ལས་འགུལ་དང་ལྷག་བསམ་གླིང་ཚ་ཚེ་རྡོར་གྱི་རྗེས་སུ་འགྲོ་ཀི་རེད།
༢ཕྱི་རྒྱལ་ཁག་ཏུ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ལས་ཁུངས་དང་རྒྱ་ནག་གཞུང་ཚབ་ཁག་མདུན་ད་བོད་རིགས་ཚོགས་པ་དང་བོད་དོན་རྒྱབ་སྐྱོར་ཚོགས་པ་ཚོས་མ་ཤི་བར་གྱི་ཟས་བཅད་ངོ་རྒོལ་སྤེལ་དུས་ལ་བབ་ཡོད་པ་རེད།
༣བོད་ནང་གནས་ཚུལ་ཇི་ཙམ་ཛ་དྲག་ཡིན་ནའང་ང་རང་ཚོ་ནམ་རྒྱུན་ལྟར་ལྷོད་བསྡད་བྱས་པ་དེས་ཕྱོགས་གཅིག་ནས་རྒྱལ་སྤྱིས་དོ་སྣང་ཡོང་བར་གནོད་ཚབ་ཆེན་པོ་རེད་སྙམ།ང་ཚོ་སོ་སོས་ཛ་དྲག་འདི་ཕྱི་ལ་གསལ་སྟོན་དང་ཐབས་སྣ་ཚོགས་ཀྱིས་འཁྲུག་པོ་བཟོ་ཐུབ་ན།ཉེ་ལམ་གྱི་ཨི་ཟི་རལ་དང་པ་ལི་སི་ཐན་གྱི་གནད་དོན་ནང་བཞིན་རྒྱལ་སྤྱིས་ཛ་དྲག་གིས་ཇུས་འཁྲི་བྱེད་སྲིད་པ་རེད།
༤བོད་ནང་གི་བོད་མི་ཚོར་ཡང་འདི་ག་ནས་བོད་ས་ཁྱོན་ཡོངས་སུ་ཞི་རྒོལ་སྡེབས་ལངས་དང་ལས་འགུལ་སྤེལ་ལུགས་ཀྱི་བཀོད་ཇུས་ཚུན་ཆད་གཏོང་འོས་པ་དང་དགོས་ངེས་རེད།
༥དེ་འདྲ་ཡོངས་ཁྱབ་ཀྱི་ཤི་ཐག་གསོན་ཐག་ཆོད་པའི་ལས་འགུལ་ཅིག་གནང་ཐུབ་ན་རྒྱ་ནག་གཞུང་གིས་ཚུར་བོད་མིར་འཇམ་མཁས་བྱེད་དགོས་པ་ཅིག་ཡོང་སྲིད་པ་རེད།
མེར་བསྲེགས་མཚམས་འཇོག་ན།
༡བཙན་བྱོལ་དང་བོད་ནང་གཉིས་ཆར་མེར་བསྲེགས་སྐོར་ལ་བསམ་ཚུལ་མི་མཐུན་པ་གསུམ་ཡོད་པ་གསལ་བོ་རེད།མང་པོ་ཅིག་གིས་མེར་བསྲེགས་མཚམས་བཞག་ན་ཛ་དྲག་གནས་བབ་ཞི་འཇམ་དུ་ཕྱིན་ཏེ་སྔོན་མའི་མེར་བསྲེགས་རྣམས་ལོ་རྒྱུས་ཙམ་དུ་འགྱུར་བར་སེམས་ཁྲལ་བྱེད་ཀྱི་འདུག་མོད།ལས་འགུལ་གང་ཡིན་ལོ་རྒྱུས་སུ་འགྱུར་རྒྱུ་ཆོས་ཉིད་དང་དེས་ནུས་པ་འཐོན་མིན་ཡུལ་དུས་གནས་བབ་མང་པོ་ཅིག་ལ་ལྟོས་ཡོད་པ་རེད།
༢རང་ལུས་མེར་བསྲེགས་མཚམས་འཇོག་འདོད་ན་བླ་ཆེན་མི་ཆེན་ཡོངས་ནས་རེ་སྐུལ་ནན་པོ་གནང་ན་བོད་ནང་མི་ཚོས་ཏན་ཏན་གསན་ཀི་རེད།ད་ལྟ་ཁོང་ཚོར་ཁག་མེད་པ་ཅིག་མདོ་སྨད་ཁུལ་དུ་བོད་མི་བརྒྱ་དང་བརྒྱད་མེར་བསྲེགས་ན་བོད་ལ་རང་དབང་ཐོབ་རྒྱུ་༧གོང་ས་མཆོག་གིས་གསུང་ཚུལ་གྱི་དཀྲོག་གཏམ་ཅིག་ཁྱབ་ཡོད་པ་ཡོངས་གྲགས་དང་།དེའི་སྣོན་པར་བཙན་བྱོལ་དུ་མེར་བསྲེགས་མ་གནང་ཟེར་བ་གོ་རྒྱུ་མེད་པ་རེད།
༣དེ་སྔ་ཟམ་གདོང་རིན་པོ་ཆེའི་འཛིན་སྐྱོང་གི་སྐབས་ཁམས་ཕྱོགས་སུ་ས་ཞིང་མི་འདེབས་པར་རྒྱ་རྒོལ་ལས་འགུལ་སྤེལ་བ།ས་གནས་བོད་མི་ཚོར་གྱོང་གུད་ཚབ་ཆེན་ཡིན་པས་ལས་འགུལ་དེ་མཚམས་འཇོག་རོགས་ཞེས་ཟམ་གདོང་རིན་པོའི་བཀའ་ཤག་གི་ངོས་ནས་དངོས་སུ་འབོད་སྐུལ་ཞུས་པར་བོད་མིས་གསན་འཇོག་གནང་ཡོད་ལ།སྟག་གཟིག་པགས་པ་མེར་བསྲེགས་ཀྱི་ལས་འགུལ་ཡང་དེ་དང་གཅིག་མཚུངས་ཡིན་སྟབས།ལས་འགུལ་འདིས་བོད་མིར་གྱོང་རག་གི་ཡོད་ན་དེ་འགོག་ཐབས་ཀྱི་ནུས་པ་བཙན་བྱོལ་དུ་ཡོད་པ་རེད།
༤མེར་བསྲེགས་འདི་འདྲ་མང་པོ་བཏང་བ་དེས་ཕྱོགས་གཅིག་ནས་བོད་མིའི་སེམས་ནང་ཞེན་ཁོག་དང་ལ་རྒྱའི་བག་ཆགས་མཐུག་པོ་ཅིག་བཞག་གི་ཡོད་པ་སྨྲ་མ་དགོས།འོན་ཀྱང་།བློ་གཟུ་བོའི་སྒོ་ནས་བལྟས་ན་བོད་མི་དེ་ཙམ་མང་པོས་སྲོག་བློས་བཏང་བ་དེས་ད་སྔ་ཚུན་རྒྱལ་སྤྱི་དང་བཙན་བྱོལ་ནང་།བོད་ནང་བཅས་སུ་འགྱུར་ལྡོག་གི་མངོན་རྟགས་ཙམ་ཡང་བྱུང་གི་མེད་པས།ཁོང་ཚོའི་རྗེས་སུ་ང་ཚོ་མཆོངས་མི་ཐུབ་ན་ཁོང་ཚོ་མུ་མཐད་མེར་བསྲེགས་གཏོང་བཅུག་རྒྱུ་འདི་བློས་བཟོད་དཀའ་མོ་རེད།
༥གལ་ཏེ་ཛ་དྲག་ལས་འགུལ་སྤེལ་ཚེ་ངེས་པར་ཚང་མའི་ནུས་པ་མཉམ་སྤུངས་བྱེད་དགོས་འདུག་མ་གཏོགས་སྒེར་རེ་ཟུང་གི་ལས་འགུལ་གྱིས་ཕན་ཁྱད་གང་ཡང་འདོན་མི་ཐུབ་པ་མངོན་གསལ་རེད།ཛ་དྲག་ལས་འགུལ་མཚམས་བཞག་ནའང་བོད་མིའི་ངོ་བོ་དང་རིག་གཞུང་།འཁོར་ཡུག་ཚུན་དོ་ནན་སྲུང་སྐྱོབས་ཀྱིས་ན་མི་རིགས་གསོན་གནས་ཀྱི་ལམ་ཁ་རེག་གི་རེད་སྙམ།
དྲ་གྲོགས་ཚང་མས་སྤྱི་སེམས་སྙིང་བཅང་གིས་བསམ་ཚུལ་འདོན་དགོས་པ་ལས་གླེང་སྟེགས་བཟང་པོ་འདི་སྒེར་ནད་རྩོད་ས་དང་ནང་མགོ་རྡུང་བྱེད་ལ་བསྒྱུར་ཐབས་བྱས་ན་གཏན་ནས་མི་འགྲིག ལྷག་ཏུ་གནད་ཡོད་མི་སྣ་ཚོས་གཟབ་དགོས། གལ་ཏེ་དེ་ལྟར་བྱས་ན་བགྲོ་གླེང་འདི་དོན་སྙིང་མེད་པ་ཆགས་རྒྱུ་མ་ཟད་ཉིན་བཅུ་མ་ཚང་སྔོན་ནས་མཆན་སྒོ་རྒྱག་དགོས་པ་ཆགས་སྲིད།
རང་ལུས་མེར་བསྲེགས་མཚམས་འཇོག་དགོས་སམ་མི་དགོས།
ཁྲི་རལ་པས་བྲིས།
ད་ཆ་བོད་ནང་བོད་མི་རྒན་གཞོན་དང་ཕོ་མོ་སེར་སྐྱ་དབྱེ་བ་མེད་པར་མི་༨༡གིས་གཙོ་བོ་༧གོང་ས་སྐྱབས་མགོན་ཆེན་པོ་ཕྱིར་ཕེབས་དང་བོད་ནང་རང་དབང་གཙང་མ་ཅིག་ཡོང་ཆེད་དུ་རང་ལུས་མེར་བསྲེགས་གནང་ཟིན་ཡོད།བོད་མི་དེ་ཚོ་ཀུན་གྱིས་ང་ཚོ་བོད་མི་རེ་རེའི་རང་དབང་དང་བདེ་སྐྱིད།འཚོ་གནས་དང་རིག་གཞུང་གི་ཆེད་སྲོག་བཏང་བ་ཡིན་དུས།མིའི་གཤིས་ཀ་དང་བསམ་བློ་ཡོད་པའི་བོད་མི་ཅིག་ཡིན་ན་མར་མེ་ཁྲོམ་བསྐོར་དང་མཆོད་འབུལ་བསྔོ་སྨོན་གྱི་ཆོ་ག་ཕྱག་ལེན་ཙམ་བྱས་ཏེ་འཇམ་ཐིང་ཐིང་བསྡད་ཚད་མ་རེད།ཡག་སྡུག་ག་རེ་བཤད་ན་བོད་མིའི་འཐབ་རྩོད་ཀྱི་འགོ་ཁུངས་ངོ་མ་དང་ཁ་ལོ་བསྒྱུར་ཐུབ་མཁན་དངོས་བཙན་བྱོལ་ནང་ཡོད་པ་བརྗེད་མི་ཉན།འོན་ཀྱང་།བཙན་བྱོལ་གྱི་གནད་ཡོད་ཚོས་ད་སྔ་རང་ལུས་མེར་བསྲེགས་སྟེང་གནད་འགག་གི་སྐད་ཆ་གཉིས་བཤད་ཡོད་པ་ནི།ཁོང་ཚོར་བོད་ནང་བཀའ་གཏོང་རྒྱུའི་དབང་ཆ་མེད་པ་དང་བོད་ནང་གི་བོད་མི་ཐབས་ཟད་འུ་ཐུག་གིས་མེར་བསྲེགས་བཞིན་པ་དེ་རེད།
ཡིན་ནའང་།བཀའ་གཏོང་དབང་ཡོད་ནས་བོད་རང་བཙན་དང་དབུ་མའི་ལམ་བོད་རིགས་ཡོངས་ལ་རང་སྐྱོང་ཡོང་བའི་བསམ་འཆར་ཡིག་ཆ་སོགས་གཞུང་དང་ཚོགས་པ་ཁག་གིས་གཏན་འབེབས་དང་ཐ་ན་རྒྱ་ནག་གཞུང་ལའང་ཕུལ་ཡོད་པ་རེད།དབང་ཆ་མེད་ན་བོད་ནང་གི་བོད་མིར་མོས་ཤོག་མ་བསྡུས་པར་རྩ་དོན་དེ་རིགས་གང་འདྲ་བྱས་ཏེ་ཐག་གཅོད་ཐུབ་བམ།དེར་བརྟེན་བཀའ་གཏོང་དབང་མེད་ཟེར་བ་དེ་འགན་ཁུར་ལ་གཡོལ་ཐབས་ཀྱི་མགོ་བདེ་བོའི་བསམ་བློ་ཅིག་རེད་སྙམ།ང་རང་གིས་བསམ་ན་ད་ལྟ་ཕལ་ཆེར་ཉི་མ་རེ་རེར་རང་ལུས་མེར་བསྲེགས་བྱུང་བཞིན་པའི་ཆེས་ཛ་དྲག་གི་གནས་བབ་འདིར།བྱེས་ཀྱི་བོད་མི་ཚོས་ཁྲལ་སྒྲུབ་ཙམ་གྱི་ལས་འགུལ་རེ་སྤེལ་ཏེ་ལྟད་མོ་བའི་ངང་ཚུལ་དང་སོ་སོར་གདེང་མེད་པའི་སྒོ་ནས་མི་འདུག་པར།ངེས་པར་ཡག་སྡུག་གི་ཕན་ཁྱད་འདོན་ཐུབ་པའི་ཐག་གཅོད་ཅིག་གནང་རན་རེད།
མེར་བསྲེགས་མུ་མཐུད་གཏོང་བཅུག་རྒྱུ་ཡིན་ན།
༡ད་སྔ་བར་བཞུགས་སྒར་དུ་ཛ་དྲག་འཚོགས་ཆེན་མང་པོ་བསྐོངས་ཏེ་གྲོས་ཆོད་མང་པོ་ཅིག་བཞག་པ་རེ་རེ་བཞིན་བཀླགས་མོད།ཛ་དྲག་ལ་འཕྲལ་མར་ཕན་ནུས་འདོན་ཐུབ་པ་དོན་ཚན་གཅིག་ཀྱང་མཐོང་མ་སོང་བས།ད་རྒྱ་གར་དུ་བོད་གཞུང་དང་ཚོགས་པ་ཁག་ཡོངས་རྫོགས་མཉམ་རུབ་ཀྱིས་བོད་ཀྱི་བླ་ཆེན་མི་ཆེན་ཀུན་པོས་སྣེ་ཁྲིད་དེ།བོད་བསྐྱོད་ཀྱི་ལས་འགུལ་ལོ་རྒྱུས་ནང་བྱུང་མ་མྱོང་བ་ཅིག་སྤེལ་ནས་བཟང་ཐག་ངན་ཐག་ཆོད་པའི་སྐེ་མཚམས་ལ་བསྐྱལ་རན་རེད་མ་གཏོགས།མི་སྒེར་བའི་ལས་འགུལ་དང་ལྷག་བསམ་གླིང་ཚ་ཚེ་རྡོར་གྱི་རྗེས་སུ་འགྲོ་ཀི་རེད།
༢ཕྱི་རྒྱལ་ཁག་ཏུ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ལས་ཁུངས་དང་རྒྱ་ནག་གཞུང་ཚབ་ཁག་མདུན་ད་བོད་རིགས་ཚོགས་པ་དང་བོད་དོན་རྒྱབ་སྐྱོར་ཚོགས་པ་ཚོས་མ་ཤི་བར་གྱི་ཟས་བཅད་ངོ་རྒོལ་སྤེལ་དུས་ལ་བབ་ཡོད་པ་རེད།
༣བོད་ནང་གནས་ཚུལ་ཇི་ཙམ་ཛ་དྲག་ཡིན་ནའང་ང་རང་ཚོ་ནམ་རྒྱུན་ལྟར་ལྷོད་བསྡད་བྱས་པ་དེས་ཕྱོགས་གཅིག་ནས་རྒྱལ་སྤྱིས་དོ་སྣང་ཡོང་བར་གནོད་ཚབ་ཆེན་པོ་རེད་སྙམ།ང་ཚོ་སོ་སོས་ཛ་དྲག་འདི་ཕྱི་ལ་གསལ་སྟོན་དང་ཐབས་སྣ་ཚོགས་ཀྱིས་འཁྲུག་པོ་བཟོ་ཐུབ་ན།ཉེ་ལམ་གྱི་ཨི་ཟི་རལ་དང་པ་ལི་སི་ཐན་གྱི་གནད་དོན་ནང་བཞིན་རྒྱལ་སྤྱིས་ཛ་དྲག་གིས་ཇུས་འཁྲི་བྱེད་སྲིད་པ་རེད།
༤བོད་ནང་གི་བོད་མི་ཚོར་ཡང་འདི་ག་ནས་བོད་ས་ཁྱོན་ཡོངས་སུ་ཞི་རྒོལ་སྡེབས་ལངས་དང་ལས་འགུལ་སྤེལ་ལུགས་ཀྱི་བཀོད་ཇུས་ཚུན་ཆད་གཏོང་འོས་པ་དང་དགོས་ངེས་རེད།
༥དེ་འདྲ་ཡོངས་ཁྱབ་ཀྱི་ཤི་ཐག་གསོན་ཐག་ཆོད་པའི་ལས་འགུལ་ཅིག་གནང་ཐུབ་ན་རྒྱ་ནག་གཞུང་གིས་ཚུར་བོད་མིར་འཇམ་མཁས་བྱེད་དགོས་པ་ཅིག་ཡོང་སྲིད་པ་རེད།
མེར་བསྲེགས་མཚམས་འཇོག་ན།
༡བཙན་བྱོལ་དང་བོད་ནང་གཉིས་ཆར་མེར་བསྲེགས་སྐོར་ལ་བསམ་ཚུལ་མི་མཐུན་པ་གསུམ་ཡོད་པ་གསལ་བོ་རེད།མང་པོ་ཅིག་གིས་མེར་བསྲེགས་མཚམས་བཞག་ན་ཛ་དྲག་གནས་བབ་ཞི་འཇམ་དུ་ཕྱིན་ཏེ་སྔོན་མའི་མེར་བསྲེགས་རྣམས་ལོ་རྒྱུས་ཙམ་དུ་འགྱུར་བར་སེམས་ཁྲལ་བྱེད་ཀྱི་འདུག་མོད།ལས་འགུལ་གང་ཡིན་ལོ་རྒྱུས་སུ་འགྱུར་རྒྱུ་ཆོས་ཉིད་དང་དེས་ནུས་པ་འཐོན་མིན་ཡུལ་དུས་གནས་བབ་མང་པོ་ཅིག་ལ་ལྟོས་ཡོད་པ་རེད།
༢རང་ལུས་མེར་བསྲེགས་མཚམས་འཇོག་འདོད་ན་བླ་ཆེན་མི་ཆེན་ཡོངས་ནས་རེ་སྐུལ་ནན་པོ་གནང་ན་བོད་ནང་མི་ཚོས་ཏན་ཏན་གསན་ཀི་རེད།ད་ལྟ་ཁོང་ཚོར་ཁག་མེད་པ་ཅིག་མདོ་སྨད་ཁུལ་དུ་བོད་མི་བརྒྱ་དང་བརྒྱད་མེར་བསྲེགས་ན་བོད་ལ་རང་དབང་ཐོབ་རྒྱུ་༧གོང་ས་མཆོག་གིས་གསུང་ཚུལ་གྱི་དཀྲོག་གཏམ་ཅིག་ཁྱབ་ཡོད་པ་ཡོངས་གྲགས་དང་།དེའི་སྣོན་པར་བཙན་བྱོལ་དུ་མེར་བསྲེགས་མ་གནང་ཟེར་བ་གོ་རྒྱུ་མེད་པ་རེད།
༣དེ་སྔ་ཟམ་གདོང་རིན་པོ་ཆེའི་འཛིན་སྐྱོང་གི་སྐབས་ཁམས་ཕྱོགས་སུ་ས་ཞིང་མི་འདེབས་པར་རྒྱ་རྒོལ་ལས་འགུལ་སྤེལ་བ།ས་གནས་བོད་མི་ཚོར་གྱོང་གུད་ཚབ་ཆེན་ཡིན་པས་ལས་འགུལ་དེ་མཚམས་འཇོག་རོགས་ཞེས་ཟམ་གདོང་རིན་པོའི་བཀའ་ཤག་གི་ངོས་ནས་དངོས་སུ་འབོད་སྐུལ་ཞུས་པར་བོད་མིས་གསན་འཇོག་གནང་ཡོད་ལ།སྟག་གཟིག་པགས་པ་མེར་བསྲེགས་ཀྱི་ལས་འགུལ་ཡང་དེ་དང་གཅིག་མཚུངས་ཡིན་སྟབས།ལས་འགུལ་འདིས་བོད་མིར་གྱོང་རག་གི་ཡོད་ན་དེ་འགོག་ཐབས་ཀྱི་ནུས་པ་བཙན་བྱོལ་དུ་ཡོད་པ་རེད།
༤མེར་བསྲེགས་འདི་འདྲ་མང་པོ་བཏང་བ་དེས་ཕྱོགས་གཅིག་ནས་བོད་མིའི་སེམས་ནང་ཞེན་ཁོག་དང་ལ་རྒྱའི་བག་ཆགས་མཐུག་པོ་ཅིག་བཞག་གི་ཡོད་པ་སྨྲ་མ་དགོས།འོན་ཀྱང་།བློ་གཟུ་བོའི་སྒོ་ནས་བལྟས་ན་བོད་མི་དེ་ཙམ་མང་པོས་སྲོག་བློས་བཏང་བ་དེས་ད་སྔ་ཚུན་རྒྱལ་སྤྱི་དང་བཙན་བྱོལ་ནང་།བོད་ནང་བཅས་སུ་འགྱུར་ལྡོག་གི་མངོན་རྟགས་ཙམ་ཡང་བྱུང་གི་མེད་པས།ཁོང་ཚོའི་རྗེས་སུ་ང་ཚོ་མཆོངས་མི་ཐུབ་ན་ཁོང་ཚོ་མུ་མཐད་མེར་བསྲེགས་གཏོང་བཅུག་རྒྱུ་འདི་བློས་བཟོད་དཀའ་མོ་རེད།
༥གལ་ཏེ་ཛ་དྲག་ལས་འགུལ་སྤེལ་ཚེ་ངེས་པར་ཚང་མའི་ནུས་པ་མཉམ་སྤུངས་བྱེད་དགོས་འདུག་མ་གཏོགས་སྒེར་རེ་ཟུང་གི་ལས་འགུལ་གྱིས་ཕན་ཁྱད་གང་ཡང་འདོན་མི་ཐུབ་པ་མངོན་གསལ་རེད།ཛ་དྲག་ལས་འགུལ་མཚམས་བཞག་ནའང་བོད་མིའི་ངོ་བོ་དང་རིག་གཞུང་།འཁོར་ཡུག་ཚུན་དོ་ནན་སྲུང་སྐྱོབས་ཀྱིས་ན་མི་རིགས་གསོན་གནས་ཀྱི་ལམ་ཁ་རེག་གི་རེད་སྙམ།
རྩོམ་འདི་དེ་སྔ་ཅིག་ལ་སྤེལ་འདུག་པས་རང་བསྲེགས་གྲངས་ཀ་༩༢་རེད།
་་་་ ད་དུང་མཐོང་ཚུལ་གཅིག་ལ། གསར་འབྱོར་བ་ཚོས་ཕ་ཡུལ་པྱོགས་ལ་ཁ་པར་རྒྱག་ཐེངས་རེར། དམ་དྲག་གི་སྐོར་སོགས་ཉི་མ་རེར་གོ་ཡོང་གི་ཡོད་ནའང་། འདི་ཚང་མ་ཕྱོགས་གཅིག་ལ་སྤུངས་ས་ཞིག་མེད་པ་རེད། འཐུས་ཤོར་ཆེ་ཤོས་གཅིག་འདི་རེད། སྤུངས་ཡུལ་ལམ་རྩིས་སྤྲོད་བྱ་ཡུལ་ཞིག་ཡོད་པ་ཡིན་ན། མེར་བསྲེགས་སྐོར་དང་དེའི་རྗེས་འབྲེལ་གནས་ཚུལ་རིགས་ཁ་གསལ་ཆགས་པར་ཏན་ཏན་ཕན་གྱི་རེད། ཆུང་ས་ནས་ང་ཚོས་འདི་ཚོའི་ཐད་ནས་ཀྱང་གཟབ་ནན་བྱེད་དགོས་པ་ཞིག་རེད་དྲན་ནོ། །་་་་ཟེར།
་་་་ རྒྱ་དམར་གཞུང་གིས་དེང་སང་རྒྱལ་བ་རིན་པོ་ཆེའི་ཞལ་ནས་ཚིག་གཉིས་ཨེ་ཤོར་ལ་བསྒུག་བསྡད་ཡོད། དེ་ནི་རྒྱལ་བ་རིན་པོ་ཆེས་བོད་མི་ཚོར་རང་སྲེག་ཐོངས་ཟེར་བའམ་ཡང་ན་རང་སྲེག་མ་གཏོང་ཟེར་བ་དེ་གཉིས་གང་རུང་ཞིག་ཡིན། དེ་གཉིས་གང་ཡིན་ཡང་རྒྱ་དམར་གཞུང་གི་འདོད་མོས་འགྲུབ་ཀྱི་ཡོད། ་་་་་་ཟེར།
ཡ་ཡ་བོད་པ་ཚོར་བཀྲིས་བདེ་ལེགས་ཡོད་་་་་་་་དེ་རིང་ང་ང་ཚོས་མེར་བསྲེགས་སྐོར་་་་་་་་་་་
བཤད་ཚར་རྗེས་་་་ལོངས་ཤོག་་་་་སྡེབ་ལོངས་བྱེད་དགོས་་་རང་དབང་དགོས་ན་་་་་སུ་ལ་སྒུག་ནས་སྡོད་ཡོད་་་་་་སྔོ་སྨོན་མཆོད་འབུལ་་་མར་མེ་ཁྲོམ་སྐོར་་་ཉི་མ་གང་འཁྱོལ་་གསར་འགོད་གསལ་བསྒྲགས་་་་་ཙམ་གྱིས་ཡིད་མི་ཚིམ་པའི་རེ་བ་ཡོད་་་་་་་
ཤི་རྒྱུ་ཡིན་པ་གཏན་ཁེལ་ན་
རོལ་དབྱངས་དང་བཅས་ཏེ་འཆི་དགོས་་་་་འདི་ནི་ར་ཤི་ཡ་་་་གཏམ་དཔེ་རེད་
གནས་ཚུལ་འཚོལ་བསྡུ་དང་ཁྱབ་སྤེལ་ཐད་ནས་མུ་མཐུད་ཞུ་རྒྱུར།
བོད་གཞུང་དང་སྤྱི་འཐུས་ཀྱི་ངོས་ནས་རང་ལུས་མེར་བསྲེགས་གནང་མཁན་ཚོར་གདུང་སེམས་མཉམ་སྐྱེད་ཀྱི་མཆོད་འབུལ་འདི། ཡིན་གཅིག་མིན་གཉིས་ཆབ་སྲིད་ཀྱི་ངོ་བོ་དང་རྣམ་པ་ལྡན་པ་ཞིག་དགོས་པ་ཞིག་རེད་དམ་མ་རེད། མཆོད་འབུལ་དང་སྨོན་ལམ་ནི་ཆོས་ཕྱོགས་ཀྱི་སྒྲུབ་བྱ་ཞིག་ཡིན་པ་རེད། ད་ལྟ་གནས་ཚུལ་ཁྱབ་སྤེལ་བྱེད་པ་ལས་གལ་ཆེ་བ་གཞན་མེད། བོད་གཞུང་གི་ངོས་ནས་གནས་ཚུལ་བསྡུ་རུབ་ཀྱི་ཚོགས་ཆུང་ཞིག་བཙུགས་པ་ཡིན་ན། དེས་མ་ཕན་ན་གནོད་པ་གང་ཡང་ཡོད་པ་མ་རེད། གསར་འབྱོར་བ་ཚོའི་ཁ་དང་ལག་པ་ནས་བོད་ནང་གི་གནས་ཚུལ་བསྡུ་རུབ་བྱེད་རྒྱུ་འདི་གལ་ཆེ་བ་ཞིག་རེད། དཔེར་ན། ད་ལྟ་བར་དུ། བོད་གཞུང་གི་ངོས་ནས། གནས་ཚུལ་ཞིག་གི་སྔ་ཕྱི་བསྔོགས་འདོན་དང་བསྡུ་རུབ་ཀྱི་བརྒྱུད་རིམ་ནང་། མེར་བསྲེགས་ལས་འགུལ་གྱི་གནས་ཚུལ་རྒྱུས་ལོན་བྱེད་སྐབས། མི་སྣའི་སྐོར། དོན་རྐྱེན་སྐོར། འབོད་ཚིག་གི་སྐོར། ཁ་ཆེམས་ཀྱི་སྐོར་བཅས་བསྡུ་རུབ་བྱེད་པ་གལ་ཆེ་བ་དང་། དེ་བཞིན་བརྙན་གཟུགས་དང་འདྲ་པར་གྱི་བེད་སྤྱོད་དང་རིན་ཐང་བཅས་ཀྱི་གནད་འགག་ངོ་སྤྲོད་དང་བསྡུ་རུབ་བྱ་ཕྱོགས་ཀྱི་ལམ་སྟོན་ནི་སྦྲང་སྒྲ་ཙམ་ཡང་གནང་མྱོང་མེད། གཅིག་བྱས་ན། བོད་གཞུང་དང་སྤྱི་འཐུས་ཀྱིས་ད་ལྟ་གསར་འགྱུར་བརྒྱུད་ལམ་ཁག་ཏུ་སྤེལ་བཞིན་པའི་གནས་ཚུལ་ལས་ཀྱང་ཞིབ་ཚགས་པའི་ཡིག་ཚགས་ཤིག་ཕྱོགས་སྒྲིག་གནང་གི་ཡོད་པ་ཡིན་ན། དེ་དགོས་རྒྱུ་དེ་རེད།
གཞན། ཨེ་ཤ་ཡ་རང་དབང་རླུང་འཕྲིན་ཁང་དང་། ཨ་རིའི་རླུང་འཕྲིན་ཁང་གཉིས་ཀྱི་ངོས་ནས། བོད་ཕྱི་ནང་གི་ལྟ་མཁན་ཉན་མཁན་ཡོངས་ལ་དམིགས་ཏེ། གསར་འགོད་ཆེད་ལས་མཁས་པ་དེ་འདྲ་གདན་ཞུས་ཀྱིས། གནས་ཚུལ་གང་ཞིག་བྱུང་སྐབས། དེར་གསར་འགོད་པ་ཡིན་མིན་ལ་མ་ལྟོས་པར་དོ་སྣང་གནང་ཕྱོགས་ཀྱི་བགྲོ་གླེང་ཞིག་དགོས་པས་མི་ཚད་འཕྱིས་དྲག་འདུག གང་ལ་ཟེར་ན། ད་ལྟའི་གནས་སྐབས་འདིར་བོད་ཕྱི་ནང་གི་མི་ཚང་མ་འཐབ་རྩོད་པ་དང་གནས་ཚུལ་མཁོ་འདོན་པ་གཉིས་ཀ་ཆགས་ཡོད་པ་རེད། འདི་ཙམ་ང་ཚོས་ནུས་པ་དེ་རེད། གཞི་རིམ་གྱི་འཐུས་ཤོར་འདི་ཚོ་ང་ཚོས་གླེང་སློང་བྱེད་དགོས་པ་རེད་ལ། འབྲེལ་ཡོད་ཁག་གིས་ཀྱང་ཐུགས་སྣང་གནང་དགོས་པ་རེད། འདི་ལྟར་བཤད་པ་ནི་སྐྱོན་བརྗོད་མ་རེད། དྲན་སྐུལ་གྱི་ཆེད་དུ་ང་ཚོས་མང་ཙམ་བསྔོགས་ནས་མང་ཙམ་གླེང་བ་ཡིན་ན། ང་ཚོ་སྤྱི་ཡོངས་ནས་འཐུས་སྒོ་ཇེ་ཚང་ལ་འགྲོ་བར་ཕན་གི་རེད་དྲན་གི་ཡོད།
ཁ་བཤད་ཆུ་བའི་ཝུ་བ། ། ལག་ལེན་གསེར་གྱི་ཐིགས་པའི་དཔེ་ལས་མ་འདས་པས། རང་ས་ནས་འགུལ་རྒྱུ་ལས་ཁ་རྒྱགས་བཤད་ན་ཅི།
མེ་སྲེག་གི་ཐད་དུ་བསམ་ཚུལ་ཞུས་ན།
༡༽ད་གནས་སྐབས་རིང་མཚམས་འཇོག་ཡོང་ཐབས་ལ་གཞུང་དམངས་གཉིས་ནས་འབུང་དགོས།
༢༽དྲིལ་སྒྲགས་ཤུགས་ཆེར་དགོས་ན། ངོ་དེབ་འདྲ་བོ་གཅིག་གི་སྟེང་དུ་རྒྱལ་གཅེས་དཔའ་བོ་ཕོ་མོ་རྣམས་
ཀྱི་པར་དང་ལོ་རྒྱུས་བཀོད་དེ། དེར་ཕྱི་སྡོད་བོད་མི་ཡོངས་དང་བོད་ལ་ཤ་ཚ་བའི་མི་རིགས་ཡོངས་ལ་
བསམ་ཚུལ་གྱི་མཆན་འདེབས་བཅུག་སྟེ། ལྟ་ཀློག་མང་ཤོས་ཀྱི་ངོ་དེབ་ཀྱི་ཟིན་ཐོ་རུ་བསྐྲུན་ཏེ།
འཛམ་གླིང་ཡོངས་ལ་ཁྱབ་ཐུབ་པར་བྱ་དགོས།
ད་ནི་རང་རེ་གངས་ཅན་པ་ལ་ རྒྱ་མིས་ཁོ་ཚོའི་རྐུབ་ལྡོགས་ཟེར་ནའང་ལགས་སོ་ཟེར་མཁན་རྣམས་ལས། རྒྱལ་གཅེས་ཀྱི་དཔའ་རྒོད་རྣམས་གཅིག་ཀྱང་མ་ལྷག་ནའང་སྐྱོན་མེད་ན། མེར་སྲེག་མཚམས་མ་བཞག་ནའང་འགྲིག
འཇིགས་བྲལ་བསྟན་འཛིན་གྱིས།
དོན་ཚན་ལྔ་པ། ཆོས་བརྒྱུད་ཆེན་པོ་བཞི་དང་། གཡུང་དྲུང་བོན་བཅས་ཀྱི་བླ་ཆེན་རྣམ་པ་དང་། ཕྱི་རྒྱལ་ཡུལ་གྲུ་གང་སར་ཆོས་ཚོགས་བཙུགས་ཏེ་ཡོད་པའི་མཁན་པོ་དང་། དགེ་བཤེས། སྔགས་པ་སོགས་མདོར་ན་གཞིས་ལུས་དགོན་སྡེ་ཁག་གིས་རེ་བ་བྱེད་ཡུལ་ཚོས་ཐུགས་དགོངས་ཡག་པོ་བཞེས་དགོས་པ་འདུག་སྙམ་གྱི་འདུག གང་ཡིན་ཟེར་ན། ཁྱེད་རྣམ་པར་དད་པ་དང་དམ་ཚིག་བཅངས་ནས་ཁྱེད་རྣམས་ཀྱི་གཅིན་ཚུན་འཐུང་བ་དང་། ཨ་རི་སྒྲོ་ལོ་དང་ཡུ་རོབ་ཡུ་རོ་སོགས་ཕུལ་རྒྱུ་མེད་ཀྱང་རང་གི་ཚེ་སྲོག་ཚུན་ཁྱེད་རྣམས་ཀྱི་དོན་དུ་གཏོང་ནུས་པའི་གཞིས་ལུས་དགོན་པ་དང་། སྡེ་མི་སེར་དེ་དག་བོད་བསྟན་སྲིད་ཀྱི་ཆེད་དུ་རྒྱ་མིས་སྡུག་སྦྱོང་མྱོང་བཞིན་ཡོད་པ་རེད། ཁྱེད་རྣམས་ནས་བོད་མི་ཞིག་ཡིན་པའི་འགན་ཁུར་འདོད་མེད་པ་སྟེ་ཁྱེད་རྣམས་ཐར་བ་དོན་གཉེར་ཡིན་ཟེར་གྱི་ཡོད་པ་དང་ཡིན་ན་དེས་ཆོག་པས། ཁྱེད་རྣམས་ནས་ཆབ་སྲིད་ཀྱི་བཀའ་མོལ་མ་གནང་ན་ཆོག་ཀྱང་། བོད་བརྒྱུད་ནང་བསྟན་རྩ་མེད་གཏོང་བཞིན་པའི་རྒྱ་མིའི་ལས་དོན་བྱེད་ཕྱོགས་དེ་ལ་དཔག་ནས། འཛམ་གླིང་དང་། རྒྱ་ནག་གཞུང་ལ་ཆོས་ལུགས་རྩ་མེད་གཏོང་བཞིན་པ་མཚམས་འཇོག་དགོས་པ་དེ་བསྟན་པ་དང་རང་གི་གདུལ་བྱའི་དོན་དུ་ག་རེ་བྱས་ནས་གསུང་ཐུབ་ཀྱི་མེད་པ་རེད། དེ་ངེས་པར་གསུང་དགོས་རེད་སྙམ། དེ་གསུང་ཐུབ་ཀྱི་མེད་ན་བསྟན་འགྲོའི་དོན་ཟེར་བ་ཡང་དགོད་བྲོའི་གནས་ལས་ཅང་རིན་ཐང་འདུག་གམ། ཟེར།
འདི་ལ་དཔྱད་པར་མཛོད།
དྲ་གྲོགས་རྣམ་པ། “རང་སྲེག་ཐད་ཅི་བྱ་ཅི་འགབ།”ཅེས་པའི་ཁ་བྱང་དང་འབྲེལ་རྨོངས་འཆར་རྡོག་རྡོག་གསུམ་ཙམ་ཞིག་ཞུས་ན། བོད་ནང་རང་བསྲེགས་ཐད་“ང་ཚོས་འདི་བྱེད་དགོས་རེད་དང་དེ་བྱེད་མི་རུང་”ཞེས་ཤོད་ཐུབ་དཀའ་ལ་བཤད་རྒྱུར་འོས་འཚམས་སུའང་མ་མཐོང་།
གཞན་བྱེས་སྡོད་རང་དབང་ན་ཡོད་པའི་བོད་མིར་མཚོན་ན་ངེས་པར་སྒྲུབ་དགོས་པའི་དོན་གནད་གསུམ་མཐོང་གིན་འདུག
གཅིག སྒྲིག་འཛུགས་བཀའ་ཤག་གིས་རྐང་འགན་བཞེས་ནས་དྲིལ་བསྒྲགས་ལས་ཁང་གི་ཁྱབ་ཁོངས་སུ་ཆེས་ཚད་ལྡན་ནམ་ཚད་མཐོའི་བོད་རྒྱ་དབྱིན་གསུམ་གྱི་རྩོམ་སྒྲིག་སྡེ་ཚན་ཞིག་གང་མགྱོགས་ངང་ཆེད་འཛུགས་གནང་ནས་གཤམ་གྱི་དོན་ཚན་གསུམ་གསུམ་ལག་བསྟར་ངེས་པར་གནང་ཐུབ་དགོས།
༡ ༽ བོད་དོན་ཆེད་༢༠༠༨ ཚུན་རང་སྲོག་དོར་པའི་བོད་ཕྱི་ནང་གི་དཔའ་བོ་དཔའ་མོ་རྣམས་༼འདིའི་ནང་མེར་བསྲེགས་མ་ཡིན་པའི་བོད་དོན་ཆེད་རང་སྲོག་ཕུལ་མཁན་ཚོའང་ཚུད་དགོས་༽ཀྱི་ལོ་རྒྱུས་དང་ཞལ་ཆེམས་སོགས་ཞིབ་གསལ་གྱིས་ཡིག་ཐོག་དང་བརྙན་ཐོག་གཉིས་ཀར་རྩོམ་སྒྲིག་བཟོ་འདོན་བྱེད་རྒྱུ།
༢༽༢༠༠༨ ཡར་སྔོན་གྱི་ལོ་རབས་རེ་རེ་དང་དུས་རབས་རེ་རེར་འབྲེལ་པའི་བོད་ཀྱི་དཀའ་སྡུག་དང་ཁྱད་པར་རྒྱ་དམར་གྱི་དྲག་ནོན་འོག་བོད་མིའི་ཤོར་བའི་དཔའ་བོ་ཚོའི་ལོ་རྒྱུས་ཁོངས་དག་བསྡུ་སྒྲིག
༣༽ གོང་ཞུས་དོན་ཚན་གཉིས་ལག་བསྟར་གྱིས་རྒྱལ་སྤྱིའི་གསར་ལམ་ཁག་དང་འབྲེལ་ཡོད་གཞུང་སྒེར་གྱི་རྒྱལ་སྤྱིའི་ཚོགས་སྡེ་ཡོངས། ལྷག་དོན་རྒྱ་ནག་སྐམ་ས་ཆེན་པོའི་མི་མང་ནང་འགྲེམས་སྤེལ་ཐུབ་རྒྱུ།
གཉིས། རང་དབང་ཡུལ་གྲུ་ཁག་ནང་སྔར་སྲོལ་གྱི་བསྔོ་སྨོན་མཆོད་འབུལ་དང་མར་མེ་ཁྲོམ་བསྐོར། འབོད་ཚིག་རྙིང་བ་སོགས་དེང་གི་འཕྲུལ་ལས་བརྡ་འཕྲིན་གྱི་དུས་དང་བསྟུན་རྣམ་པ་གསར་པར་སྐྱོད་དེ་འཛམ་གླིང་མི་མང་གིས་གོ་ཐོས་ཡོད་པ་ཐབས་འཚོལ་གནང་དགོས།
གསུམ། རང་གཞུང་གཙོས་ཚོགས་སྡེ་ཡོངས་ནས་རྒྱུ་ཐབས་གང་དགོས་ངེས་པར་འབད་བརྩོན་གྱིས་རྒྱལ་སྤྱིའི་གསར་ལམ་ཁག་ལ་འབྲེལ་ལམ་གཏིང་ཟབ་འཛུགས་དགོས། འདི་དག་ནི་བཙན་བྱོལ་བོད་མིས་བྱེད་ནུས་པ་དང་བྱེད་འོས་པ་ཅི་ནས་ཀྱང་བྱེད་དགོས་ཞིག་ཏུ་མཐོང་ངོ་།།
རྣམ་པ་ཚོས་སྐབས་སུ་བབས་པའི་གནས་ལ་བགྲོ་གླེང་གནང་བར་ཐུགས་རྗེ་ཆེ།
གོང་གི་མཆན་མང་པོའི་ནང་དུ་བོད་གཞུང་གིས་ཅི་ཞིག་གནང་དགོས་པའི་སྐོར་དོན་རྩ་ཅན་མང་པོ་གསུངས་སོང་། ཡིན་ན་ཡང་བོད་གཞུང་གིས་གང་ཞིག་གནང་ཚར་བའི་སྐོར་ལ་གསུངས་པ་ཧ་ཅང་ཉུང་། བོད་གཞུང་གིས་ཅི་ཡང་མ་གནང་བར་བཞུགས་ཡོད་ཀྱི་མ་རེད། གཅིག་བྱས་ན་བོད་གཞུང་གིས་ཕྱག་ལས་གནང་ནས་ང་ཚོས་མ་ཤེས་པ་ཡང་ཡོད་སྲིད་ཀྱི་རེད། བོད་གཞུང་གིས་ཀྱང་གོ་སྐབས་འདི་བཟུང་ནས་རང་སྲེག་གི་ཐད་ལ་ད་ཕན་ཕྱག་ལས་ཅི་དང་ཅི་གནང་དང་།མ་འོངས་པར་གནང་འཆར་ཅི་ཡོད་སྐོར་ཐུགས་སྣང་ཅན་རྣམས་ལ་ངོ་སྤྲོད་ཅིག་གནང་ན་མི་ཡག་གམ།
ང་ནི་ལས་ཀྱིས་དེད་དེ་གོམ་གྱིས་ལྷགས།།
སྣང་བ་སྐྱིད་ཀྱིས་གང་ནས་དགའ་བས་ཆས།།
རི་ཆུ་ཐོལ་གྱིས་བརྒལ་ཏེ་རེ་བས་སླེབས།།
སྣང་བ་ཁྱོད་ལ་ཕྱོགས་ནས་དེ་རིང་འཐོན།།
རི་སོའི་མཛེས་སྡུག་ཁྱེར་བའི་སྤང་ཐང་ལ།།
སྟོན་ཟླའི་ཉམས་རྒྱ་ཤར་བས་སྣང་བ་སྐྱོ།།
རྩྭ་རྐང་ཤུགས་གླུ་འཐེན་པའི་རི་ལུང་ཀུན།།
སུ་ཡི་སེམས་ལ་ལྷུང་བའི་སྐྱོ་སྣང་ཞིག།།
རི་སྡེ་རྒྱ་མཚོར་འདུས་པའིའདབས་རོལ་ན།།
ཞོགས་པའི་ཉི་འོད་བསུ་བའི་སྐྱ་རེངས་ཤིག།
རེ་བ་རྒྱབ་གང་ཁུར་བའི་མིག་ཟུང་འདིས།།
བརྩེ་བ་བལ་དཀར་འདྲ་བོ་ཡང་ཡང་འཚོལ།།
མི་སྡོད་ཁད་ཀྱིས་འཁོར་བའི་འགྲུལ་བཞུད་འདི།།
རང་གིས་རང་ལ་བཞག་པའི་དན་རྟགས་ཤིག།
འཁྲེང་ཞེན་སྟོང་གིས་མནར་བའི་ལས་འཕྲོ་འདི།།
ཁྱེད་ཀྱིས་རྟེན་དུ་བཞག་པའི་ལན་ཆགས་ཉིད།།
ལགས་རེད
(རང་སྲེག་ཐད་ཅི་བྱ་ཅི་འགབ་)ཞེས་པའི་གྲོ་གླེང་འདི་ཐོག་མ་རང་ཉིད་ལ་ཁ་ཕྱོགས་ནས། རང་ཉིད་ཀྱིས་ཅི་བྱ་ཅི་འཇོན་ཅི་ཐུབ་ལ་བལྟ་དགོས་པ་མིན་དྲོ། དེ་མིན་ག་རེ་བཤད་ན་མ་བཤད་ན་ཁ་སྟོང་ནང་གི་ཚིག་སྟོང་རང་མ་རེད་པས།
བགྲོ་གླེང་གནང་ཡ་ཡག་པོ་རེད་དེ། གཞིས་བཞུགས་སྤུན་ཟླ་རྣམས་ལ་ཆབ་སྲིད་པ་ཚོས་ལག་ཆ་ལྟ་བུ་གྱུར་འདུག་པས་བློ་ཕམ་ཡོད།
ང་ཚོའི་ལོ་རྒྱུས་རྒྱལ་རབས་ནང་། བྱུང་མ་མྱོང་བའི་དུས་ངན་རེད།
ལྷོ་ཀོ་རི་ཡའི་གསར་འགོད་པ་ཞིག་རང་སྲེག་གཏོང་སའི་ས་ཁུལ་ཁག་དང་ལྷ་ས་ལ་བསྐྱོད་ནས་གསང་བའི་ངང་ནས་བརྙན་འཕྲིན་ཕབ་པ་ཞིག་གཡུ་ཐུབ་ནང་བལྟ་རྒྱུ་འདུག གསར་འགོད་པ་དེ་ཁམས་རྟ་བོ་ཉེ་མཚོ་དགོན་པའི་ནང་དུ་སླེབས་ནས་རང་སྲེག་གཏོང་མཁན་ཚེ་དབང་ནོར་བུའི་སྐོར་སྐད་ཆ་དྲིས་སོང་བས་མཁན་པོ་ཞིག་གིས་ཁོང་རང་འདུ་ཁང་ནང་དུ་འཁྲིད་སོང་། འདུ་ཁང་གི་ཚོམ་དཀྱིལ་དུ་ཁྲི་ཆུང་ཆུང་ཞིག་གི་སྟེང་དུ་མདོག་མི་གཅིག་པའི་དར་མཚོན་མང་པོ་ཕྱུར་བུར་སྤུངས་འདུག མཁན་པོ་དེས་ཚེ་དབང་ནོར་བུ་འདི་ན་ཡོད་ཟེར་བཞིན་དར་དེ་དག་ཁ་ཕྱེས་སོང་ལ། མིག་ཤེལ་ཇ་ཁུ་མདོག་བཀྱོན་པའི་ན་གཞོན་དགེ་འདུན་པ་ཞིག་གི་སྐུ་པར་དེ་རུ་གཤམས་ཡོད་པ་དང་། པར་གྱི་འོག་ཏུ། ཚེ་སྲོག་གི་གཟི་བརྗིད་རང་རིགས་ལ་ཕུལ་བའི་དཔའ་བོ་ཚེ་དབང་ནོར་བུ་མཆོག་ཅེས་བྲིས་འདུག འདི་ནི་བོད་ནང་གི་བོད་མི་ཚོས་རང་སྲེག་ལ་འཛིན་པའི་སྙིང་ཁོངས་ཀྱི་གུས་བརྩི་ཡིན་པས་ན་ཕྱི་ཕྱོགས་སུ་ཡོད་པའི་བོད་པའི་འགན་འཁྲི་ནི་ཁྱབ་བསྒྲགས་
དང་གནས་ཚུལ་བསྡུ་རུབ་སོགས་རེད།
དཔའ་བོ་དཔའ་མི་རྣམས་ཆབ་སྲིད་པས་ལག་ཆར་བེད་སྤྱོད་བྱེད་བཞིན་པ་ནི་ཧ་ཅང་གི་བློ་ཕམ་ཡོད།
མ་མཐའ། རང་སྲེག་གནང་མཁན་ཚོའི་ཁ་ཆེམས་ཀྱང་ང་ཚོར་གསལ་བོ་དག་པོ་ཞིག་མེད། མི་དགུ་བཅུ་གོ་དགུ་ཡིས་བསམ་ཚུལ་མི་འདྲ་བ་དགུ་བཅུ་གོ་དགུ་ཁུར་ནས་ཕེབས་སོང་བ་ཨེ་རེད།
གོང་དུ་མང་པོ་ཞིག་གིས་འདས་པོ་དག་གི་ཤུལ་ལུས་ནང་མི་གླེང་གི་འདུག གདུང་སེམས་མཉམ་སྐྱེད་གླེང་གི་འདུག སྤྱིར་ཡིན་ན་འདི་ནི་གླེང་དགོས་པའི་དོན་དག་ཅིག་ཨེ་རེད། གདུང་སེམས་མཉམ་སྐྱེད་ཇི་ལྟར་གནང་རྒྱུ་ཡིན།
གསེར་འབྲུག་སྡེར་ལྔ་ཅི་མ་བདེན། ད་ནི་ང་ཚོས་རང་ཉིད་ཀྱིས་ཅི་བྱ་ཅི་འགབ་དེ་གླེང་། ངས་མ་མཐར་མི་དགུ་བཅུ་གོ་དགུ་བོའི་ནང་གི་གཅིག་གི་མི་ཚེ་བཙལ་ཐབས་བྱེད་ཆོག ཁ་ཆེམས་དེ་ཡང་གསལ་བོར་འཁྱེར་ཡོང་ཆོག ལྷག་མ་དགུ་བཅུ་གོ་བརྒྱད་པོ་དེ་དག་གི་མི་ཚེ་གོང་གི་མཆན་འདེབ་མཁན་མི་དགུ་བཅུ་གོ་བརྒྱད་པོའི་ནང་ན་བཙལ་མཁན་ཨེ་ཡོད། ལས་སླ་བོ་མེད་པ་ལོས་ཤེས། འོན་ཀྱང་། ཚོད་ལྟ་ཙམ་ཡང་མ་བྱས་པར་ཐབས་ཟད་ན་གནས་ལུགས་ཨེ་རེད། དཔའ་བོའི་དེབ་ཕྲེང་དེ་སྔར་ནས་སྒྲིག་མགོ་རྩོམ་རན་ཡོད་པ་རེད།
ཡང་མིན་ན། ཅི་བྱ་ཅི་འགབ་ཀྱི་ཐབས་ལམ་གཞན་པ་གླེང་། ལག་པའི་ནང་ལ་ཡོང་བའི་ཁ་ཞིག་དགོས་པར་འདོད།
རྣམ་པ་ཚོས་བགྲོ་གླེང་གནང་བར་ཧ་ཅང་དགའ་བསྡད་ཡོད།
འཇིགས་བྲལ་བསྟན་འཛིན་ལགས་ཀྱི་མཆན་ལས་དོན་ཚན་ལྔ་བ་གོང་དུ་དྲངས་འདུག་པ་དེའི་ཐད།
བླ་སྤྲུལ་དང་དགེ་བཤེས། མཁན་པོ་སོགས་ཚང་མ་བཤད་མི་ཐུབ་མོད། ནུབ་ཕྱོགས་སུ་ཡོད་པའི་ང་ཚོའི་བོད་ཀྱི་གྲོགས་པོ་ཚོའི་བརྒྱ་ཆ་མང་པོ་ཞིག་གནའ་ནས་ད་བར་དུ་ཁོང་རྣམ་པའི་སློབ་ཕྲུག་ཚོ་རེད་སྙམ། སྡེ་བ་དང་གྲོང་གསེབ། རི་ཁ་ཁྱིམ་མཚེས་ཀྱི་འདུ་འཛོམས་དེ་འདྲའི་ནང་དུ་ནམ་རྒྱུན་གླེང་གི་ཡོད་པའི་བཟོ་འདུག བླ་སྤྲུལ་རྣམ་པས་ནུས་པ་བཏོན་པ་ད་དུང་འདང་གི་མི་འདུག་ཟེར་ན་བདེན་སྲིད་ཀྱང་། ནུས་པ་འདོན་གི་མི་འདུག་ལབ་ན་ཅུང་ཐལ་དྲག་གི་མེད་འགྲོ་སྙམ།
ངས་སྐྱོན་བརྗོད་བྱས་པ་མིན། བསམ་ཚུལ་ཙམ་ཡིན།
བརྡ་འཕྲིན་དབྱར་མཚོ་བཞིན་རྒྱས་བཞིན་པའི་དེ་རིང་གི་འཇིག་རྟེན་འདིར་མི་རྣམས་ཀྱིས་སྔོན་ལོ་གཅིག་ཙམ་ནང་དུ་རྒྱུས་མངའ་ལོན་ཐུབ་པའི་གསར་འགྱུར་དེ་རིང་ཉིན་གཅིག་དང་ཐ་ན་ཆུ་ཚོད་གཅིག་ཙམ་ནང་དུ་འཚོལ་བསྡུ་བྱེད་ཐུབ་པ་ཡིན་པས། དེ་རིང་གི་གཞོན་ནུ་རྣམས་ཀྱི་ཚོར་བ་དེ་གནའ་མི་རྣམས་ཀྱིས་རྗེས་དཔག་བྱེད་དཀའ་བའི་ཚད་དུ་སླེབས་པ་ཡིན། ཚོར་བ། ཚོར་བ། ཚོར་བ། མི་ལ་ཡོད་པའི་སེམས་ཚོར་འདི་དེ་རིང་གི་གཞོན་ནུ་རྣམས་ཀྱི་ངོས་ནས་བཤད་ན་ཅི་འདྲའི་གལ་པོ་ཆེ་ཤིག་རེད། བརྡ་འཕྲིན་གྱི་འཇིག་རྟེན་ནང་ནས་གཞོན་ནུ་ཚོས་མི་རིགས་གཞན་གྱིས་རང་རིགས་ལ་འཛིན་པའི་ལྟ་ཚུལ་རྟོགས་ཐུབ་པས་ན། བོད་པ་རྣམས་ལུས་འཁྲུ་བར་མི་དགའ་ཟེར་བའི་བརྙས་གཏམ་མཐོང་ཐེངས་རེར་གཞོན་ནུ་ཚོའི་སྙིང་ཁ་ན་འབུག་འཛུགས་པ་ལྟར་གྱི་ཚོར་བ་ཡོང་བ་འདི་དཔེ་མཚོན་ཆུང་ངུ་ཞིག་དང་། འདི་ལས་རིགས་འགྲེ་ཐུབ་པ་ནི་ལ་རྒྱའི་སྙིང་དང་། ཞེན་ཁོག་གི་གློ་མཆིན། ད་དུང་ཕ་ཡི་ཇ་ཕོར་དང་མ་ཡི་རྩམ་ཁུག་ལ་མི་རིགས་གཞན་གྱིས་འགྲེལ་བཤད་ལོག་པ་རྒྱག་དུས་ཁོག་ནང་གི་ཁོང་ཁྲོ་ཇི་ལྟར་མནོན་འདོད་ཀྱང་མནོ་དཀའ་བ་རེད། ཚོར་བ། ཚོར་བ། ཚོར་བ། དེ་རིང་གི་འཇིག་རྟེན་ནི་ཟས་གོས་ཁང་པ་འཇིབས་ཆུང་སོགས་ཕྱི་ཡི་སྐྱིད་ཆས་འགྲིགས་པ་ཙམ་གྱིས་ལྡང་གི་མེད་པ་ནི་གསལ་པོ་ཡིན་ལ། མི་ལ་དགོས་པའི་རང་དབང་དང་ལ་རྒྱ་དེ་དག་དེ་རིང་གི་གཞོན་ནུ་ཚོས་ཧ་ཅང་བརྣག་པར་འདོད། ཚོར་བ། ཚོར་བ། ཚོར་བ་མེད་པ་ནི་བྲག་རྡོ་སྐམ་པོ་དག་དང་ཆུ་ཤིང་ངན་རིང་དག ད་དུང་རྒྱ་ངན་འདི་དག་རེད། ལོ་ཤས་གོང་ནས། རྒྱ་ནག་ལ་སློབ་འབྲིིང་འགྲིམས་པའི་ཕྲུ་གུ་དེ་དག་གིས་ཀྱང་ལུས་ལ་བོད་ཆས་གོན་འདོད་པ་དང་། ལག་ལ་ཕྲེང་བ་འདོགས་ནས་རང་མི་རིགས་ཀྱི་ཁྱད་ཆོས་སྟོན་པར་དགའ་བ་མཐོང་དུས་གཞོན་ནུ་དེ་དག་གིས་གཅིག་ཚོར་འདུག་བསམས་ལ་དེ་དག་གི་སེམས་པ་ལ་རྨ་ཁ་མང་པོ་བྱུང་འདུག་བསམས་སོང་། མདོར་ན། དེ་རིང་གི་བོད་པ་རྣམས་ཀྱི་ཚོར་བ་ནི་གནའ་མི་རྣམས་ལས་བརྒལ་བ་དང་། དེ་རིང་གི་བོད་པ་རྣམས་ཀྱི་ཆབ་སྲིད་གོ་རྟོགས་ནི་ཆེས་མཐོན་པོ་ཞིག་ལ་སླེབས་ཡོད།
དེ་ལྟར་ན། རང་སྲེག་ནི་བཟོད་སྒོམ་བྲལ་ཡང་གཞན་ལ་འཚེ་མི་འདོད་པའི་ཚོར་བ་དམར་རྗེན་མ་དེ་ཡིན་ནམ། ཡང་ན་རང་སྲེག་ནི་བཟོད་སྒོམ་བྲལ་བའི་ཆེས་མཐའ་མའི་འབོད་སྒྲ་ཡི་མེ་ལྕེ་རེད།
འདི་ན་ངས་མཆན་ཞིག་འདེབས་ཆོག་པ། གང་ཡིན་ཟེར་ན། རང་གིས་མ་མཐོང་བ་རྒྱུ་མཚན་དུ་བྱས་ནས་བཙན་བྱོལ་ནང་ཅི་གང་བྱེད་ཀྱིན་མེད་པ་རྐྱང་བཤད་བསྡད་ན། དེས་བོད་ནང་དང་རྒྱལ་སྤྱིའི་ནང་བརྡ་ལན་ནོར་བ་ཞིག་ཐེབས་སྲིད་པས་ཡིན། གསར་འགྱུར་ཐན་ཐུན་རེ་ཆད་མ་མཐུད་ཀྱིས་ཡོང་གི་ཡོད་པ་མ་གཏོགས། གོ་རིམ་དང་རྒྱུ་མཚན་སོགས་རྡོ་སྒྲིག་སྒྲིག་བྱས་ཏེ་ད་ཕན་བོད་ཡིག་གི་ནང་བྲིས་པའི་རྩོམ་ཡིག་གཅིག་ཀྱང་མཐོང་ལམ་དུ་མ་གྱུར་ཐལ། ཞེས་པའི་ཐད། དབུས་བོད་མིའི་སྒྲིག་འཛུགས་ཀྱི་དྲ་རྒྱ་ནང་རང་ལུས་མེ་སྲེག་གཏོང་བའི་གནས་ཚུལ་རེ་རེ་བཞིན་བཀོད་འདུག་ལ། སྤྱི་འཐུས་ཀྱི་དྲ་རྒྱ་ནང་དུ་ཡང་། དེ་དག་རེ་རེའི་སྐབས་སུ་དེ་ལྟར་ཡོང་དགོས་པའི་རྒྱུ་མཚན་དང་། དེ་དག་གི་འགན་འཁྲི་སུ་ལ་ཡོད་པ། དེ་ལ་རྒྱལ་སྤྱིའི་ངོས་ནས་གདུང་སེམས་མཉམ་སྐྱེད་དང་རྒྱབ་སྐྱོར་དགོས་སྐོར་ཆད་མེད་དུ་སྤེལ་སོང་། ད་དུང་སྤྱི་ལྷན་ནས་རེའུ་མིག་ཅིག་ཀྱང་བཟོས་འདུག །དེས་ན་དེ་དག་གཟིགས་ནས་འདི་འགྲིག་མི་འདུག འདི་འདྲ་ཞིག་དགོས་པ་རེད་བསམ་འཆར་བཤད་དགོས་པ་ལས། རྩོམ་ཡིག་གཅིག་ཀྱང་མཐོང་ཡ་མི་འདུག་ཅེ་ན་བདེན་པ་མ་རེད་ཅེས་བརྗོད་རྒྱུ་ཡིན། ད་དུང་མི་སོ་སོ་ལ་རྣམ་དཔྱོད་སོ་སོ་ཡོད་པས། དེ་ལས་ལྷག་པ་ཞིག་བཟོ་རྒྱུ་འདུག་ན་བཟོ་རོགས་གནང་། བོད་ནས་མི་ཡིས་ཚེ་སྲོག་བློས་གཏོང་ཐུབ་པ་ལ་ཁྱེད་ཀྱིས་དུས་ཚོད་ཅུང་ཟད་ཅིག་གཏོང་མི་ཐུབ་པ་ཅི་ནམ་ཞེས་འདྲི་རྒྱུ་ཡིན།
རང་དབང་གིས་བཤད་པ་བདེན་པ་རེད། མང་པོ་ཞིག་གིས་བཙན་བྱོལ་ནང་སྤྱི་སྒེར་གཉིས་ཀས་མ་བྱས་པ་མང་པོ་ཞིག་གླེང་གི་འདུག་པ་ལས་གང་བྱས་པ་དེ་གླེང་མཁན་དཀོན་པོ་ཡོད་ཚོད་གདའ། འདི་ཡ་མཚར་གནས་ཚུལ་རེད། རྩོམ་ཡིག་གཅིག་ཀྱང་མཐོང་ཡ་མི་འདུག་ཟེར་མཁན་དེ་ཚོ་ལ་བསམ་བློ་ཐོངས་དང་གཅིག་བྱས་ན་མ་མཐོང་བ་ཡིན་སྲིད་པ་རེད།
བོད་གཞུང་གིས་མེར་སྲེག་ཐད་གནང་བ་དང་མི་གནང་བ། གནང་མ་ཐུབ་པ་འགའ་ཤས་འདིར་ཡོད།
ལེགས་པར་གནང་བ་ལ།
ཕྱི་ཕྱོགས་ལ་དྲིལ་བསྒྲགས་ཡག་པོ་གནང་སོང་།
རྒྱ་ཕྱོགས་ལ་འགན་རྣམས་སྤྲད་སོང་།
འདས་པོར་མཆོད་འབུལ་ཡག་པོ་གནང་སོང་།
མེར་སྲེག་རྒྱུ་མཚན་རྒྱའི་མཉའ་གནོན་དང་འབྲེལ་བ་ཡོད་པ་འགྲེལ་བཤད་སྐྱོན་སོང་།
རང་གཞུང་གིས་གནང་མེད་པ་དེ།
མེར་སྲེག་ཐད་གཞུང་གི་ལྟ་བ་ཇི་ཡིན་གསལ་པོ་བཀའ་གནང་མ་སོང་།
སླད་མེར་སྲེག་གི་ལས་འགུལ་སྤེལ་མི་སྤེལ་གྱི་བླང་དོར་བཀའ་གནང་མ་སོང་།
མེར་སྲེག་འདས་པོའི་ནང་མིར་འཚམ་འདྲི་གནང་མ་སོང་།
རྒྱ་ནག་གཞུང་ལ་བོད་མིའི་གནད་དོན་དང་མེར་སྲེག་འབྲེལ་ཡོད་འབྲེལ་བཤད་རྒྱག་པར་སྐུ་ཚབ་གཏོང་མ་སོང་།
མེར་སྲེག་ལས་འགུལ་དང་འབྲེལ་ཡོད་བྱ་བ་སྒྲུབ་མཁན་གྱི་དམིགས་བསལ་ཚོགས་ཆུང་ཞིག་ཀྱང་བསྐོས་མ་སོང་།
མེར་སྲེག་གནད་དོན་སྐོར་ལ་དམིགས་བསལ་སྙན་ཞུ་ཞིག་ཀྱང་བྲིས་མ་སོང་།
མེར་སྲེག་སྐོར་ལ་དམིགས་བསལ་ཚོགས་འདུ་དང་བགྲོ་གླེང་ཚོགས་འདུ་བསྐྱངས་མ་སོང་།
ཡོངས་གྲགས་སུ་དབུ་མའི་ལམ་ནི་ཕམ་ཉེས་ཕྱིན་པའི་ཐབས་ལམ་ཞིག་ཏུ་ངོས་འཛིན་བྱེད་ཀྱི་ཡོད་པ་བཞིན། རྒྱལ་བ་རིན་པོ་མཆོག་ནས་ཀྱང་ནུབ་ཕྱོགས་ཀྱི་གསར་འགྱུར་རྒྱུད་ལམ་ཁག་ལ་དེ་དོན་ཡང་ཡང་གསལ་བརྗོད་གནང་ཡོད་ཀྱང་། ད་དུང་ང་ཚོའི་སྤྱི་ཚོགས་ནང་བོད་མིའི་མངོན་འདོད་དང་བདེ་སྡུག་ལ་འགན་མི་འཁུར་པའི་མི་བུ་རེ་ཟུང་གིས་ལམ་དབུ་མ་ཁ་ལ་འཁྱེར་ནས་སྤྱི་ཚོགས་ནང་རོ་ལང་རྒྱག་བཞིན་པའི་དམིགས་ཡུལ་ནི་ང་ཚོའི་གོང་བུ་གཅིག་གྱུར་དང་འཐབ་རྩོད་ཀྱི་ནུས་པ་ཉམས་ཉེས་གཏོང་རྒྱུ་དེ་རེད། ལྷག་པར་དུ་བཙན་བྱོལ་སྒྲིག་འཛུགས་ཀྱི་འགོ་འཁྲིད་ཚོས་ལམ་དབུ་མར་རྒྱབ་སྐྱོར་ཁོ་ན་མ་ཡིན་པར་རང་བཙན་གྱི་མིང་ཙམ་ཡང་མེད་པ་བཟོ་ཐབས་གནང་བཞིན་པ་ནི་དམངས་གཙོའི་ལམ་ལུགས་དང་ཡོངས་སུ་འགལ་ཡོད། དེར་རྟེན། རྒྱལ་བ་རིན་པོ་ཆེ་མཆོག་ནས་ནུབ་ཕྱོགས་ཁོ་ན་མ་ཡིན་པར། བོད་ཀྱི་སྤྱི་ཚོགས་སུའང་དབུ་མའི་ལམ་ཕམ་ཉེས་ཕྱིན་པའི་སྐོར་ངེས་པར་དུ་གསལ་བརྗོད་གནང་དགོས་པར་འདོད།
ངས་བསམ་ན་ང་ཚོས་ནོར་འཁྲུལ་ཧ་ཅང་ཚབས་ཆེན་ཞིག་བྱེད་ཀྱི་འདུག་སྙམ། དཔའ་བོ་དཔའ་མོས་རང་ལུས་མེ་ལ་བསྲེགས་ནས་ངོ་རྒོལ་བྱེད་དོན་རྒྱལ་སྤྱིའི་ཁྱབ་བསྒྲགས་ཆེད་མ་རེད། ཁོང་ཚོས་ཆེས་མཐའ་མཇུག་ཏུ་ཅི་ཞིག་བཤད་ཡོད་པའི་སྐད་ཆ་དག་ལ་ཉོན་དང་། ངས་བལྟས་ན་རང་ལུས་མེ་སྲེག་གི་ངོ་རྒོལ་འདིས་ནུས་པ་ནི་ཚད་ཡོད་པ་ཞིག་མ་རེད། འདིའི་ནུས་པ་རེ་རེ་ནི་བོད་མི་རེ་རེའི་སྙིང་ལ་ཐིམ་འདུག
གཞན་ཁ་ཤས་ཀྱིས་ནུས་པ་ཐོན་གྱི་མེད་པའི་རྒྱུ་མཚན་བགྲང་སྐབས་རྒྱལ་སྤྱིའི་སྟེང་ཁྱབ་བསྒྲགས་མི་འགྲོ་ཚུལ་བཤད་པའི་སྐད་ཆ་དེ་དག་གོ་རེ་བཞིན་ང་ཁོ་ཆད་ནས་ངུ་བཞིན་ཡོད། སེམས་བསམ་པའི་གཏིང་ནས་ངུ་བཞིན།
ཆབ་སྲིད་ཐོག་ནས་བཤད་ན་ད་ལྟ་རང་ལུས་མེ་སྲེག་འདི་ལས་འགུལ་ཞིག་གི་ངོ་བོར་བསྒྱུར་དགོས་པ་རེད། ད་དུང་ཤུགས་ཆེར་གཏོང་དགོས་པ་རེད། འོན་ཀྱང་ང་ཚོས་དུས་ནམ་ཡང་དྲག་པོའི་ངོ་བོར་བསྒྱུར་མི་ཉན་པ་ཡིན།
ད་ལྟ་བཙན་བྱོལ་བོད་གཞུང་གིས་ཛ་དྲག་གིས་བསྒྲུབ་དགོས་པའི་བྱ་བ་གལ་ཆེན་ཞིག་ནི། ༼བོད་ཀྱི་ཆེས་མཐོའི་ཐབས་ཇུས་ཞིབ་འཇུག་ལྟེ་གནས༽ཚད་ལྡན་ཕུན་སུམ་ཚོགས་པ་ཞིག་མྱུར་དུ་གསར་འཛུགས་བྱེད་རྒྱུ་འདི་རེད།
ཤེས་རབ་གསལ་ཞིང་ཉམས་མྱོང་ཆེ་བའི་བོད་རིགས་ལྷག་བསམ་ཅན་རྣམས། བོད་ཀྱི་ཆེས་མཐོའི་ཐབས་ཇུས་ཞིབ་འཇུག་ལྟེ་གནས་འདིར་གང་འགྱོགས་ཕྱོགས་གཅིག་ཏུ་བསྡུས་ནས། འཆར་གཞི་ཡོད་པའི་སྒོ་ནས་ཉམས་ཞིབ་སྡེ་ཚན་དུ་མ་རྩ་འཛུགས་བྱས་ཏེ། ཞིབ་འཇུག་པ་རྣམས་ཀྱིས་ཉིན་ལྟར་ཆུ་ཚོད་བརྒྱད་རེ། བློ་དང་རིག་པ་སྣ་ཚོགས་པས་བོད་ཀྱི་རྒྱ་ཆེའི་ལས་དོན་སྤྱི་ལ་ཞིབ་དཔྱོད་བྱེད་རྒྱུ་དང་། ཡང་སྐབས་རེ་བློ་སེམས་རྩེ་གཅིག་གིས་ཟབ་མོའི་ལས་དོན་དམིགས་བསལ་ལ་ཞིབ་འཇུག་མཐར་ཕྱིན་པ་བྱས་ནས་ཐབས་ཇུས་ཀྱི་བསྡོམས་རྩིས་ཐོབ་པར་བྱེད་བཅུག་དགོས།
བོད་ཀྱི་ཆེས་མཐོའི་ཐབས་ཇུས་ཞིབ་འཇུག་ལྟེ་གནས་འདིའི་ལས་འགན་ནི། བོད་གངས་ཅན་ལྗོངས་ཀྱི་ཆོས་ལྡན་མི་རིགས་འདིའི། གནས་སྐབས་དང་མཐར་ཐུག་གི་དམིགས་ཡུལ་རྣམས་སྒྲུབ་ཐུབ་པའི་མཐུན་རྐྱེན་དུ། གོ་རིམ་ཡོད་པའི་འཆར་གཞི་དང་། ཕན་ནུས་ཆེ་བའི་ཐབས་ཇུས། སྣ་ཚོགས་མཉམ་འབྲེལ་ཀྱི་ལས་འགུལ་སོགས་དུས་ཐོག་ཏུ་བོད་གཞུང་གི་ལས་རིགས་སོ་སོའི་ལས་བྱེད་པ་རྣམས་ལ་ཐབས་ཇུས་བསླབ་སྟོན་དང་གནས་ཚུལ་མཁོ་འདོན་བྱེད་རྒྱུ་དེ་ཡིན།
བོད་ཀྱི་ཆེས་མཐོའི་ཐབས་ཇུས་ཞིབ་འཇུག་ལྟེ་གནས་འདིའི་མེད་ན་མི་རུང་བའི་འབྲེལ་ཡོད་ལས་ཁང་གལ་ཆེན་ཞིག་ནི། ཕྱི་ནང་གི་དགོས་ངེས་གནས་ཚུལ་རྣམས་འཚོལ་སྡུད་ཐུབ་པའི་༼བོད་ཀྱི་ཆེས་མཐོའི་གསང་བའི་ལས་ཁང༽ཞིག་ཡོད་དགོས་ལ། བོད་ཀྱི་ཆེས་མཐོའི་གསང་བའི་ལས་ཁང་འདིས་ངེས་པར་དུ་གནས་ཚུལ་མཁོ་སྤྲོད་བྱེད་ཐུབ་པའི་མི་སྣ་སྤྱང་གྲུང་འཛོམས་པ་མང་པོ་སྦྱོང་བརྡར་བྱས་ནས། རྒྱལ་ཁབ་ཕྱི་ནང་གི་གཞུང་འབྲེལ་དང་གཞུང་འབྲེལ་མ་ཡིན་པའི་ཚོགས་པའམ་སྒེར་བ་རྣམས་དང་། འབྲེལ་བ་མངོན་ལྐོག་གཉིས་ནས་བྱས་ཏེ་འབྲེལ་ཡོད་དགོས་ངེས་ཀྱི་གནས་ཚུལ་རྣམས་དུས་ཐོག་ཏུ་རག་ཐུབ་པ་བྱེད་དགོས།
གལ་ཏེ་བཙན་བྱོལ་བོད་གཞུང་གིས། ཐབས་ཇུས་ལ་མཁས་པའི་ཤེས་འཇོན་ཅན་གྱི་བོད་མི་རྣམས་ལ། མཐོང་ཆུང་གིས་མཐོ་གནོན་དང་འབུར་འཇོམས་བྱས་ནས། ལས་གནས་མི་སྤྲད་པ་དང་ཐབས་ཇུས་གོང་འཕེལ་ཀྱི་བྱ་འགུལ་སྣ་ཚོགས་པ་ཞིག་སྤེལ་མ་བཅུག་ན། ང་ཚོའི་བོད་གཞུང་འདི་སྔར་གྱི་ལོ་རྒྱུས་རྙིང་པ་བཞིན་འཕེལ་མེད་སོར་གནས་དང་ནུས་མེད་ཉམས་རྒུད་ནས་རྩ་མེད་དུ་འགྲོ་ངེས་ཡིན་པ་ཀུན་གྱི་ཤེས་གསལ་རེད།
བོད་གངས་ཅན་པའི་རྒྱལ་དམངས་ཀྱི་གནས་སྟངས་ཤིན་ཏུ་སྐྱོ་བའི་དུས་རབས་འདིར། མཁས་མཛངས་ལྡན་པའི་བོད་རིགས་རྣམས་ཀྱིས་གཞུང་སྒེར་གྱིས་མགྲོན་འབོད་བྱེད་པ་ལ་ནམ་ཡང་མི་སྒུག་པར། མ་བསྐུལ་དང་ལེན་གྱིས་བཙན་བྱོལ་བོད་གཞུང་གི་ལས་རིགས་ཁག་གི་ནང་དུ་གང་འགྱོགས་སྒོས་ཞུགས་ནས། རང་གི་ཤེས་འཇོན་ལྟར་བོད་དོན་རླབས་ཆེན་སྒྲུབ་དགོས་པ་ནི། རྒྱལ་སྤྱིའི་དུས་བབ་ཀྱིས་སྤྲད་པའི་སོ་སོ་མི་ཚེའི་ལས་འགན་རེད་ལ་ཤི་གསོན་བོད་འབངས་ཡོངས་ཀྱི་རེ་བ་ངོ་མ་ཡང་འདི་རེད། དེར་བརྟེན་བདག་གིས་ཀྱང་བོད་གཞུང་གི་ལས་རིགས་སུ་ཞུགས་ཏེ། དངོས་ཤུགས་བརྒྱུད་གསུམ་ནས་ཞབས་འདེགས་གང་ནུས་ཉིན་ལྟར་ཞུ་བཞིན་ཡོད་ལ། ད་དུང་བཙན་བྱོལ་བོད་གཞུང་གི་ལས་ཁང་ཁག་ལ་ངེས་པར་དུ་ཐབས་ཇུས་ལ་མཁས་པའི་ཤེས་འཇོན་ཅན་གྱི་བོད་མི་མང་པོ་ཡོད་དགོས་པ་འདི་གལ་གནད་ཤིན་ཏུ་ཆེ་བར་མཐོང་།
མི་འགའ་ཞིག་གིས་རྒྱ་ནག་གི་དཔལ་འབྱོར་དེ་ནི་གནས་སྐབས་ཙམ་ཞིག་ལས་མཐར་ཐུག་ལ་ཁུངས་མི་འཁྱོལ་བ་དང་། ངོ་ཚོའི་མི་རིགས་འདི་ནི་ལོ་ངོ་སྟོང་ཕྲག་གི་གོང་ནས་བརྒྱུད་པའི་སངས་རྒྱས་ཀྱི་ཆོས་ལུགས་དང་འབྲེལ་བའི་སྙིང་སྟོབས་ལྡན་ལུགས་སོགས་བརྗོད་དེ་ལས་འགུལ་འདི་ལ་རྒྱབ་སྐྱོར་བྱེད་ཀྱི་ཡོད། དེ་ནི་རང་ཉིད་ཀྱིས་མེར་སྲེག་གི་སྡུག་བསྔལ་མྱོང་མི་དགོས་པ་དང་། སོ་སོའི་ནང་མིའི་དཀའ་ངལ་མིན་པ་ཙམ་ལས་གཞན་སྒྲུབ་བཤད་ཅི་ཡང་མེད་མི་འདུག
ཕྱི་སྡོད་པ་ཚོར་རྩྭ་ཆུ་འཛོམས་སར་བསྡད་དེ་མེར་སྲེག་གི་དོན་རྐྱེན་ནི་རྒྱ་ནག་གི་སྲིད་ཇུས་ལ་འགྱུར་བ་མ་ཕྱིན་ན་དུས་ནམ་ཡང་འཚམས་འཇོག་གི་མ་རེད་བཤད་པ་ནི་གཤོག་པའི་འོག་ལ་རླུང་རྒྱབ་པ་ལྟ་བུར་ཡིན་པས་གཞིས་བཞུགས་སྤུན་ཟླའི་ཚེ་སྲོག་ལ་མ་རིན་ཐང་མ་སྤྲད་པ་དང་འགན་མ་ཁུར་བ་རེད་སྙམ།
ད་ལྟ་གནས་སྐབས་སུ་གཞུང་མང་གཉིས་ཀྱི་བསམ་ཚུལ་གང་ཡོད་བསྡུ་རུབ་བྱས་ཏེ་ལས་འགུལ་ཁ་ཙམ་མིན་པར་ནུས་ལྡན་ཞིག་སྤེལ་རྒྱུའི་དུས་ལ་སླེབས་འདུག་སྙམ།
༢༠༡༣ནང་ལ་གཞིས་བྱེས་གཉིས་ནས་སྡེབ་ལངས་ངོ་རྒོལ་ཆེན་པོ་ཅིག་སྤེལ་མ་ཐུབ་ན། མེར་སྲེག་ལས་འགུལ་གྱི་སྒྲུབ་འབྲས་ལ་དོ་ཕོག་འགྲོ་ངེས་རེད་སྙམས་པས་་་་་་་་་་་་་
སེམས་ཅན་མི་སྲུན་གང་ཞིག་གིས། བདག་ལ་ཇི་སྲིད་གནོད་བྱས་ཀྱང་། བསམ་ངན་སྦྱོར་བ་མ་ཡིན་པར། སླར་ཡང་དེ་ལ་ཕན་ཐོག་ཤོག སེམས་ཅན་རྣམས་ཀྱི་དོན་ཆེད་དུ། ཕ་རོལ་ཕྱིན་དང་ཚད་མེད་སོགས། བདེ་བར་གཤེགས་པས་བསྟན་པ་བཞིན། བདག་གིས་རྒྱུན་དུ་སྤྱོད་པར་ཤོག ཅེས་པའི་རང་བས་གཞན་གཅེས་ཀྱི་བྱང་ཆུབ་ཀྱི་སེམས་དེ་རྒྱ་བོད་ཀྱི་བླ་དཔོན་གང་ལ་ཡང་མེད་པ་གཅིག་མཚུངས་རེད་ཤག་དཀོན་མཆོག་མཁྱེན་རང་སྲེག་གནང་མཁན་འདི་ཚོ་ཨ་ཁ་ཁ
དཔའ་བོས་མ་འཐབ་རང་འཐབ་རེད།
མི་ཤི་འགྲོ་ས་མེད་ཞོར་རེད།
ལྡར་མ་མ་བྲོས་མ་རང་བྲོས་རེད།
ཤི་ནས་སོས་རྒྱུ་མེད་ཞོར་རེད།
གང།
བགྲོ་གླེང་མཆན་བུ་བརྒྱ་ལྷག་བཏབ་པ་རེ་རེ་ནས་བཀླགས་པ་ཡིན། སྐད་ཡིག་འདྲ་མིན་ཐོག་དྲིལ་བསྒྲགས་བྱེད་དགོས་པ་དང་། དམ་པ་རེ་རེའི་ལོ་རྒྱུས་ཞིབ་ཚགས་འབྲི་དགོས་པ་སོགས་ལ་ཧ་ཅང་ཡི་རངས་བཞིན་ཡོད། མི་རེ་རེས་དམ་པ་རེ་རེའི་སྐོར་ལ་ལོ་རྒྱུས་ཞིབ་གསལ་འབྲི་རྒྱུར་དྭང་བླངས་བྱེད་འོས་པའི་དགོངས་འཆར་གནང་བ་དེ་ཡང་ཤིན་ཏུ་ལེགས་འདུག ཇི་ལྟར་བྱེད་ཐད་དགོངས་ཚུལ་གསུངས་ན་གང་འདྲ་འདུག
དེ་ནས་ཁ་བཤད་དང་ལག་ལེན་གཉིས་བར་གྱི་སྐད་ཆ་ཞིག་ཡོང་གི་འདུག ངའི་བསམ་ཚུལ་ལ། འདི་ལྟར་བགྲོ་གླེང་བྱེད་པའང་ལག་ལེན་གྱི་ཁོངས་སུ་གཏོགས་པ་རེད་དྲན། དེ་ནི་སྒེར་གྱི་བསམ་ཚུལ་ཞིག་ཡིན།
ད་བར་དུ་མང་ཆེ་བས་རང་རང་གི་དགོངས་ཚུལ་གསུངས་སོང་། ད་ “རང་གི་དགོངས་ཚུལ་”མ་ཡིན་པར། རང་གི་གྲོགས་པོ་དང་རང་གི་ངོ་ཤེས་སོགས་ལ་དགོངས་ཚུལ་གང་ཡོད་གསུངས་ན་དེ་ཡང་ལྟ་སྟངས་ཤིག་རེད། ཁ་སང་བོད་རང་བཙན་སློབ་ཕྲུག་ཚོགས་པའི་བསྟན་རྡོར་ལགས་ཀྱིས་འདི་སྐོར་གསུངས་པ་ཞིག་གཤམ་གསལ་འབྲེལ་ཐག་ན་འདུག
http://www.youtube.com/watch?feature=player_embedded&v=U2mCQQnAadA
བགྲོ་གླེང་འདིའི་ནང་དུ་ཤུགས་ཆེ་ཤོས་རང་བསྲེགས་ངོ་རྒོལ་བའི་ལོ་རྒྱུས་ཡིག་ཚགས་དུ་འཇོག་དགོས་པའི་དགོངས་ཚུལ་གསུངས་ཀྱི་འདུག དེ་ཡག་པོ་རེད་བསམ་གྱི་འདུག གུས་པའི་ངོས་ནས་དེ་སྔ་ནས་རྩོམ་སྒྲིག་ཁང་ཞིག་གི་འགན་འཛིན་དང་མཉམ་དུ་འདིའི་ཐད་བསམ་ཚུལ་ཞིག་བཤད་མྱོང་ཡོད་ལ། རང་བསྲེགས་གནང་མཁན་དང་ཉེ་བོ་འདྲིས་བོ་ཡོད་པའི་མི་སྣའང་བཙལ་མྱོང་ཡོད། ང་ཚོའི་འདུ་ཤེས་འཛིན་ཚུལ་གྱི་དབང་གིས་ཡིན་ནམ་གང་ལྟར་ཁ་གསལ་གོ་བདེ་རེ་རག་པ་ཧ་ཅང་དཀའ་བ་མ་ཟད། ལོ་རྒྱུས་ཀྱི་ས་བོན་དུ་རུང་བའི་དཔྱད་ཡུལ་ཡང་བཤད་ཐུབ་མཁན་དཀོན་པོ་འདུག ཡིན་ནའང་། ལོ་རྒྱུས་ཡིག་ཚགས་ཏུ་མ་བཀོད་པའི་སྔོན་དུ་རང་བསྲེགས་ངོ་རྒོལ་བའི་ལོ་རྒྱུས་ཡིག་ཚགས་དུ་འཇོག་པ་ལ་ལོ་རྒྱུས་གཞུང་ཇི་ལྟར་བསྒྲིགས་པའི་གནད་དོན་དེ་མེད་དུ་མི་རུང་བ་རེད་བསམ་གྱི་འདུག དཔེར་ན། རང་བསྲེགས་གནང་མཁན་གྱི་ལོ་རྒྱུས་ཡིག་ཚགས་དུ་འཇོག་པའི་ཆེད་དུ་ལོ་རྒྱུས་ཀྱི་གཞུང་ཤིང་དཀར་ཆག་ཇི་ལྟར་བཟོ་བའི་ཐད་མཁས་པ་རྣམས་ཀྱིས་བགྲོ་གླེང་རེ་འཚོགས་ནས་གནད་དོན་དང་པོ་དང་གཉིས་པ་བྱས་ནས་དཀར་ཆག་བཟོ་དགོས་ཤིང་། དཀར་ཆག་དེ་ལ་བརྟེན་པས་ལོ་རྒྱུས་ཀྱི་ས་བོན་བཙལ་བ་ཡིན་ན་ག་ལེར་ག་ལེར་རྒྱུ་ཆ་ཆ་ཚང་འགྲུབ་ཐུབ་པའི་རེ་བ་འདུག དེ་མིན་གཞི་རྟེན་མེད་པར་རྒྱུས་ལོན་ཟེར་བ་དེ་དཀའ་མོ་རེད་བསམ་ལ། ལྷག་པར་དུ་ང་འདྲ་བ་རྣམས་ཀྱིས་སྲིད་དོན་དང་འབྲེལ་བ་ཆེས་ཆེར་ཡོད་པའི་མི་སྣའི་ལོ་རྒྱུས་ལ་རྒྱུས་ལོན་བྱེད་དུས་གལ་ཆེ་ཆུང་གི་ཐད་ལའང་དཀའ་ངལ་འཕྲད་ཀྱི་འདུག
དཱ་ཐོན་ཡོང་རྒྱུ་མི་འདུག་ཨང་། མཐའ་ན་བསམ་ཚུལ་ཁག་ནང་ཁུལ་ལ་བགྲོ་གླེང་སྨིན་པོ་ཞིག་ཀྱང་གནང་ཐུབ་ཀྱི་མི་འདུག་ཨང་། དེ་འདྲ་ཞིག་ཏུ་མཐོང་བྱུང་།
བགྲོ་གླེང་འཁྲུག་པོ་འདུག ང་ཡང་གཅིག་བཤད་འདོད་ལངས་བྱུང་། རྒྱལ་ཁབ་ག྄ཞན་ལ་དཔའ་བོ་དྲན་གསོའི་རྡོ་རིང་བསླངས་པ་རེད། ང་྄ཚོ་བོད་མི་ལ་ཡང་དེའི་སྲོལ་ཡོད། ང་྄ཚོས་རྡ་སར་རྡོ་རིང་ཞིག་བཞེངས་ནས་དཔའ་བོ་ཚོའི་མཚན་བརྐོ་དགོས་འདུག ཕྱིས་སུ་བསྐལ་པ་བཟང་དུས་བོད་དུ་དབོར་བ་དང་དེ་འབྲེལ་གྱི་དྲན་གསོ་ཁང་བཞེངས་ནས་ཁོང་རྣམ་པའི་མཛད་རྣམ་ཕྱི་རབས་ཚ་རྒྱུད་ཡང་རྒྱུད་ཚོར་བརྒྱུད་བསྒྲགས་བྱེད་དགོས། དེས་ན་ད་ལྟ་ནས་ྑོང་རྣམ་པའི་ལོ་རྒྱུས་བཙལ་འཚོལ་དང་བསྡུ་རུབ་བྱེད་གལ་ཆེ། འ྄ཕྲལ་དམིགས་སུ་དེ་འབྲེལ་གྱི་བརྙན་པར་བཟོས་ནས་འ྄ཛམ་གླིང་ཁྱོན་ལ་དྲིལ་སྒྲོག་བྱ་རྒྱུ་དང་ནུབ་ཕྱོགས་རྒྱལ་ཁབ་྄ཁག་གི་བརྙན་འཕྲིན་ཁང་རེ་རེ་བཞིན་སྒོ་རྡུང་ནས་བརྙན་ྥབ་འདི་྄ཕྱིར་བཏོན་བྱེད་བཅུག་དགོས། ཁོང་ྪོ་ཡང་བཟང་སྤྱོད་ཀྱི་གནོན་ཤུགས་འོག་མ་སྟོན་རང་སྟོན་བཟོ་དགོས། ཁ་དཔེར་ཆུ་ཐིགས་བསགས་ན་རྒྱ་མྪོ་ལུད་ཟེར་བ་ལྟར་རྒྱ་ངན་གྱིས་ལྐོག་ལས་བྱས་ནས་ང་ཚོའི་ལམ་བུབཀག་ན། ང་ཚོས་ཁ་ངཀར་ངོ་དཀར་ཐོག་ནས་རེ་རེ་བཞིན་ཨུ་ཚུགས་མཐའ་སྐྱེལ་བཏང་ན་རླབས་ཆེ་ས་རེད།
བསམ་ཤེས་ཅན་མང་པོ་ཞིག་གིས་རྡོ་རིང་བཞེངས་རྒྱུ་དང་ལོ་རྒྱུས་འབྲི་རྒྱུར་བྲེལ་བ་བྱེད་ཀྱིན་འདུག རྒྱལ་གཅེས་དཔའ་བོ་ཕོ་མོ་དགུ་བཅུ་གོ་གྲངས་ལྷག་གིས་རང་སྲོག་བློས་བཏང་བ་དེ་ནི་མི་རིགས་ཀྱི་བདེན་པའི་འཐབ་རྩོད་ཀྱི་སྣེ་ལ་འཇུས་པ་ཙམ་ཡིན་པ་ལས་བདེན་པའི་བཐབ་རྩོད་ཀྱི་མཇུག་བསྡུས་པ་ཞིག་གཏན་ནས་མིན། ད་ལྟ་ནས་རྡོ་བཞེངས་པ་དང་ལོ་རྒྱུས་བྲིས་ནས་མཇུག་བསྡོམས་རྒྱག་གི་ཡིན་བསམ་ན་དེ་ནི་དཔའ་བོའི་ཞལ་ཆེམས་ཀྱི་དམིགས་ཡུལ་མིན་ལ་ཤུལ་ལུས་བོད་མིའི་འོས་འགན་གཙོ་བོ་ཡང་དེ་མིན།
ང་ཚོའི་བདེན་དོན་ད་རུང་མངོན་དུ་འགྱུར་པའི་རྟགས་སྣེ་ཐོན་མེད། བོད་མིའི་བདེན་དོན་ལ་མངོན་རྟགས་མ་ཤར་པར་དུ་ང་ཚོའི་འཐབ་རྩོད་མཇུག་བསྡུབམེད། ག་དུས་རྒྱ་གཞུང་གི་སྲིད་ངན་ཇུས་ནག་དེ་མཚམས་བཞག་ན་དེ་དུས་ང་ཚོའི་བདེན་པའི་བཐབ་རྩོད་ཀྱི་མཐའ་ལ་བསླེབས་གྲབས་ཡོད་པའི་རྟགས་ཡིན།
ང་ཚོའི་མིག་གིས་རྒྱ་གཞུང་དང་རྒྱལ་ཚོགས་ལ་ལྟ་དགོས་པ་མ་ཟད། རང་གཞུང་བཀའ་ཤག་ལ་ཡང་མིག་གིས་འཚོ་དགོས་གི་རེད། ངས་བྱས་ན་གཞུང་དེ་ཚོ་གསུམ་ལ་ང་ཚོ་བོད་མི་མང་གིས་གཡས་བསྒུལ་གཡོན་བསྒུལ་ཞིག་ངེས་པར་དུ་བྱེད་དགོས་གི་རེད། ཡིན་ན་ཡང་གཞུང་དེ་གསུམ་པོ་བསྒུལ་དུས་བསྒུལ་སྟངས་འདྲ་གི་མ་རེད། གཞུང་དེ་གསུམ་པོ་གོ་རིམ་བཞིན་བསྒུལ་དགོས་གི་རེད།
སྐྱབས་བཅོལ་མི་མང་གིས་སྐྱབས་བཅོལ་གཞུང་བསྒུལ་ཐུབ་གི་རེད་ལ་བསྒུལ་དགོས་གི་རེད། སྐྱབས་བཅོལ་གཞུང་གིས་རྒྱལ་ཚོགས་བསྒུལ་དགོས་གི་རེད། ངེས་པར་དུ་བསྒུལ་དགོས་གི་རེད། རྒྱལ་ཚོགས་མ་འགུལ་ག་མེད་ཅིག་ངེས་པར་དུ་བཟོ་དགོས་གི་རེད། རྒྱལ་ཚོགས་ཀྱིས་རྒྱ་གཞུང་བསྒུལ་དགོས་གི་རེད་ལ་གང་ལ་གང་འཚམ་གྱིས་བསྒུལ་ཡང་ཐུབ་གི་རེད།
ས་ཐོག་གི་ཕྱོགས་བཞི་མཚམས་བརྒྱད་ན་ཡོད་པའི་བོད་མི་སྐྱབས་བཅོལ་པ་ཡོངས་ཀྱིས་རང་གཞུང་རང་གིས་བསྒུལ་ཐུབ་ཐག་ཆོད་ཡིན། གོམ་པ་དང་པོ་དེར་གྲ་སྒྲིག་ཡག་ཐག་ཆོད་ཅིག་བྱས་རྗེས་སེམས་ཐག་གཙང་བཅད་ཀྱིས་གོམ་པ་གཉིས་པ་དེར་སྤོ་དགོས་གི་རེད།
ད་ནི་ཤུལ་ལུས་གཞིས་གྱེས་བོད་མི་ཡོངས་ལ་གདུང་སེམས་དྲག་པོའི་ཚོར་བ་དངོས་མ་ཞིག་ཡོད་ན་དཔའ་བོའི་ཚེ་སྲོག་ལ་མཇུག་བསྡོམས་རྒྱག་པའི་དུས་མ་ཡིན་པར་དཔའ་བོའི་ཁ་ཆེམས་བཞིན་མཇུག་སྐྱོང་མཐའ་འཁྱོལ་བྱ་བའི་དུས་ལ་སླེབས་ཡོད་པ་རེད།
ཐུ་བ་རྒྱ་མཚོ་ནས། ད་ནི་ཤུལ་ལུས་གཞིས་གྱེས་བོད་མི་ཡོངས་ལ་གདུང་སེམས་དྲག་པོའི་ཚོར་བ་དངོས་མ་ཞིག་ཡོད་ན་དཔའ་བོའི་ཚེ་སྲོག་ལ་མཇུག་བསྡོམས་རྒྱག་པའི་དུས་མ་ཡིན་པར་དཔའ་བོའི་ཁ་ཆེམས་བཞིན་མཇུག་སྐྱོང་མཐའ་འཁྱོལ་བྱ་བའི་དུས་ལ་སླེབས་ཡོད་པ་རེད། ཅེས་ཟེར། དེ་ལ་མཐའ་གཅིག་ཏུ་རྒྱབ་སྐྱོར་ཡོད། ངས་བརྗོད་པའི་དོན་དེ་ལོ་རྒྱུས་བསྡུ་རུབ་བྱེད་དགོས་མ་རེད་ཅེས་བའི་དོན་མིན།
བགྲོ་གླེང་བྱེད་མཁན་ཚོ་ནི་རྒས་གཅོང་ཁང་གི་རྒན་ཁོག་ཚོ་དང་འདྲ་ས་མང་པོ་འདུག བོད་ནང་དུ་ལུས་སྲོག་འབར། བོད་ཕྱི་རུ་ཁ་ལྕེ་འབར། དཔའ་བློ་ཁོག་མེད་པའི་སྡར་མ་ཁྱེད་ཚོ་ཡིན་ན། རྒད་པོ་ང་མིག་བཙུམ་འཇུག་རྒྱུ་མ་རེད།
༼དེ་རིང་ཤེས་རབ་དགའ་ཚལ་སློབ་གླིང་གི་དགེ་སློབ་ཚོས་རྒྱལ་ཚོཊ་ལ་འབོད་སྐུལ་དོན་ཚན་ཅན་ ༣ ཞིག་བཏོན་ཏེ། སློབ་གྲྭའི་ར་བ་ནས་ངྷ་ས་མེག་གྷན་བར་ངག་བཅད་ཞི་བའི་གོམ་བགྲོད་དང་། ཉིན་རྒྱབ་ནས་དགོང་དྲོའི་བར་ཟས་བཅད་ངོ་རྒོལ་གནང་རྒྱུ་ཡིན་འདུག
རྒྱ་གཞུང་གི་དྲག་གནོན་སྲིད་བྱུས་ལ་ངོ་རྒོལ་དང་བོད་ནང་གི་བོད་མི་ཚོས་གཅིག་རྗེས་གཉིས་མཐུད་ཀྱིས་རང་ལུས་མེར་བསྲེགས་གཏོང་བཞིན་པར་གདུང་སེམས་མཉམ་སྐྱེད་མཚོན་ཆེད། འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ལ་བོད་ནང་གི་རང་ལུས་མེར་བསྲེགས་ཐོག་དོ་སྣང་ཡོང་བའི་འབོད་སྐུལ་ཞུ་ཡིག་ཅིག་ཕུལ་བ་དང་སྦྲགས། དེ་རིང་ཕྱི་ཚེས་ ༧ ཉིན་གྱི་སྔ་དྲོར་བཞུགས་སྒར་ཉེ་འཁྲིས་སུ་ཡོད་པའི་ཤེས་རབ་དགའ་ཚལ་སློབ་གླིང་གི་དགེ་སློབ་ཡོངས་ཀྱིས་བོད་ཆས་ཀྱི་སྟེང་དུ་སྟོད་ལྭ་ནག་པོ་དང་། ཁ་ལ་རས་ནག་པོས་བཏུམས་ཏེ། སློབ་གྲྭ་དེའི་རྩེད་ཐང་ནས་ངྷ་ས་མེག་གྷན་བར་བོད་རྒྱ་དབྱིན་གསུམ་གྱི་འཕྲེད་དར་སྣ་ཚོཊ་དང་ལག་ཏུ་ཁ་གཏགས་རེ་བཟུང་སྟེ། ངག་བཅད་ཞི་བའི་གོམ་བགྲོད་ཅིག་གནང་ཡོད་པ་དང་། དགེ་སློབ་ཡོངས་མེག་གྷན་དུ་འབྱོར་མཚམས་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་ཉེ་འགྲམ་དཔའ་བོའི་རྡོ་རིང་མདུན་དུ་ཉིན་ཕྱེད་རིང་ཟས་བཅད་ངོ་རྒོལ་གནང་བཞིན་ཡོད་འདུག
ལས་འགུལ་དེའི་ཐད་ཤེས་རབ་དགའ་ཚལ་སློབ་གླིང་གི་སློབ་མའི་ལས་འགུལ་སྣེ་ཁྲིད་པ་སྐལ་བཟང་ཕུན་ཚོཊ་ལཊ་ཀྱིས་བརྗོད་པ་ལྟར་ན། ལས་འགུལ་དེ་ནི་བོད་ནང་རང་ལུས་མེར་བསྲེགས་གཏོང་བཞིན་ཡོད་པའི་བོད་མི་ཚོའི་གནས་སྟངས་ཐོག་མཉམ་འབྲེལ་རྒྱལ་ཚོཊ་གཙོས་རྒྱལ་སྤྱིའི་སྤྱི་ཚོཊ་ཀྱིས་རྒྱབ་སྐྱོར་ཡོང་རྒྱུར་དམིགས་པ་ཞིག་ཡིན་འདུག་ལ། ཐེངས་འདིའི་ཞི་བའི་གོམ་བགྲོད་དང་ཉིན་ཕྱེད་ཀྱི་ཟས་བཅད་ངོ་རྒོལ་ལས་འགུལ་དེར་དགེ་སློབ་ ༣༠༠ ལྷག་མཉམ་ཞུགས་གནང་ཡོད་འདུག
ཟས་བཅད་ངོ་རྒོལ་ལས་འགུལ་དེ་བརྒྱུད་ཤེས་རབ་དགའ་ཚལ་སློབ་གླིང་གི་དགེ་སློབ་ལས་བྱེད་ཐུན་མོང་ཐོག མཉམ་འབྲེལ་རྒྱལ་ཚོཊ་སྤྱི་ཁྱབ་དྲུང་ཆེ་བྷེན་ཀེ་མོན་མཆོག་གི་མཚན་ཐོག་ཏུ། བོད་ནང་གི་ཛ་དྲག་གནས་སྟངས་ཐོག་འབོད་སྐུལ་ཞུ་ཡིག་ཅིག་ཕུལ་ཡོད་ཅིང་། ཞུ་ཡིག་དེའི་ནང་འཁོད་དོན། “ངེད་ཅག་ཤེས་རབ་དགའ་ཚལ་སློབ་གླིང་གི་སློབ་མ་རྣམས་རྒྱ་ནག་གི་གདུག་རྩུབ་ཅན་གྱི་སྲིད་བྱུས་འོག་སྡུག་བསྔལ་ཚད་མེད་མྱོང་བཞིན་པའི་བོད་ལུང་པར་སྐྱེས་ཤིང་འཚར་ལོངས་བྱུང་སྟེ། ད་ལྟ་རྒྱ་གར་ལུང་པར་བཙན་བྱོལ་དུ་གནས་པ་ཤ་སྟག་ཡིན་པ་དང་། དེ་རིང་ང་ཚོའི་ཕ་ཡུལ་བོད་དུ་རྒྱ་ནག་གི་བཙན་གནོན་དང་འཁྱོག་བཅོས་ཀྱི་སྲིད་ཁྲིམས་འོག ང་ཚོའི་ཕ་མ་སྤུན་མཆེད་དང་གཅེན་གཅུང་ཚོས་ཉིན་མཚན་ཀུན་ལ་སྡུག་གི་ཁུར་བོ་མ་འཁྱོག་པར། ཐ་ན་འགྲོ་བ་མི་ཞིག་གིས་ཆེས་བདག་ཏུ་འཛིན་པའི་ལུས་དང་སྲོག་ཀྱང་མེར་བསྲེགས་ཏེ། རྒྱ་གཞུང་ལ་ངོ་རྒོལ་བྱས་དང་བྱེད་བཞིན་པ་ནི་འཛམ་གླིང་ས་ཐོག་གི་མིག་ཐོགས་ཚད་ཡོངས་ཀྱིས་མཐོང་གི་ཡོད།
ད་བར་ཁྱོིན་བོད་མི་ ༩༤ ཡིས་རང་ལུས་མེར་བསྲེཊ་ཀྱིས་རྒྱ་གཞུང་ལ་ངོ་རྒོལ་བྱས་པའི་གནས་སྟངས་ཧ་ཅང་ཛ་དྲག་ཏུ་གྱུར་ཡོད་པར་མ་ཟད། མ་འོངས་པར་ཡང་ང་ཚོའི་སྤུན་ཟླ་ཅི་ཙམ་གྱིས་རྩ་ཆེའི་ཚེ་སྲོག་ཤོར་མིན་སུས་ཀྱང་ཁ་ཚོན་གཅོད་དཀའ་བའི་གནས་སུ་གྱུར་ཡོད་ཀྱང་། ད་བར་འཛམ་གླིང་ཐོག་དྲང་བདེན་དང་ཞི་བདེ། འགྲོ་བ་མི་ཡི་ཐོབ་ཐང་ལ་དགའ་བའི་སྲིད་གཞུང་དང་ཚོགས་སྡེ། མི་སྒེར་སོགས་ཀྱི་ང་ཚོར་རྒྱབ་སྐྱོར་ཚད་གཞི་ཧ་ཅང་དམའ་བ་དང་། ང་ཚོའི་རྒྱབ་ཏུ་ལངས་མཁན་འགྲོ་མིའི་རིཊ་སྤུན་ཟླ་ཧ་ཅང་ཉུང་སྟབས། རྒྱ་ནག་གིས་གོ་སྐབས་དེ་དང་བསྟུན་ཏེ་བོད་ནང་གི་ཐབས་སྐྱོ་ཞིང་ཛ་དྲག་གནས་བབ་འདི་སྦས་ཐབས་དང་འཁྱོག་བསྒྱུར་གྱི་ཐབས་ཤེས་ཁོ་ན་བྱས་ཏེ། ང་ཚོའི་དྲང་བདེན་གྱི་གནས་ལུགས་འདི་འགྲོ་ས་གཏན་ནས་མེད་པ་ཞིག་བཟོ་བཞིན་ཡོད། ”ཅེས་འཁོད་འདུག
ཞུ་ཡིག་དེར་མུ་མཐུད་འཁོད་དོན། “དེ་རིང་ང་ཚོས་རང་གི་ཡན་ལག་ལྔ་བོ་ས་ལ་བཏུད་དེ་སྐུ་ཉིད་ལ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ངོས་ནས་གནད་དོན་གསུམ་ལ་ངེས་པར་བརྡ་ལན་སྤྲོད་དགོས་པའི་འབོད་སྐུལ་ཞུ་རྒྱུ་ཡིན། གཅིག ད་ལྟའི་ང་ཚོའི་ཕ་ཡུལ་བོད་ཆོལ་ཁ་གསུམ་ཁྱོན་ཡོངས་ཀྱི་རང་བསྲེགས་ངོ་རྒོལ་གནས་སྟངས་ཤེས་རྟོཊ་དང་བསྐྱར་ཞིབ་ཀྱིས། ང་ཚོའི་ཕ་མ་སྤུན་མཆེད་དང་ཕུ་ནུ་མིང་སྲིང་ཚོའི་ཚེ་སྲོག་གི་འབོད་སྒྲ་སྟེ་༸གོང་ས་མཆོག་བོད་ལ་ཕྱིར་ཕེབས་འཇུག་དགོས་དང་། བོད་ལ་རང་དབང་དགོས། སྐད་ཡིག་ལ་རང་དབང་དགོས། མི་རིགས་འདྲ་མཉམ་དགོས་ཟེར་བ་བཅས་ལ་བརྡ་ལན་ཞིག་གནང་རོཊ་ཞུ་རྒྱུ་ཡིན། གཉིས། རྒྱ་ནག་གཞུང་གིས་འབར་བཞིན་པའི་ང་ཚོའི་སྤུན་ཟླ་དག་གི་ཚེ་སྲོག་གི་གཏུག་བཤེར་གྱི་གནས་ལུགས་ཁྱིམ་ཚང་དང་བཟའ་ཚང་བར་གྱི་གནད་དོན་དང་དཀའ་ངལ་ལྟ་བུར་ཁ་བསྒྱུར་གྱིས་ནག་བསུབ་གཏོང་བཞིན་པ་དེར་སྤྱན་གྱིས་གཟིགས་རོགས་ཞུ་རྒྱུ་ཡིན། གསུམ། ཁོང་ཚོའི་ཤུལ་ལུས་ཕ་མ་དང་བཟའ་ཟླ། བུ་ཕྲུག གྲོགས་པོ། ཉེ་རིང་། འབྲེལ་ཡོད་ཡོངས་ལ་སྐྱོན་འཛུགས་ཀྱིས་ཁྲིམས་ལ་སྦྱོར་བ་དང་བཙོན་དུ་འཇུག་པ། ས་གནས་སོ་སོར་དམ་དྲག་གིས་ཡ་ང་སྙིང་རྗེ་བྲལ་བའི་གདུག་རྩུབ་ཀྱི་སྲིད་ཇུས་ལག་བསྟར་བྱེད་བཞིན་པ་སོགས་ལ་སྙིང་རྗེ་ཞིག་སྒོམ་རོགས་ཞུ་རྒྱུ་ཡིན་༽ ལས་འགུལ་སྤེལ་སྟངས་ཧ་ཅང་ཡག་པོ་འདུག་དགེ་སློབ་ཡོངས་ལ་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། འདི་འདྲ་བ་བཙན་བྱོལ་ནང་གི་སློབ་གྲྭ་ཡོངས་རྫོགས་དུ་ཚོད་ངེས་མེད་ཀྱིས་མཉམ་དུ་སྡེབ་ལངས་བྱེད་ཐུབ་ན་ག་འདྲ་འདུག སློབ་ཕྲུག་གི་ངོ་བརྒོལ་ལ་ཚང་མའི་དོ་སྣང་ཆེ་བ་དང་གཅིག སློབ་ཕྲུག་ནི་ཤེས་ཡོན་ཅན་གྱི་སྡེ་ཁག་ཡིན་པ་དང་གཉིས། སློབ་ཕྲུག་ནི་མི་རིགས་སུ་ཞིག་ཡིན་ཀྱང་མ་འོངས་པའི་སོན་རྩ་ཡིན་པ་བཅས་ལ་རྟེན་ནུས་པ་ཅི་བས་ཆེ་བ་ཡོད་ཙང་སྡེབ་ལངས་དང་པོ་སློབ་ཕྲུག གཉིས་པ་གྲྭ་བཙུན། གསུམ་པ་མི་མང་། དེ་རྒྱབ་གཞུང་དང་བླ་ཆེན་དཔོན་ཆེན། དེ་འབྲེལ་རྒྱལ་སྤྱིའི་བོད་དོན་རྒྱབ་སྐྱོར་དང་། ཆོས་རྒྱུད་སློབ་ཚོགས་ཡོངས་ལ་འབོད་བསྐུལ་གྱིས་རྒྱ་ཆེ་བའི་སྡེབ་ལངས་ཤིག་ནམ་ཡོང་བསམ་ནས་གྲ་སྒྲིག་ཨང་བསར་ཡོད།
ངས་བསམ་ན་རྡ་སའི་གཡས་གཡོན་ཚོ་ཉིན་བརྒྱ་དུས་གཅིག་ལ་ལངས་ནས་ལས་འགུལ་ཞིག་སྤེལ་ཐུབ་ན་བཟང་གི་སྙམ། ཚོགས་པ་བྱེ་བྲག་པ་རེ་རེས་རང་རང་ས་ནས་འདི་ལྟར་ལས་འགུལ་སྤེལ་ན་ནུས་པ་དེ་ཙམ་མི་ཐོན་ཀི
གནད་ལ་འཁེལ་ཏེ་འབྲས་བུ་སྨིན་ཐུབ་པའི་ལས་འགུལ་ཆེ་ཆུང་གང་ཡང་རུང་སྤྱི་སྒེར་ཚང་མས་རྡོག་རྩ་གཅིག་འདྲིལ་གྱིས་ལོང་ཤོག་ཆོས་དང་འཇིག་རྟེན་གང་ནས་བསམས་ཀྱང་ལོང་ཤོག
གཞིས་ལུས་བོད་མི་ཚོས་རྩ་དོན་ཆེད་བློས་གཏོང་འདི་ལྟ་བུ་བྱས་ཏེ་རང་ལུས་མེ་མཆོད་དུ་ཕུལ་བར་བྱེས་འབྱོར་བོད་མི་ཚོས་ངེས་པར་དུ་ཁོང་ཚོའི་བསམ་འདུན་རྣམས་འཛམ་གླིང་མི་མང་མདུན་དུ་གཤམས་ཐུབ་པ་བྱེད་དགོས། ལྷག་པར་དུ་རྒྱ་གཞུང་གི་བྱེད་འབབ་དེ་ལ་བརྡ་ལན་མ་སྤྲད་ན་ང་ཚོས་ཀྱང་དེམཚུངས་ཀྱི་ཟོད་པ་ཁོ་ནར་བསྟེན་དགོས་ཡོད་དམ་སྙམ། སྙིང་རྗེ་འཚེ་བ་སྤང་པའི་མི་རིགས་འདིའི་ལས་དབང་ལ་འཛམ་གླིང་མི་མང་གི་གཟིགས་པའི་དུས་ཞིག་ཡོད་དམ། ང་ཚོའི་མི་རིགས་འདིར་གྱོང་ཁ་ཁོ་ན་འཁྱེར་ཏེ་སྡོད་དགོས་པ་དང་། སྔ་ནས་ད་བར་ང་ཚོའི་མི་རིགས་ཀྱི་འགན་ཁུར་བ་ཚོར་ནང་ཁུལ་མགོ་སྣོན་གྱི་སྲིད་ཇུས་མཁས་པ་ལས་རྒྱ་མིར་སྲིད་ཇུས་དེ་ལྟ་བུ་གཏོང་མི་ཐུབ་པའི་ཕྱི་ཚུལ་འདྲ་ཆགས་ཁུག་ཏུ་སྐྱིད་རྒྱག་སྤྲོ་འཁྱམས་དབང་དུ་མ་སོང་བ་གནང་རོགས་ཞུ། གཞིས་ལུས་བོད་མིར་སྙིང་རྗེ་ངས་རྩ་དོན་གལ་ཆེ་ཡིན་པ་ཤེས་བཞིན་ཡོད་ཀྱང་རང་ལུས་མེ་མཆོད་མི་འབུལ་རྒྱུར་རེ་བསྐུལ་ཞུ་རྒྱུ་ཡིན།
ཚང་མས་བསམ་ཚུལ་ཡག་པོ་གླེང་འདུག ཡག་པོ་རེད།ཡིན་ནའང་ལག་ལེན་བྱེད་པ་ཁག་པོ་རེད།
ཨ་ཙི། བློ་ཕམ་པ་ཞིག་ལ་རྒྱལ་སྤྱིའི་གསར་འགྱུར་གྲགས་ཅན་bbc /CNN སོགས་ལ་གནས་ཚུལ་འདི་རྣམས་མ་བཀོད་པ་རྒྱུ་མཚན་ཅི་ཡིན་ནམ།
གལ་ཏེ་འགོད་ཐབས་ཐབས་ལམ་ག་རེ་དགོས་ཡོད་མེད་ཐབས་ལམ་ཞིག་ཨེ་ཤེ་ཡ་རང་དབང་རླུང་ཕྲན་བོད་སྐད་སྡེ་ཚན་དང་་(redio free Assia ) ཡང་ན། ཨ་རིའི་རྒྱངས་སྲིངས་རླུང་ཕྲིན་ལས་(voa) དེ འི་སྐོར་བགྲོ་གླེང་དང་ཁྱབ་སྤེལ་དགོས་ཚུལ་མ་གསུངས་བ་དེ་གང་ཡིན་ནམ། ཡང་ན་ཁོ་རང་ཚོས་མ་ཤེས་མ་གོ་བའི་མཐོང་ཆུང་འགྲོ་ཉེན་ལ་འཇིག་ནས་ཡིན་ནམ།???
ང་རང་ཚོས་ནང་ཁུལ་ནང་གཅིག་གི་ལ་བཤད་བསྡ་པ་དང་། ཁྱབ་བསྒྲགས་ལས་གཞན་ཅང་མི་འདུག་པས་བློ་ཕམ་ལས་གཞན་ཅི།
བཀའ་དྲིན་ཆེ་རབ་གསལ་ལགས། བགྲོ་གླེང་གལ་ཆེན་པོ་ཞིག་རེད། ཡིན་ཡང་། ང་ཚོར་ད་དུང་བགྲོ་གླེང་གི་ཐད་ན་དཀའ་ངལ་ཆེན་པོ་ཞིག་ཡོད་པ་འདྲ། བརྗོད་གཞི་གང་ཡིན་པ་དེའི་སྟེང་ལ་རང་རང་ལ་རིག་པ་གང་ཡོད་པ་དེ་ཟུག་བཅུག་ནས་གླེང་ན་མ་མཐར་གོ་རྒྱུ་འདྲ་ཡོད་རྒྱུ་རེད། དེ་མ་གཏོགས་ནམ་རྒྱུན་ལྟ་བུ་ཞིག་རེད། བརྒྱ་ཆ་མང་ཆེ་བ་བརྗོད་གཞི་ལས་བརྒལ་བའི་ཞོར་འཕྲོས་ཀྱི་སྐད་ཆ་རེད། གང་ལྟར། ཁ་བརྡའི་ཁ་དྲོ། ཁ་བརྡ་མུ་མཐུད་ནས་ཡོང་བའི་རེ་བ་ཤིན་ཏུ་ཆེ།
རང་སྲེག་བཏང་ནས་ད་ལྟ་བར་གྲུབ་འབྲས་མ་ཐོན་ཡང་རིམ་པས་ཐོན་སྲིད། ཡིན་ནའང་ངའི་ངོས་ནས་རང་སྲེག་བཏང་རོགས་ཞུ་གི་མེད། རང་སྲེག་མ་བཏང་རོགས་ཡང་ཞུ་ཡ་མེད། གང་ལྟར་གཞིས་ལུས་བོད་མིའི་བློ་སྟོབས་ཆེན་པོའི་རྒྱ་དམར་གཞུང་ལ་འུ་ཐུག་ནས་ངོ་རྒོལ་དེ་རང་སྲེག་བཏང་བ་རེད། ( འུ་ཐུག་ཞེས་པ་ཐབས་སྡུག་ལ་གོ་རྒྱུ་མིན།) ཐབས་ཤེས་གཞན་མེད་པ་ལྟ་བུ་རེད། ཁོང་ཚོའི་དགོས་དོན་གཙོ་བོའམ་འབོད་སྒྲ་གཙོ་བོ་ནི་བོད་ལ་རང་དགོས། ༧གོང་ས་མཆོག་བོད་ལ་གདན་དགོས་ཞེས་པ་དེ་གཉིས་ཡིན། དེས་ན་དབུས་བོད་མིའི་སྒྲིག་འཛུགས་ནས་རྒྱ་ནག་དང་འབྲེལ་ལམ་གནང་ནས་དགོས་དོན་རྣམས་འགྲུབ་དགོས། དེ་སྔ་བློ་སེང་གྱི་སྐབས་དང་དུས་བསྟུན་དགོས་ཞེས་པ་དེ་སླེབས་སོང་།
རང་ཐོག་ལ་ལ་མ་བབས་ན་ཁ་མི་གྲག་པ་འདི་བོད་མིའི་གཤིས་ཀ་ཡིན་ལ། ལྷག་པར་དུ་སྦས་པའི་བརྟུལ་ཞུགས་ཅན་དག་གི་རང་གཤིས་ངོ་མ་དེ་ཡིན། མདོ་དོན། སུས་ཀྱང་ཆ་མི་འཇོག་ལ་སུར་ཡང་ཡིད་ཆེས་སྟེར་མི་ཐུབ་པའི་རྙོག་གླེང་པ་འདི་དག་གི་ཟེར་ཚད་ལ་སུས་ཡིད་རྟོན་བྱེད།
ཟམ་གདོང་བླ་མས་མ་འགྲིག་པ་དང་སྲིད་སྐྱོང་བློ་སེང་གིས་མི་འཁྱོངས་པར་བརྗོད་པ་འདི་དག་ནི་ནམ་དུ་ཡང་དྲང་པོའི་ལམ་དུ་མ་ཞུགས་པའི་དན་རྟགས་དངོས་དེ་ཡིན། ཟམ་བློ་གཉིས་ལའང་ནོར་བ་དང་འཁྲུལ་པ་ཡོད་སྲིད་མོད། སྡུག་དཀའ་ལས་བརྒྱབས་པ་དང་རྒྱག་བཞིན་པར་སུས་ཡི་རངས་དང་བསྔགས་བརྗོད་བྱེད་མྱོང་ངམ། རང་རང་གི་འཚོ་བ་ཡག་ཙམ་བྱུང་ན་དེ་གས་འགྲིག་པ་དག་ལ་འདི་ལྟར་སྨྲས་པ་ཡིན།
འཁང་རས་མི་ཚེ་སྐྱེལ་བ་དག་ནི་འཚོ་བས་ཕོངས་པ་དག་གམ། ཕུགས་དོན་ནམ་འདོད་རྔམ་ལ་འབྲས་བུ་མ་བྱུང་བ་དག་ཡིན་མཆི་ཞེས་ངས་བརྗོད་འདོད།
མཐའ་དོན། བོད་ནང་གི་བོད་མི་དེ་དག་གི་སྡུག་བསྔལ་ཇི་ལྟར་བསལ་རྒྱུ་དེ་རེད། ངས་བསམས་ན། བཙན་བྱོལ་དུ་འཇིག་རྟེན་ཧྲིལ་པོ་གཉིད་ལས་སློང་བར་བྱེད་པའི་ལས་འགུལ་སྔ་ན་མ་བྱུང་བ་ཞིག་བསྒྲུབ་རྒྱུ་དེ་རེད། དེ་ནི་སྒོ་ཐམས་ཅད་བརྒྱབས་ཏེ་ལྷམ་བདེ་པོ་ཞིག་གོན། ཟས་དངུལ་འདང་བ་ཞིག་འཁྱེར། གསར་འགོད་པ་དང་བརྙན་ལེན་པ་སྟོང་ཕྲག་བརྒལ་བ་བཀུགས། འཛམགླིང་ཁྱོན་ཡོངས་ལ་དྲིལ་བསྒྲགས་ཆེ་ཙམ་བྱས། ཆེན་པོ་དག་མདུན་དུ་ཐོན། དཀྱུས་མ་རྣམས་དཀྱིལ་དུ་བསྡད། ཕལ་པ་དག་གཞུག་ཏུ་བསྒྲིགས་ཏེ་བོད་གངས་ཅན་གྱི་ཕྱོགས་སུ་བསྐྱོད་རྒྱུ་དེ་ལས་གཞན་ཐབས་གང་ཡང་མེད་སྙམ། འདི་ལྟར་བྱེད་མ་ཐུབ་ཚེ་ལས་འགུལ་དུ་བསྙད་པ་དང་དྲིལ་སྒྲོག་ཏུ་སེམས་པ་རྣམས་ཀྱི་བརྒྱ་ཆའི་དགུ་བཅུ་གོ་ལྔ་ཙམ་ཆུད་ཟོས་ཉག་གཅིག་རེད་ལ། དུས་ཚོད་ཀྱང་དེ་གའི་ངང་དུ་ཟད་ངེས། མེ་སྲེག་གི་ཚ་རླབས་འདི་མ་ཡལ་གོང་ལས་འགུལ་འདི་ངེས་པར་དུ་བསྒྲུབ་དགོས། འདིའི་ཐད་བློ་སེང་ལ་རྟིང་སྐུལ་བྱ་དགོས་ལ། གངས་སྐྱིད་ཀྱི་ལས་བྱེད་དག་ལའང་འདྲི་བརྩད་དཔྱིས་ཕྱིན་པ་བྱ་དགོས། དེར་མ་ཟད། ཕྱི་རྒྱལ་གྱི་མི་སེར་དུ་གྱུར་པའམ་མི་སེར་གྱི་ལམ་དུ་ཞུགས་པ་དག་ལའང་སྐུལ་འདེད་དང་ཚ་འདེད་དྲག་ཏུ་བྱ་དགོས་སྙམ།
ངས་བསམ་ན་རྒྱ་གཞུང་ལ་འབྲེལ་པ་བྱེད་རྒྱུ་དེ་རྩ་བ་ནས་ནོར་འཕྲུལ་ཞིག་རེད། ད་བར་དུ་སྐྱབས་མགོན་མཆོག་གིས་སྐུ་ངལ་ཚད་མེད་སྤྱད་ནས་འབྲུས་བུ་ཞིག་འེ་ཐོན་ལ་འབད་པ་རེད། དེ་ལས་ལྡོག་ཏེ་རྒྱ་གཞུང་གིས་ཉི་མ་ཕུད་ཐབས་དང་དུས་ཚོད་འཆོལ་ཐབས་བྱས་བསྡད་པ་རེད་་་་་་ད་དུང་ཡང་དེ་བཞིན་བྱེད་རྒྱུ་ནི་རྒྱ་གཞུང་གི་དཔོན་རིཊ་ཚོས་རང་གཤིས་སུ་གྲུབ་ཡོད། དེ་ལས་རྒྱའི་གཞུང་ཕྱོགས་སུ་རེ་བ་དེ་དོར་ན་རེད།
རང་སྤུན་ཟླ་དགུ་བཅུ་ལྷག་གི་གཅེས་སྲོག་གི་རིན་ཐང་དང་རེ་འབོད་ཡང་དེ་ག་ལ་ཡིན།
ངས་བསམ་ན་རྒྱ་གཞུང་ལ་འབྲེལ་པ་བྱེད་རྒྱུ་དེ་རྩ་བ་ནས་ནོར་འཕྲུལ་ཞིག་རེད། ད་བར་དུ་སྐྱབས་མགོན་མཆོག་གིས་སྐུ་ངལ་ཚད་མེད་སྤྱད་ནས་འབྲུས་བུ་ཞིག་འེ་ཐོན་ལ་འབད་པ་རེད། དེ་ལས་ལྡོག་ཏེ་རྒྱ་གཞུང་གིས་ཉི་མ་ཕུད་ཐབས་དང་དུས་ཚོད་འཆོལ་ཐབས་བྱས་བསྡད་པ་རེད་་་་་་ད་དུང་ཡང་དེ་བཞིན་བྱེད་རྒྱུ་ནི་རྒྱ་གཞུང་གི་དཔོན་རིཊ་ཚོས་རང་གཤིས་སུ་གྲུབ་ཡོད། དེ་ལས་རྒྱའི་གཞུང་ཕྱོགས་སུ་རེ་བ་དེ་དོར་ན་རེད།
རང་སྤུན་ཟླ་དགུ་བཅུ་ལྷག་གི་གཅེས་སྲོག་གི་རིན་ཐང་དང་རེ་འབོད་ཡང་དེ་ག་ལ་ཡིན།
ཕྱི་ཕྱོགས་བོད་མི་ཚོས་ཀྱང་མཆོད་འབུལ་དང་བརྔོ་སྨོན་ཙམ་གྱིས་ཉི་མ་ཕུད་ཐབས་བྱེད་པ་ལས་རང་ནུས་གང་ཡོད་གྱིས་རང་རང་གི་ཐད་ནས་ཕྱི་འབྲེལ་གོ་རྟོགས་སྤེལ་རྒྱུ་དང་་་་་་་
ད་ཐེངས་ཀྱི་བགྲོ་གླེང་འདིའི་ཞོར་ནས་མ་མཐར་ཡང་རང་ཉིད་ཀྱི་ཕྲག་ལ་ཐེག་ཚོད་ཀྱི་ཁུར་ཞིག་འབབ་པའི་རེ་བ་བྱས་ཀྱང་། ཕལ་ཆེར་མེད་པ་འདྲ། ཉི་མ་ཡང་རྫོགས་གྲུབ་འདུག བགྲོ་གླེང་ཀྱང་གསལ་བོ་མ་ཆགས་པ་འདྲ་བོ་བྱུང་ཐལ། ད་ཅི་བྱེད། ཡུམ་དུམ་པ།
གྲོས་ཚོགས་ནང་སྤྱི་འཐུས་ཚོས་མེར་བསྲེགས་ལས་འགུལ་གླེང་བ་དེར་བལྟས་པ་ཡིན། ཉན་པ་ཡིན། ཆོས་རིག་ལས་ཁུངས་ཀྱི་ངོས་ནས་མཆོད་འབུལ་དུས་ཐོག་ལ་བྱེད་དགོས་པའི་སྐོར་ལ་ནན་བཤད་རིང་ཐུང་བཅོ་བརྒྱད་བྱས་ནས་མཇུག་བསྡུས་སོང་།
དེའི་རྗེས་ལ་རྡ་རམ་ས་ལ་ནས་གཞོན་པ་སྐོར་ཞིག་གིས་གླེང་གླེང་སོང་། དེ་ཡང་དེ་ཙམ་ཞིག་ཆགས་སོང་བ་དེ་དག་དང་བསྡུར་ན། ད་རེས་ཀྱི་དྲ་ཐོག་བགྲོ་གླེང་འདི་ཡག་པོ་རེད་སོང་། འདོད་པ་ཚིམ་པ་བརྒྱ་ཆ་བརྒྱ་རེད་ཞུ་གི་མེད། ད་བར་དུ་གླེང་སྟངས་ཚོར་ལས་འབུར་ཐོན་ཆགས་སོང་། ཁ་བརྡ་ཚང་ཐུགས་རྗེ་ཆེ།
ཡ་གངས་ཅན་པ་ཚོ། ངས་བལྟས་ན་ད་ང་ཚོས་མེར་སྲེག་གི་གྲངས་ཀ་བགྲང་བཞིན་སྨོན་ལམ་འདྲ་དང་མར་མེ་ཁྲོམ་སྐོར་རེ་བྱས་ནས་གྱི་ནར་འདུག་བཟོད་ཡོད་ཨེ་ཐལ། བདེན་པའི་མེ་ལྕེ་སྐོར་བསྐྱོད་དེས་ཀྱང་འཛམ་གླིང་གི་གཞུང་དང་མི་དམངས་ལ་ཚོར་བ་ དྲག་པོ་ཞིག་དང་བོད་སྐྱོབ་ཀྱི་ལས་དོན་ལ་སྐུལ་མ་ལེགས་པོ་ཞིག་བྱས་ཐུབ་ མེད་པ་གསལ་པོར་ཆགས་ཟིན་པ་རེད།
ད་བྱས་དུས་ཕྱིས་སྡོད་བོད་མི་ཡོད་དོ་ཅོག་ལོངས་ཤོག ཁ་ཞེ་གཉིས་མེད་ཀྱིས་བོད་དོན་རྒྱབ་སྐྱོར་བ་ཡོད་ནའང་ལོངས་ཤོག ཚང་མས་ཁས་ལེན་བྱས་ནས་ཐོན་ཤོགས། ང་ཚོས་བལ་ཡུལ་དུ་སྒུག་ནས་ཡོད། ཤོགས་དང་ང་ཚོ་མི་འབུམ་གཅིག་ལྷག་ཙམ་བོད་དུ་ལོག་པའི་ལས་འགུལ་ཛ་དྲག་ཞིག་བརྩམས་ ནས་མགྱོགས་པོར་བོད་དུ་ལོག་པའི་ལས་འགུལ་ཆེན་མོ་མགོ་ཚུགས་ཤིགས། ལྷག་པར་དུ་ཕྱི་རྒྱལ་ཡུལ་གྲུ་ཁག་ལ་ཡོད་པའི་བོད་པ་ཡུལ་དེའི་མི་སེར་བཟོས་ཟིན་ པ་རྣམས་དང་འབྱོར་པ་ཅན་ཚོས་ཀྱང་རང་མི་རིགས་ཀྱི་བདེ་སྡུག་དང་རིག་གནས་སྲུང་ སྐྱོབ་ལ་རྒྱ་བཅས་ཀྱི་ཆེད་ཡོད་ཚད་ད་རེས་བློས་གཏོང་བྱས་ནས་ཡོང་རོགས། བལ་ཡུལ་མཆོད་རྟེན་བར་ཚང་མས་མི་མངོན་པ་རེ་རེ་ནས་ཐོན་ཤོགས། དེ་ནས་ང་ཚོས་གསང་སྟབས་ཀྱིས་བོད་བསྐྱོད་ལས་འགུལ་འདི་མགོ་འཛུགས་ས་བལ་ཡུལ་ མཆོད་རྟེན་དང་འཇུག་བསྡུ་ས་ཨམ་མདོ་རྔ་བའི་དཔའ་བོའི་ཐང་ཆེན་དུ་ཡིན། མི་རེ་ཟུང་གིས་རང་སྲོག་བློས་གཏོང་དང་ཧར་ལོང་ཐད་རྒྱུག་བྱས་ཀྱང་དེ་ཙམ་གྱིས་ ཤུགས་རྐྱེན་ཆེན་པོ་དང་གཡོ་འགུལ་ཆེན་པོ་བྱེད་མི་ཐུབ། བོད་མི་ཚང་མ་ལོངས་ནས་ཤོགས་དང་མཉམ་དུ་འགྲོ ང་དང་མཉམ་དུ་འགྲོ བོད་ལ་འགྲོ སང་ཉིན་ནས་འགྲོྲ ཆེས་རླབས་ཆེན་གྱི་ལས་འགུལ་ཆེན་པོ་དེ་འདྲ་ཞིག་སྤེལ་ཐུབ་ཚེ་བལ་དམག་དང་རྒྱ་ དམག་གཉིས་ཀྱིས་བཀག་འགོག་བྱ་ཐབས་དཀའ་བས་སྐྲག་མི་དགོས། མཇུག་འབྲས་ནི་དེ་ནས་བཟུང་བོད་ཀྱི་གནད་དོན་དེ་འཛམ་གླིང་གི་ས་སྒང་འདིར་ཆར་ བབས་ན་བབས་ཐག་ཆོད་པ་ཞིག་དང་དྭངས་ན་དངས་ཐག་ཆོད་པ་ཞིག་ཡོང་རྒྱུ་ངེས་པ་ཡིན་ལ་ ལོ་རྒྱུས་ཀྱི་རི་མོ་ཡང་གསར་པ་ཞིག་མགོ་འཛུགས་བྱེད་ཐུབ། བོད་པ་ཚོ་སྙིང་ལ་རུས་པ་བཅུགས་ནས་ངར་ནས་ལོངས་ཤོགས། སྐྲག་མི་དགོས། སྒུག་ནས་ཡོད།
རྐང་བཙུགས་ནས་བོད་མིས་སོོ་གསོན་སྲེག་སྐོར་དྲ་རྒྱ་ཚད་ལྡན་ཞིག་འབྱེད་རྒྱུ་ནི་ཁ་ཚ་དགོས་གཏུགས་དང་བཙན་བྱོལ་བ་ཚོའི་ལས་འགན་ཡང་རེད་སྙམ། ངས་ད་ལྟ་རང་གྷོལ་གེལ་ནང་བཙལ་ཡིན་ཏེ་ཆ་ཚང་བའམ་ཚད་དང་ལྡན་པ་ཞིག་མི་འདུག
བཙན་བྱོལ་ནང་བཞུགས་མཁན་མང་ཆེ་བས་བོད་ནང་གི་བོད་མི་ཚོར་གདུང་སེམས་ཉམས་བསྐྱེད་དང་རྒྱབ་སྐྱོར་བྱེད་མཁན་ཚོས་ལྷག་བསམ་རྣམ་དག་གིས་བྱེད་པ་དང། ཁག་ཅིག་གིས་བོད་མིའི་ཚེ་སྲོག་རྩ་ཆེར་འཕྲོག་བརླག་ཏུ་མི་འགྲོ་བར་བསམ་ཏེ་རང་སྲོག་བློས་གཏོང་མ་བྱེད་རོགས་ཟེར་སོ་སོའི་ལྷག་བསམ་རྣམ་པར་དག་པའི་སྒོ་ནས་འབོད་སྐུལ་ཞུ་གི་ཡོད་པ་རེད། བཙན་བྱོལ་དུ་བཞུགས་མཁན་ཚོས་གདུང་སེམས་མཉམ་བསྐྱེད་ཀྱི་ཆོས་འབུལ་དང་རྒྱབ་སྐྱོར་གྱི་ལས་འགུལ་སྤེལ་བ་མ་ཡིན་པར་རང་སྲོག་བློས་གཏོང་གནང་མཁན་ཚོའི་
རྩ་ཆེའི་ཚེ་སྲོག་བློས་བཏང་བྱས་པ་ཆུ་བཟོད་དུ་མི་འགྲོ་བ་བྱ་དགོས་པ་ནི་གལ་ཆེན་པོ་མཐོང། ང་ཚོས་ད་བར་མི་ལོ་དྲུག་ཅུ་ཙམ་རིང་ལས་འགུལ་སྤེལ་བ་ཚང་མ་གཅིག་པ་ལས་མི་འདྲ་བ་ཞིག་དང་ནུས་པ་ཐོན་པ་གང་ཡང་མིན་འདུག་ལ་བཙན་བྱོལ་བོད་མིའི་སྒྲིག་འཛུགས་བཀའ་ཤག་ནས་རྒྱལ་སྤྱིའི་རྒྱལ་ཁབ་ཁག་དང་གྲོས་ཚོགས་ཁག་གི་རྒྱབ་སྐྱོར་དང་བོད་དོན་གྲོས་མཆོད་བཞག་རབ་བཤད་དེ། བོད་ནང་གི་བོད་མི་ཚོར་སྐུལ་སློང་སྤེལ་ཐབས་ཤིག་ལས་གང་ཡང་མིན། ང་ཚོས་ལས་འགུལ་གསར་པ་ཞིག་སྤེལ་དགོས་པ་ནི། དཀྱིལ་ཤར་ཡུལ་གྲུའི་རྒྱལ་ཁབ་སྤ་ལེ་སི་ཐན་གྱིས་ལོ་མང་རིང་དཀའ་ངལ་རྒྱབ་པར་དེར་ད་ཆ་རྒྱལ་ཚོགས་ཀྱི་ཟུར་ཉན་རྒྱལ་ཁབ་ནང་
ཞུགས་ཐུབ་པ་དེ་ཁོང་ཚོའི་དཀའ་ལས་རྒྱབ་པའི་གཟི་བརྗེད་རེད་ལ་ཁོང་ཚོའི་མི་དམངས་ཀྱིས་རྒྱལ་ཁབ་དང་མི་རིགས་ཀྱི་དོན་དུ་རང་སྲོག་བློས་བཏང་བྱས་པ་དེར་ནུས་པ་ཐོན་པའི་གྲུབ་འབྲས་ཐོབ་ཡོད། དེར་བརྟེན་བཙན་བྱོལ་དུ་ཡོད་པའི་བོད་པ་ཚོས་ལས་འགུལ་ཆུང་ཚགས་ལ་མགོ་འཁོར་ནས་དོན་ཆེན་ཕྱུག་འགྲོ་གི་འདུག
ངའི་སྒེར་གྱི་བསམ་ཚུལ་ནི། སྐུ་ལུས་མེ་བསྲེག་མ་བཏང་བར་བོད་རྒྱལ་ཁབ་དང་མི་རིགས་ཀྱི་ཆེད་དུ་ལས་ཀ་བྱེད་དུ་མང་པོ་ཡོད། ལྷག་དོན་ལོ་ཆུང་བ་དང་ཕྲུ་གུ་ཆུང་ཆུང་ཡོད་པའི་ཕ་མ་ཚོས་རང་བསྲེག་རྩ་བ་ནས་བཏང་རྒྱུ་མེད། ཁོང་ཚོར་རང་བསྲེག་གཏོང་ནུས་པའི་བློ་སྟོབས་ཡོད་པ་དེས་གཞན་གྱི་བྱ་བ་གང་ཡང་བྱེད་ནུས་པ་ཞིག་ཡིན་པར་སོང། ཤེས་ཡོན་མེད་པ་ཞིག་ཡིན་ན་ཤེས་ཡོན་སྦྱང་བརྩོན་བྱས། ཤེས་ཡོན་ཡོད་པ་ཚོས་བོད་ཀྱི་གྲོང་གསེབ་ལུང་ཁུག་ཏུ་སློབ་གྲྭའི་མཐུན་རྐྱེན་མེད་པའི་ཕྲུ་གུ་ཚོར་ཤེས་ཡོན་སློབ། ཕ་མ་ཚོ་ཡང་རང་གི་ཕྲུ་གུར་ཤེས་ཡོན་ལེགས་པོ་སྤྲད་དེ་ཤེས་ཡོན་དང་རྣམ་དཔྱོད་ལྡན་པའི་མི་རིགས་ཤུལ་འཛིན་པ་གསོ་སྐྱོང་བྱ་དགོས། ཕྲུ་གུ་བདག་མེད་དུ་ལུས་པ་སུས་གསོ་སྐྱོང་བྱེད་ཀྱི་རེད་དམ།
ཁ་ཤས་ཀྱི་གྲུབ་འབྲས་ཐོན་མ་སོང་གསུང་གི གྲུབ་འབྲས་ག་འདྲ་ཞིག་ལ་གསུང་གི་ཡོད། རང་སྐྱོང་དང་རང་བཙན་གང་རུང་ཐོབ་མ་སོང་བསམ་གྱི་ཨེ་ཡོད། དེ་ནི་ཡིན་རྒྱུ་མ་རེད། དཔེར་ན། རྒྱལ་སྤྱིའི་གསར་ལམ་ཆེ་ཤོས་ཁག་ལ། ཁྱབ་བསྒྲགས་ཤུགས་ཆེན་པོ་བྱུང་མ་སོང་།གྲུབ་འབྲས་ཐོན་མ་སོང་གསུངས་ཀྱི་ཡོད་དམ། ཕལ་ཆེར་དེ་ཡང་ཡིན་རྒྱུ་མ་རེད། རྒྱ་གར་དུ་སྐྱེས་བའི་ན་གཞོན་མང་པོ་ཞིག་གིས།བོད་ནང་གི་བོད་མིས་༧རྒྱལ་བ་རིན་པོ་ཆེ་མཇལ་ཡ་གི་ཆེད་དུ་རང་ལུས་མེ་ལ་སྤར་གི་ཡོད་རེད།བོད་གཞུང་གིས་ཐེངས་མ་གཅིག་བོད་ལ་གདན་འདྲེན་ཞུ་ཡ་ད་ཡོང་གི་རེད་བ་དེ་ཡང་བྱེད་གི་མི་འདུག་ཞེས་བློ་ཕམ་འདོག་གིས་གསུངས་མཁན་ཡང་འདུག བོད་ནང་གི་བོད་མིས་ཚེ་སྲོག་མེ་ལ་སྤར་ནས་རྒྱལ་བ་རིན་པོ་བོད་ལ་གདན་འདྲེན་ཞུ་དགོས་གསུངས་པ་དེ། ཕལ་ཆེར་རང་བཙན་དང་རང་སྐྱོང་གང་རུང་ཞིག་ལེན་ཐུབ། གཞི་ནས་བོད་ལ་ཕེབས་ནས་པོ་ཏ་ལ་དང་ནོར་བུ་གླིང་ཁར་གཏན་དུ་བཞུགས་ཐུབ་ཡ་གི་ཆེད་དུ་ཡིན་རྒྱུ་རེད་བསམ་གི གྲུབ་འབྲས་བྱུང་མ་སོང་ཟེར་བ་རྩ་བ་ནས་བདེན་པ་མ་རེད།འཛམ་གླིང་མི་དམངས་ཀྱིས་བོད་ཞེས་པའི་ས་ཁྱོན་ངོས་འཛིན་སྟངས་ཀྱི་མཚོན་པའི་ཆུང་ཙག ད་ང་ཚོས་སྐད་འབོད་དང་ལས་འགུལ་ག་འདྲ་ཞིག་སྤེལ་བ་ཡིན་ནའང་། རྒྱལ་སྤྱིའི་སྤྱི་ཚོགས་དང་མི་མང་གི་ལྟ་ཚུལ་མཐོང་ཚུལ་སྔོན་མ་དང་མ་འདྲ་བ་ཞིག་ཏན་ཏན་ཡོད་རེད། ངའི་བསམ་ཚུལ་ནོར་མེད་ན། སྔོན་མ་ཚོའི་སྐད་འབོད་ངོར་རྒོལ་འདྲ་བྱས་བ་ཡིན་ནའང་། མི་རིགས་གཞན་གྱི་མཐོང་སྣང་ལ། དཔེར་ན། གྷ་གཟའ་ནས་ཧ་མ་སིས་ཨི་གཟིའི་རལ་ལ་ངོ་རྒོལ་བྱེད་པ་མཐོང་སྐབས། འདི་ཚོ་སྡད་མ་ཐུབ་ནས་ག་རེ་བྱེད་གི་ཡོད་རེད། བསམ་ནས་སྣང་བ་འགྲོ་གི་མེད་པ་ལྟ་བུ་ཡིན་རྒྱུ་རེད་བསམ་གྱི་ཡོད། ང་ཚོས་རྒྱ་ནག་ལ་ལྟ་སྣང་མཐོང་ཚུལ་དང་འཛམ་གླིང་མི་དམངས་ཀྱི་མཐོང་ཚུལ་ལའང་། ཁྱེད་པར་ཏན་ཏན་ཆེན་པོ་ཡོད་རེད།
གོང་དུ་དོ་སྣང་ཅན་མང་པོ་ཞིག་གིས་བསམ་ཚུལ་ལྷུག་བརྗོད་གནང་འདུག དོན་སྙིང་འདུག
མདང་དགོང་ང་ཚོའི་བོད་རྒྱ་མཛའ་འབྲེལ་མཐུན་ཚོགས་ནས་ཀྱང་འདིའི་སྐོར་ལ་བསམ་ཚུལ་རེ་བཤད་ནས་ཧྥ་རན་སིའི་གཞུང་ལ་ཡི་གེ་ཞིག་འབུལ་རྒྱུ་བྱས་སོང།
ངས་འདིར་བཤད་འདོད་པ་གཅིག་ནི། བོད་མི་ཚོས་༸རྒྱལ་བ་རིན་པོ་ཆེ་ཕྱིར་ཕེབས་འཇུག་དགོས་ཟེར་བ་འདི་ཁོང་སྐུ་ཉིད་ཀྱི་ཆེད་དང་ཡང་ན་རང་གི་མཇལ་ཁ་ཙམ་ཐོབ་འི་ཆེད་ཙམ་གཏན་ནས་མིན།
གནད་དོན་ནི། བོད་མི་ཚོ་༸རྒྱལ་བ་རིན་པོ་ཆེ་ལ་འདི་འདྲ་དགའ་ཞིང་ཁོང་ཉིད་འདི་འདྲ་དགོས་མཁོ་ཆེ་དོན་ཅི། རྒྱ་ནག་གཞུང་ཏཱ་ལའི་བླ་མར་སྡང་ཞིང་འདི་འདྲ་ཞེད་དགོས་དོན་ཅི། དྲི་བ་འདི་གཉིས་ལ་བསམ་བློ་བཏང་ནས་ལན་འདེབས་དགོས།
ད་དུང་བོད་མིའི་མངོན་འདོད་གལ་ཆེན་གཅིག་ནི་བོད་ལ་རང་དབང་དགོས་པ་དེ་རེད། དགོས་འདུན་འདི་གཉིས་ང་ཚོ་སྐྱབས་བཅོལ་བོད་མི་དང་བཅས་པའི་གཞིས་བྱེས་བོད་མི་ཡོངས་ཀྱི་རེ་བ་ཡང་ཡིན། དེས་ན་གནད་དོན་འདི་བཟོ་མཁན་རྒྱ་ནག་གཞུང་ཡིན་པས་གནད་དོན་འདི་ཐག་གཅོད་ཇི་ལྟར་གནང་མིན་དེ་ཡང་རྒྱ་ནག་གཞུང་རང་ལ་རག་ལས་ཡོད། གཞུང་གི་རྒྱ་སྒོ་ཆེན་པོ་དེ་དྲང་དེན་ལ་དགའ་ཞིང་རང་དབང་ལ་གཅེས་པའི་བོད་རྒྱ་སོག་ཡུ་གུར་གྱིས་གཙོས་མི་དམངས་དུང་ཕྱུར་མང་པོས་རྡུང་དགོས། དེས་ན་ང་ཚོ་ཐུན་མོང་གི་ངོ་རྒོལ་འབོད་སྒྲ་ནི། གཅིག་རང་སྟེ། “ཏང་ཀྲུང་དབྱང་་ཕམ་པར་རྒྱག་དགོས།”
བཙན་བྱོལ་གཞུང་གི་སྟངས་འཛིན་དང་ཚོགས་སྐྱིད་ཁག་གིས་སྣེ་ཁྲིད་འོགས་གཙོ་པོ་འཛམ་གླིང་མི་མང་ནང་གོ་རྟོགས་སྤེལ་རྒྱུ་དང་དམིཊ་བསལ་རྒྱ་མི་རིགས་ནང་། རྒྱ་མི་མི་རིགས་དང་རྒྱ་གཞུང་གཉིས་བར་ལ་དབྱེ་པ་གསལ་པོ་འབྱེད་དགོས་པ་རེད། དེས་འགན་གཙོ་པོ་ནི་རྒྱ་ཡིག་ཤེས་མཁན་ཚོར་ཡོད་པ་རེད་ལ་དེ་མཚུངས་སྐད་ཡིག་རིགས་གང་ཤེས་མཁན་ཡོད་ན་དེས་ནང་རང་ཁུར་དྭངས་བརླངས་དང་རང་ནུས་གང་ཡོད་ཀྱིས་ནུས་ཤུགས་ཡོད་རྒུ་འདོན་དགོས་པ་རེད་་འཛམ་གླིང་མི་མང་གི་ཚོར་ཤུགས་ཚུར་ང་ཚོས་སྟེངས་འདྲེན་ཐབས་བྱེད་དགོས་པ་རེད། ལྷག་པར་བོད་ནང་དུ་་་་་་་
གནད་འགེགས་ཞིག་ནི་ད་སྐབས་དཀྱིལ་ཤར་ཁ་ཆེ་ཚོས་རྙོག་འཛིངས་གིས་འཛམ་གླིང་མི་མང་གི་ཚོར་ཤུགས་དང་དྭངས་བ་ཡོད་ཚད་ཁུར་འགྲོ་གིན་ཡོད་པ་རེད་་་་
ང་ཚོས་དེ་ཚུར་ལེན་ཐབས་ལ་འབད་དགོས་པ་རེད་་་་་་ངས་བལྟས་ན་དེ་གནད་འགེགས་གལ་ཆེན་ཞིག་རེད་འདོད་་་་་་
ཐོག་མར་ཚང་མས་རང་སྲེག་ཅེས་བྱེད་པ་པོའི་ལུས་ཀྱི་ཕྱིའི་རྣམ་པ་ཁོ་ན་ལ་དམིགས་པ་ལས། བྱེད་པ་པོའི་ནང་སེམས་ཀྱི་ཀུན་སློང་དང་། བགྱིས་པའི་བྱ་བ་དེའི་ཆེས་རླབས་ཆེན་གྱི་བདེན་པ་འཐབ་རྩོད་ཀྱི་དགེ་བའི་རང་བཞིན་ནམ། དེས་བོད་ཀྱི་སྲིད་ཆོས་གཉིས་ཀྱི་རང་དབང་སླར་གསོའི་ལས་འགུལ་དེ། ཤུགས་ཆེར་མདུན་བསྐྱོད་བྱེད་པར་ཕན་ནུས་གཞལ་ཐབས་དང་བྲལ་བ་ཐོན་ཡོད་པ་སོགས་མི་སྟོན་པའི་ཚིག་བཏང་སྙོམས་ཅན་འདི་ཡིག་ངག་གཉིས་ཐད་ནས་བེད་སྤྱོད་མི་བྱེད་པར། དེའི་ཚབ་ལ་བོད་ཀྱི་དཔའ་བོ་དཔའ་མོའི་རླབས་ཆེན་གྱི་བདེན་པར་ལུས་སྦྱིན་ཞེས་འབོད་པའི་དྲན་གསོ་དང་འབོད་སྐུལ་སེམས་ཤེས་ཡོངས་ལ་ཞུ་བཞིན་ཡོད། དཔའ་བོ་དཔའ་མོ་ཚོའི་རླབས་ཆེན་གྱི་བདེན་པར་ལུས་སྦྱིན་ནི་བོད་ཀྱི་རང་དབང་སླར་གསོའི་ཆབ་སྲིད་ལོ་རྒྱུས་ཡོངས་ཀྱི་ནང་གི་ཆེས་རླབས་ཆེན་གྱི་ལེའུ་གསར་བ་ཞིག་རེད། དེ་ལ་རྒྱུ་མཚན་གཙོ་བོ་བཅོ་ལྔ་ཙམ་འདྲེན་གྱི་ཡོད།
དང་པོ། དཔའ་བོ་དཔའ་མོའི་རླབས་ཆེན་གྱི་བདེན་པར་ལུས་སྦྱིན་གྱིས། ཆོལ་གསུམ་བོད་མིའི་ཆིག་སྒྲིལ་གྱི་མངོན་འདོད་དང་སེམས་ཚོར། གོ་རྟོགས་དེ་སྔར་ལས་ཇེ་སྲ་ཇེ་བརྟན་དུ་བཏང་སོང་།
གཉིས་པ། དཔའ་བོ་དཔའ་མོའི་རླབས་ཆེན་གྱི་བདེན་པར་ལུས་སྦྱིན་གྱིས། བོད་ཀྱི་འཆི་ཁར་ཕྱོགས་པའི་དཔའ་བོའི་འདུ་ཤེས་དེ་ཧྲིག་ཙམ་གསོས་ཐུབ་ཡོད་པ་མ་ཟད། བོད་ཀྱི་མི་རིགས་དཔའ་བོ་དང་དཔའ་མོ་ཞེས་པའི་ཐ་སྙད་དེ་ལ་དུས་རབས་ཀྱི་གོ་དོན་གསར་བ་ཞིག་
ཀྱང་ཁ་སྣོན་བྱས་སོང་།
གསུམ་པ། དཔའ་བོ་དཔའ་མོའི་རླབས་ཆེན་གྱི་བདེན་པར་ལུས་སྦྱིན་གྱིས། ལག་ཏུ་མ་ཎི་འདྲེན་བྱེད་ཀྱི་ཕྲེང་བ་ལས་མེད་པའི་མི་རིགས་ཆེས་གཉོམ་ཆུང་ཞིག་གིས་རྡུལ་ཕྲན་མཚོན་ཆའི་ལྟེ་གནས་གཅིག་པུ་མང་པོ་ཡོད་པའི་རྒྱ་ནག་སྟོབས་ཆེན་རྒྱལ་ཁབ་དེའི་རྐུབ་རྩ་གློད་བཅུག་སོང་།
བཞི་བ། དཔའ་བོ་དཔའ་མོའི་རླབས་ཆེན་གྱི་བདེན་པར་ལུས་སྦྱིན་གྱིས། སའི་གོ་ལ་ཧྲིལ་བོར། ང་ཚོ་བོད་མི་རྣམས་ཇི་ཙམ་འུ་ཐུག་ཐབས་ཟད་ཀྱང་སོ་སོའི་ཆོས་སྲིད་ཀྱི་རང་དབང་སྐྱོབ་བྱེད་ཀྱི་དྲང་
བདེན་དེ་དང་། མི་རིགས་རང་གི་བུ་རབས་ཚ་རྒྱུད་ཀྱི་ཁེ་ཕན་སྲུང་བྱེད་ཀྱི་གནས་ལུགས་དམ་པ་དེ་ཉིད། མིག་སྔར་གྱི་ཁ་རྒྱབ་ཙམ་གྱི་ཁེ་བཟང་ལ་བརྗེ་ཚོང་གཏན་ནས་རྒྱག་གི་མེད་ཅེས་གསལ་བསྒྲགས་གནང་
སོང་།
ལྔ་བ། དཔའ་བོ་དཔའ་མོའི་རླབས་ཆེན་གྱི་བདེན་པར་ལུས་སྦྱིན་གྱིས། གནའ་བོའི་རྒྱ་གར་དུ་སྟག་མོར་ལུས་སྦྱིན་ཞེས་རང་ཡལ་བར་དོར་ནས་གཞན་གཅེས་པར་འཛིན་པའི་
རྒྱལ་སྲས་སེམས་དཔའ་ཆེན་པོའི་རླབས་ཆེན་གྱི་མཛད་པ་དེ། དུས་རབས་ཉེར་གཅིག་པའི་འཛམ་གླིང་ནང་ལག་བསྟར་བྱ་དགོངས་ན། བྱེད་སྟངས་གཅིག་ནི་འདི་ལྟར་ཡིན་ནོ་ཞེས་མངོན་སུམ་གྱིས་མིག་དཔེ་ཆེས་གསལ་བོ་ཞིག་བསྟན་སོང་།
དྲུག་པ། དཔའ་བོ་དཔའ་མོའི་རླབས་ཆེན་གྱི་བདེན་པར་ལུས་སྦྱིན་གྱིས། འགྲོ་བ་མིའི་ལོ་རྒྱུས་འབྲི་མཁན་རྣམས་ལ་བོད་ཟེར་མཁན་གྱི་མི་རིགས་འདིའི་སྙིང་སྟོབས་དང་བློ་ཁོག་དེ་དཔེར་འཇོག་སའི་དངོས་པོ་ཞིག་རྩ་ནས་རྙེད་ཀྱི་མེད་ཅིང་། དེས་རང་གི་ཆེ་མཐོང་འཛིན་པའི་ཆོད་སེམས་དེ་འབྲི་བྱེད་ཀྱི་སྨྱུ་གུ་ཞིག་ད་ལྟའི་ཆར་འཇིག་རྟེན་མི་ཡུལ་དུ་ད་དུང་གཞི་མ་གྲུབ་བོ་ཞེས་ཁས་ལེན་དགོས་སོང་།
བདུན་པ། དཔའ་བོ་དཔའ་མོའི་རླབས་ཆེན་གྱི་བདེན་པར་ལུས་སྦྱིན་གྱིས། འཇིག་རྟེན་མི་ཡུལ་ལ་མི་རིགས་ཆེས་ཆུང་ངུའམ་གྲངས་ཉུང་ཞིག་གིས། རང་ལས་མི་གྲངས་དང་དམག་དཔུང་སོགས་དངོས་པོའི་ནུས་ཤུགས་ཆེས་ཆེན་པོ་ཡིན་ཞིང་། དབང་ཤེད་སྨྱོན་ཧམ་ཁོ་ནས་དབང་བསྒྱུར་བྱེད་མཁན་གྱི་རྒྱལ་ཁབ་དེའི་ལག་ནས་རང་དབང་བསྐྱར་གསོ་བྱེད་སྐབས། བཙན་དབང་དེ་དང་ཇི་ལྟར་འཐབ་དགོས་པའི་ཐབས་ལམ་དང་འཐབ་རྩལ་སྟོབས་ཅན་ཞིག་གསར་
གཏོད་གནང་སོང་།
བརྒྱད་པ། དཔའ་བོ་དཔའ་མོའི་རླབས་ཆེན་གྱི་བདེན་པར་ལུས་སྦྱིན་གྱིས། སྤྱིར་གངས་ཅན་པ་རྣམས་ལ་རང་ས་རང་ལ་མི་དབང་ཐོག ༼༡༽ད་ཆར་བོད་ལ་མ་འོངས་པའི་ཆབ་སྲིད་ཀྱི་མདུན་ལམ་ཡོད་པའི་རེ་བ་དེ་ཞེ་དྲག་ཇེ་ཆུང་དུ་ཕྱིན་ཏེ་གཏན་མེད་དུ་འགྲོ་སྲིད་པའི་ཉེན་ཁ་དེ་ག་ཚོད་ཙམ་ཡོད་པ་དང་། ༼༢༽དེང་རབས་ཅན་གྱི་མི་སེར་སྤེལ་ཡུལ་གྱི་རྒྱ་ནག་སྲིད་གཞུང་གི་དབང་བསྒྱུར་འོག་ཏུ་བོད་མི་རིགས་ཀྱི་ངོ་བོ་བདག་སྐྱོང་བྱེད་སའི་ཁོར་ཡུག་དེ་ག་ཚོད་ཙམ་ཇེ་དོག་ཏུ་འགྲོ་བཞིན་ཡོད་པ་དང་། ༼༣༽བོད་ཀྱི་སྐད་ཡིག་གི་བླ་ན་མེད་པའི་རིན་ཐང་དང་ཕན་ནུས་དེ་ག་ཚོད་ཙམ་ཞིག་མགྱོགས་པོར་
ཉམས་དམས་སུ་འགྲོ་མུར་ཡོད་པ་སོགས་ཀྱི་ཛ་དྲག་གི་གནས་སྟངས་དེ་མིག་ལྡན་སྐྱེ་བོ་ཀུན་ལ་ཉེན་བརྡ་མཐའ་མ་དེ་བརྒྱབ་སོང་།
དགུ་པ། དཔའ་བོ་དཔའ་མོའི་རླབས་ཆེན་གྱི་བདེན་པར་ལུས་སྦྱིན་གྱིས། བོད་གངས་ལྗོངས་ཀྱི་སྲིད་དབང་ཁོ་ན་རྩོད་མཁན་གྱི་དབུ་ཁྲིད་སྙིང་རུས་ཅན་ཁ་ཤས་ཡོད་ན། ང་ཤི་རྒྱུ་ལ་ཁྱོན་ནས་མི་སྐྲག་པའི་མི་དམངས་ནི་རྒན་གཞོན་ཕོ་མོ་སྐྱ་སེར་སོགས་ཀྱི་དབྱེ་བ་མེད་པར་
བརྩེགས་ནས་ཡོད་དོ་ཞེས་གངས་ཅན་སྐྱིད་གཤོངས་ལ་བརྡ་ཡིག་ཡང་ཡང་བསྐུར་སོང་།
བཅུ་པ། དཔའ་བོ་དཔའ་མོའི་རླབས་ཆེན་གྱི་བདེན་པར་ལུས་སྦྱིན་གྱིས། ༧གོང་ས་སྐྱབས་མགོན་ཆེན་པོས་ལོ་ངོ་དྲུག་ཅུ་ཙམ་ལ་དར་སྤེལ་གནང་བའི་འཚེ་མེད་ཞི་རྒོལ་གྱི་ལྟ་བའི་དགོངས་དོན་དེ་ཉིད། བློ་གྲོས་དང་ལྡན་པའི་དཔའ་བོ་དཔའ་མོ་རྣམས་ཀྱིས་ཚུལ་བཞིན་རྟོགས་ཏེ། རྒྱལ་སྤྱིའི་ནང་ལ་བོད་པ་ནི་སྙིང་རྗེ་ཆེན་པོ་དང་ལྡན་པའི་མི་རིགས་ཤིག་ཡིན་པ་མ་ཟད། ཆབ་སྲིད་འཐབ་རྩོད་ཀྱི་གནད་ལ་ཤིན་ཏུ་མཁས་པའི་མི་རིགས་ཤེས་རབ་ཅན་ཞིག་ཀྱང་ཡིན་པའི་ངོ་སྤྲོད་ཡང་བསྐྱར་གཙང་མ་ཞིག་གནང་སོང་།
བཅུ་གཅིག་པ། དཔའ་བོ་དཔའ་མོའི་རླབས་ཆེན་གྱི་བདེན་པར་ལུས་སྦྱིན་གྱིས། བོད་ཕྱི་ནང་གི་བདེན་པའི་འཐབ་མོ་བ་རྣམས་ལ་དཔའ་ངར་གྱི་མེ་སྟག་འཚེར་བའི་མི་འཇིགས་པའི་སྙིང་རུས་གསར་བ་ཞིག་སྐྱེ་བཅུག་སོང་།
བཅུ་གཉིས་པ། དཔའ་བོ་དཔའ་མོའི་རླབས་ཆེན་གྱི་བདེན་པར་ལུས་སྦྱིན་གྱིས། རྒྱ་ནག་སྲིད་དབང་སྒེར་གཅོད་ཀྱི་གཞུང་གཡོ་སྒྱུ་ཁྲེལ་མེད་ཅན་དེའི་ཚེ་ཐག་ཤིན་ཏུ་ཇེ་ཐུང་དུ་བཏང་
སོང་།
བཅུ་གསུམ་པ། དཔའ་བོ་དཔའ་མོའི་རླབས་ཆེན་གྱི་བདེན་པར་ལུས་སྦྱིན་གྱིས། རྒྱ་ནག་ཧམ་སེམས་ཅན་གྱི་རྒྱ་རིགས་ཕུལ་བྱུང་ངམ་ཆེན་པོའི་ལྟ་བ་འཛིན་མཁན་གྱི་དབང་ཡོད་མི་སྣ་དེ་ཚོ་དང་། དེའི་མི་སེར་སྤེལ་ཡུལ་གྱི་ལམ་ལུགས་ལ་རྗེས་སུ་ཡི་རང་བྱེད་མཁན་གྱི་ཤེས་ཡོན་ཅན་ཁོག་ནག་དེ་ཚོར། རྡ་རམ་ས་ལར་མགོ་སྐོར་བསླུ་བྲིད་གཏོང་རྒྱུའི་གོ་སྐབས་སྔར་ལས་ཀྱང་ཆེས་དཀའ་བར་བཟོས་སོང་།
བཅུ་བཞི་བ། དཔའ་བོ་དཔའ་མོའི་རླབས་ཆེན་གྱི་བདེན་པར་ལུས་སྦྱིན་གྱིས། འཛམ་གླིང་ནང་གི་བདེན་པ་དང་དྲང་བདེན་ལ་དགའ་ཞིང་མོས་པའི་གཞུང་དམངས་གཉིས་ནས་བོད་ལ་རྒྱབ་སྐྱོར་བྱ་རྒྱུ་སྔོན་ལས་ཇེ་བདེ་དང་། མཐའ་ན་ད་བར་དུ་མ་མཐོང་མ་གོ་མདོག་མདོག་བྱས་ཏེ་བསྡད་པའི་གཞུང་སྒེར་གཉིས་ནས་ད་ལྟ་རྒྱ་
ནག་གཞུང་ལ་གནོན་ཤུགས་མི་སྤྲོད་རང་སྤྲོད་བྱ་དགོས་བྱུང་སོང་ངོ་།།
བཅོ་ལྔ་བ། དཔའ་མོ་དཔའ་བོའི་རླབས་ཆེན་གྱི་བདེན་བར་ལུས་སྦྱིན་གྱིས། ཕྱི་ནང་དང་མཐོ་དམན་ཤེས་འཇོན་ཆེ་ཆུང་གི་དབྱེ་བ་མེད་པར་བོད་མི་ཚང་མས་རང་ཉིད་བོད་པ་ཡིན་པའི་ལུང་ཞེན་དང་རིག་གནས་ལེགས་བྱང་གི་ཁྱབ་གཏོགས་ཀྱི་སེམས་ཚོར་དེ་ཇེ་རྣོ་རུ་ཕྱིན་ཏེ་སོ་སོར་བོད་དང་འབྲེལ་བ་ཡོད་པའི་འོས་འགན་དང་ལ་རྒྱ་དེ་མ་སྐུལ་དང་བླང་ཐོག་བསམ་བློ་གཏོང་དགོས་བྱུང་སོང་ངོ་།
མཇུག་གི་འཕྲོས་བཤད།
བོད་ཀྱི་ནང་བསྟན་རིན་པོ་ཆེ་ནི་བོད་མི་རིགས་ལ་བརྟེན་ཅིང་གནས་ཡོད། བོད་མི་རིགས་ནི་བོད་ཀྱི་ཐུན་མོང་མ་ཡིན་པའི་རིག་གནས་ལེགས་བྱང་ལ་བརྟེན་ཅིང་གནས་ཡོད། བོད་ཀྱི་ཐུན་མོང་མ་ཡིན་པའི་རིག་གནས་ལེགས་བྱང་ནི་བོད་ཀྱི་སྐད་དང་ཡི་གེ་གཉིས་ལ་བརྟེན་ཅིང་གནས་ཡོད། བོད་ཀྱི་སྐད་དང་ཡི་གེ་དེ་ནི་ཁ་བ་གངས་ཅན་གྱི་ཡུལ་ཞེས་གྲགས་པའི་བོད་དེ་ལ་བརྟེན་ཅིང་གནས་ཡོད། བོད་ཟེར་ས་དེའི་ཤི་གསོན་ནི་བོད་མིའི་ཆབ་སྲིད་ཀྱི་རང་དབང་གི་ཤི་གསོན་དང་ཡོད་ཁྱབ་མཉམ་དང་མེད་ཁྱབ་མཉམ་ཡིན་པ་བླུན་པོ་ང་འདྲ་ཞིག་གིས་ཀྱང་མགྲིན་པ་གཟེངས་སུ་བསྟོད་དེ་སྨྲ་བར་སྤོབས་སོ།།
བོད་རྒྱལ་གྱུར་ཅིག
ཁ་བརྡའི་བགྲོ་གླེང་འདི་ལ་ང་ཚོས་ཕྱོགས་གང་ས་ནས་གླེང་སློང་བྱས་པ་རེད། མདོ་སྨད་བཙན་རྒོལ་བདེན་རྒྱབ་མནའ་འབྲེལ་རྩོམ་སྒྲིག་ཚོགས་ཆུང་ནས་བཏོན་པའི་ “ལྕགས་ཡོས་བཙན་རྒོལ་མེ་ལྕེ།-རབ་གནས་ལྕགས་ཡོས་ལོར་བོད་གཞིས་ལུས་མི་དམངས་ཀྱིས་རྒྱ་ནག་གི་བཙན་དབང་ལ་རང་ལུས་མེར་བསྲེགས་ཀྱིས་ངོ་རྒོལ་བྱས་པའི་ཟིན་ཐོ”།ཞེས་པ་ལེའུ་བཞི་ཡི་བདག་ཉིད་ཅན་དེ་ཁ་བརྡ་དྲ་བ་ལ་བཀོད་པའི་འབྲེལ་ཐག་འདིར་ཡོད།
http://www.khabdha.org/?p=27703
འདིའི་ཨིན་ཡིག་གི་པར་མ་ཞིག་འདི་ན་ཡོད།
http://tchrd.org/report/topicalreport/iron_hare_2011_flames_of_resistance-dhomay-20120912.pdf
ཨིན་ཡིག་ཏུ་ Storm in the Grasslands: Self-immolations in Tibet and Chinese policy ཞེས་པ་ཤོག་ངོས་ ༢༦༦ ཅན་ཞིག་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གིས་བཏོན་པ་དེ་འབྲེལ་ཐག་འདི་ན་ཡོད།
http://www.savetibet.org/files/documents/storminthegrassland-%20FINAL-HR.pdf
ལས་འགུལ་ཁང་འདིས་ད་དུང་རང་སྲེག་གི་སྐོར་ལ་བཏོན་པའི་དྲ་ཐོག་གི་ཡིག་ཆ་ཞིག་འདི་ན་ཡོད།
http://www.savetibet.org/resource-center/maps-data-fact-sheets/self-immolation-fact-sheet
གོ་ཐོས་ལ་ཨིན་ཡིག་དང་བོད་ཡིག་གི་སྙན་ཐོ་གསར་པ་རེ་རེ་ཐོན་བཞིན་ཡོད་པ་རེད་ཟེར། གཞན་ཐོན་བཞིན་པའི་དེབ་གང་དག་ཡོད་དམ།
དེ་རིང་ཡོ་རོབ་སྦལ་འཇམ་ནས་ཞི་བའི་སྐད་འབོད་དང་གོམ་བགྲོད་ཆུ་ཚོད་གཅིག་ལྷག་ཕྱིན།དེ་ནས་རྒྱ་ནག་གཞུང་ཚབ་ཀྱི་མདུན་དུ་སྐད་འབོད་ངར་ཤུག་ཆེན་བོས་དགོང་དྲོ་ཆུ་ཚོད་ལྔ་བ་བར་དུ་བྱས།མི་ཧ་ཅང་མང་པོ་འཛོམས་འདུག སྤྱིར་བཏང་རྒྱལ་ཁབ་འདིར་བོད་པ་གཅིག་སྟོང་ལྷག་ཡོད་རེད། དེ་རིང་མི་བདུན་བརྒྱ་ནས་བརྒྱད་བརྒྱ་བར་འཛོམས་འདུག བོད་མིས་ངར་ཤུགས་ཀྱིས་མདུན་གྱི་ལྕགས་ར་བརྒལ་ནས་ཕྱིན།གཞུང་ཚབ་ཀྱི་སྒོ་ཆེན་དང་ཐག་ཉེ་སར་ཕྱིན།བོད་མིས་ངར་ཤུག་ཉེན་རྟོག་པས་འགོག་མ་ཐུབ་པར་སྒོ་ཆེན་གྱི་མདུན་དུ་སླེབས་ནས་ནང་དུ་རྡོ་གཡུག ཉེན་རྟོག་པའི་རླང་འཁོར་གྱིས་ཛ་དྲག་གི་བརྡ་བཏང་ཆུ་སྟོར་ཁྱི་གློད་ནས་བཀག ཁ་ཤས་དྲན་པ་ཐོར་ནས་སྨན་ཁང་དུ་སྐྱེལ། ལ་ལ་ངུ་། ངས་ལྟོས་ན་སྐད་འབོད་འདོད་པ་ཁེངས་པ་ཞིག་བྱུང་སོང་བསམ་མོད། གཡས་གཡོན་ན་ཁམས་པའི་ཕོ་གསར་་ཁ་ཤས་ཀྱིས་འདོད་པ་ཁེངས་མ་སོང་འདོད་པ་ཁེངས་སོང་ཟེར་བ་ཐོས། དེ་ནི་ཕལ་ཆེར་གཞུང་ཚབ་ཀྱི་སྒོ་དང་སྒེའུ་ཁུང་བཅག་མ་ཐུབ་པས་རེད་བསམ།དེ་ནས་ནང་དུ་སླེབས། ས་གནས་འདིའི་གསར་འགྱུར་བརྒྱུད་ལམ་ལ་དོ་སྣང་ཆེན་པོས་ཆུ་ཚོད་གཉིས་ལྟོས། གང་དུའང་བོད་པས་གནས་ཚུལ་མ་བརྙེད། ཇ་ཅིག་བཏུང་བསམ་བློ་ཞིབ་ཏུ་བཏང་། དེ་ནི་བོད་བས་གྲ་སྒྲིག་བྱེད་མཁན་དང་འབྲེལ་བ་མེད་པ་མ་རེད། ཁོ་ཚོས་གསར་འགྱུར་བརྒྱུད་ལམ་ལ། དེ་རིང་ང་ཚོས་འདིར་རྒྱ་ནག་གཞུང་ཚབ་ཀྱི་མདུན་དུ་ཛ་དྲག་གི་སྐད་འབོད་ཡོད། ཁྱེད་ཚོ་ཕེབས་རོགས་ཞེས་ཁ་པར་ཅི་ཕྱིར་མ་བཏང་བ་ནམ་བསམ།གལ་སྲིད་ཁོ་ཚོ་མ་ཕེབས་པ་ཡིན་ནའང། ང་ཚོ་བོད་པའི་ནང་ནས་གྲ་སྒྲིག་གིས་གསར་འགྱུར་བརྒྱུད་ལམ་མང་པོར་བརྙན་པར་ཐད་གར་བཏང་ན་གཅིག་ནས་མིན་ན་གཅིག་ནས་སྟོན་གི་རེད་འདོད།
མཆན་འདིའི་ནང་རྒན་ལྷ་མོ་སྐྱབས་ཕེབས་ནས་ངའི་མཆན་བུ་དང་འབྲེལ་བ་ཡོད་པའི་བཀའ་མོལ་ཚིག་གཅིག་གསུངས་བར་ཐུགས་རྗེ་ཆེ། ༧རྒྱལ་བ་རིན་པོ་ཆེ་སྐུ་སྒེར་དང་མཇལ་ཁ་ཙམ་ཐོབ་པའི་ཆེད་དུ་གཏན་ནས་མིན་གསུངས་བ་ངོ་ནས་བདེན་པ་རེད། ཡིན་ནའང་། ང་ཚོའི་སྤྱི་ཚོགས་སུ་བོད་ལ་རང་དབང་དགོས་གསུངས་པ་དེ་འཕྲོག་རས་རྒྱག་མཁན་མང་པོ་དང་། རྒྱལ་བ་རིན་པོ་ཆེ་བོད་ལ་ཕེབས་འཇུག་དགོས་གསུངས་བ་དེའི་ཐད་ལ། གོ་ནོར་ཐེབས་མཁན་ཧ་ཅང་མང་པོ་རེད་འདུག ཡིད་མ་ཆེས་ན་རྒན་ལགས་རྒྱ་གར་ནས་ཕེབས་བའི་ཁྱེད་རང་གི་གཡས་གཡོན་གྱི་མི་ལ་སྐད་ཆ་དྲིས་དང་།ཁྱེད་རང་ངོ་ནས་ཧོན་འཐོར་གི་རེད།གོ་ནོར་འདི་འདྲ་ཞིག་ག་འདྲས་བྱུང་བ་ཡིན་ནམ་བསམ་ནས་དང་པོ་ང་ཡང་ཡིད་མ་ཆེས།རྗེས་སུ་ངས་ཁོ་ཚོར་འགྲེལ་བཤད་རྒྱག་ཁ་བྱས་བ་ཡིན་དེ།་ཁྱེད་རང་ཚོ་ནང་བཞིན་ང་ཚོར་ཤེས་རྒྱ་ཆེན་པོ་མེད།ཚིག་ལ་ཁ་ཐུག་གོ་བ་ལེན་གི་ཡོད།དེའི་རྒྱབ་ལོག་ན་གོ་བ་དེ་འདྲའི་གཏིང་ཟབ་མོ་ཞིག་ཡོད་བ་རེད་ཟེར་ན་ཡིད་ཆེས་གི་མི་འདུག་ཟེར།དེ་ནས་ང་ལའང་བྱེད་ཐབས་གེ་མི་འདུག
མེ་ཡིས་སྲེགས་པའི་འདས་པ་འདས་མ་རྣམས་ལ་སྔོ་སྨོན་དང་། སྨན་ཁང་དུ་ཡོད་པ་དག་མྱུར་དུ་ནད་ལས་གྲོལ་པའི་ཕྱིར་དུ་
མྱུར་དུ་ནད་ལས་མཐར་སྒྱུར་ཅིག་ཅེས་དང་།
གཞན་དུ་ད་ནི་ཁག་པོ་རེད་་་་ རྒྱ་ལོ་དོན་གྲུབ་ ཟམ་གདོང་པ་ སློ་བཟང་སེང་དགེ་ དེ་དག་གི་བོད་མི་གང་དག་ཞིག་མེ་ལ་
སྲེགས་ཚར་བ་རེད་ད་དུང་ཡང་མང་དུ་འགྲོ་བའི་ཉེན་ཁ་ཆེའོ་་་་་་་་
རང་སྲོག་རང་གི་མ་བཅད་ན་ལེགས་ལེ་རེད་་་་ རང་སྲོག་བཅོད་པ་འདི་ཚེ་བ་རེད་དང་མ་རེད་་་་་་་
ལྷག་དོན་དུ་མེར་སྲེགས་ལ་ཞུགས་མཁན་མང་དག་ལོ་ན་ཆུང་ཆུང་རེད་འདུག་པས་་་་་ ལོ་ཆུང་དེ་དག་ལ་བསླབ་དོན་ལེགས་ས་
ནས་གནང་དང་། མ་གཞི་རང་སྲེགས་ཀྱི་ལས་འགུལ་སྤེལ་མཁན་གཉིས་འཛིན་བཟུང་བྱས་པའི་གནས་འཚུལ་འདུག་པས་
ཅིག་བྱས་ན་ཕལ་ཆེར་མེ་ལ་སྒྲོན་མཁན་ཉུང་དུ་འགྲོ་སྲིད་་་་་
བོད་མི་དག་སྐྱོབས་ཤིག་གོ།།།།། རྡ་རམ་ས་ལ་ནི་རྒྱ་ལོ་དོན་གྲུབ་ཀྱི་གང་ལབ་རེད་དོ།།།།
རྒྱ་ལོ་དོན་གྲུབ་ནི་རྒྱ་མིས་གང་ལབ་རེད་དོ།།།། དེའི་ཕྱིར་ན་བོད་ཀྱི་ཀ་ཤག་དང་ཀ་བློན་དང་སྤྱི་མཐུས་དེ་དག་
ལམ་དབུ་མ་མཁས་མི་ལེན་མཁན་ལ་གདང་པི་འདུག་ག་་་་་
དཔེར་ན་ཉེ་འཆར་ཨེ་ཤས་རང་དབང་རླུང་ཕྲིན་ཁང་གི་ཚོགས་གཙོ་ཡང་འཕུད་ནི་འཐལ་ལོ་་་་
ད་ཡིན་ན་གསར་འགྱུར་འདི་ཡང་རང་དབང་་་་ཁང་མིན་པས་་་་་་་ གཞན་དབང་ཁང་ཡིན་ནོ་་་་་་
སྨྲ་བརྗོད་རང་དབང་ཡང་འཕྲོགས་མཚར་སོང་ང་་་་་་་་ འགོ་དཔོན་རྒྱ་མོ་ཞིག་དང་དགེ་ལུགས་ཀྱི་གྲ་ལོག་གཉིས་ཀྱི་
ཟབ་ན་མ་རྟོགས་ད་དུང་གསར་འགྱུར་བཤད་མཁན་དེ་འཚོ་ཡང་པུད་ཉན་ཆེའོ་་་་་་་་་
རྒྱ་ནག་གི་དམངས་གཙོ་དོན་གཉེར་བ་བྱང་རླུང་北风ཟེར་བས་རང་སྲེག་སྐོར་ལ་སྐད་ཆ་འདི་འདྲ་ཞིག་ལབ་འདུག རྒྱ་ནག་གཞུང་ནས་རང་སྲེག་གི་ངོ་བོ་གཏན་ལ་ཕབ་པ་དེས་མེ་ལ་སྣུམ་བཤོས་པ་བཞིན་བོད་པའི་ངར་ཁ་སླང་ཡོད་པས་གཞི་རྒྱ་ཆེན་པོའི་ཐོག་ནས་ངོ་རྒོལ་དང་ཐ་ན་དྲག་པོར་རྒོལ་ལེན་སྤྲོད་སྲིད་པ་ནི་སློབ་མ་ཚོའི་ངོ་རྒོལ་སྐད་འབོད་བྱས་པ་དེ་ནས་རྫི་ཅུང་ཟད་ཚོར་ཐུབ། དེ་ལྟར་བྱས་ན། གཅིག་བྱས་ན་ཏག་ཏག་རྒྱ་ནག་གཞུང་གིས་སྦས་པའི་རྙི་ཡི་འོག་ཏུ་ཚུད་པ་རེད། རྒྱ་ནག་གཞུང་ནས་རང་སྲེག་འདི་རྒྱུན་ལྡན་གྱི་བརྟན་ལྷིང་སྲུང་སྐྱོབ་ནང་དུ་བཞག་ནས་འགྲེལ་བཤད་བྱེད་སྲིད་པ་དང་། ད་ལྟ་རྒྱལ་སྤྱིའི་ཐོག་ཁུ་ཚུར་གཟེད་མཁན་གྱི་རྣམ་པ་འདི་ལས་གཡོལ་སྲིད། ཡང་རྩ་བ་ནས་ཁ་ལོ་མེད་པར་གྱུར་ནས་རྒྱ་ནག་གཞུང་སྔར་བས་རྒྱལ་སྤྱིའི་ཐོག་ངོ་ཚའི་གནས་སུ་ལྷུང་ཡང་སྲིད་ངེས་རེད་ཟེར།
གོང་དུ་རྒྱལ་ཁམས་ཟེར་བའི་མཆན་༡༤༦་པ་དེས་གསུང་སྟངས་ཐབས་སྐྱོ་པོ་བྱེ་བྲག་རེད་འདུག
མེར་སྲེག་གི་དོན་རྐྱེན་གྱི་འབྱུང་རྩ་ནི་བོད་མི་རིགས་རིག་གནས་དང་བཅས་པ་རྩ་མེད་དུ་གཏོང་བའི་རྒྱ་དམར་གུང་ཁྲན་གྱིས་བོད་ཐོག་འཛིན་པའི་སྲིད་ཇུས་ངན་པ་དེ་དང་དེས་ཀུན་ནས་བསླངས་ཏེ་མི་རིགས་དབྱེ་འབྱེད། བོད་པས་ཐོབ་ཐང་རྩོད་ལེན་བྱས་ན་དེ་མ་ཐག་འཇུ་གཟུང་དཀག་ཉར་གྱིས་ཡུན་རིང་མནར་གཅོད་འོག་རང་སྲོག་འདོར་དགོས་དགོས་པ་དང་མི་མང་གིས་རོག་སྐྱོར་བྱེད་དྲག་གནོན་ཚད་བརྒལ་གྱི་ལག་ལེན་བྱས་པའི་འུར་ཐུག་གི་བྱ་ཐབས་གཞན་མེད་པའི་མཐའ་འབྲས་ཤིག་ལོས་ཡིན།
ཁོང་རྣམ་པས་རང་སྲེག་བྱས་དགོས་དོན་ནི་བོད་ནང་ལ་གཞི་རྩའི་འགྲོ་བ་མི་ལ་ཡོད་པའི་རང་གི་མངོན་འདོད་ངོ་མ་ཕྱིར་འདོན་པའི་རང་དབང་མེད་པས་གལ་སྲིད་ཕྱིར་འདོན་ན་རྒྱ་གཞུང་གི་བསམ་ངན་སྡུག་རྩུབ་ཀྱིས་མཐར་སྲོག་ཐོག་ཏུ་འགྲོ་རྒྱུར་ངེས་སྟབས་བོད་ཀྱི་དཔའ་བོ་དཔའ་མོ་རྣམ་ཀྱིས་རང་གི་མངོན་མདོད་ངོ་མ་དེ་ཕྱིར་འདོན་ཞོར་དུ་རང་གི་ཚེ་སྲོག་ཀྱང་མཇུག་རྫོགས་པར་མ་བྱས་ཀ་མེད་ཆགས་པ་ཡོས་ཡིན། དེ་ལྟར་ཡིན་པ་ཤེས་བཞིན་དུ་ད་དུང་རྒྱལ་ཁམས་པ་ཁྱེད་དང་ཁྱེད་འདྲ་བོད་མི་ཐ་ཤལ་པ་འགས་མདུང་རྩེ་ཁ་ནང་དུ་གཏོད་པ་ནི་ནང་རུལ་པ་ཞིག་གི་བྱ་སྤྱོད་ངོ་མ་གང་ཡིན་དམར་རྗེན་དུ་བསྟན་པ་ཡིན་པར་ངོས་འཛིན་བྱེད་རྒྱུ་ཡིན།
མཆན་བུ་༡༤༦ པ་དེ་མི་རིགས་ཀྱི་རྐང་འདྲེན། ཆོས་པའི་ཞབས་འདྲེན། ཆོས་མེད་སྲིད་མེད། མདོ་མེད། རུས་མེད། ཀླད་མེད་ཅིག་རེད་འདུག་བསམ་བསམ་བྱུང་།
ཅི་བྱ་ཅི་འགབ་ཀྱི་རྩོམས་ལ་འདི་བྱ་འདི་བྱེད་སོགས་ད་བར་དུ་བསམ་ཚུལ་གྱི་མཆན་བུ་གང་ཡང་བཀོད་མེད།
གང་ཡིན་ཟེར་ན་ཡར་བཤད་ན་ལྷ་ལ་ཕོག། མར་བཤད་ན་འདྲེ་ལ་ཕོག། ཡོང་བ་མཐོང་གི་འདུག་དེ་ཡིན་དུས། ལམ་དབུ་མ་སྟེ། སྟེང་གི་ལམ་དང་འོག་གི་ལམ་གང་དུའང་ཕྱོགས་སུ་མ་ལྷུང་བར་དཀྱིལ་གྱི་ལམ་དང།
ལྟ་བ་སྨྲ་བསམ་བརྗོད་མེད་དེ། རྟག་ཆད་ཀྱི་མཐའ་གང་ལའང་མ་ཕྱོགས་པར་གནས་ཁུལ་ཡིན།
ལྔ་ལམ་དུ་ཕྱིན་པ་རྣམས་མྱུར་བར་རྟེན་བཟང་འཐོབ་པའི་་བསྔོ་སྨོན་ནི་ཞུས་ཁུལ་ཡིན།
ང་ཚོ་དེ་རིང་བར་རང་ལུས་མེར་བསྲེགས་སྐོར་བཤད་ནས་་་་་་་་་ཁ་ཤས་ཤར་ལ་རྒྱུགས་། ཁ་ཤས་ནུབ་ལ་རྒྱུགས་། བོད་ཕྱི་ནང་ཀུན་ཏུ་ སྐབས་མཚོ་རིང་ལུགས་པའི་དར་ཆར་དགུང་སྔོན་གནམ་ལ་ཐུག ཨོ་་་ཏག་ཏག་དྲན་སོས་པ་ཞིག་ལ་་་་་སྔོན་མ་རྡ་རམ་ས་ལ་ ཟ་ལེ་རྒྱ་ ཞེས་ཚང་མས་དམའ་འབེབས་དང་ཁྱད་བསོད་བྱས་་རྒྱུ་མཚན་ནི་ ཁོ་ཚོ་དབྱིན་ཇི་རྐུབ་ལ་རྒྱུགས་མཁན་ཡིན་པས་སོ ད་འོ་ན་ ལྟོ་གོས་མ་གཏོགས་་་མི་རིགས་ཀྱི་ལ་ཞེན་་དང་་སེམས་ཁུར་ཙམ་ཡང་མེད་
པའི་སྤྱང་པོ་ཚོར་་་མིང་འདོགས་ཞིག་་་་མི་དགོས་་སམ། ངས་འདི་ལྟར་བཤད་འདོད་ལ་ངས་འདི་ལྟར་་བསམ་འདོད་་་ངས་འདི་ལྟར་སྒྲུབ་འདོད་་་་ཅིའི་ཕྱིར་་་་བོད་་་་ཚོང་མཁན་བོད་པ་ཡིན་པས་སོ། ཕྱི་ལོ་༡༩༤༩ནས་་་་་དེ་རིང་བར་་་ད་དུང་སང་ཉིན་ནས་་མ་ཤི་བར་་་ཁྱོད་ཚོས་གཟིགས་དང་་ས་གནས་ཁ་ཤས་་སྤྱང་པོར་བྱས་་ནས་བསྡོད་འདུག་་་ང་ཚོར་རོགས་དངུལ་དེ་ཐོབ་མ་བྱུང་་འདི་ཐོབ་མ་བྱུང་་་ཀྱང་ཀྱང་མ་གཏོགས་་་ཨ་ཁ་་ངའི་སྤུན་ཟླ་ཚོའི་་རྣམ་ཤེས་་གང་ན་ཡོད་་་་་་ད་ང་ཚོས་བགྲོད་ལམ་གཅིག་གི་ཐོག་་གོམ་པ་མཉམ་སྤོས་དགོས་པའི་དུས་ལ་བབས་པ་སེམས་སོ་་་
ཞབ་མཆན་༡༤༦༽ རྒྱག་མཁན་རྒྱལ་ཁམས་ཟེར་བ་འདི་ལྟ་བུ་ནི་དྲ་འབུ་ཐེབ་ཆག་གི་རིགས་རེད། ཅི་གང་ཡང་མི་ཤེས་ཤིང་ཐ་ན་ཡིག་རྨོངས་ཙམ་ཡང་སེལ་མེད་པ་ཞིག་རེད་འདུག སློབ་སྦྱོང་གི་ཆ་ནས་ཕར་ཞོགས། བསམ་བློའི་ཆ་ནས་ཀྱང་གནག་རྫི་རྒད་པོ་ཞིག་ལས་སྐྱོ་བ་མངོན་གསལ་རེད། འདི་འདྲ་ལ་ཅི་ཁག དྲ་གྲོགས་ཚོས་ལེ་འདེད་མ་གནང་རོགས། སྙིང་རྗེ། དེ་ལས་གོང་དུ་རེ་ཟུང་གིས་བརྗོད་གཞིའི་སྟེང་གནད་གནད་ཚིག་རེ་བཤད་འདུག་པ་དེ་དག་གི་སྐོར་ལ་བགྲོ་གླེང་རེ་གནང་ནཅིས་མི་ལེགས།
གོང་གི་མཆན་བུ༼་༡༤༦༽ དེ་ལ་རྒྱ་ཆ་རྒྱ་ཐམས་པ་མོས་མཐུན་དང་རྒྱབ་སྐྱོར་ཡོད་་་་་་བོད་ཤོར་ནས་ད་བར་དུ་་་ནང་ཁུལ་ལ་མེད་པ་བཟོ་ཡ་མ་ཏོག་བོད་རྩ་དོན་ཐོག་ག་རེ་བྱས་ཡོད་མེད་་་་ད་ལྟ་མངོན་གསུམ་མཐོང་ཡ་དེ་རེད་་་་
རང་སྲེག་བྱས་ན་གྱོང་ལས་མི་འདུག་ག བོད་མིའི་ཚེ་སྲོག་དེ་འདྲ་མང་པོ་བློས་བཏང་ཡང་འཛམ་གླིང་སྤྱི་ཚོགས་ནས་རོགས་པ་གནང་མ་སོང་ང་། ཁོ་ཚོ་སྙིང་རྗེ་སྐྱེས་ནས་རོགས་བྱེད་ཀི་འདོད་ན་སྟོང་བསམ་རེད། ཁོ་ཚོ་ལ་ཁེ་བཟང་མེད་ན་རོགས་པ་བྱེད་ཀི་མ་རེད།
རང་སྲེག་བྱས་ནས་ཕན་ཐོག་ཡོད་མེད་བཤད་པའི་སྐབས་མ་རེད་ལ། བཤད་ནས་ཕན་ཐོག་ཀྱང་མེད་པ་རེད། འདིར་བཤད་དགོས་པ་ནི་ང་ཚོ་བཙན་བྱོལ་བ་ཚོས་ཅི་ཞིག་བྱེད་དགོས་པ་དང་བྱེད་ཐུབ་པ་དེ་བཤད་དགོས་པ་རེད། དེས་ན་འདིའི་སྐོར་ནས་བཤད་རྒྱུ་ཡོད་ན་ཤོད། མེད་ན་ཁ་བཙུམས་ན་ཡག་གི་རེད།
ག་རེ་བྱས་ནས་་་་ཁ་རྩུམ་ནས་སྡད་དགོས་རེད་་་ཁྱེད་རང་སྤྱི་ཚོགས་རྙིང་པའི་ལྟ་བ་དེ་བཞག་ན་ཡག་གི་རེད་་ལམ་སང་དྲག་ནོན་བྱེད་ཡ་གི་བསམ་བློ་་་འདུག་བ་་་་