དཀོན་མཆོག་གསུམ་ལ་སྐྱབས་སུ་མཆི། །
འགྲོ་ཀུན་སྒྲོལ་བར་སེམས་བསྐྱེད་ནས། །
ཆོས་སྤྱོད་ཡན་ལག་བཅུ་བར་འབད། །
བསྟན་འགྲོར་ཕན་བདེ་ཡོང་བར་སྨོན། །
ཕྱག་འཚལ་རྒྱལ་བ་སྲས་བཅས་དང་། །
མཆོད་པ་རྣམ་ལྔའི་སྤྲིན་ཆེན་འབུལ། །
ལས་ཉོན་བག་ཆགས་སྡིག་པ་བཤགས། །
ཚོགས་བསགས་དགེ་ལ་རྗེས་ཡི་རང་། །
འགྲོ་ཁམས་སྨིན་པར་ཆོས་འཁོར་བསྐུལ། །
མྱ་ངན་མི་འདའ་ཞབས་བརྟན་གསོལ། །
དགེ་ཚོགས་བྱང་ཆུབ་ཆེན་པོར་བསྔོ། །
ཞི་ལྷག་ངང་ནས་སྒོམ་ལ་འབད། །
ཞི་སྐུ་ཐུབ་པ་ཆེན་པོ་སྒོམ། །
མཚན་བཟང་དཔེ་བྱད་རབ་ཏུ་རྒྱན། །
ཚངས་དབྱངས་རྟེན་འབྱུང་ཟབ་མོ་དོན། །
ཡང་ཡང་བསམ་ཞིང་རྗེས་དྲན་བྱ། །
ཤྰཀྱ་ཐུབ་པའི་བསྟན་འཛིན་མཆོག །
ཨོ་རྒྱན་པདྨའི་སྤྲུལ་པའི་སྐུ། །
དགེ་སློང་བློ་བཟང་གྲགས་པ་ལ། །
ཡོན་ཏན་ཤེས་པས་སྐྱབས་སུ་འགྲོ། །
རྙེད་དཀའི་མི་ལུས་རིན་ཆེན་ལ། །
མི་རྟག་འཆི་བའི་དྲན་སྐུལ་དང་། །
འཁོར་བ་སྡུག་བསྔལ་རྒྱལ་མཚོ་ལས། །
ཐར་ཕྱིར་དགེ་སྒྲུབ་སྡིག་སྤང་བྱ། །
དེ་ལྟར་ངེས་འབྱུང་རྣལ་མའི་ངང་། །
བྱང་ཆུབ་སེམས་གཉིས་ལེགས་བརྩོན་ནས། །
དག་མཉམ་བདེན་པའི་ངང་དུ་གནས། །
རྟེན་འབྱུང་དབུ་མའི་གོ་བ་གཅིག །
བདེ་ཆེན་ཕྱག་རྒྱའི་མྱོང་བ་གཉིས། །
རྫོགས་ཆེན་རིག་པའི་རྟོགས་པ་གསུམ། །
རྒྱལ་ཀུན་སྒྲུབ་པའི་མཆོད་པ་འབུལ། །
སེར་སྣ་བྲལ་བའི་མཆོད་འབུལ་དང་། །
ཟུག་ངུ་བྲལ་བའི་བཟོད་པ་སྒོམ། །
ལུང་རྟོགས་མཁྱེན་པའི་ཤེས་རབ་ཀྱིས། །
དུག་གསུམ་འཁྲུལ་བའི་རྩ་བ་གཅོད། །
སྙིགས་དུས་འགྲོ་ལ་བསོད་ནམས་མཐུ་བསྐྲུན་པའི། །
རྒྱལ་བ་གཉིས་པ་བློ་བཟང་གྲགས་པའི་དཔལ། །
གསུང་གི་སྙིང་པོ་རིག་ལམ་མདོ་སྔགས་གཞུང་། །
དགེ་ལུགས་བསྟན་པ་དར་ཞིང་རྒྱས་གྱུར་ཅིག །
ཐུགས་རྗེ་གཏེར་ཆེན་འཕགས་པ་སྤྱན་རས་གཟིགས། །
མཁྱེན་རབ་དབང་ཕྱུག་རྗེ་བཙུན་འཇམ་དཔལ་དབྱངས། །
མཐུ་སྟོབས་ནུས་པའི་བདག་ཉིད་རྡོ་རྗེ་འཛིན། །
བློ་བཟང་རྒྱལ་བའི་བསྟན་པ་དར་གྱུར་ཅིག །
རྒྱལ་བསྟན་སྤྱི་དང་བོད་བརྒྱུད་བསྟན་པ་ལ། །
ཉེས་པའི་གདོན་དུ་སླད་པའི་དམ་སྲིའི་དཔུང་། །
འདྲེ་ལ་སྐྱབས་བཅོལ་གྲོགས་ཀྱི་སྲོག་འཕྲོག་པའི། །
དགེ་རྫུན་དེ་ཀུན་རྩ་ནས་ཞི་གྱུར་ཅིག །
ཐོས་བསམ་མདོ་སྔགས་རིག་གནས་བཤད་པས་འཛིན། །
ལམ་རིམ་བྱང་ཆུབ་ཐབས་ཚུལ་སྒྲུབ་པས་སྐྱོང་། །
རིམ་གཉིས་ཟུང་འཇུག་བདེན་པ་དགེ་བས་སྤེལ། །
དགེ་ལུགས་རྒྱལ་བའི་བསྟན་པ་རྒྱས་གྱུར་ཅིག །
ཅེས་པ་འདི་རང་རབ་རྒྱན་ཆུ་འབྲུག་མགོ་ཟླའི་མཁའ་འགྲོ་འདུ་བའི་དུས་ཆེན་ནམ་དགའ་ལྡན་ལྔ་མཆོད་ཆེན་མོ་ཞེས་རྗེ་ཙོང་ཁ་པའི་འདས་མཆོད་དུ་བོད་བརྒྱུད་རྣལ་འབྱོར་ཆོས་ཚོགས་ཁང་ནས་དཔལ་ལྡན་ལྷ་མོས་བསྐུལ་བ་བཞིན་དུ་ཤྰཀྱའི་དགེ་སྦྱོང་བ་མཁན་ཆེན་བླ་མ་འམ་རིག་འཛིན་དཔལ་དགྱེས་པ་རྡོ་རྗེས་གང་དྲན་དུ་གསོལ་བ་འདེབས་པ་དོན་དང་ལྡན་པར་གྱུར་ཅིག ། ཤྲྰི་སརྦ་ལོ་ཀ་བི་ཛ་ཡནྟུ། །
ཧ་ཧ་ཚིག་དེ་ལ་ལྟས་ན་གང་དྲན་རང་རེད་འདུག དགེ་རྫུན་དེ་ཀུན་ཞེས་པ་དགེ་བཤེས་རེད་དམ་དགེ་བ་རེད། དགེ་ལུགས་རྒྱལ་བའི་བསྟན་པ་་་་་་་སོགས་ཚིག་སྦྱོར་དེ་ཚོ་ཧ་ཧ་ཧ་དངོས་ནས་སྔགས་རྒན་ཆང་གི་གཟི་བའི་གཟི་གཏམ་རང་རེད།
སྟོན་པའི་བསྟན་པ་བདུད་ཀྱིས་བསྣུབས་རབས་མེད།།བསྟན་པའི་སྙིང་བོ་གཞན་ལས་བཙལ་རབས་མེད།།བསྟན་པའི་དར་རྒུད་རང་རང་ཐད་ན་ཡོད།།བསྟན་པ་བསྔོ་སྨོན་ཙམ་གྱིས་བཟུང་རབས་མེད།། བསྟན་པ་འཛིན་མིན་བསྟན་འཛིན་རང་ལ་རག།བསྟན་པ་བཤིག་མིན་ཡང་བསྟན་འཛིན་རང་ལ་རག།བསྟན་སྲུང་ཞེས་པའི་རྭ་ཅན་མི་འདུག་པས།།བསྟན་བདག་ཁྱོད་ཀྱིས་སྨྱོ་བཤད་མ་བརྒྱག་ལགས།།ཕྱོགས་ཞེན་ར་རོས་ཟིན་པའི་བསྟན་དགའ་ཁྱེད།།ལ་ལའི་བསྟན་དགྲར་འགྱུར་བའི་ཉེན་ཁ་ཡོད།།ས་སྒང་འདི་ལས་དགེ་ལུགས་གཅིག་པུ་ལས།། གྲུབ་མཐའ་གཞན་དག་ཉམས་ན་མི་སྐྱོན་ནམ།།དྲ་སྟེང་འདི་ན་སྨྱོ་འབོག་ནད་ཀྱིས་ཐེབས།།ས་སྟོངས་ཤིག་ན་ས་ལྡིང་གནམ་ལྡིང་བྱེད།།བསྟན་པའི་བཤེས་ཀྱི་གཤིས་ཤིག་ཡོད་ཁུལ་གྱིས།།བསྟན་པ་གནས་དགའ་ཟེར་བ་ངོ་དགའ་ཙམ།།སཱ་ལའི་ཕྱི་ནང་བསྟན་འཛིན་སྐྱེས་བུ་ཚོས།།བསྟན་པའི་དར་རྒུད་གསུངས་བསུང་བཞིན་ལགས།།གསུང་དེབ་གསུང་བཤད་སྒྲ་ཐག་གང་ཡང་ལས།།བསྟན་པའི་རྩ་བ་བསྔོ་སྨོན་ཡིན་རབས་དབེན།། ལྷག་དོན་གྲུབ་མཐའ་དགེ་ལུགས་གཅིག་པུ་ལས།།གཞན་དག་ཉམས་པར་གྱུར་ཀྱང་འགྲིག་གོ་ཞེས།།གསུང་སྣ་ཕྲན་ཙམ་ཐལ་བ་ཐོས་མ་མྱོངས།།འདི་འང་བསྟན་དགའ་ཁྱོད་ཀྱི་འདོད་ལོག་རེད།།
དགའ་ལྡན་ལྔ་མཆོད་ཀྱི་དུས་བཟང་པོར་རྗེ་བཙུན་བླ་མ་བློ་བཟང་གྲགས་པ་ཙོང་ཁ་པའི་མཛད་པ་རྣམས་ལས་ཆུ་ཐིགས་ཙམ་དྲན་པ་ལ་འདི་ལྟར་གསུངས་ཏེ།
་་ ་་ ་་ ་་
གང་ཞིག་གཟིགས་ཤིང་གསུངས་པ་ཡིས།
མཁྱེན་དང་སྟོན་པ་བླ་ན་མེད།
རྒྱལ་བ་རྟེན་ཅིང་འབྲེལ་པར་འབྱུང་།
གཟིགས་ཤིང་འདོམས་པ་དེ་ལ་འདུད།། ༡ །།
ཅེས་དང་།
གང་གང་རྐྱེན་ལ་རག་ལས་པ།
དེ་དེ་རང་བཞིན་གྱིས་སྟོངས་ཞེས།
གསུངས་པ་འདི་ལས་ཡ་མཚན་པའི།
ལེགས་འདོ་མས་ཚུལ་ནི་ཅི་ཞིག་ཡོད།། ༧ །།
ཅེས་དང་།
སྟོན་དེའི་རྗེས་སུ་རབ་ཏུ་བྱུང་གྱུར་ཏེ།
རྒྱལ་བའི་གསུང་ལ་སྦྱངས་པ་མི་དམན་ཞིང་།
རྣལ་འབྱོར་སྤྱོད་ལ་བརྩོན་པའི་དགེ་སློང་ཞིག
དྲང་སྲོང་ཆེན་པོ་དེ་ལ་དེ་ལྟར་གུས།། ༥༥ །།
ཞེས་སོགས་རྗེ་གང་ཉིད་ཀྱིས་མཛད་པའི་རྟེན་འབྲེལ་བསྟོད་པར་གསུངས་སོ།།
་་ ་་ ་་ ་་
དཔལ་ལྡན་ས་གསུམ་འགྲོ་བའི་མིག་གཅིག་པུ།
ཐར་འདོད་ཡོངས་ཀྱི་བླ་ན་མེད་པའི་མགོན།
རྒྱལ་བ་ཀུན་ལས་ལྷག་པའི་ཐུགས་རྗེ་ཅན།
ཟླ་མེད་བླ་མ་མཆོག་ལ་གསོལ་བ་འདེབས།། ༡ །།
ཞེས་དང་།
འོད་གསལ་ཆོས་སྐུ་མངོན་དུ་མཛད་གྱུར་པ།
དེའི་ཚེ་ཁྱོད་སྐྱ་འོད་ཀྱི་ཕུང་པོར་གྱུར།
བར་དོར་ལོངས་སྤྱོད་རྫོགས་པ་སྒྱུ་མའི་སྐུ།
མཆོག་གི་དངོན་གྲུབ་བཉེས་ལ་གསོལ་བ་འདེབས།། ༢༧ །།
ཞེས་དང་།
དགེ་བ་འདི་ཡིས་ཚེ་རབས་ཀུན་ཏུ་བདག
མཚུངས་མེད་བློ་བཟང་གྲགས་པའི་ཞབས་དྲུང་དུ།
ས་དང་ལམ་གྱི་རིམ་པ་མཐར་སོན་ནས།
འགྲོ་ཀུན་སངས་རྒྱས་ས་ལ་འགོད་པར་ཤོག། ༣༦ །།
་་ ་་ ་་ ་་
ཚིགས་བཅད་འདི་རྣམས་མཁས་གྲུབ་རྗེས་མཛད་པའི་དཔལ་ལྡན་ས་གསུམ་མ་ན་བཞུགས་སོ།།
Hhhhh
སྙིང་རྗེས་རང་གཟུགས་འཕགས་མཆོག་སྤྱན་རས་གཟིགས། །
མཁྱེན་པའི་དབང་ཕྱུག་རྗེ་བཙུན་འཇམ་དཔལ་དབྱངས། །
མཐུ་ནུས་མངའ་བདག་ཕྱག་ན་རྡོ་རྗེས་མཐུས། །
བློ་བཟང་རྒྱལ་བའི་བསྟན་པ་རྒྱས་འགྱུར་ཅིག །
གང་ཅན་ཤིང་རྟའི་སྲོལ་འབྱེད་ཙོང་ཁ་པ།།དངོས་སྟོབས་རིག་པའི་དབང་ཕྱུག་རྒྱལ་ཚབ་རྗེ།།མདོ་སྔགས་བསྟན་པའི་བདག་པོ་མཁས་གྲུབ་རྗེ།།རྒྱལ་པ་ཡབ་སྲས་གསུམ་ལ་གསོལ་པ་འདེབས།།
རྟག་ཏུ་མཁའ་འགྲོ་བསྒོམ་གོམ་ནས།
མཁའ་འགྲོའི་ལུང་བསྟན་ཆར་ལྟར་འབེབས།
ལུང་བརྫུས་གྲུབ་བརྫུས་རྐྱང་བཤད་ནས།
ཌོ་ལོར་སྔོན་མོ་ཆར་ལྟར་འབེབས།
མཁས་པ་ཐམས་ཅད་ཨོ་རྒྱན་སྤྲུལ།
མཛངས་མ་ཐམས་ཅད་མན་དྷ་ར།
རྒྱོས་ཕྲུག་ཐམས་ཅད་གདུང་སྲས་སུ།
ངོམས་པ་འདི་དག་ཨ་ཙ་མ།
བསྔོ་སྨོན་ཙམ་ཙམ་བྱས་པ་ངོ་དགའ་ཙམ།།བསྟན་པ་དར་རྒྱས་ཞེས་པ་ཁ་ཡག་ཉིད།།ཁ་ལག་ཁོམ་ནས་འབྲི་རྒྱུ་མ་རྙེད་པས།།སྨྱོན་པའི་ལབ་རྡོལ་འདྲ་ཞིག་བྲིས་པ་གསལ།།བསྟན་པར་དད་ན་བསྟན་པའི་གནད་ལ་བརྩོན།།དམ་ཆོས་བསླབ་ན་བྱམས་བརྩེ་སྙིང་བོ་ཚོལ།།བསྟན་འཛིན་བྱ་བར་མདོ་སྔགས་གནད་རྣམས་དཔྱོད།། ཁ་བཤད་བསྔོ་སྨོན་ཙམ་གྱིས་ག་ནས་ཟིན།།༼༼ཐུབ་ཆེན་བསྟན་པ་མི་ནུབ་དར་ཞིང་རྒྱས།།འགྲོ་དྲུག་སྐྱེ་དགུ་མ་ལུས་སྡུག་ལས་སྒྲོལ།།ཇི་སྲིད་འཚང་རྒྱ་མ་ཐོབ་དེ་སྲིད་དུ།།ཟབ་རྒྱས་ལུགས་བཟང་གནས་པར་གྱུར་ཅིག་གུ། ༽༽འདི་ལྟའི་ཁ་ཡག་སུས་ཀྱང་ཤོད་ཤེས་ཤིང་།།འདི་ལྟའི་ཡིག་ཚོགས་སུས་ཀྱང་སྤུངས་མཁས་ལ།།འདི་ལྟར་རྒྱུད་ལུགས་ལབ་རྡོབ་བྱེད་པ་དག།དོན་གྱིས་བསྟན་པ་འཇིག་པའི་སྔ་ལྟས་ཉིད།།
རྗེ་བླ་མའི་བསྟོད་པ་དད་པའི་དྲི་བསུང་འཐུལ་བའི་སྤོས་ཀྱི་རྫིང་བུ་ཞེས་བྱ་བ་བཞུགས་སོ།།
________________________________________
རྡོ་སྦིས་དགེ་བཤེས་ཤེས་རབ་རྒྱ་མཚོ།
༄༅།།རྗེ་བཙུན་འཇམ་དཔལ་དབྱངས་དང་གཉིས་སུ་མ་མཆིས་པའི་བླ་མ་དམ་པ་ཁམས་གསུམ་ཆོས་ཀྱི་རྒྱལ་པོ་ཤར་ཙོང་ཁ་བ་བློ་བཟང་གྲགས་པའི་ཞབས་ ཀྱི་པདྨོ་དྲི་མ་མེད་པ་ལ་གུས་པ་ཆེན་པོས་ཕྱག་འཚལ་ཞིང་སྐྱབས་སུ་མཆིའོ།། ཚེ་རབས་ཐམས་ཅད་དུ་རྗེས་སུ་གཟུང་དུ་གསོལ།
ཕན་བདེའི་གཟུགས་འཆར་དངུལ་དཀར་མེ་ལོང་ལ།། དག་གཙང་ཙམ་གྱིས་ཉིན་མཚན་ཁ་སྦྱོར་ཞིང་།། མངོན་ཤེས་རྫུ་འཕྲུལ་སྦ་བའི་ཐུགས་དམ་ཅན།། སྐྱབས་གཅིག་དྲིན་ཆེན་བླ་མ་བློ་བཟང་གྲགས།། བདེ་སྐྱོང་སྣོད་དང་ཕུར་བུའི་ཆེ་བ་མེད།། ཆང་དང་བུད་མེད་སྤྱོད་པའི་འཕྲུལ་མཛངས་མེད།། སྐལ་ངན་རྨོངས་པ་སླུ་བའི་སྙིང་སྟོབས་མེད།། འབྲོག་རིའི་དགེ་སྦྱོང་དེ་ལ་བདག་ཕྱག་འཚལ།། རང་ཤར་རང་གྲོལ་རྫིག་པོའི་རྟོགས་པ་མེད།། དུས་གསུམ་གཟིགས་པའི་ཉམས་དང་ལུང་བསྟན་མེད།། ཕ་རོལ་གསོད་པའི་མཐུ་དང་ནུས་པ་མེད།། འབྲོག་རིའི་དགེ་སྦྱོང་དེ་ལ་བདག་ཕྱག་འཚལ།། རང་བཟོའི་བརྡ་ཆད་སྤེལ་བའི་གཞུང་འགྲེལ་མེད།། འགལ་འདུའི་སྟོང་གསོབ་ཚིག་བཀྲའི་ཝུ་བ་མེད།། མ་རེག་ཐུག་པའི་རྒྱུས་གཏམ་ཁ་ཕོ་མེད།། འབྲོག་རིའི་དགེ་སྦྱོང་དེ་ལ་བདག་ཕྱག་འཚལ།། གྲུབ་རྟགས་སྤྱི་བོར་སྤུངས་པའི་རལ་བ་མེད།། ལུས་ཕྲའི་འཁོར་དང་ཤ་ཆང་ལོངས་སྤྱོད་མེད།། དྭངས་མ་འདོད་རྒུར་འཇོ་བའི་བདེ་ཆེན་མེད།། འབྲོག་རིའི་དགེ་སྦྱོང་དེ་ལ་བདག་ཕྱག་འཚལ།། ལྷ་མཐོང་འདྲེ་མཐོང་སྤྱན་དང་མངོན་ཤེས་མེད།། བླུན་དད་འདྲེན་པའི་ལྟས་དང་བརྟག་དཔྱད་མེད།། རྙེད་བཀུར་ཟབ་ལམ་སྒྲུབ་པའི་འདག་སྦྱར་མེད།། འབྲོག་རིའི་དགེ་སྦྱོང་དེ་ལ་བདག་ཕྱག་འཚལ།། དབེན་གཞིས་སྟོང་བའི་སྐུ་ཡི་ཏིང་འཛིན་མེད།། འབྲུ་གསུམ་མ་དམིགས་ངག་གི་ཏིང་འཛིན་མེད།། ངེས་ཤེས་བྲལ་བའི་ཐུགས་ཀྱི་ཏིང་འཛིན་མེད།། འབྲོག་རིའི་དགེ་སྦྱོང་དེ་ལ་བདག་ཕྱག་འཚལ།། རང་ཉམས་ཁུངས་མེད་འདོན་པའི་སྤོབས་པ་མེད།། རྒྱལ་བའི་བཀའ་ལས་འགོངས་པའི་སྙིང་སྟོབས་མེད།། ས་རྡོ་རྨི་ལམ་ལུང་གི་ཆོས་གཏེར་མེད།། འབྲོག་རིའི་དགེ་སྦྱོང་དེ་ལ་བདག་ཕྱག་འཚལ།། འདུལ་བའི་ཁྲིམས་ཀྱིས་མ་གོས་ལུང་གཙང་མེད།། དམ་པ་སྒྲོལ་བའི་ཕཊ་དང་ཧཱུཾ་སྒྲ་མེད།། སོར་རྟོག་དཔྱད་སྒོམ་སྤོང་བའི་ཐོམ་ཡོར་མེད།། འབྲོག་རིའི་དགེ་སྦྱོང་དེ་ལ་བདག་ཕྱག་འཚལ།། མདོ་སྔགས་ཉམས་ལེན་གདན་གོས་སོ་སོར་མེད།། ཕན་ཚུན་སྤོང་བའི་རྭ་དང་མཆེ་བ་མེད།། བཤད་སྲོལ་མཐའ་དག་འདྲེས་པའི་ཁྲུས་རྫིང་མེད།།འབྲོག་རིའི་དགེ་སྦྱོང་དེ་ལ་བདག་ ཕྱག་འཚལ།། ལག་རྗེས་རྐང་བས་བསུབ་པའི་སུག་བཞི་མེད།། དཔྱད་ན་གཏད་སོ་བྲལ་བའི་འཇའ་རིས་མེད།། རྨོངས་ཡུས་བརྗིད་པོར་ཆགས་པའི་སྤྲིན་ཕུང་མེད།། འབྲོག་རིའི་དགེ་སྦྱོང་དེ་ལ་བདག་ཕྱག་འཚལ།། ཚད་ལྡན་མཁས་པ་སྨོད་པའི་ལྕེ་རྩལ་མེད།། ཆོས་མཐུན་རྒོལ་བའི་ཐོག་གི་འཇིགས་པ་མེད།། སྡོམ་གསུམ་དྲི་ཡིས་ཁོར་ཡུག་བཏང་བ་མེད།། འབྲོག་རིའི་དགེ་སྦྱོང་དེ་ལ་བདག་ཕྱག་འཚལ།། མ་སྦྱངས་མཁས་པའི་རང་བྱུང་འབྲས་བུ་མེད།། མ་བསྒོམས་གྲོལ་བའི་རྟོགས་པ་ཀློང་རྡོལ་མེད།། མ་བཤིག་ཞིག་པའི་སྒྲིབ་པ་རང་ལོག་མེད།། འབྲོག་རིའི་དགེ་སྦྱོང་དེ་ལ་བདག་ཕྱག་འཚལ།། རང་ཉིད་མ་གྲོལ་གཞན་སྒྲོལ་གདམས་པ་མེད།། རང་ཉིད་མི་ཤེས་གཞན་སློབ་འཆད་རྩོམ་མེད།། རང་ཚོད་མ་རྟོགས་དུས་གསུམ་རིག་པ་མེད།། འབྲོག་རིའི་དགེ་སྦྱོང་དེ་ལ་བདག་ཕྱག་འཚལ།། རྟག་ཆད་མཐའ་རུ་གོལ་བའི་ལྟ་བ་མིན།། བྱིང་ཕྲའི་ཀློང་དུ་འབྱམས་པའི་སྒོམ་པ་མིན།། བག་མེད་གླང་ཆེན་སྨྱོན་པའི་སྤྱོད་པ་མིན།། འབྲོག་རིའི་དགེ་སྦྱོང་དེ་ལ་བདག་ཕྱག་འཚལ།། གནག་རྫིས་ཕྱུགས་ངོ་བགྲང་བའི་འཆད་པ་མིན།། དམུས་ལོང་གཟུགས་ལ་རྟོག་པའི་རྩོད་པ་མིན།། བྱིས་པས་བྱེ་མ་སྤུངས་པའི་རྩོམ་པ་མིན།། འབྲོག་རིའི་བླ་མ་མཆོག་ལ་བདག་ཕྱག་འཚལ།། མ་སྦྱངས་རི་ནས་བརྡོལ་བའི་མཁས་པ་མིན།། རྐུན་པོ་ནོར་ལ་འཇབ་པའི་བཙུན་པ་མིན།། རང་སྲོག་གཅོད་ལ་མཛའ་བའི་བཟང་པོ་མིན།། འབྲོག་རིའི་བླ་མ་མཆོག་ལ་བདག་ཕྱག་འཚལ།། འཁྲུལ་བ་རང་ཞིག་རལ་བའི་རྟོགས་ལྡན་མིན།། སྨན་ཤར་མཁའ་འགྲོས་དབང་བསྐུར་སློབ་མ་མིན།། སྦྱོར་སྒྲོལ་ཨ་ཏི་གསང་བའི་རིག་འཛིན་མིན།། འབྲོག་རིའི་བླ་མ་མཆོག་ལ་བདག་ཕྱག་འཚལ།། རིག་པའི་སྣང་བ་མ་མཐོང་མིག་སེར་མིན།། ཟེར་སྒྲོས་མ་ཎི་འདོན་པའི་མཆུ་དམར་མིན།། འགལ་འདུའི་ཚིག་ཉམས་བཀྲ་བའི་མདོངས་མཐའ་མིན།། འབྲོག་རིའི་བླ་མ་མཆོག་ལ་བདག་ཕྱག་འཚལ།། མ་རྟོགས་ཁུང་བུར་ཉལ་བའི་སྦྲུལ་ནག་མིན།། ལོག་རྟོག་ལྗོན་རྩེར་འཁྱུག་པའི་སྤྲེའུ་མིན།། སོམ་ཉིའི་འབུ་སྲིན་ཟ་བའི་བྱིའུ་མིན།། འབྲོག་རིའི་བླ་མ་མཆོག་ལ་བདག་ཕྱག་འཚལ།། འཇིག་རྟེན་ཕ་རོལ་འཇོམས་པའི་དགྲ་སྟ་མིན།། འདི་སྣང་བདེ་ལ་རྒྱས་པའི་པདྨ་མིན།། མཐོང་ཚད་བདེན་པའི་འཛིན་པའི་ལྕགས་ཀྱུ་མིན།། འབྲོག་རིའི་བླ་མ་མཆོག་ལ་བདག་ཕྱག་འཚལ།། དམ་པ་སྨོད་ལ་མི་འཇིགས་རྡོ་རྗེ་མིན།། བླུན་པོའི་འཁོར་མང་སྡུད་པའི་ཞགས་པ་མིན།། ཕན་བདེའི་བྲག་རི་གསིལ་བའི་ཐོག་མདའ་མིན།། འབྲོག་རིའི་བླ་མ་མཆོག་ལ་བདག་ཕྱག་འཚལ།། མང་དུ་ཐོས་པའི་ལུས་རྩལ་ཞུམ་པ་མིན།། དྲི་མེད་རིགས་པའི་མཆེ་སྡེར་རྟུལ་བ་མིན།། ལེགས་པར་བཤད་པའི་གཡུ་རལ་གཟི་ཆུང་མིན།།འབྲོག་རིའི་བླ་མ་མཆོག་ལ་བདག་ཕྱག་འཚལ།། མདོ་རྒྱུད་ཆུ་གཏེར་ཆེ་ལ་འཇིགས་པ་མིན།། ཡང་དག་ཐབས་ཀྱི་སྣ་ཞགས་ཐུང་བ་མིན།། སྐྱེས་སྦྱངས་ཤེས་རབ་སོ་རྣོན་བྲུལ་བ་མིན།། འབྲོག་རིའི་གླང་བོ་དེ་ལ་བདག་ཕྱག་འཚལ།། བཤད་སྲོལ་གཤེགས་པའི་བཤུལ་ལམ་གཡང་ས་མིན།། སྨྲ་ངན་ཝ་མོས་དབྱི་བའི་དོགས་གནས་མིན།། རྗེས་འབྲང་འཇིགས་པས་བ་སྤུ་གཡོ་བ་མིན།། འབྲོག་རིའི་ཁྱུ་མཆོག་དེ་ལ་བདག་ཕྱག་འཚལ།། ཕྲག་དོག་རྨོངས་པའི་ས་ཡིས་གནོན་ནུས་མིན།། སྤངས་རྟོགས་ཡལ་འདབ་ར་བར་ཤོང་བ་མིན།། ལེགས་བཤད་དྲི་བཟང་ཕྱོགས་རེར་འཐུལ་བ་མིན།། འབྲོག་རིའི་དཔག་བསམ་དེ་ལ་བདག་ཕྱག་འཚལ།། མཐའ་བྲལ་གནམ་འཕང་གཅོད་ལ་ཞུམ་པ་མིན།། ཀུན་མཁྱེན་དག་གསལ་གསེར་མིག་ལྡོངས་པ་མིན།། གཞུང་ངན་གདུག་སྦྲུལ་ཡན་པོར་གཏོང་བ་མིན།། འབྲོག་རིའི་མཁའ་ལྡིང་དེ་ལ་བདག་ཕྱག་འཚལ།། རང་བྱུང་ཚངས་པས་རི་མོར་སྤེལ་བ་མིན།། བླུན་པོའི་བསྟོད་བསྔགས་རྟ་ཡིས་དྲངས་པ་མིན།། མཁས་རློམ་ཆུ་རྒྱན་སྨྲ་བའི་གོ་སྐབས་མིན།། འབྲོག་རིའི་ཟླ་བ་དེ་ལ་བདག་ཕྱག་འཚལ།། འཇམ་དབྱངས་མཁྱེན་རབ་རལ་གྲི་ཆག་པ་མིན།། གསང་དབང་མཐུ་ནུས་རྡོ་རྗེ་འཐོར་བ་མིན།། འཕགས་མཆོག་བརྩེ་ཆེན་མེ་ཏོག་ཟུམ་པ་མིན།། རིགས་གསུམ་གཅིག་བསྡུས་བླ་མ་བློ་བཟང་གྲགས།། སྙིང་ནས་དྲན་པའི་གསོལ་འདེབས་གླིང་བུའི་གདངས།། དད་གུས་སོར་རྩེས་ལྡེམ་པོར་བསྒྱུར་བ་ནི།། ངོ་མཚར་དཔག་ཡས་ཡིད་དགའ་ཆོས་འཛིན་ནས།། ཡབ་གཅིག་འཇམ་དཔལ་སྙིང་བོས་གསན་དུ་གསོལ།། འཇམ་དབྱངས་མཁྱེན་རབ་ཉི་མ་ཞུ་བའི་ངོགས།། རྒྱལ་ཀུན་དགོངས་པའི་པདྨོ་རྣམ་རྒྱས་པ།། ད་དུང་སྨྲ་མཁས་དབྱངས་ཅན་བྱེ་བས་བཟུང་།། དགྱེས་འཛུམ་གསར་བའི་ཐིགས་ཕྲེང་སྤྲོ་བར་མཛོད།། བརྩེ་ཆེན་བྱིན་རླབས་དྲི་བཟང་འཛིན་པའི་དཔལ།། རྣམ་དཔྱོད་དལ་གྱིས་འཁྱིལ་བའི་ལང་ཚོ་ནི།། ཁྱོད་ཀྱི་ལེགས་བཤད་མཚོ་ལས་མི་འཕོ་ཞིང་།། ཟབ་གསང་དོག་པ་མངར་བོས་སྙེམས་པར་མཛོད།། དབང་བོ་སྙིགས་མའི་ཡང་མཐར་ལྷུང་བ་ཡི།། རྨོངས་པ་རྣམས་ཀྱི་རོལ་རྩེད་འདི་དགོངས་ལ།། མཁྱེན་བརྩེ་མི་ཟད་གསང་བའི་འཕྲུལ་འཁོར་གྱིས།། ཡང་དག་རྡོ་རྗེའི་མིག་གི་སྣང་བ་སྩོལ།། རྨོངས་ཞེན་འཁྲུལ་བའི་དྲི་མ་བསལ་དུ་གསོལ།། ཟབ་དོན་དག་པའི་རི་མོ་མཇལ་དུ་གསོལ།། ངེས་ལེགས་བདུད་རྩིའི་རོ་མཆོག་མྱོང་དུ་གསོལ།། མཁའ་མཉམ་ལས་ཅན་བདེ་ལ་སྦྱོར་དུ་གསོལ།། དེང་སང་སྐྱེ་བོ་ཕལ་ཆེར་བློ་མིག་ལྡོངས།། ལེགས་བཤད་ཉེས་བཤད་འབྱེད་པའི་མཐུ་རྩལ་ཆུང་།། ཇི་ལྟར་བྱས་ཀྱང་དོན་དུ་འགྱུར་དཀའ་བ།། བརྩེ་བས་དགོངས་ལ་མྱུར་དུ་བསྐྱབ་ཏུ་གསོལ།། དེ་ཕྱིར་རྨོངས་ཞེན་གྲགས་པའི་རྗེས་སུ་འབྲང་།། ཡིན་ལུགས་བརྡ་ཡིས་སྦྲན་ན་ཚུར་ལ་བསྡོ།། ལས་ངན་མགོ་བསྐོར་ཁྲམ་པའི་སྤྱོད་ལ་རངས།། བརྩེ་བས་དགོངས་ལ་མྱུར་དུ་བསྐྱབ་ཏུ་གསོལ།། དུས་གསུམ་མཁས་མཆོག་ཀུན་གྱི་བགྲོད་གཅིག་ལམ།། རྨོངས་པའི་འཁྲི་ཤིང་གཅོད་པའི་རལ་གྲི་ཆེ།། གཞུང་དོན་ཐང་མར་བརྡལ་བ་སྐྱོན་དུ་སེམས།། བརྩེ་བས་དགོངས་ལ་མྱུར་དུ་བསྐྱབ་ཏུ་གསོལ།། སྒོ་ངའི་མཐིལ་ནས་ནམ་མཁའི་ལོ་རྒྱུས་སྨྲ།། མཁས་པའི་དྲི་གཏུགས་འགོག་པའི་གཡོ་ཟོལ་བྲིན།། བླུན་སྒོམ་ལྷ་མཐོང་འདྲེ་མཐོང་མཆོག་ཏུ་འཛིན།། བརྩེ་བས་དགོངས་ལ་མྱུར་དུ་བསྐྱབ་ཏུ་གསོལ།།
ཕྱི་ཡི་སྤྱོད་ཚུལ་གནས་བརྟན་ཨུ་པ་ལི།། ནང་གི་རྣལ་འབྱོར་དཔལ་ལྡན་ས་ར་ཧ།། གསང་བ་འཆད་རྩོམ་རྩོམ་པ་འཇམ་དཔལ་དབྱངས།། མགོན་པོ་ཁྱོད་ཀྱི་རྣམ་ཐར་ཟིན་པར་ཤོག།། ཉི་མའི་གཉེན་གྱི་གསུང་རབ་མ་ལུས་པ།། གདུལ་བྱ་གཅིག་གི་གདམས་པར་འགལ་མེད་འཆད།། ཕྲ་ཞིབ་ལུང་རིགས་ཐིག་ལས་འཛུར་བ་མེད།། མགོན་པོ་ཁྱོད་ཀྱི་རྣམ་ཐར་ཟིན་པར་ཤོག། ཡང་དག་ལྟ་དང་གསང་ཆེན་བིད་ཀ་ར།། གངས་ཅན་མཁས་རློམ་ཆུ་གཏེར་ཀློང་བྱིང་ཚེ།། གསར་བཤད་གསེར་མིག་གཟུགས་ཀྱིས་འདོན་མཁས་པ།། མགོན་པོ་ཁྱོད་ཀྱི་རྣམ་ཐར་ཟིན་པར་ཤོག། གཞན་སྟོང་བདེན་གྲུབ་ཡོད་མིན་མེད་མིན་སོགས།། སྨྲ་བ་ངན་པའི་རི་ཚོགས་འཁྲུགས་པའི་ཚེ།། རིགས་ལམ་རྩེ་བརྒྱ་འབར་བས་གཞོམ་མཛད་པ།།མགོན་པོ་ཁྱོད་ཀྱི་རྣམ་ཐར་ཟིན་པར་ཤོག། མདོ་དང་སྔགས་ཀྱི་ཆོས་ཚུལ་གང་ལའང་།། རྗེ་བཙུན་མཁྱེན་པའི་གཏེར་དང་རང་རང་གི། གདམས་པའི་ཆུ་མགོར་སྒྲོ་འདོགས་ལྷག་མེད་བཅད།། མགོན་པོ་ཁྱོད་ཀྱི་རྣམ་ཐར་ཟིན་པར་ཤོག། རང་བཞིན་མེད་དང་མེད་པ་དོན་གཅིག་སོགས།། ཆོས་ཉིད་དཔྱད་བཟོད་སྨྲ་བའི་ཐལ་འགྱུར་སྲོལ།། བྱུང་ཚེ་ལེགས་བཤད་སྣང་བ་འབུམ་ཕྲག་སྤྲོས།། མགོན་པོ་ཁྱོད་ཀྱི་རྣམ་ཐར་ཟིན་པར་ཤོག། གང་སྣང་དགག་བྱ་མཉམ་བཞག་ཡུལ་མེད་སོགས།། ཆེན་པོ་རྣམས་ཀྱང་རྒྱ་ལ་ཐིམ་པའི་ཚེ།། མཁྱེན་རབ་གྲི་སོ་རྣོན་པོས་དུམ་བརྒྱར་གྲོལ།། མགོན་པོ་ཁྱོད་ཀྱི་རྣམ་ཐར་ཟིན་པར་ཤོག། རྒྱལ་ཀུན་དགོངས་པ་ཟད་སར་བསྐྱལ་བའི་མཐུས།། ཟབ་དོན་དགྲོལ་བའི་གསུང་ཟུར་ཕྲ་མོས་ཀྱང་།། རྒོལ་ངན་གླང་བོ་འབུམ་སྡེ་གཅིག་ཅར་འཇིག།། མགོན་པོ་ཁྱོད་ཀྱི་རྣམ་ཐར་ཟིན་པར་ཤོག།། དེ་ཚེ་འདོད་ཡོན་ཆང་གིས་མྱོས་པ་འགའ།། སུན་འབྱིན་ལྟར་སྣང་གློག་དམར་འཕེན་ལ་བརྩོན།། བ་སྤུའི་རྩེ་ཡང་མི་གཡོ་རི་ཡི་དབང་།། མགོན་པོ་ཁྱོད་ཀྱི་རྣམ་ཐར་ཟིན་པར་ཤོག། མ་འོངས་སྲིད་པའི་སྐྱེ་ཕྲེང་ཐམས་ཅད་དུ།། བློ་བཟང་རྒྱལ་བའི་བསྟན་དང་མི་འབྲལ་ཞིང་།། ཚང་ལ་མ་ནོར་དགེ་ལྡན་བཀའ་བརྒྱུད་ཀྱི།། གདམས་པས་འགྲོ་བའི་མགོན་པོ་མྱུར་ཐོབ་ཤོག།
ཅེས་རྗེ་བཙུན་འཇམ་དཔལ་དབྱངས་དང་གཉིས་སུ་མ་མཆིས་ཤིང་སྐྱེ་རྒུ་རྣམས་ལ་གཅིག་ཏུ་བརྩེ་བའི་གཞན་དབང་དུ་གྱུར་བ་གངས་རིའི་ལྗོངས་འདིར་འཕགས་མཆོག་ཀླུ་སྒྲུབ་ཡབ་སྲས་ཀྱི་བཞེད་སྲོལ་དཔལ་ལྡན་ཐལ་འགྱུར་བའི་རང་ལུགས་ཕྱིན་ཅི་མ་ལོག་པར་ འགྲེལ་བ་ལ་འགྲན་པའི་ཟླ་ཐམས་ཅད་དང་བྲལ་བའི་སྨྲ་བའི་ཁྱུ་མཆོག གྲུབ་མཐའ་རིས་མེད་ཀྱི་མཁས་གྲུབ་ཚོགས་ཀྱི་སློབ་དཔོན་ཆེན་པོའི་ཆེན་པོར་བཞུགས་པ་དག་གིས་ཀྱང་བསྔགས་བརྗོད་ཀྱི་མེ་ཏོག་འཐོར་བའི་ཡུལ་དམ་པར་གྱུར་པ། ཕྱི་སོ་སོར་ཐར་བའི་བརྟུལ་ཞུགས་བརྟན་པོ་ལ་གནས་ཤིང་ནང་གསང་བ་སྔགས་ཀྱི་རྣལ་ འབྱོར་ཟབ་མོ་ལ་རྩེ་གཅིག་ཏུ་གཞོལ་བའི་བདག་ཉིད་ཆེན་པོ། བཀའ་དྲིན་མཚུངས་མེད་མཚན་བརྗོད་པར་དཀའ་བ་དོན་གྱི་སླད་དུ་མཚན་ནས་སྨོས་ན་འཇམ་མགོན་ཆོས་ཀྱི་རྒྱལ་པོ་ཤར་ཙོང་ཁ་བ་བློ་བཟང་གྲགས་པའི་དཔལ་ལ་སྙིང་ཐག་པ་ནས་ བསྟོད་ཅིང་གསོལ་བ་འདེབས་པའི་ཚིགས་སུ་བཅད་པ་དད་པའི་དྲི་བསུང་འཐུལ་བའི་སྤོས་ཀྱི་རྫིང་བུ་ཞེས་བྱ་བ་འདི་ནི། ༧རྗེ་བླ་མའི་རིང་ལུགས་ལ་མི་ཕྱེད་པའི་དད་པ་བརྟན་པོ་དང་ལྡན་ཞིང་ཞི་དུལ་བག་ ཡོད་ལ་གནས་པའི་མང་ཐོས་དགེ་བའི་བཤེས་གཉེན་ཁྲི་བྱང་ཡོངས་འཛིན་ཕུ་ཁང་པ་བློ་བཟང་ཚུལ་ཁྲིམས་ནས་འདི་ལྟ་བུ་ཞིག་བྲི་དགོས་ཞེས་ཡང་ཡང་ནན་ཏན་མཛད་པ་ལྟར། བཀའ་དང་དགོངས་འགྲེལ་གྱི་ལེགས་བཤད་མང་པོ་རྣ་ལམ་དུ་སོན་པའི་མཐུ་ལས་ཆོས་དང་ཆོས་མིན་གྱི་རྣམ་དབྱེ་འབྱེད་པའི་སྤོབས་པ་ཅུང་ཟད་དགེ་ཞིང་འཇམ་མགོན་བླ་མ་ས་ གསུམ་གྱི་སྒྲོན་མེ་གང་གི་རྗེས་སུ་དད་གུས་ཀྱིས་མངོན་པར་ཕྱོགས་པའི་ལུང་རིགས་རབ་འབྱམས་སྨྲ་བ་ཤེས་རབ་རྒྱ་མཚོར་འབོད་པས་དགོས་དབང་གིས་དགག་ཕྱོགས་ནས་བརྩམས་ཏེ་ཤིན་ཏུ་གོ་སླ་བར་མཁས་གྲུབ་བྱེ་བའི་བསྟི་གནས་སེ་ར་ཐེག་པ་ཆེན་པོའི་གླིང་དང་ཉེ་བར་ཆར་འཁོད་དབེན་པའི་གནས་མཆོག་ཆུ་བཟང་རི་ཁྲོད་དུ་དད་གུས་རྩེ་གཅིག་པས་སྦྱར་བ་ཚེ་རབས་ཀུན་ཏུ་ཞྭ་སེར་རིང་ལུགས་དྲི་མ་མེད་པ་དང་མི་འབྲལ་བའི་རྒྱུར་གྱུར་ཅིག། །།
རྩོམ་མཁན་སྐྱ་མིན་སེར་མིན་དེས། །རྩོམ་ཆོས་བསྟོད་མིན་སྨད་ཅིག །མཁའ་འགྲོས་ལུང་བསྟན་རྫུན་ཆེན་ཏེ། །གང་དྲན་བྲིས་ཟེར་དངོས་བདེན་ངེས། །
ཧ་ཧ་ཧ་ཧ་ཧ་ཧ
༼རང་ཤར་རང་གྲོལ་རྫིག་པོའི་རྟོགས་པ་མེད།
ས་རྡོ་རྨི་ལམ་ལུང་གི་ཆོས་གཏེར་མེད།
ཆང་དང་བུད་མེད་སྤྱོད་པའི་འཕྲུལ་མཛངས་མེད།
འཁྲུལ་པ་རང་ཞིག་རལ་པའི་རྟོགས་ལྡན་མིན།
སྨན་ཤར་མཁའ་འགྲོས་དབང་བསྐུར་སློབ་མ་མིན།
གཞན་སྟོང་བདེན་གྲུབ་ཡོད་མིན་མེད་མིན་སོགས།
སྨྲ་བ་ངན་པའི་རི་ཚོགས་འཁྲུགས་པའི་ཚེ།
རིག་ལམ་རྩེ་བརྒྱ་འབར་བས་གཞོམ་པར་མཛད།༽
འདི་ནི་དཔལ་དགྱེས་ཀྱི་ལ་ལུང་དུ་བསྟན་པ་ཤ་སྟག་རེད་འདུག གཟིགས་དང་ཡག་པོ་བྱེད་དེ་ཁོ་ཡི་ལྟ་སྒོམ་སྤྱོད་གསུམ་ཚང་འདི་ན་ཆེད་དུ་བཀག་འདུག
དཔལ་དགྱེས་ཡིན་ད། བསྟོད་མ་ཤེས་པས་སྨད་པ་དགའ།
དཔལ་དགྱེས་ལ་ལུང་དུ་བསྟན་པ་རེད་འདུག་ཅེས་བཅོས་རོགས།
བོད་དུ་སློབ་དཔོན་པདྨ་སམ་བྷ་ཝ་དང་ཆོས་རྒྱལ་སྲོང་བཙན། དེ་ནས་སླར་ཡང་ཇོ་བོ་ཨ་ཏི་ཤ་དང་འབྲོམ་སྟོན་པ་རྒྱལ་བའི་འབྱུང་གནས། དེ་ནས་རྗེ་ཙོང་ཁ་བ་དང་རྗེ་དགེ་འདུན་གྲུབ་པའི་སྐུའི་སྐྱེ་བ་བཞེས་ཚུལ་རྗེ་དགེ་འདུན་གྲུབ་པའི་རྣམ་ཐར་དུ་གསལ།
དགའ་ལྡན་ལྔ་མཆོད་ཆེན་མོའི་སྒྲུབ་ཐབས་ཟེར་ན་གོ་རྒྱུ་གང་འདྲ་ཡིན་ནམ། དགའ་ལྡན་ལྔ་མཆོད་ཆེན་མོ་ནི་དུས་བཟང་ཁྱད་པར་ཅན་དུ་བརྩི་བ་རེད། སྒྲུབ་ཐབས་ནི་ལྷ་སྒྲུབ་པའི་ཆོ་ག་ལ་ཟེར།
ཨ་ཁ་ཁ་ཁ། ད་ལུང་བསྟན་ཡིན་བཟོ་འགྲོ་བྱས་དུས་ཡང་དཔལ་དགྱེས་པ་རྡོ་རྗེ་དེ་དཔལ་ཀྱེ་ཧུད་རྡོ་རྗེ་ཆགས་སོང། སྙིང་རྗེ།
ཡིན་ནའང་རྙིང་མའི་སྔགས་འཆང་ཞིག་གིས་རྗེ་ཙོང་ཁ་པ་ལ་བསྟིད་པ་དང་གུས་བརྩེས་གནང་བ་དེ་ནི་ཤིན་ཏུ་བཟང་ངོ་། ང་ཡང་རྙིང་མའི་ཆོས་ཀྱི་སློབ་འཛིན་པ་ཡིན་པས་ཙོང་ཁ་པ་དག་ཡབ་སྲས་རྒྱུད་པ་ཅན་གུས་བརྩེད་ཡོད།
ཤུག་ལྡན་ལ་འབྲེལ་འདྲེས་བླ་སློབ་ལ་སྙིང་རྗེསི་ཡུལ་ལས་གཞན་ཅི།
དོལ་དགྱེས་ཁྱེད་ཚང་ལ་ག་ཚད་བཤད་མི་ཉན་མཁན་ཅན་རེད། ཁྱོད་བོང་ཁ་པ་ལ་དད་གུས་ཡོད་པ་ནི་བཟང་། ཡི་རང་ཡོད་། མ་གཞི་ཁྱོད་ཀྱི་ལུང་བསྟན་ཡིན་འདོག་དང་། ཡང་སྒྲུབ་ཐབས་ཡིན་བཟོ་ཅི་ཕྱིར་བྲིས། ཁྱོད་རང་ངོ་མ་ཅན་སྨྱོན་པ་རྡོ་རྗེ་རང་རེད། ཙོང་ཁ་པ་ལ་ཁྱོད་ཀྱིས་སྒྲུབ་ཐབས་བྲིས་པ་སུས་ཀློག་གམ། བྲིས་ཚར་བ་དང་ཁྱོད་རང་ཉིད་ཀྱི་ཚར་གཅིག་ཀློག་མི་ཡིན། དེ་ལས་ཙོང་ཁ་པ་ལ་སྙན་རྩོམ་བསྟིད་པ་ཞིག་བྲུས་ཡོད་ན་ཚང་མས་ཀློག་གིས་རེད།
ལེགས་བཤད་ལགས། རྗེ་རིན་པོ་ཆེ་ལ་མེད་མུག་གི་བསྟོད་པ་དེ་གཏན་ནས་ཡག་པོ་མི་འདུག རྡོ་སྦིས་དགེ་བཤེས་ཤེས་རབ་རྒྱ་མཚོ་འདི་ཡང་མའོ་ཙེ་ཏང་ལ་བསྟོད་པ་འབྲི་འཁན་དེ་རེད། ད་ཡིན་ན་དགའ་ལྡན་ལྔ་མཆོད་དེ་རྔ་རྩོག་བཟོ་ས་རེད་གདའ།
པདྨ་ལགས། (རྡོ་སྦིས་དགེ་བཤེས་ཤེས་རབ་རྒྱ་མཚོ་མའོ་ཙེ་ཏང་ལ་བསྟོད་པ་འབྲི་འཁན་དེ་རེད།) ཁྱོད་ཀྱིས་བསྟོད་པའི་ཚུལ་གྱིས་སྨད་པ་དང་། སྨད་པའི་ཚུལ་གྱིས་བསྟོད་པ་ཟེར་ན་གོ་ཐུབ་ཀྱི་མ་རེད། སོང་ཙང་། རྡོ་སྦིས་དགེ་བཤེས་ནི་མི་འཇོན་ཐང་ཅན་ལ་བསྟོད་པ་གནང་མཁན་ཞིག་རེད། ཁྱོད་ཀྱིས་རྗེ་ཙོང་ཁ་བ་ལ་གང་ཡོད་པ་དེ་ངོས་མ་ཟིན་པས་མེད་མུག་ཅིག་མ་གཏོགས་མ་གོ་བ་རེད། སོང་ཙང་། མདོ་ལས། མིག་མེད། རྣ་མེད་ཅེས་པ་ཡང་མེད་མུག་ཏུ་སྒོམས་ཤིག །ཧ་ཧ་གྲོགས་པོ་ལགས། སྐུ་ཚེ་རིང་རྒྱུ།
ལེགས་བཤད་ལེགས། བསྟོད་མི་ཤེས་པས་བསྟོད་རག་ལས་སྨད་མི་ཤེས་པས་སྨད་ན་དགའ་ཟེར་བ་ཅི་མ་བདེན། གྲུབ་མཐའ་དང་ཆོས་བརྒྱུད་གཞན་གྱི་མདོ་སྔགས་ལ་ཟུར་ཟ་ཁོ་ནས་བསྟོད་པ་ཟབ་མདོ་འདོན་པ་འདྲ་ནི་མ་རེད་དོ། རིགས་མཐུན་བུད་མེད་སྤྱོད་པའི་སྙིང་སྟོབས་མེད།། སྐལ་ངན་རྨོངས་པ་འདྲེན་པའི་ཤེས་རབ་མེད།། བགྲོད་མིན་གནས་ལས་ཡང་དག་སྤྱོད་པ་མེད། །འབྲོག་རིའི་དགེ་སྦྱོང་དེ་ལ་བདག་ཕྱག་འཚལ།།ཞེས་མེད་བསྟོད་ཕུལ་ཅི་འདྲ་ཁི་ཡ། དགེ་ལྡན་ལྟ་བ་ཆད་སྟོང་ཟེར་བ་ཅི་མ་བདེན་ཏང་ཡན་གི་བཤད་པ་དང་ཁྱད་མེད་དུ་མཐོང་ནས་ཤེར་རྒྱས་མའོ་སངས་རྒྱས་རེད་ལབ་པ་རེད། ད་མང་པོ་ཁ་བརྡ་མི་སྤྲོ་བ་ཞིག་ཐལ་ལོ། །
པདྨ་ལགས། པདྨ་བཀའ་ཐང་ལས། འདུལ་ཁྲིམས་གཙང་མ་མི་བསྲུང་བར།།ལྐོག་ཏུ་ཤ་ཆང་བུད་མེད་བསྟེན།།བོད་བཙུན་རྣམས་དང་ང་མི་མཐུན།།ཞེས་སློབ་དཔོན་བཀའ་དྲིན་ཅན་གྱིས་སྨད་ཤེས་པས་སྨད་པ་དེ་གདམས་ངག་ཏུ་གོ་ན། རྗེ་བླ་མས་བོད་བརྒྱུད་ནང་བསྟན་དག་ཐེར་གནང་བ་ལ་བསྟོད་ཤེས་པས་བསྟོད་པ་ཞིག་ལོས་ཡིན།
འོ་ཏག་ཏག་རེད། ཡོད་ལུགས་ལ་དགའ་ན་འདི་ལྟར་མཛོད།
ཤ་ཆང་བུད་མེད་སྤྱོད་པའི་སྙིང་སྟོབས་ཡོད།། སྐལ་ངན་རྨོངས་པ་འདྲེན་པའི་ཤེས་རབ་ཡོད།། བགྲོད་མིན་གནས་ལ་ཡང་དག་སྤྱོད་པ་ཡོད། །རང་མགོ་རང་གིས་བསྐོར་བ་ཨ་ཙ་མ།།
ཧ ཧ ལེགས་བཤད་ལེགས། སྙིང་རྗེ་མི་དགོས་ས་སྙིང་རྗེ་རེད། དགེ་ལུགས་སྡིག་ལུགས་གང་ལྟར་རུང་། འདུལ་ཁྲིམས་གཙང་མ་མི་བསྲུང་བར།།ལྐོག་ཏུ་བཙུན་ཆུང་བསྟེན་པ་དེ།།བོད་བཙུན་ཟེར་ཀྱང་ཨ་ཙ་མ། ཕྱི་ཡི་སྤྱོད་ཚུལ་གནས་བརྟན་འདུལ་འཛིན་ཟེར།། ནང་དུ་ཆགས་སྡང་རྩོད་པའི་ཆད་སྟོང་བ།། གསང་བ་འཇིག་རྟེན་སྒྲུབ་པའི་ཇག་ཚོགས་ཞིག །གསར་དུ་བྱུང་བར་རྒྱལ་བསྟན་ཨ་ཙ་མ། །
དགེ་ལུགས་པའི་སློབ་དཔོན་རྒྱལ་བ་ཙོང་ཁ་པས་ནང་བསྟན་དག་ཐེར་གནང་ཟེར་དུས་དེ་སྔོན་ནང་བསྟན་མི་གཙང་བས་གོས་པ་ཨེ་རེད། ཆོས་བརྒྱུད་གཞན་པ་ཚོར་རང་བསྟན་དར་ཐེར་གནང་ཐུབ་པའི་སྐྱེས་བུ་མེད་ཟེར་རྒྱུ་ཨེ་རེད།
ངས་བསམ་ན་དེ་འདྲ་རང་ཨ་ཡིན་དྲན། འདི་ལྟར་བཤད་པ་ནི་ཁོང་གི་རྗེས་འཇུག་ཁག་གཅིག་གིས་བསྟོད་ཚིག་ཙམ་རེད་དྲན།
རང་གི་ལུས་ལ་དཔེ་སློང་ལ།
གཞན་ལ་གནོད་པ་མ་བྱེད་ཅིག
རིང་གི་སེམས་ལ་དཔེ་སློང་ལ།
གཞན་ལ་ངན་ཚིག་མ་སྐྲུན་ཅིག །
ཅེས་ཞུ་འདོད་སྐྱེས་སོ།།
ཞར་དུ་འཇུ་མི་ཕམ་ཕྱོགས་ལས་རྣམ་རྒྱལ་གྱིས་བོད་ཀྱི་སངས་རྒྱས་པའི་ཆོས་ལུགས་བཞིའི་ནང་ན། རེ་རེའི་ཁྱད་ཆོས་རེ་གསུངས་པ་ནི།
་་ བཀའ་བབས་རྙིང་མ་པ།
བཤད་པའི་བཀའ་བབས་སྐྱ་པ།
སྒོམ་པའི་བཀའ་བབས་བཀའ་བརྒྱུད་པ།
རྩོད་པའི་བཀའ་བབས་དགེ་ལྡན་པ།།
་་ ་་ ་་
ཀུན་ལའང་བཞི་པོ་ཚང་མོད་ཀྱི།
་་ ་་ ་་
ཞེས་སོགས་དང་སོ་སོའི་འདོན་པ་འདོན་ཚུལ་སོགས་གསུངས་ཡོད་པ་ལོ་མང་སྔོན་བདག་གི་གློག་ཀླད་དུ་བཅུག་ཡོད་ཀྱང་། ད་སྐབས་བཙལ་ཀྱང་མ་འཐོན། གོང་གསལ་ཚིགས་བཅད་དེ་ཁ་སྐོང་དང་། གཞན་རྣམས་ཀྱང་ཐུབ་ན་འབྲི་གྲོགས་མཛོད། ཅེས་ཞུ་བ་ལགས། རྗེ་རིན་པོ་ཆེ་ཙོང་ཁ་པ་དང་། འཇུ་མི་ཕམ་རིན་པོ་ཆེ་གཉིས་ཤེས་རབ་ཀྱི་ལྷའི་རྣམ་སྤྲུལ་ལམ་ཤེས་རབ་ཀྱི་ལྷས་བྱིན་གྱིས་བརླབས་པ་ཡིན་པར་སུ་ལ་ཡང་དོགས་པ་མེད་དོ་སྙམ་མོ།།
ཆོས་ཀྱི་རྒྱལ་པོ་ཙོང་ཁ་པའི། །
ཆོས་ཚུལ་རྣམ་པར་འཕེལ་བ་དང་། །
གེགས་ཀྱི་མཚན་མ་ཞི་བ་དང་། །
མཐུན་རྐྱེན་མ་ལུས་ཚང་བར་ཤོག །
བདག་དང་གཞན་གྱི་དུས་གསུམ་དང་། །
འབྲེལ་བའི་ཚོགས་གཉིས་ལ་བརྟེན་ནས། །
རྒྱལ་བ་བློ་བཟང་གྲགས་པ་ཡི། །
བསྟན་པ་ཡུན་རིང་འབར་གྱུར་ཅིག །
དམིགས་མེད་བརྩེ་བའི་གཏེར་ཆེན་སྤྱན་རས་གཟིགས། །
དྲི་མེད་མཁྱེན་པའི་དབང་པོ་འཇམ་དཔལ་དབྱངས། །
གངས་ཅན་མཁས་པའི་གཙུག་རྒྱན་ཙོང་ཁ་པ། །
བློ་བཟང་གྲགས་པའི་ཞབས་ལ་གསོལ་བ་འདེབས། །
༸རྗེ་ཉིད་དང་། ༸རྗེ་རེ་གདའ་བ་གཉིས་ཀའི་གསུང་ངོ་། །
་་ བཀའ་བབས་རྙིང་མ་པ།
བཤད་པའི་བཀའ་བབས་སྐྱ་པ།
སྒོམ་པའི་བཀའ་བབས་བཀའ་བརྒྱུད་པ།
རྩོད་པའི་བཀའ་བབས་དགེ་ལྡན་པ།།
་་ ་་ ་་
ཀུན་ལའང་བཞི་པོ་ཚང་མོད་ཀྱི།
་་ ་་ ་་
འདི་ལ་བརྟེན་ནས་རང་བཟོ་བྱས་པ།
ཐོག་མའི་བཀའ་བབས་རྙིང་མ་པ། །
བར་བཤད་བཀའ་བབས་ས་སྐྱ་པ། །
སྒོམ་པའི་བཀའ་བབས་བཀའ་བརྒྱུད་པ། །
འཆད་རྩོད་བཀའ་བབས་དགེ་ལྡན་པ། །
རྙིང་ཆོས་ས་ཆོས་མེད་པ་ལ། །
བཀའ་ཆོས་དགེ་ཆོས་འོངས་སྟངས་མེད། །
ཀུན་ལའང་བཞི་པོ་ཀུན་ཚང་པའི། །
ཀུན་འབད་རིས་མེད་དམ་གཙང་འབུངས། །
དོན་མེད་ལ་སློབ་དཔོན་རིན་པོ་ཆེ་དང་ཆོས་རྗེ་ཙོང་རྣམ་གཉིས་ལ་རྩེད་མོ་རྩེད་ཡག་མ་གནང་རོག། སོ་སོར་ཉོན་མོངས་ཆགས་སྡང་ནང་ཟུག་བསྡད་། དེ་རྣམ་པ་གཉིས་ལ་བཟང་ངན་དང་། འགྲན་རྩོད་མ་གནང་རོག།
ཏི་སེས་དགེ་ལུགས་པའི་སློབ་དཔོན་རྒྱལ་བ་ཙོང་ཁ་པ་དང་གུ་རུ་རིན་པོ་ཆེ་གཉིས་གྲལ་གཅིག་ལ་བཞག་ནས་རྣམ་གཞག་ཅིག་བྱེད་ཁུལ་འདིས་དོན་སློབ་དཔོན་པདྨ་འབྱུང་གནས་ལ་བཀུར་འདེབས་རེད་ཀོ
སྐྱོན་བརྗོད་མཁན་ལ་ཕྱོགས་རིས་ཆེན་པོ་འདུག །
དེ་ལས་རང་སེམས་རང་གིས་བཀྲུ་བ་ལས་གཞན་ལ་བཀྲུ་རོགས་བྱེད་དགོས་དོན་མིན་འདུག
ཨ་རོ་ལེགས་བཤད་གཉིད་སོང་བ་མིན་ནམ། རྒྱ་དམར་གྱི་ལྟ་བ་ཅན་དགེ་བཤེས་ཤེས་རབ་རྒྱ་མཚོས་མའོ་ཙེ་སངས་རྒྱས་ཡིན་པར་བསྔགས་བརྗོད་དང་། ཙོང་ཁ་བ་བསྟོད་པའི་ལམ་ནས་སྨད་པ་ལས། འདི་འདྲ་བསྟོད་པ་འབུལ་ན་རྗེ་རིན་པོ་ཆེ་དྲན་པ་དངོས་རེད་དོ།།
༄༅།།ཤར་གངས་རི་མ་བཞུགས་སོ།
ན་མོ་གུ་རུ།
ཤར་གངས་རི་དཀར་པོའི་རྩེ་མོ་ན།།
སྤྲིན་དཀར་པོ་གནམ་ལ་སྙེགས་འདྲ་བ།།
དེ་མཐོང་བའི་མོད་ལ་བླ་མ་དྲན།།
དྲིན་བསམས་ཤིང་བསམས་ཤིང་དད་པ་སྐྱེ།།
སྤྲིན་དཀར་པོ་ལྡིང་བའི་ཤར་ཕྱོགས་ན།།
འབྲོག་དགེ་ལྡན་རྣམ་པར་རྒྱལ་བ་དེར།།
མཚན་བརྗོད་པར་དཀའ་བའི་དྲིན་པོ་ཆེ།།
ཕ་བློ་བཟང་གྲགས་པ་ཡབ་སྲས་བཞུགས།།
ལམ་རིམ་པ་གཉིས་ཀྱི་རྣལ་འབྱོར་སོགས།།
ཆོས་ཟབ་ལ་ཤིན་ཏུ་རྒྱས་པར་གསུངས།།
བོད་ཁ་བ་ཅན་གྱི་སྐལ་ལྡན་ལ།།
མགོན་ཁྱེད་ཀྱི་བཀའ་དྲིན་བསམ་མི་ཁྱབ།།
སྒོས་སྙོམས་ལས་འཛིན་པའི་དགེ་འདུན་གྲུབ།།
བློ་ཅུང་ཟད་ཆོས་ལ་ཕྱོགས་པ་འདི།།
རྗེ་ཡབ་སྲས་རྣམས་ཀྱི་བཀའ་དྲིན་ཡིན།།
དྲིན་ཆེ་བར་ངེས་སོ་ཡབ་སྲས་རྣམས།།
དུས་འདི་ནས་བྱང་ཆུབ་སྙིང་པོའི་བར།།
རྗེ་ཡབ་སྲས་ཁྱེད་རྣམས་མ་གཏོགས་པར།།
སྐྱབས་རེ་ས་གཞན་དུ་མི་འཚོལ་བས།།
ཐུགས་བརྩེ་བའི་ལྕགས་ཀྱུས་དྲང་དུ་གསོལ།།
དྲིན་ཇི་བཞིན་འཁུར་བར་མ་ནུས་ཀྱང་།།
སེམས་ཆགས་སྡང་དབང་དུ་མ་སོང་བར།།
མགོན་ཁྱེད་ཀྱི་བསྟན་པ་འཛིན་པ་ལ།།
དུས་ནམ་ཡང་བརྩོན་པ་བགྱིད་པར་སྨོན།།
ལར་ད་ལྟ་གངས་རིའི་ཁྲོད་འདི་ན།།
རང་བསྟན་པ་འཛིན་པར་ཁས་ལེན་ཞིང་།།
གཞན་བསྟན་འཛིན་དགྲ་བོའི་དྭངས་མར་འཛིན།།
ཚུལ་འདི་ལ་སྐྱོ་བ་གཏིང་ནས་སྐྱེས།།
གཞན་ཕུང་བར་འདོད་པའི་ཀུན་སློང་དང་།།
རྒྱུད་མཚན་འཛིན་དམ་པོས་བཅིངས་ལགས་ཀྱང་།།
ལམ་མཐོན་པོར་གནས་པའི་ཁས་ལེན་བྱེད།།
འདི་བརྟག་ན་ཀུན་གྱིས་ཁྲེལ་བའི་རྒྱུ།།
ལམ་གོལ་སར་རྒས་པའི་སྡུག་ཡུས་ཀྱིས།།
ཆོས་ཚུལ་བཞིན་བྱེད་པའི་གང་ཟག་ལ།།
རྒྱུད་ཁོང་ནས་འཁྲུགས་པའི་གདུག་སེམས་ཅན།།
གདོན་ཐུགས་ལ་ཞུགས་པ་མ་ལགས་སམ།།
དགྲ་ཉོན་མོངས་འདུལ་ཐབས་མི་བྱེད་པར།།
ཤགས་འགྱེད་པ་ཙམ་གྱི་འཆད་ཉན་ཡང་།།
འདྲེ་ཤར་སྒོའི་ཕྱོགས་སུ་གནས་པ་ལ།།
གླུད་ནུབ་སྒོར་གཏོང་བ་དོན་རེ་ཆུང་།།
དོན་དེ་ལྟར་གོ་བའི་བཤེས་གཉེན་ང་།།
སྤྱིར་ལུས་ཅན་ཀུན་ལ་བཀའ་དྲིན་བསམ།།
སྒོས་ཆོས་མཛད་ཡོངས་ལ་དག་སྣང་སྦྱོང་།།
དགྲ་ནང་ན་འདུག་པའི་ཉོན་མོངས་འདུལ།།
མི་ཁོ་བོའི་རྗེས་འཇུག་གྲོགས་པོ་རྣམས།།
ཡིད་ཕྱོགས་སུ་ལྷུང་བས་མི་འཆིང་བར།།
བློ་གཟུ་བོར་གནས་པའི་རྟོག་དཔྱོད་ཀྱིས།།
ལམ་དྲང་པོར་ཞུགས་པ་ཅིས་ཀྱང་ལེགས།།
གཏམ་འདི་ལ་བརྟེན་ནས་འགྲོ་བ་རྣམས།།
བྱམས་སྙིང་རྗེས་དྲངས་པའི་སེམས་བསྐྱེད་དང་།།
དབྱིངས་སྤྲོས་བྲལ་རྟོགས་པའི་ལྟ་བ་ཡིས།།
དཔལ་བླ་མེད་བྱང་ཆུབ་མྱུར་ཐོབ་ཤོག།
སྐུ་ལ་མཚན་དཔེའི་དཔལ་འབར་ཞིང་།།
གསུང་དབྱངས་ཡན་ལག་དྲུག་ཅུས་བརྒྱན།།
ཐུགས་ནི་ཟབ་ཡངས་མཁྱེན་བརྩེའི་གཏེར།།
དཔལ་ལྡན་བླ་མའི་བཀྲ་ཤིས་ཤོག།
ཅེས་པ་འདི་ནི་ཐམས་ཅད་མཁྱེན་པ་དགེ་འདུན་གྲུབ་པ་དཔལ་བཟང་པོས་གདུང་དབྱངས་སུ་མཛད་པའོ།།
པདྨ་ལགས། ཏི་སེས་བཤད་པ་ལྟར་གང་ཟག་ལ་མི་རྟོན་དོན་ལ་རྟོན་པ་གནང་ཞོག །ཁྱེད་ཅག་གིས་བསྟོད་མི་ཤེས་པས་བསྟོད་ཁུལ་བྱས་སོང་། གོང་གི་བརྗོད་གཞི་དང་འབྲེལ་མེད་དོན་གཞན་གྱི་སྒྲོ་འདོགས་སྐུར་འདེབས་ཀྱི་གླེན་རྟགས་ཚ་བོ་བསྟན་སོང་། ད་བལྟས་ནས་སོང་ན་སློབ་དཔོན་རིན་པོ་ཆེའི་ལུང་དྲངས་ན་ཁས་མི་ལེན། རྒྱབ་རྟེན་གྱི་ལུང་མེད། རིགས་པས་སྒྲུབ་བྱེད་མི་འདུག །ལུད་དོན་ནི་རྩོད་གཞི་ཡིན་པའི་ཕྱིར། ལུང་ཚིག་མེད་ན་དགེ་བཤེས་ཀྱི་རྩོམ་ཚིག་རེ་རེ་བཞིན་ཡག་པོ་ཀློགས་ཤིག །གྲོགས་པོ་ལགས་ཧ་ཧ་ཇི་འདྲའི་གོ་བ་མེད་པ།
པདྨ་ལགས། བསྟོད་པ་བྱེད་ཚུལ་ཚིག་སྦྱོར་སྣ་ཚོགས་ཡོད་པ་རེད། དགེ་བཤེས་ཀྱི་རྩོམ་གྱི་སྒྱུ་རྩལ་ལ་མཁས་པ་ཀུན་གྱིས་བསྔགས་བརྗོད་བྱེད། དོན་གྱི་ཉམས་ཐོན་པ། དངོས་པོའི་གནས་ཚུལ་དང་མཐུན་པ། རྗེ་ཙོང་ཁ་བའི་མཁྱེན་བརྩེའི་ཡོན་ཏན་རྣམས་ཇི་བཞིན་བརྗོད་པ་ལ་ཁྱེད་ཅག་གི་བློ་ལ་མི་འབབ་པའི་རྒྱུ་མཚན་ཡོད་ན་སྟོན་ཞོག །རྗེ་ཙོང་ཁ་བ་ནི་ཤ་ཆང་བུད་མེད་བསྟེན་མཁན་གྱི་རྣལ་འབྱོར་རྫིག་པོ་མ་ཡིན་ལ་གྲུབ་རྟགས་སྤྱི་བོར་སྤུངས་བའི་རལ་བ་ཅན་ཡང་མིན་པར་འབྲོག་རིའི་དགེ་སྦྱོང་ཉམ་ཆུང་ཞིག་རེད། ཟོལ་བསྟོད་རྒྱན་དང་འབྲེལ་མཐུན་པ་བསྟོད་རྩོམ་དེ་ལ་ཅང་མི་ཤེས་པ་ཞིག་གིས་བལྟས་ན་ལམ་སེང་ཞེན་ཁོག་གི་མེ་འབར་འོང་། བློ་གཟུ་བོར་གནས་པ་ཞིག་གིས་བལྟས་ན་སྙན་ངག་འབྲི་སྟངས་ཕུལ་བྱུང་ཞིག་རེད།
འདི་ན་མཁས་པ་མང་པོ་ཡོད་ས་རེད། ང་ལ་དྲི་བ་གཅིག་ཡོད་དེ། རྗེ་རིན་པོ་ཆེས་གུ་རུ་རིན་པོ་ཆེ་ལ་བསྟོད་པའམ་གསོལ་འདེབས་གནང་བ་དེ་འདྲ་ཡོད་དམ། ཡོད་ན་འདིར་འགོད་རོགས།
ཨ་ཕྱི་ལགས ངས་རྗེ་ཙོང་ཁ་པ་ཆེན་པོའི་གསུང་མང་པོ་ཞིག་ལ་ལྟ་མ་མྱོང་། ལམ་རིམ་ཆེན་མོའི་ནང་ན་སློབ་དཔོན་པདྨ་སམ་བྷ་ཝས་བོད་དུ་བསྟན་པའི་སྲོལ་བཙུགས་པ་རེད་ཅེས་བྲིས་འདུག
ཧ ཧ ལུང་གཙོ་བོ་ཅི་མ་རེད། གུ་རུ་ཡིན་ཡང་འདྲ། ཙོང་ཁ་ཡིན་ན་ཆེ་རྒྱུ་ཅི་ཡོད་མ་རེད། ཤེར་བསྟོད་དེ་ཟུར་ཟ་ཞིག་རེད། དེང་དུས་གསང་སྔགས་དགག་མཁན་ཚོས་ཚིག་བཅད་འདྲ་ཚོར་ཀི་འདུག རྗེས་ཤ་མི་ཟ་བ་གང་གིས་ཤེས། ཆང་མི་འཐུང་བ་ཡང་མིན་སྟེ། བདེ་གསང་འཇིགས་བྱེད་ལས་ཤ་ཆང་མེད་དུ་མི་རུང་བར་བཤད་མེད་དམ། སྔགས་རིམ་ཆེ་ཆུང་ལ་ཡང་གཟིགས་ཞིབ་གནང་རོགས། ཁྱད་པར་ལས་ཀྱི་རྡོ་རྗེ་ལས་ཐོད་ཆང་གསོལ་བའི་ལོ་རྒྱུས་མི་འདུག་གམ། མདོར་ན་རྗེ་རིན་པོ་ཆེའི་ཕྱི་ནང་གསང་བའི་ཡོན་ཏན་མ་ཤེས་ནས་གསང་སྔགས་ཀྱི་ལྟ་གྲུབ་ལ་ཟུར་ཟས་བསྟོད་པ་དེ་སྤྲང་པོ་ཞིག་གིས་གསེར་དངུལ་རིན་ཆེན་རིགས་ལ་ཁ་སྣ་མཉེར་བ་འདྲ་ཞིག་བྲིས་འདུག
སྤོབས་པ་མཐའ་ཡས་ལགས། དེ་འདྲ་ཞིག་ངས་ཀྱང་མཇལ་སོང་། བཀའ་ལན་གནང་བར་དགའ་སོང་།
རལ་པ་ཡོད་པས་སྡུག་རྒྱུ་མེད། །
སྟུ་ལ་མ་རྒྱོས་བཟང་རྒྱུ་མེད། །
ལམ་གྱི་རྩ་བ་ལྟ་བ་སྟེ། །
དེ་ཉིད་ཡང་རྩེར་སུ་སོན་བཟང་། །
པདྨ་ལགས། ཟུར་ཟ་ཡིན་པའི་ཚིག་རྡོག་གཅིག་ཀྱང་སྟོན་རྒྱུ་མེད་ན་ངས་ཁྱོད་ལ་ཅིག་སྟོན། ཤེར་བསྟོད་ལས།
གནག་རྫིས་ཕྱུགས་ངོ་བགྲང་བའི་འཆད་པ་མིན།། དམུས་ལོང་གཟུགས་ལ་རྟོག་པའི་རྩོད་པ་མིན།། བྱིས་པས་བྱེ་མ་སྤུངས་པའི་རྩོམ་པ་མིན།། འབྲོག་རིའི་བླ་མ་མཆོག་ལ་བདག་ཕྱག་འཚལ།།
ཞེས་པ་འདི་རྩོམ་ཉམས་ག་འདྲ་འདུག་གམ། ཆོས་རྒྱུད་གཞན་ལ་ཟུར་ཟ་གང་ན་འདུག །དོན་དངོས་ཁས་བླངས་མ་བླངས་རང་བླངས་རེད། ཧ་ཧ་ཧམ་པ་མ་ཤོད།
ཇི་སྐད་དུ། རྒྱལ་བའི་གསུང་རབ་ཀུན་གྱི་ཚིག་དོན་ལ།། ཐོགས་པ་མེད་པར་འཇུག་པའི་རྣམ་དཔྱོད་ཀྱིས།། རྟག་ཏུ་ལེགས་བཤད་འཚོལ་བ་ལྷུར་བླངས་པས།། རྒྱ་ཆེན་མཁྱེན་པའི་གཏེར་ལ་གསོལ་བ་འདེབས།།
ཇི་སྐད་དུ། རྒྱལ་བའི་གསུང་རབ་ཀུན་གྱི་ཚིག་དོན་ལ།། ཐོགས་པ་མེད་པར་འཇུག་པའི་རྣམ་དཔྱོད་ཀྱིས།། རྟག་ཏུ་ལེགས་བཤད་འཚོལ་བ་ལྷུར་བླངས་པས།། རྒྱ་ཆེན་མཁྱེན་པའི་གཏེར་ལ་གསོལ་བ་འདེབས།།
པདྨ་ལགས། བདེ་གསང་འཇིགས་བྱེད་ལས་ཤ་ཆང་རོལ་ཆོག་ན་དྲི་ཆེན་དང་དྲི་ཆུ་ཡང་རོལ་ཞོག །
འཁྲུལ་བ་རང་ཞིག་རལ་བའི་རྟོགས་ལྡན་མིན།། སྨན་ཤར་མཁའ་འགྲོས་དབང་བསྐུར་སློབ་མ་མིན།། སྦྱོར་སྒྲོལ་ཨ་ཏི་གསང་བའི་རིག་འཛིན་མིན།། འབྲོག་རིའི་བླ་མ་མཆོག་ལ་བདག་ཕྱག་འཚལ།།
ཉོན་མོངས་རང་གྲོལ་དང་མཛེས་མས་དབང་བསྐུར་རབ་བྱུང་གིས་བུད་མེད་ལ་སྦྱོར་བ་དང་དགྲ་བོ་སྒྲོལ་བའི་ཆོས་ལུགས་ཤིག་གང་ན་འདུག །སྟོན་པའི་དགོངས་པ་དང་འགལ་བ་འདི་ལ་ཟུར་ཟ་བྱེད་ཆོག །དེ་མིན་རྒྱལ་འབངས་ཉེར་ལྔ་སོགས་རྟོགས་པ་མཐོན་པོར་སོན་པའི་གྲུབ་ཐོབ་གོང་མ་ཚོ་ལ་བྱིས་པ་བསམ་མེད་ཀྱིས་འགྲན་སློང་བ་ནི་གད་མོ་ཤོར་བ་མ་རེད་དམ། ཧ་ཧ
འཁྲུལ་བ་རང་ཞིག་སྐལ་བས་དབེན་གྱུར་ལ།།
རིགས་ལྡའི་མཁའ་འགྲོས་དབང་བསྐུར་མ་ཐོབ་ཅིང་།།
ཐེག་མཆོག་ཨ་ཏི་སྣོད་དུ་མ་གྱུར་པའི།།
འབྲོག་རིའི་བླ་མ་མཆོག་ལ་བདག་ཕྱག་འཚལ།།
འདས། མ་འོངས། ད་ལྟ།
ཅི་ཞིག་གོ་ཡང་ཆོས་སྒྲར་འགྱུར་བར་ཤོག།
སྐྱབས་སུ་མཆིའོ།།
འདིར་ཡོད་པ་ཐམས་ཅད་ཆོས་བ་རེད།།
ཅི་ཞིག་གོ་ཡང་ཆོས་སྒྲར་འགྱུར་བར་ཤོག།
སྐྱབས་སུ་མཆིའོ།།
འདིར་ཡོད་པ་ཐམས་ཅད་ཆོས་བ་རེད།།
ལེགས་བཤད་ལེགས། ལྔ་མཆོད་དངོས་དེ་དེ་རིང་རེད་འདུག རྗེ་འདས་ནས་མི་ལོ་དྲུག་བརྒྱ་ལྷག་རེད། རྗེས་འཇུག་མཁས་གྲུབ་ཇི་སྙེད་བྱོན་པ་དང་བསྟན་སེལ་ཇི་སྙེད་བྱུང་བ་ལོ་རྒྱུས་མེ་ལོང་ལ་གསལ་གསལ་ཡིན་པས་ཁྱོས་སྨད་ངས་བསྟོད་པས་གང་དུ་ཡང་མི་ཕྱིན་མོད། དགེ་ལྡན་བསྟན་པའི་ཞབས་འདྲེན། རྒྱ་དམག་ནང་དུ་ཁྲིད། བོད་ཡུལ་ཐལ་ཕུང་བཞིན་གཏོར་བའི་ཤེར་དགེའི་རྩོམ་ཁོ་ན་འདིར་འགོད་དགོས་པའི་རྒྱུ་མཚན་ཁྱད་པར་ཅན་ཡོད་དམ།ཤེར་ཁོསརྩོམ་འདིའི་རང་འགྲེལ་དེ་བཀླགས་མྱོང་ངམ། ཧ ཧ ཧ ཧ སྤྱིར་རྩོམ་གང་ཡིན་ན་ཁྱད་གཞི་ཞིག་ལས་ཁྱད་ཆོས་དམིགས་བསལ་བས་བསྟོད་ཡུལ་དེའི་ཡོན་ཏན་ཤེས་པ་དེ་རེད། ཡང་དཔེ་མཚུངས་ལས་གཞན་ལས་ཁྱད་འཕགས་སུ་སྟོན་དགོས་མོད། འཆལ་རྩོམ་འདི་ལ་གོ་རྒྱུ་གང་ཡང་མི་འདུག ། གནག་རྫིས་ཕྱུགས་ངོ་བགྲང་བའི་འཆད་པ་མིན།། དམུས་ལོང་གཟུགས་ལ་རྟོག་པའི་རྩོད་པ་མིན།། བྱིས་པས་བྱེ་མ་སྤུངས་པའི་རྩོམ་པ་མིན།། འབྲོག་རིའི་བླ་མ་མཆོག་ལ་བདག་ཕྱག་འཚལ།། གནག་རྫི་ལས་འཆད་མཁས། དམུས་ལོང་ལས་རྩོད་ལྷག བྱིས་པ་ལས་རྩོམ་བཟང་བ་དེ་བློ་བཟང་གྲགས་པ་རེད་ཟེར། ཧ ཧ དེ་ལས་གཞན་ལ་སྦྱར་ས་ཡོད་དམ། ཁྱོད་གཟུར་གནས་བློ་ལྡན་སྔོན་གྱི་མིག་བརྒྱད་དེ་ཡིན་ནམ་སྙམ་ཡང་མ་རེད་བཞག །རིག་པའི་སྣང་བ་མ་མཐོང་མིག་སེར་མིན།། ཟེར་སྒྲོས་མ་ཎི་འདོན་པའི་མཆུ་དམར་མིན།། འགལ་འདུའི་ཚིག་ཉམས་བཀྲ་བའི་མདོངས་མཐའ་མིན།། འབྲོག་རིའི་བླ་མ་མཆོག་ལ་བདག་ཕྱག་འཚལ།། འདི་ལ་སྔ་རྒོལ་རེ་ཡོད་དམ། མ་ཤེས་ན་་་་་རིག་པའི་རང་ངོ་ཤེས་པའི་ལྟ་བ་མེད། །ཞལ་ནས་སྙན་དུ་བརྒྱུད་པའི་གདམས་བཟང་མེད། །འཇའ་ལུས་འོད་ཕུང་གྲོལ་བའི་གྲུབ་རྟགས་མེད། །འབྲོག་རིའི་བླ་གཟུགས་དེ་ལ་བདག་ཀྱང་དད། །
དམིགས་མེད་བརྩེ་བའི་གཏེར་ཆེན་སྤྱན་རས་གཟིགས། །
དྲི་མེད་མཁྱེན་པའི་དབང་པོ་འཇམ་པའི་དབྱངས། །
བདུད་དཔུང་མ་ལུས་འཇོམས་མཛད་གསང་བའི་བདག །
གངས་ཅན་མཁས་པའི་གཙུག་རྒྱན་ཙོང་ཁ་པ། །
བློ་བཟང་གྲགས་པའི་ཞབས་ལ་གསོལ་བ་འདེབས། །
རྗེ་ཙོང་པས་གསུངས་སོ།
དམིགས་མེད་བརྩེ་བའི་གཏེར་ཆེན་སྤྱན་རས་གཟིགས། །
དྲི་མེད་མཁྱེན་པའི་དབང་པོ་འཇམ་པའི་དབྱངས། །
གངས་ཅན་མཁས་པའི་གཙུག་རྒྱན་ཙོང་ཁ་པ། །
བློ་བཟང་གྲགས་པའི་ཞབས་ལ་གསོལ་བ་འདེབས། །
དགའ་ལྡན་ལྔ་མཆོད་སྐབས་སུ་དམིགས་བརྩེ་མ་བཞི་སྐོར་འདི་ལས་ལྔ་སྐོར་འདི་འདོན་སྲོལ་མེད།
མེ་ཏོག་དཀར་པོས། ཙོང་ཁ་པ་དང་སླིབ་དཔོན་རིན་པོ་ཆེ་གྲལ་གཅིག་ཏུ་བཞག་འདུག་སློབ་དཔོན་རིན་པོ་ཆེར་བཀུར་འདེབས་རེང་ཅེས་བྲིས་འདུག། རང་བསྟན་ལ་ཞན་ཆེ་འདོག་དོན་ལ་ཁྱོད་ནི་ཐོས་རྒྱ་ཁབ་མིག་ཆུང་བ་ཅན་ཡིན་འདོག་མ་རེད། ང་ནི་བླ་མ་ཡི་དམ་རྩ་བ་གསུམ་བཟང་ངན་འགལ་ཟླ་བྱེད་མི་ཤེས་མཁན་ཐོས་ཆུང་ཞིག་ཡིན། མཐར་རྩ་གསུམ་དེ་ཡང་རང་སེམས་ལས་ཐ་མི་དད་པ་བཟང་ངན་མེད་པ་གཅིག་ཏུ་དམིག་རིམ་དུ་ལྟ་བཞིན་ཡོད། མ་ཟད་རང་གི་རྩ་བའི་བླ་མ་མཁན་ཆེན་ཆོས་ཁྱབ་མཆོག་ནས་ཙོང་ཁ་པ་ས་ལ་གནས་པའི་སེམས་དཔའ་ཆེན་པོ་རེད། སློབ་དཔོན་གུ་རུ་རིན་པོ་ཆེ་དགོངས་པ་དབྱེར་མེད་ཡིན་ཅེས་ཡང་ཡང་གསུངས་ཐོས།མྱོང་། མ་ཟད་བལ་ཡུལ་དུ་དིལ་མགོ་མཁྱེན་བརྩེ་རིན་པོ་ཆེས་མཇལ་སྐབས་དུ་ཙོང་ཁ་པ་རྒྱལ་དབང་ལྔ་པ་ཆེན་པོ་དགོངས་པ་ཟུང་དུ་འབྲེལ་ནས་རྣམ་སྤྲུལ་༧གོང་ས་་མཆོག་སྐུ་ནི་ས་ཐོབ་ཀྱི་སྐྱེས་བུ་དམ་པ་ཆེན་པོ་རེད་གསུངས། ངས་ཙོང་ཁ་པ་ཅི་འདྲ་ཡིན་ནམ་ཞུས་སྐབས་གུ་རུ་རིན་པོ་ཆེའི་དགོངས་པ་དབྱེར་མེད་ཀྱི་སྐྱེས་ཆེན་དམ་པ་བཀའ་དྲིན་ཅན་ཡིན་གསུངས་དྲོན་མོ་གསུངས་། ཁོང་རྣམ་པ་ལས་ལྷག་ཙམ་ད་མེ་ཏོག་དཀར་པོ་ཅན་པོ་ཐོས་བསམ་དང་སློབ་དཔོན་སུས་བཀའ་གནང་ཡོད་དམ། ཡང་ན་ཁྱེད་རང་མིང་ལ་མིང་མེ་ཏོག་དཀར་པོ་སེམས་པ་ནག་པོ་ཞིས་ཞུས་ན་གང་འདྲ་འདུག་གམ། ཨ་ཙི་སྐུ་རྩེད་ཞུས།
་་་་་ མ་ཟད་རང་གི་རྩ་བའི་བླ་མ་མཁན་ཆེན་ཆོས་ཁྱབ་མཆོག་ནས་ཙོང་ཁ་པ་ས་ལ་གནས་པའི་སེམས་དཔའ་ཆེན་པོ་རེད། སློབ་དཔོན་གུ་རུ་རིན་པོ་ཆེ་དགོངས་པ་དབྱེར་མེད་ཡིན་ཅེས་ཡང་ཡང་གསུངས་ཐོས།མྱོང་། ་་་་་་ཟེར།
འདི་ན་མི་ཞིག་གིས་ཅིག་ཤེས་ན་མ་ཤེས་ན་དག་སྣང་སྦྱངས་ནས་སྒྲུབ་ཐབས་ཤིག་བྲིས་པ་རེད། དེ་ལ་རྗེས་སུ་ཡི་རང་ཞུ་མ་ནུས་ན་ཡང་ངའི་ཆོས་དང་ཁྱོད་ཀྱི་ལུགས་ཟེར་བའི་སྒྲོ་སྐུར་འདེབས་མ་འདུག་རོགས།
དམིགས་མེད་བརྩེ་བའི་གཏེར་ཆེན་སྤྱན་རས་གཟིགས། །
དྲི་མེད་མཁྱེན་པའི་དབང་པོ་འཇམ་པའི་དབྱངས། །
གངས་ཅན་མཁས་པའི་གཙུག་རྒྱན་ཙོང་ཁ་པ། །
བློ་བཟང་གྲགས་པའི་ཞབས་ལ་གསོལ་བ་འདེབས། །
ཁྱེད་ལ་གསོལ་བ་བཏབ་པའི་མཐུས།
བདག་ཅག་ཆོས་རྒྱུད་མཐུན་པ་དང་།
འཐེན་འཁྱེར་ཡོངས་སུ་ཞི་འགྱུར་ནས།
ཐར་པའི་གོ་འཕང་ཐོབ་པ་ཤོག
རྒྱལ་དབང་བསོད་ནམས་རྒྱ་མཚོའི་དུས་ནས་དགེ་ལུགས་པའི་བསྟན་པ་འདི་ལ་སོག་པོའི་ཆབ་སྲིད་ཀྱི་རྒྱབ་སྐྱོར་ཐོབ་ནས་དར་ཁྱབ་འགྲོ་མགོ་བརྩམས་འདུག དེ་ནི་ཧ་ཅང་གིས་དགའ་སྤོབས་སྐྱེས་འོས་པའི་གནས་ཤིག་རེད། ཡིན་ན་ཡང་ཆོས་སྲིད་རྟ་གཡག་མགོ་སྦྲེལ་ཟེར་བའི་འགལ་འདུའི་ཕྱོགས་ནས་ཀྱང་བསམ་གཞིག་ཅིག་མི་བྱེད་ཐབས་མེད་རེད། རྗེ་ཙོང་ཁ་པ་ཆེན་པོ་ནི་ངེས་པ་དོན་གྱི་བྱ་བྲལ་བ་ཞིག་རེད། དེའི་རྗེས་སུ་དགེ་བསྟན་ཆབ་སྲིད་དང་སྦྲེལ་ནས་ལོ་མང་པོ་སོང་བ་རེད། ངའི་དོག་པ་ངོ་མ་དེ་ནི་རྗེ་རིན་པོ་ཆེའི་དགོངས་བཞེད་དང་དེང་དུས་ཀྱི་དགེ་ལྡན་པའི་ལྟ་སྤྱོད་བར་ལ་མི་མཐུན་པ་དང་མི་འདྲ་བའི་རྒྱང་ཐག་ག་ཚོད་ཅིག་ཡོད་མེད་དང་། དགེ་ལྡན་པར་ཁེ་འཆེ་མཁན་རང་རང་གི་ལྟ་སྤྱོད་དང་རྗེ་ཙོང་ཁ་པ་ཆེན་པོའི་ཐུགས་བཞེད་ཀྱི་དགེ་ལྡན་པའི་བར་ལ་མི་མཐུན་པ་དང་མི་འདྲ་བའི་རྒྱང་ཐག་ག་ཚོད་ཡོད་མེད་བཅས་ལ་ཚང་མས་བསམ་བློ་རེ་གཏོང་རོགས།
སྤོབས་པ་མཐའ་ཡས་གསུངས་པ་ལ་ངོས་ལེན་དང་རྒྱབ་སྐྱོར་ཡོད། དོན་མེད་ལ་ཆགས་སྡང་དག་ཕྱོངས་རེས་མ་གནང་རང་གི་བསྟན་པ་ག་རེ་ཡིན་ན་ཉམས་སྒྲུབ་ཡག་པོ་གནང་། གཞན་ལ་སྡང་ཟུག་དང་སྒྲོ་བཀུར་མ་བྱེད་ལ་ལས་དེའི་རྗས་སུ་འབྲང་ན་ཆགས་སྡང་སྐྱེ་བའི་རྐྱེན་མ་བསྐུལ་ན་སེམས།
ཾ་ཁ་བཤད་ཆུ་ཡི་ལྦུ་བ།
ལག་ལེན་གསེེར་གྱི་ཐིགས་པ།
དགྲ་མེད་ཕ་རོལ་ཞིག་ནས།
སྙིང་རྗེའི་བདག་ཉིད་ཆེན་པོ།
དགྲ་བོ་མདུན་ལ་སླེབས་དུས།
འབྱུང་པོ་ཤ་ཟན་མངོན་སུམ།
ཕྱི་ཚུལ་གསེར་གྱི་ཁང་བཟང།
ནང་ཚུལ་སོལ་པའི་ཕུང་པོ།
ཕྱི་ནང་མེ་ཆུ་བཞིན་དུ།
གྲུབ་པའི་མཁས་གྲུབ་གནམ་གང།
སྣང་ངོར་མེ་ཏོག་འཛུམ་མུལ།།
ནང་དུ་དྲན་རྒོད་འཁོར་ལོ།
སྟེང་འོག་ཁ་ལོ་བསྒྱུར་མཁས།།
མ་ཆགས་མ་སྡང་གནམ་གང་།།
ངོ་པགས་གཉེར་ཞིང་མདུན་དུ་སྤྲེལ་རྒན་བཞིན།
གཡོ་རྒོད་དར་ལྕེ་ལས་ཀྱང་འཁྲུགས་མཁས་ཤིང་།།
རྗེ་ལ་འཇུག་ཅིང་དམའ་བུར་གཏུམ་བཙུན་ཏེ།།
གསང་གསུམ་རེ་དོག་ངང་བཟང་ཁྱོད་ངོར་རྒྱལ།།
༥༠ ཏི་སེས་བཤད་པ་ལ་ལགས་སོ་ཞུ་རྒྱུ་ཡིན། ཐུགས་རྗེ་ཆེ།
དེ་རིང་དགའ་ལྡན་ལྔ་མཆོད་ཆེན་མོའི་དུས་བཟང་འདིར་གོང་ས་སྐྱབས་མགོན་མཆོག་གིས་ཕྱག་གཉིས་ཐལ་མོ་སྦྱར་ཏེ་རྗེ་ཙོང་ཁ་བའི་མཁས་བཙུན་བཙང་བཟང་པོའི་ཡོན་ཏན་དྲན་པའི་སྒོ་ནས་དུས་དྲན་མཛད་ཅིང་སྲས་ཀྱི་ཐུ་བོ་ཕ་བཟང་གི་བུ་རྒོད་མཁས་གྲུབ་དགེ་ལེགས་དཔལ་བཟང་གིས་མཛད་པའི་དཔལ་ལྡན་ས་གསུམ་མ་དང་འཇམ་དབྱངས་ཆོས་རྗེས་མཛད་པའི་གསང་བའི་རྣམ་ཐར། རྗེ་དགེ་འདུན་གྲུབ་པས་མཛད་པའི་ཤར་གངས་རི་མ་གསུམ་འདུས་པ་རྒྱ་མཚོ་ལྟ་བུ་ཚོགས་དབུས་སུ་མཉམ་དུ་གདུང་དབྱངས་སུ་གྱེར་ནས་ཞལ་འདོན་མཛད་པ་དང་། གསུང་ཆོས་དབུ་ཚུགས་པ་ནས་ད་བར་བྱང་ཆུབ་ལམ་སྒྲོན་དང་ལམ་རིམ་ཆེན་མོ། ལམ་རིམ་འབྲིང་། ལམ་རིམ་བསྡུས་དོན་རྣམས་སྦྲགས་ནས་བཀའ་ཁྲིད་མཛད་དེ་ཤེས་རབ་ཀྱི་ངོ་བོ་ལྷག་མཐོང་ལ་བསླབ་ཚུལ་སྐོར་ཁྲིད་རྒྱུན་བསྐྱངས་དང་སྐྱོང་བཞིན་པ་དང་། གསུང་ཆོས་གྲོལ་མ་ཐག་ཏུ་ས་གནས་ཚོགས་པས་གོ་སྒྲིག་ལྟར་གྲྭ་བཙུན་ཡོངས་ཀྱིས་བོད་ཀྱི་རྒྱལ་གཅེས་དཔའ་བོ་དཔའ་མོ་རྣམས་ཀྱི་ཆེད་དུ་བླ་མ་མཆོད་པའི་སྒོ་ནས་ཚོགས་མཆོད་ཕུལ་བ་དང་བདེ་བ་ཅན་གྱི་སྨོན་ལམ་འུར་ཆེམ་ཆེམ་གྱིས་གསུངས་སོ། །
བོད་འདི་པ་ཚང་གི་ཆོས་འབྱུང་ལོ་རྒྱུས་ལ་འཇིག་རྟེན་ཆོས་བརྒྱད་ཀྱིས་ཤན་ཞུགས་མེད་པ་ཕལ་ཆེར་དཀོན་ཚོད་རེད། ལོ་རྒྱུས་དང་ཡིག་ཚག་འགའ་རེའི་ནང་རྣམ་སྤྲུལ་ཁྱད་པར་བར་བསྟོད་བསྔགས་བྱས་པ་གང་ཞིག་ལ་ལོ་རྒྱུས་ཡིག་ཚག་འགའ་རེའི་ནང་དེ་ལས་ལྡོག་སྟེ་རྣམ་སྤྲུལ་ངན་པ་རུ་འགྲེལ་བརྗོད་བྱས་པ་ནི་ཆེས་ཤིན་ཏུ་མང་པོ་ཞིག་རེད། དེ་བཞིན་ཏུ་རྗེ་ཙོང་ཁ་པ་ཡང་རྣམ་སྤྲུལ་བཟང་ངན་གཉིས་ཀ་རུ་འགྲེལ་བརྗོད་བྱས་ཡོད་པ་རེད། རང་རེའི་འགན་འཁྲི་ནི་དེ་ལྟ་བུའི་ལོ་རྒྱུས་ཀྱི་ཁ་ཕྱོགས་དོར་ནས་དངོས་ཐོག་བདེན་འཚོལ་བྱ་གང་ཐུབ་གནང་ན་ད་གཟོད་བོད་ཀྱི་ལོ་རྒྱུས་དེ་ཡིད་སྟོན་རུང་བ་ཞིག་ཆགས་སྲིད་པ་རེད། དེ་མིན་ཐེག་ཆེན་གྱི་ཆོས་སུ་འགྲེལ་བརྗོད་བྱས་པའི་བོད་ཀྱི་ནང་ཆོས་འདིའི་ཁུང་རྒྱ་གར་དུ་འཁྲུངས་པའི་སྟོན་པ་ཤཀྱ་ཐུབ་པར་གཏུག་པ་ནི་ངོ་མ་ངོ་མཚར་བའི་གནས་ཞིག་རེད། ཁོང་གི་བསྟན་པ་ཆེས་ཆེར་དར་བའི་རྒྱབ་ཁབ་གང་དུ་ཡང་བོད་ཀྱི་ནང་ཆོས་ལྟ་བུའི་བསྟན་པ་དར་མེད་པ་རེད། འོན་ཀྱང་བོད་པ་ཚང་གིས་ད་བར་དེ་ལྟར་བཤད་ནས་བསྡད་པ་ལས་ཤཀ་ཐུབ་ཀྱི་རྗེས་འཇུག་ངོ་མ་དག་གིས་བོད་ཀྱི་ནང་ཆོས་འདི་ཐུབ་བསྟན་དུ་འདོད་ཀྱི་མེད་པ་རེད། ད་དུང་བོད་པ་ཚང་གི་མཁས་པར་རློམས་པ་མང་པོ་ཞིག་གིས་རང་ཉིད་ཀྱིས་སྤྱོད་པའི་ཆོས་དེ་ཁུང་དག་ཏུ་སྒྲུབ་ཞོར་བོན་ཆོས་ལ་ཚད་ལས་བརྒལ་བའི་རྨ་འབེབས་བོན་གཞུང་གི་ལྟ་གྲུབ་ལ་གཟིགས་ཞིབ་ཙམ་ཡང་མ་གནང་པར་ཁུང་མེད་ལུང་མེད་ཀྱི་འཁྱོགས་བརྗོད་དག་གི་རྒྱུན་སྤེལ་བ་རེད། འོན་ཀྱང་དེངས་སྐབས་གནད་དོན་མང་པོ་ཞིག་ལ་འགེབ་སྲུང་བྱ་མ་ཐུབ་པར་འགྲེལ་བཤད་གསར་པ་བྱ་དགོས་བྱུང་བ་དཔེར་ན་ཤཀ་ཐུབ་འཁྲུངས་རྗེས་བོད་དུ་མི་ཡི་འགྲོ་བ་གཞི་ནས་བྱུང་རབས་དང་བོད་ཁམས་ཆུས་གང་ནས་ཡོད་རབས་ལྟ་བུ་རེད། འོ་ན་སྔར་གྱི་བོད་པ་ཚང་གི་ལོ་རྒྱུས་སྨྲ་བ་ཚོས་དེ་ལྟ་བུའི་མཁྱོགས་བརྗོད་ག་རེ་བྱས་ནས་བཤད་པ་རེད་ཟེར་ན་བོན་པོ་དང་བོན་པོའི་ལོ་རྒྱུས་གཉིས་ཀ་ནག་སྲུབ་གཏོང་ཆེད་ཆེད་མངག་དེ་ལྟ་བུའི་དོན་དངོས་དང་མི་མཐུན་པའི་འགྲེལ་བཤད་རྫུན་མའི་རིགས་མང་པོ་སྤེལ་བ་རེད། བོན་པོ་ཚང་གི་ལོ་རྒྱུས་སྨྲ་བ་ཚོས་བོན་གྱི་གྲུབ་མཐའ་དང་ལོ་རྒྱུས་ལ་མཁྱོགས་བརྗོད་བྱས་པའི་རིགས་ལ་ལུང་དང་རིག་པ་ཅི་རིགས་ཀྱི་སྒོ་ནས་ལེན་འདེབས་དང་གསལ་བཤད་བྱས་པ་ལས་ཕར་ལ་དེ་ལྟ་བུའི་མཁྱོགས་བརྗོད་ཀྱི་རིགས་མང་པོ་སྤེལ་མེད་པ་རེད། དེའི་རྒྱུ་མཚན་ནི་བོན་པོ་ཚང་གིས་ཤཀ་ཐུབ་ཀྱི་བསྟན་པ་ཡང་བོན་སྟོན་གཤེན་རབ་ཀྱིས་ཆེད་མངག་ཏུ་རང་གི་དགེ་ཕྲུག་ཞིག་ལ་སྤེལ་བཅུག་པའི་བོན་གྱི་ཆ་ཤས་ཞིག་ཏུ་འདོད་པས་རེད།
པདྨ་ལགས།
ལམ་གོལ་སར་རྒས་པའི་སྡུག་ཡུས་ཀྱིས།།
ཆོས་ཚུལ་བཞིན་བྱེད་པའི་གང་ཟག་ལ།།
རྒྱུད་ཁོང་ནས་འཁྲུགས་པའི་གདུག་སེམས་ཅན།།
གདོན་ཐུགས་ལ་ཞུགས་པ་མ་ལགས་སམ།།
དགྲ་ཉོན་མོངས་འདུལ་ཐབས་མི་བྱེད་པར།།
ཤགས་འགྱེད་པ་ཙམ་གྱི་འཆད་ཉན་ཡང་།།
འདྲེ་ཤར་སྒོའི་ཕྱོགས་སུ་གནས་པ་ལ།།
གླུད་ནུབ་སྒོར་གཏོང་བ་དོན་རེ་ཆུང་།།
ཁྱོད་ཀྱིས་དྲངས་བའི་ལུང་འདི་ནི་དོན་མེད་ཞེན་ཁོག་གི་མེ་འབར་བས་རང་རྒྱུད་འཁྲུགས་ཏེ་ཕྲག་དོག་དང་ཞེ་སྡང་གིས་རང་གཞན་གྱི་དགེ་རྩ་འཇོམས་པ་དག་ལ་གསུངས་པ་རེད།
འོན་ཀྱང་བློ་གསལ་པདྨའི་ངང་ཚུལ་གྱིས།།རྒྱ་ནག་མཁན་པོ་རིགས་པས་མཐར་བསྐྲད་ཚེ།།མཆིལ་ལྷམ་ཟུང་གཅིག་ལུས་པས་མ་འོངས་དུས།།གངས་ཅན་ཁྲོད་འདི་ཁོ་བོའི་རིང་ལུགས་ཉིད།།འཛིན་པ་མང་དུ་འབྱུང་ཞེས་ལུང་བསྟན་ལྟར།།ཕྱི་རུ་པཎ་གྲུབ་བཞེད་སྲོལ་བརྫུ་ལ་བརྟེན།།ནང་ན་ཧ་ཤང་ལྟ་སྒོམ་ཉམས་ལེན་པའི།།སྒོམ་ཆེན་མང་པོས་གངས་ཁྲོད་གང་བར་འགྱུར།།ཞེས་དང་།ནག་ཕྱོགས་དུས་འཁྲུག་ནད་སྡིག་དར་བའི་སྐབས།།ཆོས་པ་ཕལ་ཆེར་ཆོས་བཞིན་མི་སྤྱོད་པར།།ཆོས་མཛད་རྣམས་ལ་ཆོས་མིན་སྐུར་བ་འདེབས།།ཞེས་པ་སོགས་མང་། སློབ་དཔོན་པདྨའི་ངང་ཚུལ་གྱིས་རྒྱ་ནག་ཧ་ཤང་རིགས་པས་ཚར་བཅད་ནས་མཐར་བསྐྲོད་བྱས་པའི་ཚེ་ཧ་ཤང་གི་ལྷམ་ཡ་གཅིག་བོད་དུ་ལུས་བའི་རྟེན་འབྲེལ་གྱིས་བོད་ལ་ཧ་ཤང་གི་ལྟ་ངན་དར་ནས་སྒོམ་ཆེན་ཕལ་ཆེ་དེའི་ཕྱོགས་སུ་འབྲངས་བ་དག་ལ་དགེ་བའི་བཤེས་གཉེན་ཆེན་པོ་རྗེ་བཙུན་ཤེས་རབ་རྒྱ་མཚོས་དགག་ཕྱོགས་ནས་བསྟོད་པ་མཛད་པའི་སྙན་ངག་ནི་ཁྱོད་ལྟ་བུ་ཞིག་གིས་ཤེས་ཐུབ་པ་མ་རེད། གྲོགས་པོ་ལགས།
ཧ་ཤང་གི་ལྟ་བ་ཡིན་ནའང་འདིའི་ཆེད་སྲོག་གཏོང་ཐུབ། དེ་ཤཀྱ་ཐུབ་པས་གསུངས་ནའང་དོགས་པ་ཟ།
རྩེད་མོ་ཡིན ད
་་་་་་ དེ་མིན་ཐེག་ཆེན་གྱི་ཆོས་སུ་འགྲེལ་བརྗོད་བྱས་པའི་བོད་ཀྱི་ནང་ཆོས་འདིའི་ཁུང་རྒྱ་གར་དུ་འཁྲུངས་པའི་སྟོན་པ་ཤཀྱ་ཐུབ་པར་གཏུག་པ་ནི་ངོ་མ་ངོ་མཚར་བའི་གནས་ཞིག་རེད། ་་་་་་ཟེར།
པདྨས་དྲིས་པ། དགེ་ལྡན་བསྟན་པའི་ཞབས་འདྲེན། རྒྱ་དམག་ནང་དུ་ཁྲིད། བོད་ཡུལ་ཐལ་ཕུང་བཞིན་གཏོར་བའི་ཤེར་དགེའི་རྩོམ་ཁོ་ན་འདིར་འགོད་དགོས་པའི་རྒྱུ་མཚན་ཁྱད་པར་ཅན་ཡོད་དམ། ཤེར་ཁོས རྩོམ་འདིའི་རང་འགྲེལ་དེ་བཀླགས་མྱོང་ངམ། ཞེས་པ་ལ། དགེ་བཤེས་ཁོང་ནི་དགེ་ལྡན་བསྟན་པའི་བསྟན་འཛིན་མིང་དོན་མཚུངས་བའི་མཁས་པ་ཞིག་ཡིན་པར་མ་ཟད། བོད་ཀྱི་བླ་ཆེན་དང་མི་ཆེན། དེ་བཞིན་མཁས་པའི་གོ་སར་འགྱིང་པའི་མི་མཐོ་དམན་སུ་འདྲ་ཞིག་ཡིན་ན་དེའི་མདུན་དུ་ཡ་ཡོ་མེད་པའི་ཞལ་གསངས་པོ་དང་ཁ་རུ་ཁར་ཐུག་གནང་ཐུབ་མཁན་གྱི་མཁས་དབང་རྩོད་མེད་ཅིག་རེད། ལྷག་པར་ཁོང་ཉིད་ཀྱི་གསུང་རྩོམ་དག་ལ་གཞིགས་ན་ལས་འབྲས་གཙིགས་སུ་འཛིན་པ་དང་རྩོམ་ལུས་ཀྱི་ཆ་ནས་བལྟས་ན་བོད་རང་གི་ཐུན་མོང་མ་ཡིན་པའི་མིང་བརྡའི་སྐད་དང་མཐུན་པར་ཅི་ཐོན་དུ་མཛད་པ་ཞིག་ཏུ་འདུག ། དགུང་ལོ་གཞོན་དུས་ཀྱི་རྩོམ་ཉམས་ནི་རྒྱ་གར་ལྷོ་པའི་ལུགས་ལྟར་སྦྱར་བ་མང་ཞིང་། རྗེས་སུ་ལྷ་ས་ནས་བཞུགས་སྐབས་ཡུལ་དུས་གནས་བབས་དང་འབྲེལ་འདྲིས་དབང་གིས་རྒྱ་གར་ཤར་བའི་ལུགས་ལྟར་བརྗོད་པ་གསལ་བ་དང་སྒྲ་རྩུབ་པའི་སྡེབ་སྦྱོར་ལ་དགའ་མོས་ ཆེ་བར་བྱུང་བ་ཡང་གསལ་བོ་རེད། ཁོང་ནི་གཞུང་ལུགས་རབ་འབྱམས་ལ་མཁྱེན་རྒྱ་ཡངས་པར་མ་ཟད། ཡིག་ཆའི་ཞེན་ཁོག་ཙམ་གྱིས་མཆོང་རྒྱུག་མི་བྱེད་པར་བཤད་སྲོལ་དང་རིགས་པ་འདྲ་མི་འདྲ། མཁས་པའི་ལམ་སྲོལ་གང་མཆིས་ལ་འདྲིས་པ། རྗེ་ཡབ་སྲས་ཀྱི་ལེགས་བཤད་ཀྱི་དགོངས་པ་དཔྱིས་ཕྱིན་འཚོལ་བ་ལ་ཞུགས་པའི་མཁས་པ་མིང་དོན་མཚུངས་པ་ཞིག་རེད། བོད་ལ་རྒྱ་དམག་ཁྲིད་མཁན་ཞིག་ཡིན་མི་སྲིད་པ་རེད། ཁོང་གིས་ཆབ་སྲིད་དང་ཆོས་ལུགས་བར་མཐུན་འབྲེལ་གལ་ཆེ་ཡིན་པར་གསུང་བཤད་གནང་ཡོད་པ་དང་མཚམས་རེར་མོའུ་ལ་བསྟོད་པ་མཛད་པ་ཡང་དོན་ལ་མི་གནས་པ་ཞིག་གང་ནས་ཡིན། སྐབས་རེར་ཏང་ལ་སྐྱོན་བརྗོད་ཀྱང་བྱས་ཡོད་པ་རེད། ཛ་དྲག་གི་དུས་སྐབས་དེར་མི་ཚང་མ་རྐྱག་པ་ཤོར་ཤོར་བཟོ་གི་ཡོད་པ་རེད། ཏང་གི་ལས་དོན་བྱེད་ཕྱོགས་ལ་སྐྱོན་བཤད་ཕོད་པ་ནི་དགེ་བཤེས་རིན་པོ་ཆེ་མ་གཏོགས་མི་འདུག་ཟེར་གི་ཡོད་པ་རེད།
་་་་་ ཏང་གི་ལས་དོན་བྱེད་ཕྱོགས་ལ་སྐྱོན་བཤད་ཕོད་པ་ནི་དགེ་བཤེས་རིན་པོ་ཆེ་མ་གཏོགས་མི་འདུག་ཟེར་གི་ཡོད་པ་རེད། ་་་་ཟེར།
༸རྗེ་རིན་པོ་ཆེས།
དམིགས་མེད་བརྩེ་བའི་གཏེར་ཆེན་སྤྱན་རས་གཟིགས། །
དྲི་མེད་མཁྱེན་པའི་དབང་པོ་འཇམ་པའི་དབྱངས། །
གངས་ཅན་མཁས་པའི་གཙུག་རྒྱན་རེ་གདའ་བ། །
གཞོན་ནུ་བློ་གྲོས་ཞབས་ལ་གསོལ་བ་འདེབས། །
༸རྗེ་བཙུན་རེད་གདའ་བས།
དམིགས་མེད་བརྩེ་བའི་གཏེར་ཆེན་སྤྱན་རས་གཟིགས། །
དྲི་མེད་མཁྱེན་པའི་དབང་པོ་འཇམ་པའི་དབྱངས། །
གངས་ཅན་མཁས་པའི་གཙུག་རྒྱན་ཙོང་ཁ་པ། །
བློ་བཟང་གྲགས་པའི་ཞབས་ལ་གསོལ་བ་འདེབས། །
ཧ་ཤང་ལ་དགག་མོད་ཀུན་མཁྱེན་ཀློང་ཆེན་རབ་འབྱམས་པས། དེ་དུས་སེམས་ཅན་བློ་དམན་པས་མ་ཤེས་མོད། དོན་ལ་དེ་ལྟར་གནས་སོ། ཞེས་བ་ཤང་ལྟ་བ་དེ་དང་རྫོགས་ཆེན་ལྟ་བ་གཉིས་དོན་ལ་མཚུངསཔར་ཡིན་པར་བཤད་དོ།
ཨ་རོགས་ཁམས་ཕྲུག་ཟེར་བ་འདིས་ཅི་ཟེར། དགེ་ལྡན་པའི་ཆོས་ཁུངས་གཙོ་བོ་རྒྱ་གར་ནཱ་ལན་ཊའི་པན་གྲུབ་དག་གི་གཞུང་ཆེན་ཁག་ཡིན་པ་གསལ་བོ་རེད། དེ་ཡང་ཇོ་བོ་བཀའ་གདམས་པ་དང་ས་སྐྱ་བ་དང་མར་མི་དྭགས་གསུམ་དང་འགོས་སོགས་ནས་བརྒྱུད་པ་གཙོ་ཆེ་ཞིང་གྲུབ་མཐའ་དང་བསྟན་པའི་ཆུ་མགོ་ནཱ་ལན་ཊའི་མཁས་པ་ཀླུ་སྒྲུབ་དང་ཟླ་གྲགས། ཐོགས་མེད།དབྱིག་གཉེན། ཕྱོགས་གླང་ཆོས་གྲགས་སོགས་པཎ་གྲུབ་བཅུ་བདུན་གྱི་མདོ་སྔགས་ཀྱི་གཞུང་ལུགས་ཁག་ལ་གཞི་བཅོལ་ནས། །སྔ་འགྱུར་རྙིང་མ་དང་ཇོ་ནང་དང་བོན་སོགས་ཀྱི་མཐོང་བ་བརྒྱུད་པའི་ལག་ལེན་ཚུན་ཆད་ཀྱང་ཆོས་རྒྱུད་ཀུན་གྱི་ལེགས་པའི་ཆ་ཐམས་ཅད་འདུས་པའི་དགེ་ལྡན་པའི་གྲུབ་མཐའ་བྱུང་བ་མིན་ནམ།
ལེགས་བཤད་ལགས་ནྭ་ལེན་ཌའི་པན་གྲུབ་དག་གི་གཞུང་ཆེན་ཁག་གི་ཁུང་དེ་བཙལ་ན་ངོ་མ་ངོ་མཚར་བའི་གཏམ་རྒྱུད་ཞིག་ལས་སྟོན་པ་ཤཀྱ་ཐུབ་པས་སྲོལ་གཏོད་གནང་བའི་བདེན་བཞི་བརྗོད་བྱར་སྟོན་པའི་བཀའ་ལྟ་བུའི་ཁུང་ལུང་རྒྱུ་མཚན་ཡང་དག་པ་ཞིག་མེད་པ་རེད། རི་བོ་དགེ་ལྡན་པའི་རིང་ལུགས་དེ་གཏེར་སྙན་ག་གེ་མོ་བོན་པོ་དང་རྙིང་མ་བའི་རིང་ལུགས་ལྟ་བུ་མ་ཡིན་པ་ཞེས་ཟོལ་བསྟོད་བྱས་ཀྱང་ཀླུ་གྲུབ་དང་བྱམས་མགོན་སོགས་ཀྱི་ལྷ་ཀླུ་ག་གེ་མོ་ཆེ་ཡུལ་གདན་དྲངས་རབས་བཤད་པའི་ཡུམ་དང་བྱམས་ཆོས་སྡེ་ལྔའི་སོགས་ཀྱང་བོན་རྙིང་གི་གཏེར་སྙན་ལྟ་བུ་ལས་མ་འདས་པ་རེད།
དེ་རིང་གསར་འགྱུར་མཐོང་སོང་། ལོག་བཤད་ཁྱོད་དབང་རྩ་ལ་སྐྱོན་ཤོར་བ་མིན་ན་ཧ་ཤང་ཡིན་རུང་ཆོས་ལུགས་ཤིག་རེད། ཟུར་ཟ་མིན་ཅི་རེད། བན་དེ་བས་ཧ་ཤང་སྐོར་བཤད་པ་དེ་བདེན། ཁྱོད་སེ་འབྲས་དགའི་གྲྭ་སར་མཐོང་ཐོས་ཡོད་ན་ཧ་ཤང་ཟེར་དུས་རྙིང་མ་དང་བོན་གྱི་རྫོགས་ཆེན་ལ་ཟུར་ཟ་རེད། མེད་མུག་ཚང་མ་རེ་རེ་བཞིན་ཟུར་ཟ་རེད། རྒྱལ་བཙོང་དེས་ག་རེ་བཤད་ཀི་ཡོད་མ་ཤེས་ན་མིག་འུག་པ། མཆུ་ནེ་ཙོ། ཁོག་རྨ་བྱ་ཟེར་ནས་ཟུར་ཚིག་དག་མི་འདོད་བཞིན་རང་མགོར་བབས་པ་རེད་དོ། བདེན་པ་རེད་སྐབས་རེར་ཏང་ལ་སྐྱོན་བརྗོད་ཀྱང་བྱས་ཡོད་པ་རེད། ཟེར། འུག་རྫུན་མ་བཤད་ཨ། ཛ་དྲག་གི་དུས་སྐབས་དེར་མི་ཚང་མ་རྐྱག་པ་ཤོར་ཤོར་བཟོ་གི་ཡོད་པ་རེད། ཟེར། རེད་ཀུན་གཟིགས་པན་ཆེན་སོགས་བསྟན་འཛིན་ཚང་མ་ལ་མགོ་ལ་ཞྭ་ནག་དང་སྲོག་ལ་ཆད་པ་ག་ཚོད་སོང་བ་ཤེས་སམ། ངག་ཕོད་ཤེར་རྒྱམ་གཉིས་ཟ་དགའ་འཐུང་སྐྱིད་ངང་དུ་འདུག་ཆོག་ཆོག་དེ་ཏང་གི་ལས་དོན་བྱེད་ཕྱོགས་ལ་སྐྱོན་བཤད་ཕོད་པ་ནི་དགེ་བཤེས་རིན་པོ་ཆེ་མ་གཏོགས་མི་འདུག་ཟེར་གི་ཡོད་པ་རེད། ཟེར་བ་ཡིན་ནམ། ཧུན། ད་ལྟའི་བར་གངས་ཅན་བོད་ཡུལ་ལ་བདེ་སྐྱིད་ནག་པོ་ཞིག་ཡོད་པ་རྒྱལ་ཚོང་དེ་ཚོས་དྲིན་ལས་རེད། ད་མང་པོ་མི་བཤད། བོད་མི་གསོན་བསྲེགས་བརྒྱ་ཕྲག་ལ་ཉེ་བ་ཡང་དགེ་ལུགས་ཁ་ལ་ཁྱེར་བའི་ཆོས་ཁུངས་གཙོ་བོ་རྒྱ་གར་ནཱ་ལན་ཊའི་པན་གྲུབ་དག་གི་གཞུང་ཆེན་ཁག་ཡིན་པ་གསལ་བོ་རེད། ཨ་ཁ་ཁ།
ལེགས་བཤད་ལགས་ནྭ་ལེན་ཌའི་པན་གྲུབ་དག་གི་གཞུང་ཆེན་ཁག་གི་ཁུང་དེ་བཙལ་ན་ངོ་མ་ངོ་མཚར་བའི་གཏམ་རྒྱུད་ཞིག་ལས་སྟོན་པ་ཤཀྱ་ཐུབ་པས་སྲོལ་གཏོད་གནང་བའི་བདེན་བཞི་བརྗོད་བྱར་སྟོན་པའི་བཀའ་ལྟ་བུའི་ཁུང་ལུང་རྒྱུ་མཚན་ཡང་དག་པ་ཞིག་མེད་པ་རེད། རི་བོ་དགེ་ལྡན་པའི་རིང་ལུགས་དེ་གཏེར་སྙན་ག་གེ་མོ་བོན་པོ་དང་རྙིང་མ་བའི་རིང་ལུགས་ལྟ་བུ་མ་ཡིན་པ་ཞེས་ཟོལ་བསྟོད་བྱས་ཀྱང་ཀླུ་གྲུབ་དང་བྱམས་མགོན་སོགས་ཀྱི་ལྷ་ཀླུ་ག་གེ་མོ་ཆེའི་ཡུལ་གདན་དྲངས་རབས་བཤད་པའི་ཡུམ་དང་བྱམས་ཆོས་སྡེ་ལྔའི་སོགས་ཀྱང་བོན་རྙིང་གི་གཏེར་སྙན་ལྟ་བུ་ལས་མ་འདས་པ་རེད།
ལེགས་བཤད་མཆོག་ལ་བཀའ་འདྲི་ཞུ་རྒྱུ། རི་བོ་དགེ་ལྡན་པས་ཇོ་རྙིང་བོན་གསུམ་ནས་བླངས་པའི་ལེགས་ཆ་རྣམས་གང་དང་གང་ཡིན་གསལ་བཤད་གནང་སྐྱོང་ཡོང་བ་ཞུ།
དྲ་བདག་ལགས་ལྷ་ཀླུ་ག་གེ་མོ་ཆེ་ཡུལ་གདན་དྲངས་ཞེས་པ་ལྷ་ཀླུ་ག་གེ་མོ་ཆེའི་ཡུལ་ནས་གདན་དྲངས་ཞེས་པར་བཅོས་གནང་ཡོང་བ་ཞུ།
པདྨ་ལགས། ཁྱེད་ཀྱིས་ཚད་མར་ཁས་ལེན་པའི་ལུང་འདི་ཡང་ཡང་སྐྱོར་ཞོག་ཨ། དེ་མིན་རྒྱུ་མཚན་དང་གནས་ལུགས་གང་ཡང་མེད་པར་དོན་མེད་ཆགས་སྡང་གི་མེ་ལྕེ་འབར་ནས་བསྟན་འཛིན་གྱི་སྐྱེས་བུ་གསེར་གྱི་རི་འདྲ་བ་ཁོང་ཚོ་ལ་སེམས་གཏིང་ནས་འཁྲུགས་པ་ཡིན་པས་ལུང་བསྟན་འདི་ཁྱེད་ལ་འོས་ལགས་སོ།།
ལམ་གོལ་སར་རྒས་པའི་སྡུག་ཡུས་ཀྱིས།།
ཆོས་ཚུལ་བཞིན་བྱེད་པའི་གང་ཟག་ལ།།
རྒྱུད་ཁོང་ནས་འཁྲུགས་པའི་གདུག་སེམས་ཅན།།
གདོན་ཐུགས་ལ་ཞུགས་པ་མ་ལགས་སམ།།
ཞེས་གསུངས་པ་ལྟར་ལམ་ལོག་པར་ཞུགས་ཟིན་ན་ཡང་ད་དུང་དགེ་ལྡན་པའི་མཁས་གྲུབ་དག་ལ་ཇག་ཚོགས་སུ་ལྟ་བ་ཁྱོད་ཀྱི་སྙིང་ལ་གདོན་ཆེན་ཞུགས་པ་མ་ལགས་སམ། ཧྭ་ཤང་གི་ལྷམ་ཡ་གཅིག་ཁྱེད་ལ་ཐོབ་སོང་བ་འདྲ། །ངས་ནི་བདེན་དོན་ནི་ནམ་ཡང་བློས་མི་གཏོང་ཐག་ཆོད་ཡིན། བཤད་ཐག་ཆོད་ཡིན། ཧ་ཧ་ཀུ་རེ་ཞུ། གྲོགས་པོ།
ལེགས བཤད་
རིགས་པ་ཡག་པོ་འདུག དགེ་ལྡན་པར་རྒྱུད་པ་སྟག་ཕྲུག་འདྲ་བོ་དེ་ཚོ་མཐོང་དུས་དགའ་པོ་འདུག གཞན་པ་ཚཽ་ཝ་མོ་འདྲ་བོ་རེད། ཕྲ་མདོག་ལས་གཞན་པའི་གང་ཡང་མེད།
ཁ་བརྡར་མཆན་བཏབ་པ་པོ་རྣམས་དགོངས་ལམ་མངའ་ནའང་། ངས་གསལ་འདེབས་ཕྲན་བུ་ཞུ་འདོད་བྱུང་། འོ་བུ་ཁ་བཤད་འཇམ་རྩུབ་ཕན་ཚུན་འགྲན་རྩོད་ཇི་ལྟར་བྱས་ནའང་རུང་། འོན་ཏེ་རང་རེ་བོད་རྒྱུད་ནང་བསྟན་གྱི་བསྟན་པའི་ཤིང་རྟ་ཆེན་མོ་སྐྱེས་བུ་རྣམས་སམ། ཆོས་རྒྱུད་བུ་རམ་གོར་མོ་འདི་ལྟ་བུ་ལ་དོན་མེད་རང་དོན་སྤྱི་ལ་སྐྱོན་འདོག་ཁུལ་གྱིས་ཆགས་སྡང་དབང་གིས་འདྲ་མིན་འབྲི་མ་གནང་རོག། ལེགས་ཚོགས་སྤུ་ཙམ་མེད། མ་ཟད་གཤིས་ལ་སིམ་པ་རྗེས་སུ་མིག་ལྟོས་མི་དགེ་ཡོང་སྲིང། མཐར་རང་རེ་ཆོས་རྒྱུད་ཆེན་པོ་མཚན་དོན་དང་མ་འབྲེལ་བར་སྲིད་དོན་ཚོགས་པའི་ཚོགས་སྡེ་ལྟར། འགལ་ཟླ་ལྟ་བུ་འཐེན་འཁྱེར་བྱུང་ཚེ་ཉིན་མ་དེ་རང་ནས་ཆོས་སྤང་ལས་ངན་ཚབ་པོ་ཆེ་ཁེབ་ཟིན་མ་ཙི་ཡང་མི་ཕན། མཉམ་དྭགས་པོས། ཆོས་ཆོས་བཞིན་མ་བྱས་ན། ཆོས་ཀྱི་སླར་ངན་སིང་དུ་འགྲོ་ཞེས་གསུངས་པ་དགོངས་མངའ་ལགས།
ཁ་བརྡར་མཆན་བཏབ་པ་པོ་རྣམས་དགོངས་ལམ་མངའ་ནའང་། ངས་གསལ་འདེབས་ཕྲན་བུ་ཞུ་འདོད་བྱུང་། འོ་བུ་བོས། ཁ་བཤད་འཇམ་རྩུབ་ཕན་ཚུན་འགྲན་རྩོད་ཇི་ལྟར་བྱས་ནའང་རུང་། འོན་ཏེ་རང་རེ་བོད་རྒྱུད་ནང་བསྟན་གྱི་བསྟན་པའི་ཤིང་རྟ་ཆེན་མོ་སྐྱེས་བུ་རྣམས་སམ། ཆོས་རྒྱུད་བུ་རམ་གོར་མོ་འདི་ལྟ་བུ་ལ་དོན་མེད་རང་དོན་སྤྱི་ལ་སྐྱོན་འདོག་ཁུལ་གྱིས་ཆགས་སྡང་དབང་གིས་འདྲ་མིན་འབྲི་མ་གནང་རོག། ལེགས་ཚོགས་སྤུ་ཙམ་མེད། མ་ཟད་གཤིས་ལ་སིམ་པ་རྗེས་སུ་མིག་ལྟོས་མི་དགེ་ཡོང་སྲིད། མཐར་རང་རེ་ཆོས་རྒྱུད་ཆེན་པོ་མཚན་དོན་དང་མ་འབྲེལ་བར་སྲིད་དོན་ཚོགས་པའི་ཚོགས་སྡེ་ལྟར། འགལ་ཟླ་ལྟ་བུ་འཐེན་འཁྱེར་བྱུང་ཚེ་ཉིན་མ་དེ་རང་ནས་ཆོས་སྤང་གི་ལས་ངན་ཚབ་པོ་ཆེ་ཁེབ་ཟིན་པས་ཅི་ཡང་མི་ཕན། མཉམ་དྭགས་པོས། ཆོས་ཆོས་བཞིན་དུ་མ་བྱས་ན། ཆོས་ཀྱི་སླར་ངན་སོང་དུ་འགྲོ་ཞེས་གསུངས་པ་དགོངས་མངའ་ལགས། ཚང་མས་གཟབ་ནན་གནང་ངས་གུས་ཕྱག་ངང་ནས་ཞུས་ཀྱིས་ཡོད། མང་པོ་ཞིག་གི་གོང་མ་རྣམས་ལ་བཟང་ངན་དང་། མཁས་བླུན་དང་། ཆགས་སྡང་རིགས་མ་གནང་རིག།
ཆ་གསུམ་གྱི་འགྲེལ་བ་བགེགས་གཏོང་གཏོང་ཚུལ་དང་བཅས་པ་བཞུགས་སོ། །།
རབ་འབྱམས་རྒྱལ་བའི་མཐུ་སྟོབས་ནུས་པའི་དབུང༌། །གཅིག་བསྡུས་རིག་སྔགས་འཆང་བ་ཀུན་གྱི་དཔལ། །སྣང་སྲིད་དྲེགས་པ་སྡེ་བརྒྱད་ཡོངས་ཀྱི་རྗེ། །བཅོམ་ལྡན་རྡོ་རྗེ་འཛིན་བའི་ཞབས་ལ་འདུད། །གང་ཞིག་བསྟན་ན་མི་མཐུན་ཕྱོགས་ཞི་ཞིང༌། །མཐུན་རྐྱེན་འདོད་དོན་འགྲུབ་བའི་ཐབས་ཀྱི་ཆ། །ཕྱོགས་སྐྱོང་གདོན་ལ་མཆོད་ཅིང་འཕྲིན་བཅོལ་བའི། །ཆ་གསུམ་གཞུང་གི་བཤད་བ་ཅུང་ཟད་བྲི།འདི་ལ་གསུམ། སྔོན་འགྲོ་སྦྱིར་བཤད་པ༌། འགྲེལ་བ་ཉིད་བཤད་པ། འཕྲོས་བཤད་པའོ། །དང་པོ་ནི༌། སྤྱིར་སངས་རྒྱས་ཀྱིས་གདུལ་བྱའི་འགལ་རྐྱེན་སེལ་ཞིང་མཐུན་རྐྱེན་སྒྲུབ་པའི་ཐབས་ཀྱི་རིམ་པ་མང་དུ་གསུངས་ཤིང༌། དེའི་ནང་ནས་འཇིག་རྟེན་ལས་འདས་མ་འདས་ཀྱི་ལྷ་དང་གདོན་གྱི་རིགས་ལ་མཆོད་པའི་ཚུལ་མང་དུ་བཤད་ལ༌། ཁྱད་པར་དུ་སྔགས་ཕྱོགས་དུ་མ་དང་བརྒྱ་རྩའི་ཆོག་སོགས་ནས་ཕྱོགས་སྐྱོང་དང་གདོན་གྱི་
རིགས་ལ་གཏོར་མ་སྦྱིན་པའི་ཚུལ་མང་དུ་འབྱུང་ཞིང༌། དེ་དག་གི་གནད་བསྡུས་པ་ནི་ད་ལྟ་ཆ་གསུམ་དུ་གྲགས་པ་འདིའོ། །ལྷག་ཏུ་འཕྲལ་གྱི་འགལ་རྐྱེན་ཟློག་པ་ལ་ཕྱོགས་སྐྱོང་རྣམས་ལ་མཆོད་ཅིང་བསྐུལ་བ་ནི་གལ་ཆེ་བར་སེམས་ཏེ༌། གསང་བ་དེ་འཇིགས་གསུམ་དང་ཀུན་ཚེ་སོགས་རྒྱུད་སྡེ་བཞིའི་མངོན་དཀྱིལ་གྱི་སྐབས་སུ་ནི་འདི་རྣམས་ལ་གཏོར་མ་ཕུལ་ཏེ་འཕྲིན་ལས་བཅོལ་བའི་ཚུལ་ཆོ་ག་དུ་མ་ལས་བཤད་པའི་ཕྱིར་རོ། །དེས་ན་དཀྱིལ་འཁོར་སྒྲུབ་པའི་སྐབས་ཙམ་དུ་མ་ཟད༌། གང་ཟག་གཞན་ནང་གདོན་གྱིས་ཟིན་པ་ལ་ཡང་ཕྱོགས་སྐྱོང་རྣམས་ལ་མཆོད་ཅིང་འཕྲིན་ལས་བཅོལ་ན་ཕན་ཁྱད་ཆེ་ཞིང་ཕྱག་ལེན་དུའང་སྣང་ལ༌། གདོན་བགེགས་ཀྱི་རིགས་ལ་གཏོར་མ་
སྦྱིན་ཞིང་འཕྲིན་ལས་བཅོལ་བའང་ཕན་བའི་རྐྱེན་དུ་འགྱུར་རོ། །ཆ་གསུམ་ལ་ནི་རྒྱས་བསྡུས་གསུམ་སྣང་ཡང་ད་ལྟའི་ཕྱག་ལེན་འདི་ནི་འབྲིང་པོའི་དབང་དུ་མཛད་པར་སེམས་ལ༌། ཀུན་རིག་ཊཱིཀ་ཆེ་རྣམས་ནི་འདི་བསྡུས་པ་ཡིན་བར་བཤད་དེ། འབྲིང་
གི་བསྡུས་པ་ཙམ་ཡིན་གྱི༌། བསྡུས་པ་དངོས་མིན་ནོ། །ཆ་གསུམ་ཞེས་པ་ནི་གཏོར་མ་གསུམ་གྱི་དབང་དུ་བྱས་ལ༌། དེ་ཡང་ཕྱོགས་སྐྱོང་དང་གདོན་དང་བགེགས་ཀྱི་གཏོར་མ་གསུམ་སྟེ༌། རྡོ་རྗེ་འབྱུང་བ་ལས༌། གཏོར་མ་དང་པོ་གཉིས་ལས་མ་གསུངས་
ཀྱང༌། ཇོ་བོ་ཤྲདྡྷས་བགེགས་གཏོང་དང་གསུམ་བྱ་བར་གསུངས་ལ། སྦྱོང་རྒྱུད་ལས་ནི། གནོད་སྦྱིན་སྲིན་པོའི་ཁ་ཟས་སུ། །གཏོར་མ་རྣམ་པ་སྣ་ཚོགས་བཞག །ཅེས་དང༌། དེ་ནས་འབྱུང་བོ་ཀུན་གྱི་གཏོར་མ་བྱ། །སེམས་ཅན་བཀྲེས་ཤིང་སྐོམ་
ལ་བརྐུར་བ་དང༌། །ཕྱོགས་ན་གནས་པ་རྣམས་ལ་རྣམ་པར་བརྟག །དེ་ཡི་གཏོར་མ་ཇི་ལྟར་མཐུན་པར་བྱ། །ཞེས་གསུངས་བའི་དོན་འཆད་པ་ན། ཊཱིཀ་ཆེན་ལས༌། གནོད་སྦྱིན་གྲིན་པོ་ཞེས་སོགས་ཀྱིས་བགེགས་དང༌། ཕྱོགས་ན་གནས་པ་ཞེས་
སོགས་ཀྱིས་ཕྱོགས་སྐྱོང་དང༌། འབྱུང་པོ་ཀུན་ལ་ཞེས་སོགས་ཀྱིས་གདོན་དང༌། སེམས་ཅན་བཀྲེས་ཤིང་ཞེས་སོགས་ཀྱིས་ཡི་དགས་ཀྱི་གཏོར་མ་སྟེ་བཞི་བྱ་བར་བཤད་དོ། །འབུལ་བའི་སྔགས་ནི་ཨ་ཀཱ་རོའམ། རྣ་མཿ སརྦ་ཏ་ཐཱ་ག་ཏ་བྷྱོ་སོགས་གང་རུང་སྟེ། རང་རང་གི་སྔགས་རྒྱས་བསྡུས་ཅེ་རིགས་ཀྱི་མཐར་སྦྱར་ནས་འབུལ་ཞིང༌། ཕྱོགས་སྐྱོང་གི་མཚན་སྔགས་རྒྱས་པ་ནི༌། ཨོཾ་རུ་ཏྲ་ཡེ་ཞེས་སོགས་ཡིན་ལ། བསྡུས་པ་ནི། ཨོཾ་ད་ཤ་དི་ཀ་ཞེས་སོགས་སོ། །འབུལ་བའི་གནས་ནི་དཀྱིལ་
འཁོར་སྒྲུབ་པའི་སྐབས་སུ་སྒྲུབ་ཁང་གི་ཕྱི་རོལ་ཏུ་བྱས་ཡིན་ཡང༌། དེ་ཇི་ལྟ་བ་བཞིན་བྱ་དཀའ་བས་གནས་གང་ཡང་རུང་བར་སྟེགས་ཀྱི་ཁར་ཆུ་གཉིས་ཉེར་སྤྱོད་རྣམས་དང༌། གཏོར་མ་བཞི་པ་རྒྱན་དང་བཅས་པ་བཤམས་བར་བཤད་ཅིང༌། གཏོར་མའི་
རྒྱུ་ནི་ཊཱིཀ་ཆེན་ལས། འབྲས་ལོས༌། ཏིལ། འབྲས་ཆན། མེ་ཏོག །ཆུ། སྲན་ཆན། སྣུམ་ཁུར། དཀར་གསུམ༌། མངར་གསུམ་ལ་སོགས་པ་རྣམས་དང༌། ཁྱད་པར་བགེགས་གཏོར་ཤ་ཆང་ལ་ཕུག་དང་བཅས་པའོ་ཞེས་གསུངས་ཤིང༌། འདིར་
ཚིག་ཟིན་ལ་ཟན་མ་བགྲང་ལང་སོགས་སྒྲས་བཤད་ཅིང༌། ད་ལྟ་གཏོར་མ་ཀུན་ཟན་ལས་བྱ་བ་བཞིན་ཏེ་རུང་ངོ། །ལྷ་གང་གི་སྒོ་ནས་བྱ་བ་ནི། བརྒྱ་རྩ་ལྟ་བུ་ལ་སྤྱན་རས་གཟིགས་ཀྱི་སྒོ་ནས་བྱེད་བ་ལྟར་དེས་ཀྱང་རུང་མོད། དཀྱིལ་འཁོར་སྒྲུབ་པའི་སྐབས་སུ་
ནི་དཀྱིལ་འཁོར་གཙོ་བོའི་ང་རྒྱལ་གྱིས་ཀྱང་ཆོག་ཅིང༌། སློབ་དཔོན་ཀུན་སྙིང་གིས་ཧཱུཾ་མཛད་ཀྱི་རྣལ་འབྱོར་གྱིས་བྱ་བར་བཤད་པ་ལྟར་འདུལ་འཛིན་ཆེན་པོས་ཀྱང་ཊཱིཀ་ཆེན་ལས་དེ་བཞིན་དུ་བྱ་བར་གསུངས་སོ། །ད་ལྟ་ཕྱག་ལེན་ལ་ནི་བགེགས་གཏོར་གྱི་
སྔོན་དུ་ཧཱུཾ་མཛད་དུ་བསྒྱུར་ཏེ་དེ་ཡང་རུང་ངོ། །ནད་པ་སོགས་ཀྱི་ཆེད་དུ་གློ་བུར་གྱི་ཆ་གསུམ་བྱེད་ན་ནི། རང་ཉིད་སྐད་ཅིག་གིས་ཧཱུཾ་མཛད་དུ་བསྐྱེད་ནས་ཁྲོ་བོ་སྤྱན་འདྲེན་མཆོད་བསྟོང་རྒྱས་བསྡུས་གང་རུང་བྱས་ཏེ༌། གཏོར་མ་བྱིན་གྱིས་བྣབས་ནས་འབུལ་ཚུལ་གཞུང་ལྟར་བྱས་བའི་མཐར། དཀྱིལ་འཁོར་ཆེན་བོའི་ཞེས་སོགས་སམ། བདེན་སྟོབས་བརྗོད་པ་ཙམ་བྱས་ཏེ༌། གཏོར་མ་ཕྱིར་བསྐུལ་ནས་ཤེར་སྙིང་གི་ཟློག་བ་བྱ་སྟེ་ཅུང་ཟད་ཅིག་འོག་ཏུ་བཤད་པར་བྱའོ། །བསྡུས་
པ་ལ་ནི་ཁྲོ་བོ་སྦྱན་འདྲེན་གྱི་སྐོར་བཞག་ཀྱང་ཆོག་གོ ། གཉིས་པ་འགྲེལ་བ་ཉིད་བཤད་པ་ལ་གསུམ། གཏོར་མ་བྱིན་བརླབ་བྱ་བ། འབུལ་ཚུལ་སོ་སོར་བཤད་པ། ཕུལ་ནས་གཤེགས་གསོལ་བྱ་ཚུལ་ལོ། །དང་པོ་ནི། འདུལ་འཛིན་པའི་ཀུན་རིག་གི་ཆ་གསུམ་ལས༌། གཏོར་མ་ཆ་གསུམ༌། ཡི་དགས་ཀྱི་གཏོར་མ། ཉེར་སྤྱོད་དང་བཅས་པ་བཤམས་ལ༌། བསང༌། གཟི་བྱིན་བསྐྱེད་ནས་མཆོད་པ་རྣམས་སྔར་ལྟར་བྱིན་གྱིས་བརླབ་ཞེས་འབྱུང་བ་ཙམ་ལས་གཏོར་མ་བསྐྱེད་ཚུལ་
མི་སྣང་བལྟར༑ དེ་ལྟ་ཕྱག་ལེན་དུའང་གཏོར་མ་སྔགས་དང་ཕྱག་རྒྱས་ཕྱིན་གྱིས་བརླབས་པ་ལས་བསྐྱེད་པར་མི་མཛད་ཅིང༌། བསྐྱེད་ཀྱང་མི་འགལ་ཞིང་ལེགས་པས་བསྐྱེད་ན༌། ཀུན་རིག་གི་སྔོན་འགྲོའི་སྐབས་བཞིན་ནམ་བརྒྱ་རྩའི་གཏོར་མ་
བྱིན་རླབས་ལྟར་བྱ། བསང་པ་ནི་ཀུན་རིག་ལ་བཛྲ་ལཀྵ་དང༌། སྤྱི་འགྲོ་ལ་བཛྲ་ཨ་མྲྀ་ཏས་བསང༌། བྱིན་གྱིས་བརླབ་པ་ནི་འདིར་སྔགས་དྲུག་དང་ཕྱག་རྒྱ་དྲུག་གི་སྒོ་ནས་ཡིན་ལ༌། དང་པོ་ཆོས་ཉིད་རྣམ་དག་གི་ཕྱག་རྒྱ་ནི་གཡས་བའི་མཐེ་བོས་མཐེའུ་ཆུང་
མནན་ཏེ་སོར་མོ་ལྷག་མ་གསུམ་སོ་སོར་བསྒྲེང་པ་དང༌། དེའི་སྔགས་དོན་ལ༌། ཨོཾ་སྭ་བྷཱ་ཝ་ནི་རང་བཞིན༌། བི་ཤུདྡྷེའི་བི་ནི་རྣམ་པར། ཤུདྡྷེ་ནི་དག་པ། དྷརྨཿ ཏེ་ནི་ཆོས་ཉིད༌། བཛྲ་སིདྡྷི་ནི་རྡོ་རྗེའི་དངོས་གྲུབ༌། ཐོག་མའི་ཨོཾ་ནི་སྔགས་གྱི་འགོ་འདྲེན་དང༌། མཇུག་གི་ཧཱུཾ་ནི་ཐུགས་ཀྱི་ས་བོན་ཏེ་བྱིན་གྱིས་རློབ་བྱེད་དོ། །བསྡུ་ན་རང་བཞིན་གྱིས་རྣམ་པར་དག་བའི་ཆོས་ཉིད་ཀྱི་རྡོ་རྗེའི་དངོས་གྲུབ་ཅེས་པ་སྟེ་འདིས་སྦྱོང་བའོ། །གཉིས་པ་ནམ་མཁའ་མཛོད་ཀྱི་ཕྱག་རྒྱ་ནི་ཐལ་མོ་བཀན་ལ་སྙིམ་པའི་ཚུལ་དུ་
བྱས་པ་དབྲལ་བར་བཞག་ཅིང༌། དེའི་སྔགས་དོན་ལ༌། ན་མཿསརྦ་ཏ་ཐཱ་ག་ཏ་བྷྱོ་ནི་ཕྱག་འཚལ་ལོ་དེ་བཞིན་གཤེགས་པ་ཐམས་ཅད་ལ༌། བི་ཤྭ་ནི་སྣ་ཚོགས༌། མུ་ཁེ་བྷྱ་ནི་སྒོ་ནས༌། སརྦ་ཏྟ་ནི་རྣམ་པ་ཐམས་ཅད་དུ། ཁཾ་ནི་ནམ་མཁའ། ཨུཏྒ་ཏེ་ནི་
འཕགས་པ༌། སྦར་ཎ་ནི་འཕྲོ་པའམ་ཁྱབ་པ༌། ཧི་མཾ་ནི་འདི༌། ག་ག་ན་ནི་ནམ་མཁའ། ཁཾ་ནི་དབྱིངས་སུ༌། སྭཱ་ཧཱ་ནི་གཞི་ཚུགས་སམ༌། ལེགས་པ་སྦྱིན་ཞེས་པ་སྟེ་འདིས་མང་པོར་སྤེལ་བའོ། །གསུམ་པ་བདུད་རྩི་འཁྱིལ་བའི་ཕྱག་རྒྱ་ནི་ལག་བའི་སོར་མོ་
བསྣོལ་ལ་གུང་མོ་གཉིས་རྩེ་མོ་སྦྱར་ནས་བཅག་སྟེ་དབྲལ་བར་བཅིངས་ཤིང་། སྔགས་པ་ནི་ཨོཾཿ ཨ་མྲྀ་ཏེའི་མ་རི་ཏ་ནི་འཆི་བ་དང༌། ཨ་འགག་ཚིག་ཡིན་པས་ཐད་འགྱུར་ལ་འཆི་མེད་དུ་འགྱུར་བ་ཡིན་ནའང༌། དོན་འགྱུར་ལ་བདུད་རྩིར་བསྒྱུར་བའོ།།
ཧཱུཾ་ཕཊ་ནི་དེར་བསྐུལ་ཞིང་གསལ་པར་བྱེད་པ་སྟེ། འདིས་འདུད་རྩིར་བསྒྱུར་བར་བྱེད་དོ། །བཞི་བ་འདོད་དོན་འབྱུང་བའི་ཕྱག་རྒྱ་ནི། གཡོན་རྡོ་རྗེ་ཁུ་ཚུར་སྙིང་ཁར་བཞག་ཅིང༌། གཡས་མཆོག་སྦྱིན་གྱི་ཕྱག་རྒྱ་དང༌། སྔགས་ལ་ཨོཾ་ཨ་ཀཱ་རོ་ནི་ཨ་ཞེས་བྱ་
བའོ། །མུ་ཁཾ་ནི་སྒོའོ། །སརྦ་དྷརྨཱཿ ཎཾ་ནི་ཆོས་ཐམས་ཅད་དོ། །ཨདྱ་ནུཏྤ་ནན་ཏྭ་ཏ་ནི་ས་སྐྱེས་པའི་ཕྱིར་ཞེས་པ་སྟེ། ཨ་ཞེས་བྱ་བ་ནི་མ་སྐྱེས་པའི་ཕྱིར་ཆོས་ཐམས་ཅད་ཀྱི་སྒོའོ་ཞེས་པའོ། །འདིས་སོ་སོའི་འདོད་པ་སྒྲུབ་པར་བྱེད་དོ། །ལྔ་བ་རྒྱ་ཆེན་ཤུགས་ལྡན་གྱི་ཕྱག་རྒྱལ། གཡས་པ་ཁྲོ་བོའི་ཁུ་ཚུར་བཅངས་ཏེ་བསྒྲེངས་ནས་རྫས་ལ་གཏད་ཅིང་སེ་གོལ་གདབ། སྔགས་ནི། ན་མཿ སརྦ་ཏ་ཐཱ་ག་ཏ་ནི་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པ། ཨ་ཝ་ལོ་ཀི་ཏེ་ནི་ཀུན་ནས་།
གཟིགས་པ། སམྦྷ་ར་སམྦྷ་ར་ནི་ཡང་དག་པར་རམ་ཀུན་ནས་རྒྱས་པ་རྒྱས་པའོ། །འདིས་སོ་སོར་ཐོབ་པར་བྱེད་དོ། །དྲུག་པ་དབང་བསྒྱུར་འཁོར་ལོའི་ཕྱག་རྒྱ་ནི་གཡས་པ་མི་འཇིགས་པའི་ཕྱག་རྒྱ་དང༌། སྔགས་ལ་རུ་རུ་ནི་ལྷ་ལ་བོད་པའི་སྔགས་དང་
སྤུ་རུ་ནི་གསལ་བར་བྱེད་པ། ཛྭ་ལ་ནི་གཟི་བརྗིད་འབར་བ། ཏིཥྛ་ནི་གནས་པ། སིདྡྷ་ལོ་ཙྪ་ནི་ཐོགས་མེད་དུ་གྲུབ་པའི་སྤྱན་ཅེས་བཤད་ཅིང༌། དེའི་སིདྡྷ་ནི་གྲུབ་པ། ལོཙྪ་ནི་སྤྱན་ཞེས་པ་སྟེ་ཐོགས་མེད་ཀྱི་སྐད་དོད་དངོས་སུ་མི་གསལ་ལོ། །སརྦ་
ཨརྠ་ནི་དོན་ཐམས་ཅད། སཱ་དྷཱ་ནི་ཞེས་པ་གྲུབ་པ་དང་འགྲུབ་པ་གང་རུང་དུ་འགྱུར་ཞིང༌། སྭཱ་ཧཱ་ནི་སྔར་ལྟར་རོ། །འདིས་མཉམ་པོར་ཐོབ་པར་འགྱུར་རོ། །སྔགས་དང་ཕྱག་རྒྱ་འདི་རྣམས་ལ་ཅུང་ཟད་མི་འདྲ་བར་ཡང་འབྱུང་ངོ། །དེ་ནས་བདེན་པའི་
བྱིན་བརླབ་བྱ་བ་ནི། སྒྲུབ་པ་པོ་བདག་གི་བསམ་པ་རྣམ་པར་དག་པའི་སྟོབས་དང༌། དེ་བཞིན་གཤེགས་པ་ཐམས་ཅད་གྱི་བྱིན་རླབས་ཀྱི་སྟོབས་དང༌། ཆོས་ཀྱི་དབྱིངས་རྣམ་པར་དག་པའི་སྟོབས་རྣམས་ཀྱིས། བདག་ཅག་གི་འདོད་པའི་དོན་རྣམ་
གང་དག་ཡིད་ལ་བསམ་པ་ཀུན་ནས། དེ་དག་ཐམས་ཅད་ཅི་ལྟར་རིགས་པར་ཐོགས་པ་མེད་པར་འབྱུང་བར་གྱུར་ཅིག །ཅི་ལྟར་རིགས་པ་ནི་ཐམས་ཅད་མིན་ནའང་སྐབས་ཀྱི་འདོད་དོན་གྱི་གཙོ་བོ་རྣམས་དང༌། ཐོགས་པ་མེད་པ་ནི་བར་ཆད་མེད་པར་མྱུར་དུ་དང༌། འབྱུང་གྱུར་ནི་འགྲུབ་པར་ཤོག་ཅེས་པའོ། །གཉིས་པ་འབུལ་ཚུལ་སོ་སོར་བཤད་པ་ལ་གསུམ་ལས། དང་པོ་ཕྱོགས་སྐྱོང་སྤྱན་དྲངས་ནས་འབུལ་བ་ལ་སྤྱན་འདྲེན་ནི། སྤོས་ཐོགས་ཏེ་བུས་མོ་འཛུགས་པའམ། མིན་ཡང་རུང་སྟེ། མགོན་
པོ་ཕྱོགས་སྐྱོང་ཀུན་འདིར་གཤེགས་ཤིང་གདན་ལ་བཞུགས་སུ་གསོལ། འོན་ཀྱང་ད་ལྟའི་དུས་ནི་སེམས་ཅན་སྙིགས་མ། ཚེ་སྙིགས་མ། ཉོན་མོངས་སྙིགས་མ། དུས་སྙིགས་མ། ལྟ་བ་སྙིགས་མ་ལྔ་བདོ་པའི་དུས་སྐབས་འདིར་ནི་གཤེགས་ཤིང་
བཞུགས་པའི་གནས་ངན་ན་ཡང༌། མགོན་པོ་ཁྱེད་རྣམས་ཀྱིས་སྔོན་རྒྱལ་བ་ཤཱཀྱ་ཐུབ་པའི་སྤྱན་སྔར་དེའི་བསྟན་པ་དང་སེམས་ཅན་རྣམས་སྲུང་ཞིང་སྐྱོབ་པར་ཁས་བླངས་པའི་དོན་སྒྲུབ་པ་དང༌། དེར་མ་ཟད། བདག་ཅག་རྣམས་ལའང་ཕན་གདགས་
པའི་ཕྱིར་དུ་གནས་འདི་ཉིད་དུ་གཤེགས་སུ་གསོལ། ཞེས་མདོར་བསྟན་ནས། མགོན་པོ་ཕྱོགས་སྐྱོང་དེ་དག་ནི་འཇིག་རྟེན་སྐྱོང་ལ་དབང་བསྒྱུར་བས་དབང་དང་ལྡན་པ་དང༌། སྙིང་རྗེ་ཆེ་ཞིང་ཐབས་ལ་མཁས་པ་དང༌། ཐུགས་དམ་ཚིག་ལ་གནས་པ་དང༌།
དཀྱིལ་པོ་ཆེ་ནི་བློ་ཁོང་ཡངས་པ་ལ་ཤད་དེ་ཐུགས་དགོངས་རྒྱ་ཆེ་བའོ། །དེ་གང་ཞེ་ན། སྟེང་གི་ཚངས་པ་དང༌། ཤར་གྱི་བརྒྱ་བྱིན་ལ་སོགས་པ་ལྷ་དང༌། ཤར་ལྷོའི་མེ་ལྷ་དྲང་སྲོང་རྣམས་དང༌། ཡི་དགས་ཀྱི་རིགས་སུ་གཏོགས་པ་ལྷོ་ཕྱོགས་ཀྱི་གཤིན་
རྗེ་དང༌། ལྷོ་ནུབ་ཀྱི་སྲིན་པོ་དང༌། ནུབ་ཕྱོགས་ཀྱི་ཀླུ་དང༌། རིགས་འཛིན་ནུབ་བྱང་གི་རླུང་ལྷ་དང༌། བྱང་གི་གནོད་སྦྱིན་རྒྱལ་པོ་དང༌། བྱང་ཤར་འབྱུང་པོའི་གདོན་གྱི་བདག་པོ་དབང་ཕྱུག་སྟེ། ཕྱོགས་སྐྱོང་གི་འཁོར་དེ་དག་རང་རང་སོ་སོའི་དབང་པོ་སྟེ་གཙོ་
@005A ༄༅། །པོའི་སྐུར་སྟོན་པ་ཚངས་པ་དང་བརྒྱ་བྱིན་ལ་སོགས་པ་ཕྱོགས་བཅུའི་འཇིག་རྟེན་སྐྱོང་བ་བཞུགས་སོ་འཚལ་བ་སྟེ། ཇི་སྙེད་མཆིས་པ་ཐམས་ཅད་སངས་རྒྱས་ཀྱི་བསྟན་པ་རྒྱས་པའི་སླད་དུ་གནས་འདིར་སྤྱན་འདྲེན་ན། འགྲོ་བའི་དོན་གྱི་
ཕྱིར་དུ་ཁྱེད་རྣམས་ལ་མཆོད་པར་བྱེད་ཀྱིས་གཤེགས་སུ་གསོལ་ལོ། །ཨེ་ཧྱེ་ཧི་ནི་ཚུར་སྤྱོན་ཚུར་སྤྱོན། ད་ཤ་དི་ཀ་ནི་ཕྱོགས་བཅུའི། ལོ་ཀ་པཱ་ལ་ནི་འཇིག་རྟེན་སྐྱོང་བ། ས་པཱ་རི་ཝ་ར་ནི་འཁོར་དང་བཅས་པ། ས་མ་ཡ་ནི་དམ་ཚིག་ཅན་ནོ། །
རུ་ཏྲ་ཡེ་ནི་དྲག་པོ་སྟེ་དབང་ལྡན་ནམ་དབང་ཕྱུག །ཤ་ཏ་ས་ཧ་སྲ་ཨཀྵི་ནི་མིག་བརྒྱ་སྟོང་པ་ལ་སྟེ། ཤ་ཏ་བརྒྱ། ས་ཧ་སྲ་སྟོང༌། ཨཀྵི་ནི་མིག་གོ །ཨགྣེ་ནི་མེ་སྟེ་མེ་ལྷ། །ཡ་མ་ཡེ་ནི་གཤིན་རྗེ་ལ། ཝ་རུ་ཎ་ཡེ་ནི་ཆུ་བདག་ལ། བ་ཡ་བེ་ནི་རླུང་
སྟེ་རླུང་ལྷ་ལ། ཀུ་བེར་ནི་ལུས་ངན་སྟེ་གནོད་སྦྱིན་ལ། ཨུརྡྷཾ་ནི་སྟེང་གི །བྲཧྨ་ན་ཡ་ནི་ཚངས་པ་ལ། སུརྱ་ནི་ཉི་མ། གྲ་ཧ་ནི་གཟའ། ཨ་དྷི་པ་ཏ་ཡ་ནི་ལྷག་པའི་བདག་པོ་ལ། ཙནྡྲ་ནི་ཟླ་བ། ནཀྵ་ཏྲ་ནི་རྒྱུ་སྐར། ཨ་དྷི་པ་ཏ་ཡེ་ནི་དེའི་བདག་པོ་ལ།
ཨ(RnTHA) ནི་འོག་གི །པྲྀ་ཐི་ཝི་བྷྱཿ ནི་སའི་ལྷ་མོ་ལའམ་དེའི་ཆེད་དུ། ཨ་སུ་ར་བྷྱཿ ནི་ལྷ་མ་ཡིན་གྱི་ཆེད་དུ་སྟེ། དེ་ཡང་སུར་ཆང་ཡིན་ཀྱང་ཨ་དགག་ཚིག་ཏུ་བཞག་པས་ཆང་མེད་དུ་འགྱུར་ཡང༌། དོན་ཐོབ་ཀྱིས་ལྷ་མ་ཡིན་དུ་འགྱུར་རོ། །ནཱ་གེ་བྷྱཿ ནི་ཀླུའི་
ཆེད་དུ་ཞེས་པའོ། །ས་པཱ་རི་ཝ་ར་ནི་འཁོར་བཅས། པྲ་ཝ་ར་སད་ཀ་རཾ་ནི་བསྙེན་བཀུར་བ། ཨརྒྷཾ་པྲ་ཏཱིཙྪ་ནི་མཆོད་ཡོན་སོ་སོར་བཞེས་ཞེས་སོ། །ཀ་མ་ལ་ཡེ་སྟྭཾ་ནི་པདྨ་ལ་ཁྱོད་ཅེས་པ་སྟེ་གདན་འབུལ་བའོ། །དེ་ནས། ཨོཾ་རུ་ཏྲ་ཡེ་ཞེས་སོགས་
@005B དང་མཆོད་སྔགས་ཀྱི་དོན་སྔར་ལྟར་ལ། པཱ་དྱཾ་ནས་ཤཔྟའི་བར་ནི་ཞབས་བསིལ་ནས་རོལ་མོའི་བར་གྱི་མིང་ངོ། །དེ་ནས་བསྟོད་ཕྱག་ནི། དབང་པོ་རྡོ་རྗེ་འཆང་བའི་ལྷ་ནི་ལྷའི་དབང་པོ་བརྒྱ་བྱིན་ཏེ་ཕྱག་མཚན་རྡོ་རྗེ་འཛིན་པའོ། །དེ་ནི་སུམ་ཅུ་རྩ་གསུམ་
མན་ཆད་ཀྱི་ལྷ་རྣམས་ཀྱི་རྒྱལ་པོ་སྟེ། ལྷའི་གདོན་དངོས་སམ་དེའི་རིགས་གཏོགས་ཀྱི་བདག་པོའོ། །དེས་གཙོ་བྱས་པའི་ཤར་ཕྱོགས་ཀྱི་ལྷའི་གདོན་གྱི་ཚོགས་དང་བཅས་པ་ལ་མཆོད་པས་མཆོད་ཅིང་ཡོན་ཏན་གྱི་སྒོ་ནས་བསྟོད་དེ། དེར་མ་ཟད་གུས་འདུད་ཀྱིས་
ཕྱག་ཀྱང་འཚལ་བར་བྱའོ། །ལྷའི་དབང་པོ་བརྒྱ་བྱིན་དངོས་ནི་རི་རབ་ཀྱི་སྟེང་གི་དབུས་ན་ཡོད་ཀྱང་དེའི་སྤྲུལ་པ་གཅིག་ནི་རི་རབ་ཀྱི་ཤར་ཕྱོགས་སྐྱོང་བའི་ཚུལ་དུ་དེ་ན་ཡོད་པར་བཤད་ལ། བརྒྱ་བྱིན་ནི་ལྷ་དང་ལྷའི་གདོན་གྱི་རྒྱལ་པོ་ཡིན་ཡང་ལྷ་གདོན་མིན་ལ༌།
དེའི་འཁོར་གྱི་ལྷ་ལ་གདོན་ཡིན་མིན་གཉིས་སུ་དབྱེ་དགོས་སོ། །དེ་བཞིན་དུ་ཕྱོགས་སྐྱོང་གི་འཁོར་གཞན་ལའང་འདྲའོ། །མེ་སྟེ་སྲེག་བྱ་ཟ་བའི་ལྷ་ནི་མེ་ལྷའི་གཙོ་བོའོ། །དེ་ཉིད་མེ་ལྷའི་དྲང་སྲོང་གཞན་རྣམས་ཀྱི་རྒྱལ་པོ་སྟེ། མེ་ལྷའི་རིགས་ཀྱི་གདོན་རྣམས་
ཀྱི་བདག་པོའོ། །དེ་དག་གཙོ་ཆེར་རི་རབ་ཀྱི་ཤར་ལྷོ་ན་གནས་པ་སྟེ་ལྷག་མ་ནི་སྔར་ལྟར་རོ། །གཤིན་རྗེ་ལག་ན་བེ་ཅོན་ཏེ་དབྱུག་པ་འཆང་བ་དེ་ཉིད་མ་མོ་ཀུན་གྱི་རྒྱལ་པོ་སྟེ། གཤིན་རྗེའི་གདོན་གྱི་རིགས་ཀུན་ཕྱི་བདག་པོ་སྟེ། དེ་ལ་སོགས་པ་ལྷོ་ཕྱོགས་གདོན་གྱི་
ཚོགས་དང་བཅས་པ་དང༌། བདེན་དང་བྲལ་བ་ལེགས་ལྡན་ལྷ་ནི་སྲིན་པོའི་རིགས་རྣམས་ཀྱི་རྒྱལ་པོ་སྟེ་དེའི་གདོན་གྱི་བདག་པོའོ། །དེ་སོགས་ལྷོ་ནུབ་གདོན་གྱི་ཚོགས་དང་བཅས་པ་དང༌། ཞགས་པ་ཐོགས་པ་ཆུ་ཡི་ལྷ་ནི་ཀླུའི་རྒྱལ་པོ་སྟེ། ཀླུའི་རིགས་ཀྱི་གདོན་གྱི་
@006A ༄༅། །བདག་པོའོ། །རླུང་སྟེ་སྲོག་ཀྱང་འཛིན་པའི་ལྷ་རིག་འཛིན་རྒྱལ་པོ་ནི་རླུང་ལྷ་རྣམས་ཀྱི་གཙོ་བོའོ། །དེ་ནི་རླུང་ལྷའི་རིགས་ཀྱི་གདོན་གྱི་བདག་པོའོ། །གནོད་སྦྱིན་ལག་ན་དབྱུག་པ་ཐོགས་པའི་རྣམ་ཐོས་སྲས་ནི་ནོར་སྦྱིན་ཏེ། ནོར་ལྷའི་རིགས་གྱི་
གདོན་རྣམས་ཀྱི་བདག་པོའོ། །དབང་དང་ལྡན་པ་འདྲེན་པའི་ལྷ་དབང་ཕྱུག་ནི་འབྱུང་པོ་ཀུན་གྱི་རྒྱལ་པོ་སྟེ། འབྱུང་པོའི་གདོན་གྱི་རིགས་རྣམས་ཀྱི་བདག་པོའོ། །སྟེང་གི་གདོན་གྱི་གཙོ་བོ་ཚངས་པ་ཆེན་པོ་དང༌། དེའི་ཕྱོགས་གཏོགས་ཉི་མ་དང་ཟླ་བ་དང་
གཟའི་རྒྱལ་པོ་སྒྲ་གཅན་དང༌། མིག་དམར་ལ་སོགས་གཟའ་གཞན་རྒྱུ་སྐར་གྱི་ཚོགས་དང་བཅས་པ་དང༌། འོག་གི་ཀླུ་སྟེ་ས་ཡི་ལྷ་ནི་ཀླུ་ཆེན་བརྒྱད་དང་སའི་ལྷ་མོ་བརྟན་མ་དང༌། ས་འཛིན་ལག་པ་ཆེན་པོ་དང་དམ་ཚིག་ཤེས་ཤིང་དེ་ལ་གནས་པའི་ས་
བདག་གི་རིགས་གྱི་ཚོགས་དང་བཅས་པ་ལ་མཆོད་ཅིང་བསྟོད་དེ་ཕྱག་ཀྱང་འཚལ་ལོ། །ཚངས་པ་ལ་སྟོང་གསུམ་གྱི་བདག་པོ་ཚངས་པ་དང༌། ཕྱོགས་སྐྱོང་བཅུའི་ནང་ཚན་གྱི་ཚངས་པ་གཉིས་བཤད་ཅིང༌། སྔ་མ་ཆེ་བ་དང་ཕྱི་མ་ཆུང་བ་སྟེ་ངོ་བོ་གཅིག
གོ །གཞན་ལས་ཕྱོགས་སྐྱོང་བཅྭོ་ལྔ་བཤད་ཀྱང་གཙོ་འཁོར་གྱི་དབང་དུ་བྱས་ན་བཅུར་འདུ་སྟེ། ཉེ་དབང་ནི་དབང་པོའི་འཁོར་དང༌། ཚོགས་བདག་ནི་གནོད་སྦྱིན་གྱི་རྒྱལ་པོའི་འཁོར་དང༌། ཐགས་བཟང་རིས་ནི་འོག་ཕྱོགས་བར་འདུའོ། །
ཕྱོགས་སྐྱོང་གི་གཙོ་བོ་དེ་དག་ནི་འཇིག་རྟེན་པ་ལྟར་བསྟན་ཡང༌། དོན་ལ་སངས་རྒྱས་བྱང་སེམས་ཀྱི་སྤྲུལ་པ་ཡིན་ཏེ། དེ་དག་སོ་སོའི་དབང་པོའི་སྐུར་སྟོན་པ། །ཞེས་དང༌། གཞུང་གཞན་གྱི་ལུང་རིགས་ཀྱིས་འགྲུབ་པའི་ཕྱིར་རོ། །གལ་ཏེ་འཇིག
@006B རྟེན་པའི་ལྷ་ཀླུ་སོགས་ལ་རེ་ལྟོས་གྱིས་ཕྱག་འཚལ་བ་མི་རིགས་སོ་ཞེ་ན། ཐར་འདོད་རྣམས་ཀྱིས་འཇིག་རྟེན་པའི་ལྷ་འདྲེ་ལ་ཕྱི་མའི་སྐྱབས་མི་འཆོལ་ཡང་འཕྲལ་རྐྱེན་སེལ་བའི་ཆེད་དུ་རེ་ལྟོས་བྱེད་པ་མི་འགལ་ལོ། །དེ་ནས་དེ་དག་ལ་གཏོར་མ་འཕུལ་བ་ནི། ཨོཾ་
རུ་ཏྲ་ལེ་ཞེས་སོགས་དང༌། ན་མཿ སརྦ་ཏ་ཐཱ་ག་ཏ་བྷྱོཿ ཞེས་སོགས་ཀྱི་དོན་ནི་བཤད་ཟིན་ཏོ། །བསྔོ་ཞིང་འཕྲིན་ལས་བཅོལ་བ་ནི། ཤར་ཕྱོགས་རྡོ་རྗེ་ཅན་ཏེ་བརྒྱ་བྱིན་གྱི་ལྷ་ཚོགས་འཁོར་དང་བཅས་པ་ལ་གཏོར་མ་འབུལ་བ་འདི་དག་བཞེས་སུ་གསོལ་
ལོ། །དེ་བཞིན་དུ་མེ་ལྷ་དང༌། གཤིན་རྗེ་དང༌། བདེན་བྲལ་གྱི་སྲིན་པོ་རྣམས་ཀྱི་བདག་པོ་དང༌། ཆུ་བདག་ཆུ་ལྷའི་རྒྱལ་པོ་ཀླུ་དང༌། རླུང་ལྷའི་བདག་པོ་དང༌། ནོར་གྱི་བདག་པོ་གནོད་སྦྱིན་དང༌། དབང་ལྡན་གྱི་ལྷ་དབང་ཕྱུག་སྟེ་འབྱུང་པོའི་བདག་པོ་དང༌། །
སྟེང་གི་ལྷ་ཉི་མ་དང་ཟླ་བ་དང༌། འཇིག་རྟེན་གྱི་མེས་པོ་ཚངས་པ་ཆེན་པོ་དང༌། ལྷ་རྣམས་ཀུན་དང༌། ས་འོག་གི་ཀླུ་རྣམས་དང༌། གསེར་གྱི་རི་བདུན་ལ་གནས་པའི་ལྷ་དང༌། གསང་བ་གནོད་སྦྱིན་གྱི་ཚོགས་རྣམས་ལ་ནི། རང་རང་སོ་སོ་སོ་སོར་གཏོང་
མ་འབུལ་བ་རྣམས་རབ་ཏུ་དགྱེས་པ་ཡིས་ནི་བཞེས་ནས་ཀྱང༌། རང་རང་སོ་སོའི་ཕྱོགས་སུ་ལེགས་པར་བཞུགས་ནས་སུ་རང་གི་བུ་སྨད་དང༌། འཛའ་བཤེས་ཀྱི་གྲོགས་དང༌། གཉེན་འདུན་གྱི་ཚོགས་དང༌། རང་གི་ནང་མི་གཞན་དང༌། དམག་སྡེ་དཔུང་
གི་ཚོགས་ཡན་ལག་བཞི་བ་དང་བཅས་པ་ཐབས་གཅིག་སྟེ་ལྷན་ཅིག་ཏུ། མེ་ཏོག་དང་དྲི་དང་བྱུག་པ་དང་གཏོར་མར་བཅས་པ་འདི་རྣམས་བསྔོའོ། །བཏུང་ཞིང་ལེགས་པར་གསོལ་བ་སྟེ་བཞེས་ནས་ཀྱང༌། བདག་གི་རེ་བའི་ལས་འདིའི་འབྲས་བུ་
@007A ༄༅། །མཆིས་པར་མཛོད་ཅིག །འཕྲིན་ལས་བསྡུས་པ་ལ་དེ་ཙམ་གྱིས་ཆོག་ཅིང༌། ཅུང་ཟད་རྒྱས་པར་ན་ཁྱེད་རྣམས་ཀྱིས་མཆོད་སྦྱིན་གྱི་གཏོར་མ་འདི་བསྣམས་པ་སྟེ་བཞེས་ལ། རྣལ་འབྱོར་བ་བདག་ཅག་སྦྱིན་པའི་བདག་པོ་འཁོར་དང་
བཅས་པ་ལ་ནད་མེད་པ་དང༌། ཚེ་རིང་བ་དང༌། དབང་ཕྱུག་དང༌། དཔལ་ཕུན་སུམ་ཚོགས་པ་དང༌། གྲགས་པ་དང༌། སྐལ་བ་བཟང་པོ་དང༌། ལོངས་སྤྱོད་རྒྱ་ཆེན་པོ་ཀུན་ཐོབ་ཅིང༌། ཞི་བ་དང༌། རྒྱས་པ་ལ་སོགས་པའི་ལས་རྣམས་ཀྱི་དངོས་གྲུབ་བདག
ཅག་ལ་སྩོལ་བ་དང༌། དམ་ཚིག་ཅན་གྱི་རྣལ་འབྱོར་བདག་ཅག་ལ་སྲུང་བ་དང༌། དངོས་གྲུབ་ཀུན་གྱི་འབྲས་བུ་འགྲུབ་པའི་སྟོངས་གྲོགས་མཛོད་ཅིག །གཞན་ཡང༌། དུས་མ་ཡིན་པར་འཆི་བ་དང༌། ནད་ཀྱི་རིགས་དང༌། གདོན་དང་འགེགས་ཀྱི་
རིགས་རྣམས་ནི་མེད་པར་མཛོད་ཅིག །རྨི་ལམ་ངན་པ་དང༌། མཚན་མ་ངན་པ་དང༌། བྱ་བྱེད་ངན་པ་རྣམས་ཀྱང་མེད་པར་མཛོད་ཅིག །འཇིག་རྟེན་འདི་ཀུན་བདེ་ཞིང་ལོ་ལེགས་པ་དང༌། འབྲུ་རྣམས་འཕེལ་ཞིང་དགེ་ཕྱོགས་ཀྱི་ཆོས་འཕེལ་པ་
དང༌། མདོར་ན་བདེ་ལེགས་ཕུན་སུམ་ཚོགས་པ་ཐམས་ཅད་འབྱུང་བ་དང༌། ཡིད་ལ་བསམ་པའི་འདོད་དོན་ཐམས་ཅད་འགྲུབ་པར་ཤོག་ཅིག །ཅེས་འཕྲིན་ལས་བཅོལ་བར་བྱ་སྟེ་གོ་སླ་ཡང་མཚོན་ཙམ་ཞིག་བཀྲལ་བའོ། །གཉིས་པ་ལ་སྡེ་བརྒྱད་
ཀྱི་རིགས་སུ་གཏོགས་གདོན་སྤྱན་འདྲེན་པ་ནི། ལྷའི་གདོན་དང༌། ལྷ་མིན་གྱི་གདོན་དང༌། དེ་བཞིན་དུ་གནོད་སྦྱིན་དང༌། ལྟོ་འཕྱེ་སྟེ་ཀླུའི་རིགས་དང༌། ལྷོའི་གྲུལ་བུམ་དང༌། ནམ་མཁའ་ལྡིང་སྟེ་ཁྱུང་དང༌། འདབ་བཟངས་ཏེ་བྱིས་གདོན་གྱི་ནད་
@007B ཚན་བྱ་དང༌། ལུས་ལ་དྲི་ངན་དྲོ་བའི་ལུས་སྲུལ་པོ་དང༌། དྲི་ཟ་དང་སྲིན་པོ་དང༌། གདོན་གྱི་རིགས་རྣམས་ཞེས་པས་སྨྱོ་བྱེད་དང་བརྗེད་བྱེད་དང་སྐེམ་བྱེད་དང་གྲིབ་གནོན་དང་གནོན་པོ་ལས་གདོན་གྱི་རིགས་གཞན་རྣམས་སྡུད་དོ། །གདོན་གང་དགས་གཞི་ལ་
གནས་པའི་ཡི་དགས་རྫུ་འཕྲུལ་ཆེན་པོ་ལ་སོགས་པ་དང༌། གདོན་སུ་ཡང་རུང་སྟེ་རང་གི་བུ་སྨད་དེ་མ་བུ་དང་བཅས་ཤིང་གཡོག་འཁོར་གྱི་ཚོགས་རྣམས་དང་བཅས་པ་ལ། བདག་གིས་བུས་མོ་གཡས་པ་ས་ལ་བཙུགས་ནས་ནི་ལག་པ་ཐལ་མོ་སྦྱར་ཏེ༌།
ཁྱེད་རྣམས་ལ་མཆོད་པའི་ཆེད་དུ་འདིར་འབྱོན་པར་ཞུ་ཞེས་གསོལ་བ་འདེབས་ཀྱིས། གསོལ་བ་བཏབ་པའི་ཚིག་གསན་ནས་གནོད་པའི་བསམ་སྦྱོར་མེད་པར་ཕན་གདགས་པའི་སླད་དུ་གནས་འདིར་མྱུར་དུ་བྱོན་ཤིག་ཅེས་སོ། །སྔགས་ནི། ཨོཾ་ཨེ་
ཧྱེ་སོགས་ཏེ། ཨེ་ཧི་ཨ་ཧི་གཉིས་མཚམས་སྦྱར་བས། ཨེ་ཧྱེ་ཧི་སྟེ་ཚུར་ཤོག་གམ་བྱོན་གཉིས། ལོ་ཀ་ཀཱ་ར་ཡ་ནི་འཇིག་རྟེན་བྱེད་པ། དེ་བ་ལྷ། ནཱ་ག་ཀླུ། གནྡྷརྦ་དྲི་ཟ། ཨ་སུ་ར་ལྷ་མིན། ག་རུ་ཌ་མཁའ་ལྡིང༌། གིནྣ་ར་མིའམ་ཅི། མ་ཧོ་ར་ག་ལྟོ་
འཕྱེ་ཆེན་པོ། །མ་ནུ་ཥ་མི། ཨ་མ་ནུ་ཥ་མི་མ་ཡིན། ས་པཱ་རི་ཝ་ར་འཁོར་བཅས། ས་མ་ཡེ་དམ་ཚིག་ཅན་ནོ། །འདིར་མ་ནུ་ཥ་ཞེས་མི་བགྲང་བྱུང་ཡང་གདོན་ནམ་སྡེ་བརྒྱད་ལ་གཏོར་མ་འབུལ་བའི་སྐབས་སུ་མི་འདྲེན་པ་མི་འཐད་པ་ལྟར་སྣང་ཡང༌།
ལྷ་དང་ལྷ་མིན་ཞེས་སོགས་ཀྱི་སྤྱན་འདྲེན་འདི་དང༌། འབྱུང་པོ་གང་དག་ཞེས་སོགས་ཀྱི་གཞུང་གཉིས་ཀ་རྒྱ་གཞུང་དག་དང༌། ཁྱད་པར་དུ་དཔུང་བཟང་གིས་ཞུས་པའི་རྒྱུད་ལས་འབྱུང་བས་མ་དག་པར་འཇོག་མི་ནུས་སོ། །དེས་ན་འདི་ནི་གདོན་འཆད་པའི་
@008A ༄༅། །ཞར་བྱུང་ཙམ་དུ་གསུངས་པར་བྱ་དགོས་སོ། །འདིར་སྡེ་བརྒྱད་ལ་གཏོར་མ་འབུལ་བར་བཤད་ཅིང༌། འོག་ཏུ་གཤེགས་གསོལ་གྱི་སྐབས་སུ་ཡང་སྡེ་བརྒྱད་གཤེགས་པར་བསམ་ཞེས་འབྱུང་བས་སྡེ་བརྒྱད་འདྲེན་ཚུལ་ཇི་ལྟར་བྱ་སྙམ་
ན། སྡེ་བརྒྱད་ཀྱི་གྲངས་འདྲེན་ཚུལ་མི་འདྲ་བ་གསུམ་མཐོང་ཡང༌། གཞུང་འདིའི་ཚིག་ཟིན་གྱི་གོ་རིམ་དང་སྦྱར་ན༌། ལྷའི་སྡེ༌། ཀླུའི་སྡེ༌། གནོད་སྦྱིན་གྱི་སྡེ༌། དྲི་ཟའི་སྡེ། ལྷ་མིན་གྱི་སྡེ༌། ནམ་མཁའ་ལྡིང་གི་སྡེ༌། མི་འམ་ཅིའི་སྡེ༌། ལྟོ་འཕྱེ་ཆེན་
བོའི་སྡེ་སྟེ་བརྒྱད་དོ། །མཇུག་གི་མི་དང་མི་མ་ཡིན་ཞེས་པའི་མི་ནི་ཞར་བྱུང་དང༌། མི་མ་ཡིན་ཞེས་པས་མི་མ་ཡིན་གྱི་གདོན་རིགས་ཀུན་སྡུད་པ་ལ་བྱས་ན་ལེགས་པར་སེམས་སོ། །སྤྱན་དྲངས་ནས་རང་རང་གི་མིང་བརྗོད་པའི་མཐར་མཆོད་ཡོན་དང༌།
གདན་འབུལ་བ་དང༌། ཉེར་སྤྱོད་རོལ་མོ་དང་བཅས་པ་ཕུལ་ནས༌། མཚན་སྔགས་ཀྱི་མཐར་ན་མཿ སརྦ་ཏ་ཐཱ་ག་ཏ་བྷྱོ་ཞེས་སོགས་ལན་གསུམ་གྱིས་གཏོར་མ་འབུལ་ཞིང༌། སྔགས་ཀྱི་དོན་ནི་གོང་དུ་བཤད་ཟིན་ཏོ། །དེ་ནས་འཕྲིན་ལས་བཅོལ་བ་
ནི། གདོན་གྱི་རིགས་གྲངས་མེད་པས་རེ་རེ་ནས་མིང་གིས་སྨོས་སུ་མི་ལང་བས༌། གནས་ཀྱི་སྒོ་ནས་བརྗོད་དེ་འཕྲིན་ལས་བཅོལ་བ་ནི། སྤྱིར་འབྱུང་པོ་ཞེས་པའི་སྒྲ་ནི་དོན་བདུན་ལ་འཇུག་པར་བཤད་ཀྱང༌། །འདིར་མི་མ་ཡིན་ཞེས་པའི་དོན་དུ་བྱ་སྟེ༌།
འབྱུང་པོ་མི་མ་ཡིན་གདོན་གྱི་རིགས་གང་དག་རི་རབ་ཀྱི་སྟེང་སྦྱིན་གནས་པ་དང༌། ལྟ་ན་སྡུག་གི་བྱང་ཕྱོགས་དགའ་བའི་ཚལ་དང༌། ཆོས་བཟང་ལྷའི་འདུན་ས་སོགས་ལྷའི་གནས་རྣམས་དང༌། ཤར་ནུབ་ཀྱི་རི་དང༌། ཉི་མ་དང་ཟླ་བའི་གཞལ་མེད་ཁང་
@008B དང༌། གཞུ་ཁྱིས་ལ་སོགས་པའི་ཁྱིམ་བཅུ་གཉིས་རྣམས་དང༌། གསེར་གྱི་རི་བདུན་ལ་སོགས་པ་རི་བོ་ཀུན་ལ་གང་དག་གནས་པ་དང༌། ནོར་བུ་རིན་པོ་ཆེའི་གླིང་ན་ལྷག་པར་གང་དག་གནས་པ་དང༌། གངྒཱ་དང་པཀྵུ་ལ་སོགས་པའི་ཆུ་བོ་ཆེན་པོ་ཀུན་དང༌།
ཆུ་པོའི?་མདོ་ཆུ་རྣམས་འདུས་པའི་རྒྱ་མཚོ་རྣམས་དང༌། མཚོ་ཕྲན་དང༌། རྫིང་བུ་དང༌། ལྟེང་ཀ་དང༌། ཆུ་དོགས་ཏེ་ཁྲོན་པ་དང༌། གཡའ་ཆུ་དང༌། སིལ་མ་ཅན་ཏེ་ཚ་གདུང་སེལ་ནུས་པའི་བསིལ་ཆུ་ན་གནས་པ་དང༌། སྐྱེ་བོ་གནས་པའི་གྲོང་དང༌། ཕྱུགས་
གནས་པའི་ལྷས་དང༌། མི་མེད་པའི་གྲོང་ཁྱེར་སྟོང་པ་དང༌། ཁང་སྟོང་དང༌། ལྷའི་ཁང་པ་དང༌། གཙུག་ལག་ཁང་ཆེན་པོ་དང༌། མཆོད་རྟེན་ཞིག་པོའི་གནས་རྣམས་དང༌། དཀའ་ཐུབ་པའི་གནས་དང༌། གླང་པོ་ཆེའི་བྲེས་རྣམས་དང༌། རྒྱལ་པོའི་
དཀོར་མཛོད་ཀྱི་ཁང་པ་དག་ན་གང་དག་གནས་པ་དང༌། ལམ་སྲང་སུམ་མདོ་དང༌། བཞི་འདུས་པའི་བཞི་མདོ་དང༌། གང་དག་ཤིང་རྟའི་འཁོར་ལོ་བཞི་དང་ལྡན་པས་བགྲོད་པར་བྱས་པའི་ལམ་པོ་ཆེ་དང༌། ཤིང་གཞན་གྱི་གྲིབ་མས་མི་ནོན་པ་གཅིག་བོར་
གྱུར་བའི་ཤིང་གཅིག་པ་དང༌། དུར་ཁྲོད་ཆེན་པོ་དག་དང༌། ནགས་ཚལ་ཆེན་པོ་དང༌། སེངྒེ་དང་དྲེད་དང་སྟག་ལ་སོགས་པ་གཅན་གཟན་གྱི་གནས་དག་དང༌། སྐྱེ་བོས་དབེན་པའི་འབྲོག་ཆེན་དགོན་པ་འཇིགས་སུ་རུང་བར་གང་དག་གནས་པ་དང༌། གང་
དགས་ཛེས་ཤིང་ཡིད་དུ་འོང་བའི་གླིང་མཆོག་དག་ན་གནས་པ་དང༌། ལྷུན་པོའི་སྒྲས་བརྗོད་པ་རི་རབ་མནྡ་རའི་དུར་ཁྲོད་དག་ན་གནས་པ་རྣམས་ཏེ༌། དེ་རྣམས་རབ་ཏུ་ཡིད་དགའ་ཞིང་མགུ་བར་གྱུར་ནས༌། མེ་ཏོག་གི་ཕྲེང་བ་དང༌། བདུག་སྤོས་དང༌། བསྟོད་པ་
@009A ༄༅། །དང༌། གཏོར་མ་དང༌། མར་མེ་དང་བཅས་པ་བདག་གིས་གུས་པས་འབུལ་ལགས་ན༌། འདི་དག་བཏུར་ཞིང་ལེགས་པར་གསོལ་ཞིང་བཞེས་ནས་ཀྱང༌། བདག་གིས་བསྒྲུབ་པའི་ལས་འདིའི་འབྲས་བུ་མཆིས་པར་མཛོད་ཅིག
ཅེས་པའོ། །གསུམ་པ་ལ་བགེགས་འགུག་པ་ནི༌། གོང་དུ་ཧཱུཾ་མཛད་ཀྱི་བསྐྱེད་ཆོག་མ་བྱས་ན་འདིར་སྐད་ཅིག་གིས་དེར་བསྒྱུར་ཏེ་འདོད་རྒྱལ་གྱི་ཕྱག་རྒྱ་བྱས་ནས༌། སངས་རྒྱས་ཀྱི་བདེན་པ་དང་ཞེས་སོགས་བརྗོད་པར་བྱས་ནས་བགེགས་ཀྱི་
རིགས་གང་འགུག་འདོད་པ་རྣམས་སྐད་ཅིག་ཐང་ཅིག་ཡུད་ཙམ་ལ་འདིར་མཆིས་པར་གྱུར་ཅིག །ཨོཾ་ཊ་ཀྐི་ཧཱུཾ་ཛཿ ཞེས་བརྗོད་པས་མདུན་དུ་བཀུག་པར་བསམ༌། ཊ་ཀྐི་ནི་འདོད་པ་སྟེ༌། འདོད་རྒྱལ་གྱི་མཚན་ཟར་དང༌། ཧཱུཾ་ནི་དེའི་ས་བོན༌། ཛཿ
ནི་འགུག་སྔགས་སོ། །ཨོཾ་གུང་ཀ་རི་གུང་ཀ་རི་སྭཱ་ཧཱ་ཞེས་པའི་གུང་གཉིས་ནི། སྲིན་པོའི་མིང་ངམ་ས་བོན་ཡིན་ལ༌། ཀ་ར་ན་བྱེད་པ་ཞེས་སོ། །པི་ཙི་ནི་བི་ཙི་ནི་འཇམ་པོ་འཇམ་པོ་སྟེ་ཤ་ཟའི་མིང་དུ་བཤད་ཅིང༌། གུང་གུང་ནི་འབྱུང་བོར་
བགེགས་སྤྱིའི་མིང་ངོ། །ས་པཱ་རི་ཝ་ར་སོགས་ནི་སྔར་བཤད་ཟིན་ཅིང༌། མཆོད་ཡོན་དང༌། གདོན་དང༌། ཉེར་སྤྱོད་རོལ་མོ་དང༌། སྔགས་ཀྱིས་གཏོར་མ་འབུལ་ཞིང་དོན་ནི་སྔར་ལྟར་རོ། །དེ་ནས་འཕྲིན་ལས་བཅོལ་ཏེ་གཤེགས་པར་ཞུ་བའོ་
གཞུང་འདི་རྒྱ་གཞུང་དུ་མ་ལས་འབྱུང་བས་དོན་ནི༌། བགེགས་ཀྱི་རིགས་གང་ཞིག་མཚན་མོ་རྒྱུ་བ་ཡི་འབྱུང་པོ་དང༌། ཤ་ཟ་དང༌། སྲིན་པོ་ཤ་རྗེན་ཟ་བ་དང༌། དེ་སོགས་སེམས་ཅན་བགེགས་ཀྱི་རིགས་རྣམ་པ་སྣ་ཚོགས་དང༌། ལྗོན་ཤིང་ཆེན་པོ་
@009B དང༌། ཕྲན་བུ་ཤིང་གེལ་བ་ལ་སོགས་ན་གནས་པ་དེ་དང་དེ་ལ་གཏོར་མ་ནི༌། བཟའ་བའི་ཟས་ཤ་དང་ཆང་དང་ལ་ཕུག་དང་བཅས་པ་དང༌། འབྲས་དང་ཤིང་ཏོག་གི་འབྲས་བུ་མང་པོ་དང་བཅས་པའི་མཆོད་པ་འདི་ཡིས་ཡིད་མགུ་བར་བྱོས་ལ༌། གནོད་པའི་
བསམ་སྦྱོར་ངན་པ་ཞི་བ་དང༌། བདག་ཅག་རྣམས་ལ་ཕན་པའི་ཡིད་ནི་དེ་རིང་ཕན་ཆད་བསྐྱེད་པར་གྱིས་ཤིག །སྐྱེས་བུ་གང་ཞིག་ལུས་རྒྱན་གྱིས་བརྒྱན་པར་བྱས་ནས་ཡིད་ཆོས་ལ་སྤྱོད་ཅིང༌། སེམས་དུལ་ཞིང་མི་མཐུན་ཕྱོགས་ལས་ཡང་དག་པར་
བསྡོམ་ལ་ཚངས་པར་སྤྱོད་ཅིང༌། འབྱུང་པོ་སེམས་ཅན་ཀུན་ལ་གནོད་པའི་ཆད་པ་སྤངས་པ་གང་ཡིན་པ་སྟེ༌། དེ་ཉིད་རབ་ཏུ་བྱུང་ངམ་མ་བྱུང་གང་ཡིན་ཀྱང་དོན་གྱི་དགེ་སློང་དང་དགེ་སྦྱོང་དེ་ཡིན་ཞིང༌། བྲམ་ཟེ་བཟང་པོ་ཡང་དེ་ཡིན་ནོ། །ད་ལྟའི་ཤ་
རུས་བརྡོས་བཅས་ཀྱི་ལུས་འདི་ལྟ་བུ་དང་ལྡན་པའི་གང་ཟག་ལ་མཚོན་ཆས་མི་འཇིགས་ཤིང་མི་སྐྲག་པ་གང་ཡང་མེད་དེ༌། འཚོ་བའི་སྲོག་ལ་ཀུན་ཀྱང་མཚོན་ལ་འཛེམ་མོ། །དེའི་ཕྱིར་གནོད་བྱེད་ཁྱེད་ཅག་རང་གི་ལུས་སྲོག་ལ་གཙེས་འཛིན་
གྱིས་གནོད་པ་ཀུན་ལ་འཛེམ་པར་བྱེད་པའི་དཔེ་ལོང་ལ༌། སེམས་ཅན་གཞན་གྱི་ལུས་སྲོག་ལ་གནོད་པ་མ་བྱེད་ཅིག་ཅེས་སོ། །ཨོཾ་ཆེན་པོ་འམ་ཞེས་སོགས་ཏེ༌། བགེགས་ཁྱེད་རྣམས་ཀྱིས་སེམས་ཅན་གྱི་རིགས་ལས་གང་ཟག་ཆེན་པོའམ་ཆུང་ངུ་
གང་དག་གི་ལུས་ལ་མངོན་པར་གནོད་པར་གྱུར་བའི་ནད་དེ་ཉེ་བར་ཕྱུང་ནས་སུ་གདོན་དེ་ཁྱེད་རྣམས་རང་གི་གནས་སུ་དེངས་ཏེ་སོང་ཞིག །གཤེགས་གསོལ་དེས་ཀྱང་ཆོག་མོད༌། ཅུང་ཟད་སྤྲོས་པ་ནི༌། དེ་ལྟར་བདག་གིས་ཅི་ནུས་ཀྱི་སྒོ་ནས་ཁྱེད་
@010A ༄༅། །རྣམས་ལ་མཆོད་པ་དང་བསྙེན་བཀུར་བྱས་པ་ཡི་སྟོབས་ཀྱིས་ཁྱེད་རྣམས་མི་གནོད་ཅིང་ཕན་བསྒྲུབ་པའི་དམ་ཚིག་ལ་གནས་ནས་སུ༌། ཕྱིན་ཆད་བདག་ཅག་གི་འདོད་པའི་རེ་བ་བསྐང་བར་མཛོད་ཅིག །རྟག་ཏུ་དེ་ལྟ་བུའི་
དམ་ཚིག་ལ་གནས་ཤིང་འདིར་ནི་སྦྱིན་བདག་སོགས་ཆེ་གེ་མོ་འདི་ཞེས་བྱ་བ་ཞིག་གི་ནད་དེ་ཉེ་བར་སོལ་མཛོད་ལ༌། དེ་གདོན་བགེགས་རྣམས་རང་གི་གནས་སུ་དེངས་ཏེ་སོང་ཞིག་ཅེས་སོ། །གསུམ་པ་ལ་ཐོག་མར་བགེགས་གཤེགས་པ་ནི།
སརྦ་བི་གྷྣཾ་གཙྪ་ནི་བགེགས་ཐམས་ཅད་སོང་ཞེས་པ་སྟེ༌། བགེགས་རྣམས་རང་གནས་སུ་གཤེགས་པར་གྱུར་བར་བསམ༌། དེ་ནས་སྔགས་བརྗོད༌། མཆོད་ཡོན་ཕུལ་བས་གཙྪ་ཞེས་དང༌། སྡེ་བརྒྱད་རང་གནས་སུ་གཤེགས་པར་གྱུར་
བར་བསམ༌། དེ་ནས་རང་རང་གི་མཚན་སྔགས་བརྗོད་ཅིང༌། མཆོད་ཡོན་ཕུལ་ཏེ་གཙྪ་ཕྱོགས་སྐྱོང་འཁོར་བཅས་རང་གནས་སུ་གཤེགས་པར་གྱུར་བར་བསམ༌། དེ་ནས༌། ན་མཿ ས་མནྟ་ཞེས་སོགས་ལན་གསུམ་གྱིས་ཡི་དགས་ལ་
གཏོར་མ་སྦྱིན་པར་བྱའོ། །སྤྱན་འདྲེན་གྱི་རིམ་པའི་དབང་དུ་བྱས་ན་ཕྱོགས་སྐྱོང་སྔོན་དུ་གཤེགས་རིགས་ཀྱང༌། འདིར་བགེགས་སྔོན་ལ་གཤེགས་པ་ནི་གཏོར་མ་ཕུལ་བའི་འཕྲོར་འཇུག་པ་བདེ་བ་དང༌། ཡང་བགེགས་གནོད་སེམས་
ཆེ་བས་སྔོན་དང༌། དེ་ནས་གདོན་དང༌། དེ་ནས་ཕྱོགས་སྐྱོང་གཤེགས་པའོ། །བགེགས་རྣམས་ནི་གདོན་གྱི་རིགས་ཡིན་ཀྱང་གདུག་སེམས་ཆེ་བ་འགའ་ཞིག་བྱེ་བྲག་ཏུ་བཀར་བར་སྣང་ངོ། །འཁོད་པའི་རིམ་པ་ནི་ཕྱོགས་སྐྱོང་རྣམས?་
@010B ན་དངོས་དང༌། གཞན་གཉིས་དེའི་ཕྱི་རོལ་ཆུ་རིམ་པར་གནས་པར་བསམ་པར་བྱ་སྟེ༌། སྟེང་འོག་ཏུ་བསྒོམ་ན་ཕྱོགས་སྐྱོང་རྣམས་སྟེང་དུ་བསམ་དགོས་ཤིང༌། དཀྱིལ་འཁོར་སྒྲུབ་པའི་སྐབས་ཡིན་མིན་ལྟ་བུ་ལ་ཁྱད་པར་ཤེས་དགོས་སོ། །མཇུག་ཏུ་
དཀྱིལ་འཁོར་ཆེན་པོ་ཞེས་སོགས་ཀྱིས་བཀའ་བསྒོས་ཀྱང་མི་རུང་བ་མི་སྣང་ཡང༌། གཤེགས་ཟིན་པའི་མཇུག་ཏུ་བཀའ་བསྒོ་བཞི་ཅུར་མི་འབྲེལ་བས༌། མཚམས་གཅོད་དང་ཟློག་པ་བྱས་ན་ལེགས་སོ།། ༧༌།།
གཉིས་པ་འཕྲོས་བཤད་པ་ནི༌། ནད་པ་ལྟ་བུའི་རིམ་གྲོལ་ཆ་གསུམ་གཏོང་བར་བྱས་ན་ལེགས་པར་མ་ཟད༌། བགེགས་གཏོར་བཏང་ན་ཕན་ཁྱད་ཆེ་བས་ཅུང་ཟད་བརྗོད་ན༌། བགེགས་གཏོར་གསུམ་དང༌། ཏིང་ལོ་ཆང་བུ་དང་བཅས་པ་ལྟ་ཡོན་བྱ༌། ནད་པའི་ཆེད་དུ་གྲུད་རྒྱན་ཅན་
དང༌། མདུན་དུ་གཏོར་མ་དང༌། ཏིང་ལོ་ཆང་བུ་རིལ་བུ་མཐིབ་ཀྱུ་འབྲུ་དར་སོགས་ཅི་འགྲུབ་བྱས་ཏེ༌། རང་ཉིད་ཧཱུཾ་མཛད་དམ༌། འཇིགས་བྱེད༌། ཕྱག་རྡོར༌། རྟ་མགྲིན་ལྟ་བུ་ཡ
དོན་མེད་མུ་ཅོར་སྨྲ་བ་པདྨ་དང་། ཨ་རོགས་ཁམས་ཕྲུག་ལགས།
གངས་ཅན་ཤིང་རྟའི་སྲོལ་འབྱེད་ཙོང་ཁ་བ།།
དངོས་སྟོབས་རིགས་པའི་དབང་ཕྱུག་རྒྱལ་ཚབ་རྗེ།།
མདོ་སྔགས་བསྟན་པའི་བདག་པོ་མཁས་གྲུབ་རྗེ།།
རྒྱལ་བ་ཡབ་སྲས་གསུམ་ལ་གུས་ཕྱག་འཚལ།།
ཞེས་དེ་རིང་དགའ་ལྡན་ལྔ་མཆོད་དུས་བཟང་ཁྱད་པར་ཅན་འདིར་ཁྱེད་གཉིས་བསླེབས་ནས་འཇམ་དབྱངས་མི་ཡི་རྣམ་རོལ་རྗེ་ཙོང་ཁ་བ་ལ་བསྟོད་པ་ཞིག་འབྲི་རྒྱུར་ཕར་ཞོག །རྗེ་ཙོང་ཁ་བའི་བླ་ན་མེད་པའི་མཁྱེན་པ་དང་བླ་ན་མེད་པའི་མཛད་པ། ཀུན་ལས་འཕགས་པའི་ཡོན་ཏན་ལ་བསྔགས་པ་རྗེ་བླ་མའི་བསྟོད་པ་དད་པའི་དྲི་བསུང་འཐུལ་བའི་སྤོས་ཀྱི་རྫིང་བུ་འདི་གོང་གི་བརྗོད་གཞི་དང་འབྲེལ་བ་ཡིན་སྟབས་ཕུལ་བ་ལ་མ་དགའ་བའི་ཕྲག་དོག་དང་ཟུར་ཟ། བརྙས་སྨོད་དང་སྡིགས་སྨོད་ཀྱིས་ཡ་ལན་སྤྲད་དེ་ང་ནི་ཅེར་གྱིས་མནན་སོང་། ཡོན་ཏན་ལ་ཡོན་ཏན་དུ་མི་མཐོང་བ་ནི་རྒྱལ་འགོང་སྙིང་ལ་ཞུགས་པ་མིན་ན་ཅི་རེད། གོང་གི་བརྗོད་གཞི་དང་མ་འབྲེལ་བའི་རྣོག་གཏམ་མ་མོ་གདོན་གྱི་ཆོ་འཕྲུལ་བསྟན་སོང་ང་།
ལེགས་བཤད་ལགས།
སྒེར་གྱི་འབོད་སྐུལ་ཞིག་ཞུ་རྒྱུ་ཡོད། ང་རང་གསང་སྔགས་རྙིང་མའི་རིང་ལུགས་ཀྱི་བྱིན་བརླབས་ཕོག་པའི་བླ་མ་དྲིན་ཅན་དག་གི་བཀའ་དྲིན་འོག་ལ་འཚར་ལོངས་བྱུང་བ་དང་། རྗེས་སུ། གོང་ས་སྐྱབས་མགོན་རིན་པོ་ཆེའི་རིས་མེད་ཀྱི་གཞན་དོན་སྤྱོད་པར་ཡིད་དབང་འཕྲོག་ནས། ཆོས་རྒྱུད་ཚང་མར་དག་སྣང་ལོ་མང་སྦྱོང་བའི་གོ་སྐལ་ཐོབ་ནས། ད་རེས་འབྲས་སྤུངས་དང་དགའ་ལྡན་ལ་ལམ་རིམ་གྱི་ལུང་ཁྲིད་ཞུ་བའི་སེམས་སྐྱེད་སྐྱེས་ནས་གསུང་ཆོས་ཞུ་བཞིན་ཡོད་ལ། རྒྱལ་བ་རིན་པོ་ཆེས་ཞར་དང་ཞོར་ལ་ནང་པའི་གསུང་རབ་རྣམས་རང་ལ་གདམས་པ་ལྟ་བུའི་འདུ་ཤེས་ཀྱིས་ཉོན་མོངས་ལས་རྣམ་པར་རྒྱལ་ཆེད་ལུང་རིགས་ཀྱིས་རྩད་གཅོད་དགོས་ཚུལ་གསུངས་པར་ཤིན་དུ་ནས་ཡི་རངས་ཡོད།
འོན་ཀྱང་། ཁྱེད་ནས་འདིར་དགེ་བཤེས་ཤེར་རྒྱམ་གྱི་རྩོད་རྙོག་ཅན་གྱི་རྩོམ་འདི་འདིར་བཞག་པ་འདིར་ཅུང་སེམས་ལ་ན་ཟུག་ཐེབས། ཁྱེད་ལྟ་བུ། རྗེ་ཙོང་ཁ་པའི་གཞུང་ལུགས་ལ་ཐོས་རྒྱ་ཡོད་པ་ཞིག་གིས། དཔྱད་པ་དང་དཔྱོད་རྒྱངས་ཅུང་ཙམ་མེད་པར་རྩོད་རྙོག་ཅན་གྱི་རྩོམ་འདི་འདྲ་ཞིག་འདི་ལ་བཞག་པར་བློ་ཕམ་ཡོད། རྒྱུ་མཚན་ནི། རྗེ་རིན་པོ་ཆེའི་མན་ངག་བོད་ཀྱི་བླ་མ་གཞན་གྱི་ངག་ནས་མི་ཡོང་བ་ཞིག་ནི། རྣམ་དཔྱོད་དང་རིགས་པར་བརྟེན་ནས་སངས་རྒྱས་གྲུབ་པ་དེ་ཡིན་སྟབས། ཁྱེད་ནས་རྣམ་དཔྱོད་དང་དཔྱད་པ་མ་བྱས་པར་ལམ་གསེང་རྩོམ་འདི་འདྲ་ཞིག་ལ་དད་པ་ཤོར་བ་ནི། ཁྱེད་ཀྱི་རིགས་པ་ལ་བར་ཆད་ཤོར་བ་མ་ཡིན་ནམ།
རྗེ་རིན་པོ་ཆེས་མཁས་གྲུབ་རིན་པོ་ཆེའི་འདྲི་ལན་ལ། རྫོགས་པ་ཆེན་པོའི་ཆོས་འདི་ས་ལམ་མཐོན་པོར་ཆོད་པའི་གསང་སྔགས་ཀྱི་གཞུང་ཞིག་ཡིན་པ་དང་། ལམ་འདི་ལ་བརྟེན་ནས་སྐྱེས་ཆེན་དུ་མ་སངས་རྒྱས་ཀྱི་ས་ལ་ཕེབས་པས་ན། དེ་ལ་སྐྱོན་ཤོར་ན། ཤིན་དུ་ནས་སྡིག་པ་ཆེ་བ་ཞེས། མཁས་གྲུབ་རྗེའི་གསུང་ཐོར་བུའི་ནང་ལ་གསལ་པོ་འདུག་པས། རྗེ་རིན་པོ་ཆེའི་དགོངས་པར་གཞིགས་ན། དགེ་བཤེས་ཤེར་རྒྱམ་ནོར་འདུག
ལྷག་པར་དུ། ལྷོ་བྲག་གྲུབ་ཆེན་གྱི་གསུང་རྣམ་ནང་ལ། རྗེ་རིན་པོ་ཆེས་གསང་སྔགས་རྙིང་མའི་ཆོས་སྐོར་མང་པོ་གསན་འདུག། ལྷག་པར་དུ། རྗེ་རིན་པོ་ཆེའི་ཕྱག་རྡོར་གྱི་ཆོས་སྐོར་རྣམས་རྙིང་རྒྱུད་ཡིན་པ་གསལ་པོ་རེད།
ཁྱེད་ནས་འདི་བསམ་བློ་དང་དཔྱད་པ་གནོངས་རོགས།
མ་ཟད། གོང་ས་སྐུ་འཕྲེང་བཅུ་གསུམ་པས། དགེ་ཤེས་ཤེར་རྒྱམ་ལྷ་ས་ནས་རྒྱང་ཕུད་བཏང་སྟབས། ཁོང་དེ་ལ་ཡིད་མ་རངས་པར། སྔོན་ལ་རྒྱ་གོ་མིན་ཤོག་ཁག་དང་ལག་སྦྲེལ་དང་རྗེས་ལ་རྒྱ་དམར་དང་ལག་སྦྲེལ་བཏང་བ་ལོ་རྒྱུས་ནང་གསལ་པོ་འདུག། ང་ཚོས་རྗེ་རིན་པོ་ཆེའི་གསུངས་ལ་རྒྱབ་གཏད་ཀྱིས། རྩོད་རྙོག་ཅན་གྱི་དགེ་བཤེས་ཁོང་གི་རྩོམ་ལ་དད་པ་ཡོད་ཁུལ་བྱས་ནས། རྗེ་རིན་པོ་ཆེའི་བསྟན་པར་ཤིན་དུ་ནས་རྨ་སྦྱིན་པ་མ་ཡིན་ནམ།
རྗེ་ཙོང་ཁ་བས་བསམ་གཟུགས་ཀྱི་ནང་དུ་་་་་་
རྫོགས་ཆེན་ལ་སྤྱོད་པ་ན་་་ལེགས་ན་གཟུགས་མེད་གནས་སུ་སྐྱེ་བྱེད་དང་་་ཉེས་ན་དུད་འགྲོའི་གནས་སུ་སྐྱེ་བྱེད་ཡིན་པར་ཅིག་གསུངས་འདུག་པ་དྲན་ལམ་དུ་ཅུང་ཙམ་འདུག་དེ་འདྲ་རང་ཡོད་དམ། ལེགས་བཤད་ནས་དེ་ལྟར་གཟིགས་ཡོད་གསལ་འགྲེལ་ཞིག་གནང་རོགས་ཞུ་བཞིན་ཡོད།
བཀྲ་ཤིས་ལགས། ཆོས་དང་ཆོས་མིན་གྱི་རྣམ་དབྱེ་འབྱེད་མ་ཤེས་ན་ཆོས་ཞུ་བར་ཡོང་རུང་ཁ་སྟོང་ནང་གི་ཚིག་སྟོང་མ་རེད་དམ། ནམ་རྒྱུན་གོང་ས་མཆོག་གིས་གསུངས་བ་ལྟར་རིགས་པ་དང་འགལ་བའི་གྲུབ་མཐའ་ཁས་ལེན་ན་སྨྲ་བ་པོ་ཚད་མའི་མི་རུང་ཞེས་པ་ལྟར་རིགས་པ་དང་འགལ་མི་འགལ་དཔྱད་དགོས་པ་རེད།
མཁས་གྲུབ་དགེ་ལེགས་དཔལ་བཟང་གིས།
ཚིག་སྤྱིའི་བཤད་སྒྲུབ་རྟགས་ཀྱི་དགེ་སྦྱོང་གིས།།
ཐུབ་བསྟན་མིང་ཙམ་ལྷག་མར་གྱུར་པའི་དུས།།
བསླབ་གསུམ་ལུང་རྟོགས་རྒྱལ་བའི་དམ་ཆོས་ཀུན།།
ཁྱོད་ཀྱིས་ཉིན་མོར་མཛད་ལ་གསོལ་བ་འདེབས།།
འདི་ལ་འགྲེལ་བཤད་ཇི་ལྟར་རྒྱག་དགོས།
བན་དེ་བ་ལགས། ས་སྐྱ་པཎ་ཆེན་གྱིས།
བླུན་པོས་ཕྱག་རྒྱ་ཆེ་སྒོམ་པས།།
ཕལ་ཆེར་དུད་འགྲོའི་རྒྱུ་རུ་འགྱུར།།ཞེས་པ་འདི་མིན་ནམ།
ལམ་རིམ་ལས། རྒྱ་ནག་གི་མཁན་པོ་ཧྭ་ཤང་གིས་རྟོག་པ་གང་ཡིན་ཐམས་ཅད་མཚན་འཛིན་དུ་བཟུང་ནས་སོ་སོར་རྟོག་པའི་ཤེས་རབ་དོར་ཏེ་ཅི་ཡང་ཡིད་ལ་མི་བྱེད་པ་ཟབ་མོའི་དོན་སྒོམ་པར་འདོད་པ་དང་ལུགས་འདི་ཡི་རྗེས་སུ་འབྲངས་བ་ནི་ཤིན་ཏུ་མང་བར་སྣང་ངོ་ཞེས་གསུངས་བ་ལྟར་ཧྭ་ཤང་གི་ལུགས་ངན་དང་བསྲེས་ནས་ལྟ་བ་མཐོན་པོར་རློམ་པ་དེ་འདྲ་ལ་ཟེར་བ་ཡིན་རྒྱུ་རེད།
ཇོ་བོ་བཀའ་གདམས་པས།
དགེ་བའི་བཤེས་གཉེན་གྱི་མཆོག་མཚང་ལ་རྒོལ་བ་ཡིན།
བཙུན་པའི་མཆོག་སེམས་རྒྱུད་ཐུལ་བ་ཡིན།
གདམས་ངག་གི་མཆོག་རྟག་ཏུ་རང་སེམས་ལ་བལྟ་བ་ཡིན།
ས་པཎ་གྱིས་བཀའ་བརྒྱུད་པར་ཟུར་ཟ་མང་། དཔེར་ན་། བླུན་པོའི་ཕྱག་རྒྱ་ཆེ་སྒོམ་པ། ཕལ་ཆེར་དུད་འགྲོའི་རྒྱུ་རུ་འགྱུར། ཞེས་དང་། མར་པ་ལོ་ཙྪ་བར་རྡོ་རྗེ་ཕག་མོའི་གདམས་པ་མེད་ཚུལ་གསུངས་པ་དང་། གངས་ཏི་སེ་མདོ་ནས་གསུངས་པའི་གནས་ཆེན་མིན་ཚུལ་གསུངས་ཡོད།
བཀྲ་ཤིས་ལགས། དགེ་བཤེས་ཤེར་རྒྱམ་རྒྱལ་དབང་བཅུ་གསུམ་པས་ལྷ་ས་ནས་རྒྱང་ཕུད་བཏང་བ་རེད་ཅེས་འདི་འདྲའི་རྫུན་གཏམ་དང་ལོ་རྒྱུས་ན་གསལ་བོ་འདུག་ཅེས་རྒྱལ་དབང་བཅུ་གསུམ་པར་དོན་མེད་པའི་སྒྲོ་འདོགས་བཤད་ཕོད་དམ། རྒྱང་ཕུང་བཏང་བའི་རྒྱུ་རྐྱེན་གང་ཡིན་ནམ། དོན་མེད་པའི་ག་ལོག་ཕྱིན་ཅི་ལོག་འདི་འདྲ་སེམས་ལ་འཆར་ཡང་ཁ་ནས་བརྗོད་ཐུབ་བམ། ཁོང་ནི་ངེས་དོན་གྱི་དགེ་བའི་བཤེས་གཉེན་ཆེན་པོ་རྒྱལ་དབང་བཅུ་གསུམ་པའི་མཚན་ཞབས་པ་རེད། ལོ་ངོ་བཅུ་གསུམ་རིང་ནོར་གླིང་ཕོ་བྲང་དུ་དཀྱིལ་འཁོར་གཅིག་གི་ལྷ་ཚོགས་ལྟར་མཉམ་འདུག་བྱས་ནས་རྒྱལ་དབང་བཅུ་གསུམ་པའི་བཀའ་ལྟར་ལྷ་སའི་ཞོལ་བཀའ་འགྱུར་དང་བུ་སྟོན་རིན་པོ་ཆེའི་གསུང་འབུམ་གྱི་པར་གཞི་གསར་བཞེངས་ཀྱི་འགན་ཡོངས་རྫོགས་ཁུར་གནང་བ་རེད། ད་དུང་རྒྱལ་དབང་བཅུ་གསུམ་པའི་རྣམ་ཐར་ཁྱད་འཕགས་ཤིག་རྩོམ་འདུན་མཆིས་བའི་སྐོར་དགོངས་སྐོར་ཞུས་བར། རྟོགས་བརྗོད་རྩོམ་པའི་སྐལ་བ་ཁྱེད་རང་ལ་ཡོད་ཅེས་གནང་བ་ཐོབ་ཀྱང་རྒྱལ་དབང་མཆོག་སྐུ་ཚེ་རིང་པོར་མ་བཞུགས་པ་ཕངས་ཆེ་གསུངས། རྒྱལ་དབང་བཅུ་གསུམ་པ་སྐུ་ཚེ་རིང་པོར་མ་བཞུགས་པའི་རྒྱུ་རྐྱེན་ཁྱོད་ཀྱིས་ཤེས་ཡོད་ཀྱི་མ་རེད། (དགུ་རྫོགས་གནམ་གང་ཡིན་ད ) ཞེས་པ་འདི་སུའི་ཁ་ནས་བྱུང་བ་རེད། ཨེ་ཤེས། ལྷ་སའི་ནང་གི་སྐུ་དྲག་ནང་ཁུལ་ནས་དགེ་བཤེས་ཚང་ལ་དགའ་མི་དགའ་ཕྱོགས་ཁག་གཉིས་ཡོད་པ་སྒོ་མང་གདན་རབས་ན་གསལ། རྒྱལ་དབང་བཅུ་གསུམ་པ་ནི་གྲུབ་མཐའ་རིས་མེད་གནང་མཁན་དང་དགེ་བཤེས་ཤེས་རབ་ལགས་ལ་མཐོང་ཆེན་གནང་མཁན་དེ་གཅིག་བུ་ཡིན་པས། དགེ་བཤེས་ལགས་དོལ་ཚོགས་དང་འབྲེལ་བ་མེད་ལ། ཁོང་གི་དགེ་ཕྲུག་དགེ་འདུན་ཆོས་འཕེལ་བཀྲ་ཤིས་ཆོས་གླིང་དུ་སྐྱབས་རྗེ་ཕ་བོང་ཁའི་མདུན་དུ་ནམ་འདོད་བཅར་ཆོག་གི་ཡོད་པ་དང་། ཚུར་ཡོང་དུས་བཀའ་སྐྱོན་གང་ཡང་གནང་གི་མེད། དེ་མིན་དཔེ་ཆ་བ་གཞན་པ་བཀྲ་ཤིས་ཆོས་གླིང་ལ་བཅར་བ་ཤེས་ན། ཁང་ཚན་དགེ་རྒན་ལ་བརྒྱུད་བསྐུལ་བྱས་ནས་ཉེས་ཆད་གཏོང་གི་ཡོད་པ་རེད། དགེ་བཤེས་ལགས་རྗེ་ཕ་བོང་ཁར་སྡང་སེམས་དང་ཕྲག་དོག་ག་ལ་ཡོད་ཀྱང་། དཔེ་ཆ་བ་འགའ་ཤས་ཉམས་ལེན་གྱི་ཟོལ་ལ་ཤོར་ནས་སློབ་གཉེར་ལ་འཐུས་ཤོར་བྱུང་གིས་དོགས་ནས་དགག་བྱ་མཛད་པ་ཡིན་ངེས། ཞེས་རག་རས་དགེ་ཆོས་ཀྱི་ལོ་རྒྱུས་སུ་བྲིས་འདུག །དགེ་བཤེས་ལགས་རྒྱ་ནག་ལ་མ་ཕེབས་པའི་སྔོན་ནས་རྒྱལ་དབང་བཅུ་གསུམ་པ་དགོངས་པ་རྫོགས་ཚར་བ་རེད། གོ་མིན་ཏང་གི་གཞུང་ཚབ་དེའི་སྔོན་ནས་ལྷ་སའི་ནང་ལ་ཡོད་ཡོད་པ་རེད། ཅང་ཅེ་ཧྲིས་རྒྱ་ནག་ལ་ཕེབས་ན་འགྲོ་དོན་ཆེ་ལུགས་ཀྱི་གདན་ཞུ་ཡི་གེ་འབྱོར་བར་བརྟེན། རྒྱ་གཞུང་སྐུ་ཚབ་ཅང་ཚན་ཡེ་བརྒྱུད་དེ་འབྱོར་བ་ལྟར། དགུང་ལོ་ལྔ་བཅུ་ང་ལྔའི་ཐོག་ནན་ཅིན་དུ་ཕེབས་པ་རེད། ཅང་ཅེ་ཧྲི་གཙོ་བོར་གྱུར་བའི་ཆོས་ལུགས་པའི་ཚོགས་འདུའི་ཐོག་ཆོས་ལུགས་ལ་གང་ལ་ཡང་གནོད་འཚེ་རུ་འགྱུར་བའི་བྱ་བ་གཏན་ནས་མི་རུང་བའི་གཏམ་བཤད་སྤེལ་བ་རེད། ལྷ་སའི་ནང་ནང་ཁུལ་གྱི་རྙོག་འཛིངས་ཆེ་རུ་ཕྱིན་པ་དང་ལྷག་པར་དམར་ཕྱོགས་ཏང་གི་ཚོགས་ཆེན་ཐོག་ཞི་བའི་འཆིང་གྲོལ་དོན་ཚན་བཅུ་བདུན་ཐོག་ས་རྟགས་འགོད་དུ་འགྲོ་མཁན་གྱི་གྲས་སུ་ཚུད་པ་སྐུ་དྲག་ཁག་ཅིག་ནན་ཅིན་དུ་བསླེབས་སྐབས། དགུང་དྲོའི་གསོལ་ཚིགས་སྟེང་དགེ་བཤེས་ལགས་ཀྱིས་སྐུ་ཚབ་ཚོ་ལ་ཚོགས་གཏམ་ནམ་ལངས་བ་ཞིག་བཏང་ཡོད་ཚུལ་འབའ་ཕུན་གྱི་ལོ་རྒྱུས་ན་བཀོད་འདུག །དེ་རྗེས་ཧྲང་ཧེར་བྱང་ཆུབ་ལམ་རིམ་ཆེན་མོའི་སློབ་ཚོགས་སུ་སློབ་མ་སུམ་བརྒྱ་ལྷག་ལ་ལམ་གཙོ་རྣམ་གསུམ་གྱི་བཀའ་ཁྲིད་གནང་བ་དང་། ཤིས་ཡན་གྲོང་ཁྱེར་དུ་ཏཱ་བླ་མ་གོ་ཧྥུན་ཆིན་ནས་ཞུས་པའི་ངོར། རྗེ་རིན་པོ་ཆེའི་རྣམ་ཐར་ཚིགས་བཅད་བཅུ་བདུན་མ་མཛད་པ་དང་ཆོས་མང་དུ་གསུངས། དགེ་བཤེས་ལགས་ལྷ་ས་ལ་བཞུགས་དུས་ཀྱང་གུང་ཁྲན་ཏང་ལ་འབྲེལ་བ་གང་ཡང་མེད་པས་རྒྱལ་དབང་བཅུ་གསུམ་པས་རྒྱང་ཕུད་བཏང་བའི་རྒྱུ་རྐྱེན་གང་ཡང་མེད་ལ་ཁུངས་མེད་ཀྱི་བཤད་ཡམས་ཀྱི་འགོས་ནད་ཅིག་བཀྲ་ཤིས་ལ་བྱུང་ཡོད་པ་འདྲ།
ལེགས་བཤད་གཏམ་བདེན་པར་སྣང་། རྒྱལ་དབང་བཅུ་གསུམ་པ་ཆེན་པོ་མཁས་པ་ལ་ཐུགས་དགྱེས་པས། དགེ་བཤེས་ཤེས་རབ་རྒྱ་མཚོ་བོད་དབུས་སུ་བཞུགས་པ་འདེམས་འོས་ཀྱང་། དགེ་བཤེས་ཁོང་ཐུགས་ཕམ་པའི་སྒོ་ནས་བོད་ནས་རྒྱ་ནག་ལ་ཕེབས་དགོས་པར་མ་ཟད་དེའི་དུས་ཀྱི་རྙོག་དྲ་བཟོ་མཁན་རྣམས་ལ་དམིགས་ཏེ། དགེ་བཤེས་ཁོང་གིས་འདི་ལྟར་བྲིས་པ་མཐོང་སྟེ། དེ་ནི།
དང་པོ་གོ་མིན་ཏང་གིས་བཀུར།
ད་ལྟ་གུང་ཁྲན་ཏང་གིས་བཀུར།
སྟོན་པས་བདེན་པ་རྒྱལ་ལོ་ཞེས།
གསུངས་པས་དགའ་བས་སྙིང་ག་གང་།།
འདི་འདྲ་ཞིག་ཡིད་ལ་དྲན། ནོར་དང་ཆད་ལྷག་ཡོད་པ་ལ་ཞུས་དག་མཛོད། ཞར་ལ་ཞུས་དག་ལ་ཞུ་དག་ཅེས་འབྲི་བ་མཐོང་། ལ་དྭགས་པའི་ཁ་སྐད་དུ། ཞུན་དག ཅེས་པ་ལ་དཔགས་ན། ས་རྗེས་འཇུག་ངེས་པར་དུ་དགོས་ཏེ། རྗེས་འཇུག་ས་དང་ན་གཉིས་རེས་མོས་སུ་ཡོངས་གྲགས་ཀྱི་ཡིག་དཔེ་དག་ན་ཡོད་དེ། དཔེར་ན། ཟས་དང་ཟན། ཚོས་དང་ཚོན། ལྟ་བུའོ།།
དགེ་བཤེས་ཤེར་རྒྱམ་གྱིས། གུང་ཁྲན་ཏངནི་སྤྱི་སེམས་ཆེ།།ཤེས་རབ་རྒྱ་མཚོ་བོད་སེམས་ཆེ།།ཞེས་པ་གསུངས་ཡོད་པ་ངས་ཀྱང་དྲན། དྲང་པོར་བཤད་ན་བླ་རྒན་དྲང་པོ་ཞིག་མགོ་སྐོར་འོག་ལ་ཚུད་སོང་བ་རེད།
ལེགས་བཤད་ལགས་དྲི་ཨང་དོན་བཞི་པའི་ལེན་སྒུག་ཡོད་ད་
ཨ་ཙི། ཁྱོད་བསམ་ཤེས་གཟུར་གནས་ཤིག་མ་ཡིན་པ་གཟོད་མཐོང་སོང་། རྗེ་ལ་དགོངས་དག་དང་བཀྲིས་ལ་བཟོད་གསོལ་སྔོན་དུ་བཏང་ནས། བཀྲིས་ཤིན་ཏུ་རྨད་དོ། ལོག་བཤད་ལགས། ཏང་ཤེས་རྒྱམ་གྱིས་ཏང་དང་མའོའི་གསོལ་འདེབས་དེ་འདིར་ཁོད་དང་ཁོ་དགེ་སྦྱོང་ལས་འབྲས་ཅན་ཨེ་ཡིན་པ་ཏག་ཏག་ཤེས་ཡ། ཚེ་ཏན་གྲོ་མའི་ཏང་གི་རྒྱལ་གླུ་དང་རྒྱལ་འགོང་ཁོས་མའོ་སངས་རྒྱས་དང་ཙོང་ཁ་པ་སེམས་ཅན་ཡིན་པ་བཤད་མི་འདུག་གམ། ཧ ཧ ལོག་བཤད་མཁན་ཁྱོད་མངོན་སུམ་ཚད་མ་ཁས་ལེན་ན་རྒྱལ་འགོང་ཁོས་དང་པོ་བཀའ་བསྟན་་ལ་བཟོ་བཅོས་བཏང་། བར་དུ་ཏང་གི་དངུལ་ཕོག་ཟོས། མཐར་བོད་ཀྱི་རྒྱལ་ཁབ་བཙོང་། ཡང་མཐར་དགེ་ཕྲུག་བཙོན་དུ་བསད། གཞན་གྱི་ཆོས་ལ་བཀུར་འདེབས། རང་གི་ཆོས་ལ་ངེས་ཤེས་མེད་བཞིན་ཁྱི་སྤྱང་བཞིན་དུ་ཤི་སོང་བ་ཨེ་ཤེས་སམ། ངོ་ཚ་མེད་པ་ཁྱེད་ཚོས་ཀུན་གཟིགས་པན་ཆེན་བཅུ་བས་དོལ་སྒྲུབ་ཆོ་ག་ཡོད་འདོགས་ཀྱི་སྐྱག་རྫུན་ལབ་སྟེ་པེ་ཅིང་མི་རིགས་དཔེ་བསྐྲུན་ཁང་ནས་སྤེལ་བའི་དགེ་ཇག་གསེར་རིའི་ཕྲེང་བ་ལྟ་བུ་ཡིན་ནམ། ཧ ཧ ཆོས་དང་ཆོས་མིན་གྱི་རྣམ་པར་འབྱེད་པའི་ཤེས་རབ་ནི་མེད། རྗེ་རིན་པོ་ཆེའི་དགོངས་པ་ནི་མ་ལོན་བཞིན་དུ་ཛོ་དང་བོང་བུའི་གྲེ་བཤང་རེ་བྱས་ཀྱང་རིགས་པ་དང་འགལ་བའི་ཆད་སྟོང་གི་གྲུབ་མཐའ་ལ་དགེ་ལུགས་ཡིན་པར་བཟུང་རུང་བྱི་སྟུག་གསེར་དུ་ཡིན་མིན་རྩོད་པ་ནང་བཞིན་ལས་སྙིང་པོ་ཅི་ཡང་མི་འདུག་གོ ། ཀུན་མཁྱེན་གོ་ཤྰཀ་སྟག་གསུམ་གྱི་གསུངས་ལ་གཟིགས་དང་གོ་བ་གསར་བ་རེ་འཁྲུངས་ངེས་སོ། ཞོར་ལ་་་སློབ་དཔོན་བཀའ་དྲིན་ཅན་གྱི་གསུངས་བྱིན་རླབས་ཅན། སྡིག་པ་ཅི་ཡང་མི་བྱ་ཞིང་། །དགེ་བ་ཕུན་སུམ་ཚོགས་པར་སྤྱད། །རང་གི་སེམས་ནི་ཡོངས་སུ་འདུལ། །འདི་ནི་སངས་རྒྱས་བསྟན་པ་ཡིན། གསུངས་པ་ཐུགས་ལ་ཟུངས་ཤིག ཏང་བསྟོད་དེ་མ་བཀོད་བར་ཁ་བརྡ་མེད་པས་བདེ་བར་གྱིས། ཆོས་གྲོགས་ལགས་ཆགས་སྡང་མེད་པའི་སྐད་ཆ་འདི་དག་ཕྱེད་དངོས་ལ་ཕྱེད་ཀུ་རེ་གནག་པོ་ཞིག་ཡིན་ནོ་ལེགས་བཤད་ལེགས།
ལེགས་བཤད་ལགས་ནས་དྲིས་ལན་གནང་བར་ཐུགས་རྗེ་ཆེ་ཞུ་ཁྱེད་ནས་སྐུ་ངལ་མང་པོར་བསྐྱོན་ནས་མཆན་་མང་པོ་བཀོད་པ་དེ་ཚོར་རོ་བཅུད་ཡག་པོ་འདུག་སེམས་གཏིང་ནས་དགའ་བསུ་དང་ཡི་རངས་ཞུ་བཞིན་ཡོད་ད་ལྟ་དུས་ཚོད་མེད་པ་དང་གཉིས་སུ་གློག་ཀླད་ནང་དུ་བོད་ཡིག་དྲ་མ་ཞིག་མི་འབྱུང་བར་བརྟེན་འབྲི་རྒྱུར་སྟབས་བདེ་མིན་འདུག
གང་ལྟར་ཁྱེད་རང་གིས་མཁྱེན་སྤྱོད་ལ་མངགས་བརྗོད་ཡོད།
ཨ་རོགས་ཁམས་ཕྲུག་ལགས། དགེ་ཆོས་ཀྱི་གཏམ་རྒྱུད་གསེར་ཐང་སོགས་ལོ་རྒྱུས་ཚད་ལྡན་དེ་ཚོ་ཀློགས་དང་ག་ལེར་མཁྱེན་ངེས་རེད། ཁྱེད་བོན་གཞུང་ལ་རྒྱུས་ཡོད་ཚོས་མཆོད་རྟེན་བཞེངས་ཚུལ་དང་གཏོར་མ་བཅའ་ཚུལ། སྨད་གཡོགས་དང་སྟོད་འགག་གི་སྲོལ་ཇི་ལྟར་བྱུང་བ་སོགས་བོན་ནས་ལེགས་པའི་ཆ་མང་པོ་ཞིག་ཆོས་རྒྱུད་ཀུན་ལ་འདྲེས་ནས་ཡོད་པ་བཤད་མ་དགོས། དཔེ་ཆ་མང་པོ་ཀློག་ཁོམ་མི་འདུག །དགོངས་དག
ཤེར་རྒྱ་ཚེ་བརྟན་སྒྲོལ་མའི་ལོ་རྒྱུས་ནང་། །
ཆོས་སྨད་ཏང་བསྟོད་མ་འོར་གསོལ་འདེབས་ནས། །
དགེ་བཤེས་ཤེར་རྒྱམ་མའོའི་རྒྱུགས་ཁྱི་བྱས། །
གླུ་གར་ཞོར་ལ་རྒྱར་བསྟོད་བཤང་བཙོང་ནས། །
ཚེ་བརྟན་སྒྲོལ་མས་མའོའི་མཇེ་ལྡག་ཟེར། །
ཧ་ཧ་འདི་ཚོ་དངོས་གནས་ཡིན་ནམ་ཅི། །
ལེགས་བཤད་ལགས་ཁྱེད་ཀྱིས་དྲི་བར་གཡོལ་ནས་དོན་མེད་པའི་རྣམ་རྟོག་ཞིག་ཡང་བསྐྱར་སློངས་སོང་། བཀའ་འདྲི་ཞུ་རྒྱུ་ཞིག་ལ་ཤཀ་ཐུབ་ཀྱི་བསྟན་པ་སྔོན་ནས་ད་བར་ཆེས་དར་བའི་ཡུལ་གྲུ་རྒྱ་དཀར་ནག་དང་ཐེ་ལེན་སིང་ག་པོར་འབར་མ་ལ་སོགས་ལ་གཏན་ནས་དར་མ་མྱོང་བའི་བོད་ཀྱི་ནང་ཆོས་འདིའི་ཁུང་ངོ་མ་དེ་བོན་པོ་ཚང་རེད་དམ། དེ་ལས་གཞན་པའི་ཁུང་གཏུག་ས་ཡོད་ན་བཤད་རན་འདུག།ན་ལེན་ཌའི་པན་གྲུབ་ཀྱི་ལོ་རྒྱུས་ནི་ལྷ་སྒྲུང་གི་རྣམ་པ་ལས་སྟོན་པ་ཐུགས་རྗེ་ཅན་གྱི་བསྟན་པ་ལྟ་བུའི་གསུང་མཁན་གྱི་སྟོན་པ་དང་། གསུངས་སའི་གནས་དང་འཁོར།གསུང་པའི་དུས་དང་བཀའ་བཅས་འཇིག་རྟེན་འཛམ་གླིང་འདིར་འདི་ཞེས་བསྟན་དུ་མེད་པ་རེད། དེས་ན་ངས་པན་གྲུབ་དེ་དག་གི་རྣམ་ཐར་ནི་བཟོ་བཅོས་རིང་ལུགས་ཀྱིས་བྱས་པའི་ལྷ་སྒྲུང་གི་རྣམ་པ་ཙམ་རེད་ཅེས་ཟེར་གྱི་ཡོད།
སྔར་གྱི་གཏམ་དཔེར།
དགའ་ལྡན་ལྔ་མཆོད་ཐོག་གའི་རྩེ་ལ་ཡོད། །
ཐུག་པ་བག་ཐུག་ཁོག་མའི་གཏིང་ན་ཡོད། །
དེང་གི་ལྷ་སའི་གཏམ་དཔེར།
དགའ་ལྡན་ལྔ་མཆོད་མེ་མདའི་རྩེ་ལ་ཡོད། །
ཐུག་པ་བག་ཐུག་རྒྱ་དམག་ལྟོ་བར་ཡོད། །
ཨ་རོགས་ཁམས་ཕྲུག་ལགས། ཚིག་ལ་མ་འཁྲུལ་བར་དོན་ལ་བསམས་ན་ནང་བསྟན་གྱི་འབྱུང་ཁུངས་ནི་གནའ་བོའི་སྒྲུང་ལྡེའུ་བོན་གསུམ་མིན་པ་གསལ་བོ་རེད། ཆོས་རྒྱལ་མེས་དབོན་རྣམ་གསུམ་སྐབས་ནང་བསྟན་བོད་ལ་གདན་འདྲེན་གནང་ནས་བོན་རྣམས་མ་དགའ་བས་ངན་ཇུས་རིམ་པར་བཤམས་པའི་ལོ་རྒྱུས་བཀའ་ཐང་སོགས་དང་རྒྱལ་རབས་ཆོས་འབྱུང་མང་པོ་ན་འདུག །གལ་ཏེ་ཆོས་ཁུངས་བོན་ཡིན་ན་བཀའ་འགྱུར་ནང་ཡོད་པའི་ཀུན་དགའ་བོ་དང་རབ་འབྱོར། འཕགས་པ་འོད་སྲུང་། ཤཱ་རིའི་བུ། མོལ་གལ་གྱི་བུ་སོགས་ཉན་ཐོས་ཆེན་པོ་དེ་དག་བོན་པོ་ཨེ་ཡིན། བསྟན་འགྱུར་ནང་ཡོད་པའི་རྒྱན་དྲུག་མཆོག་གཉིས་སོགས་བོན་པོ་ཨེ་ཡིན། སྟོན་པ་ཤཱཀ་ཐུབ་བོན་པོ་ཨེ་ཡིན། ཡིན་ན་དེ་དག་གི་གཞུང་བོད་དུ་དར་བར་བྱེད་པ་ལ་མི་དགའ་བྱེད་དོན་ཅི་ཡང་མེད་པས་ལེགས་གསོལ་འབུལ་འོས་པ་ལས་དེའི་ཚབ་ཏུ་ནང་ཁུལ་མ་འཁྱམས་པས་མི་གསོད་ཁྲག་སྦྱོར་ག་ཚོད་བྱུང་བ་རེད། གླང་དར་མས་བོན་ལ་ཅི་ཡང་མ་བྱས་པར་ནང་བསྟན་མེར་བསྲེགས་ཆུར་བསྐྱུར་བྱེད་དགོས་དོན་མེད་ག། བན་བོཎ་འཁྲུགས་པའི་རྒྱུ་རྐྱེན་གང་ལ་ཐུག་དཔྱད་པ་ཡག་པོ་མཛོད། བུ་རྒོད་པོ།
།ཆོས་རྗེ་འབྲུག་པ་ཀུན་ལེགས་ཀྱིས།
སྟོན་པ་གཤེན་རབ་སྤྱན་རས་གཟིགས་དབང་ཡིན།།གཙང་མའི་བོན་དང་ཆོས་ལ་ཁྱད་པར་མེད།།
ཅེས་གསུངས་པ་ལྟར་དེང་སང་མཁས་བཙུན་བཟང་གསུམ་གྱི་དགེ་བཤེས་ནི་བོན་དང་ས་རྙིང་ཀར་དགེ་སོགས་ཆོས་རྒྱུད་ཀུན་ལ་ཡོད་ཡོད་པ་རེད། ལོ་རྒྱུས་བཤད་ཡོང་དུས་རྙོག་དྲ་ཐུག་ཡོང་གི་ཡོད་པ་རེད། སྟོན་པ་གཤེན་རབ་སྐོར་ལ་ལོ་རྒྱུས་མི་མཐུན་པ་དུ་མ་ཡོད་པ་རེད། བོན་ཕྱོགས་ནས་བྲིས་པའི་ལོ་རྒྱུས་དང་བན་ཕྱོགས་ནས་བྲིས་པའི་ལོ་རྒྱུས་མི་མཐུན་པ་རེད། གང་བདེན་དང་མི་བདེན་དཔྱད་པ་བྱེད་དགོས་པ་རེད། ཆོས་དེ་ལ་དཔྱད་པ་བྱེད་ན་མ་གུས་པ་ལྟ་བུར་གོ་མི་རུང་བ་ཡིན།
ལེགས་བཤད་ལགས་དང་པོ་ངའི་གོང་གི་དྲི་བར་ལེན་ཞིག་གནང་དང་དེས་ནས་རིམ་པས་བོད་ཀྱི་ནང་ཆོས་ཀྱི་ཁུངས་གང་ལ་ཐུག་མིན་སྐོར་ལ་དཔྱད་གླེང་གནང་འདོད་ཡོད་ན་དགའ་བསུ་ཡོད་པས་ཐུགས་འཇགས་མཚལ།
པདྨ་ལགས། བོང་བུའི་རྣ་གཅོག་ནང་ལ་གསེར་བླུགས་པ་དང་གཅིག་པ་རེད། གནས་ལུགས་བཤད་ན་རྣ་བར་མི་འགྲོ་མཁན་རང་རེད། དབང་པོ་ཐང་ཐང་ཨེ་ཡོད་སྙམ། ། ཁྱོད་ཀྱིས་(དགེ་ལྡན་ལྟ་བ་ཆད་སྟོང་ཟེར་བ་ཅི་མ་བདེན )་ཟེར། དགེ་ལྡན་པས་ཆད་སྟོང་ཁས་མི་ལེན་པ་རེད། འདི་ཡང་ཁྱོད་ཀྱིས་ཤེས་མི་འདུག །དགེ་ལྡན་པས་ཐ་སྙད་དུ་བྱ་བྱེད་ཀྱི་རྣམ་བཞག་ཁས་ལེན་པས་ཆད་སྟོང་མི་འདོད་དོ། ཁྱོད་ལྟ་བུས་སློབ་དཔོན་པདྨས་མཚན་བརྐུས་ནས་སྔ་འགྱུར་རྙིང་མའི་ཞབས་འདྲེན་ལུང་བ་གང་ཞུས་སོང་ང་། རྒྱ་ནག་གི་མཁན་པོ་ཧྭ་ཤང་གི་རྗེས་སུ་འབྲངས་ནས་མཁྲེགས་ཆོད་དང་ཐོད་རྒལ་ཉམས་ལེན་བྱེད་ཁུལ་གྱིས་དགྲ་གཉེན་གྱི་དབྱེ་ངོ་མི་ཆོད། ཆོས་དང་ཆོས་མིན་གྱི་དབྱེ་བ་མི་འབྱེད། མིག་ཅེར་རེ་ལོང་བ་སྡོད་ཅིག ། །སློབ་དཔོན་བཀའ་དྲིན་ཅན་གྱི་གསུངས་བྱིན་རླབས་ཅན། སྡིག་པ་ཅི་ཡང་མི་བྱ་ཞིང་། །དགེ་བ་ཕུན་སུམ་ཚོགས་པར་སྤྱད། །རང་གི་སེམས་ནི་ཡོངས་སུ་འདུལ། །འདི་ནི་སངས་རྒྱས་བསྟན་པ་ཡིན། །ཞེས་པ་འདི་གསུང་བ་པོ་སུ་ཡིན་འདུག་ཀྱང་ཤེས་མེད་པས་ད་དུང་མུ་ཅོར་སྨྲ། ཧ་ཧ་རང་ངོ་རང་གིས་མི་ཤེས་བའི་སྨྱོ་རྟགས་མ་སྟོན་ལོ། །གོང་ས་མཆོག་གིས་དམར་ཕྱོགས་ཀྱི་གཞི་རྩའི་ལྟ་བ་ཡག་པོ་ཡོད་པ་གསུངས་མི་འདུག་གམ། པཎ་ཆེན་རིན་པོ་ཆེ་དང་། དུང་དཀར་སོགས་བོད་ཀྱི་མཁས་པ་མང་པས་ཏང་ལ་བསྟོད་པ་གནང་མི་འདུག་གམ། ཏང་ལ་བསྟོད་པ་བྱས་ནས་བོད་ཤོར་བ་ཡིན་ན་བོད་ཀྱི་མཁས་དབང་ཚོའི་དབུ་ལ་ཞྭ་མོ་ནག་པོ་གཡོགས་ཤིག་དང་པདྨའི་མཚན་ཅན་ཁྱོད་ལ་མཛེས་བར་འགྱུར་རོ། །དགེ་བཤེས་ལགས་ཀྱིས་ཏང་ལ་བསྟོད་པ་བྱས་པ་ཚིག་དོན་གྱི་ཆ་ནས་ནོར་མི་འདུག །གྲོགས་པོ་ལགས། དགྲ་ངོ་མ་ནི་ནང་གི་མ་རིག་པ་རེད། གཉེན་ནི་གནས་ལུགས་རྟོགས་པའི་ཤེས་རབ་རེད། ཡང་ན། མི་དགེ་བཅུ་དགྲ་རེད། དགེ་བ་བཅུ་གཉེན་རེད། འདི་ནི་སངས་རྒྱས་བསྟན་པ་ཡིན་ནོ་ཀྱེ།
ལེགས་བཤད་ལགས་ལེན་སྒུག་ཡོད་ད་
པདྨ་ལགས།
དགེ་བཤེས་ཤེས་རབ་ལགས་ཀྱིས་བརྩམས་པའི་རྗེ་བླ་མའི་བསྟོད་པ་དད་པའི་དྲི་བསུང་འཐུལ་བའི་སྤོས་ཀྱི་རྫིང་བུ་ཞེས་བྱ་བ་འདི་ལ་བོད་ནང་གི་བསྟོད་རྩོམ་ལེགས་ཤོས་ཀྱི་གྲས་རེད། མཁས་པ་ཀུན་གྱིས་བསྔགས་བརྗོད་གནང་། ཁྱེད་ཀྱིས་ག་ལེར་ཀློགས་དང་ཤ་ལོ་ཀ་རེ་རེའི་དོན་སྟེང་ནས་གཟི་ཉམས་ཤིག་མངོན་ཡོང་། ཕྲག་དོག་དང་ཁོང་ཁྲོ། ཆགས་སྡང་འཇོམས་པའི་འོད་སྣང་། མཁས་པ་དགྱེས་པའི་སྲོལ་བཟང་། ཡོན་ཏན་ཅན་ལ་བསྟོད་པ་ཡིན་པས། གང་ཟག་ལ་མི་རྟོན་དོན་ལ་རྟོན་པར་གནང་ནས་དོན་མེད་ལོག་བཤད་བྱེད་ན་གཞན་ན་སུ་ལ་ཡང་མི་ཐུབ་ཀྱི། རང་ཉིད་ཐུབ་པ་རེད། བློ་གཟུ་བོར་གནང་རོགས་ཞུ། བསྟོད་རྩོམ་འདིས་ཆོས་དང་ཆོས་མིན། མཁས་བླུན་གྱི་ཁྱད་པར་གསལ་བོར་འབྱེད་འདུག་པར་མ་ཟད། རྗེ་རིན་པོ་ཆེའི་ཁྱད་པར་འཕགས་བསྟོད་རེད་ཟེར་ན་ཆོག ། ཤེས་ན་གདམས་ངག །མ་ཤེས་ན་ཆགས་སྡང་གི་རྒྱུར་འགྲོ །ཆགས་སྡང་གི་དབང་དུ་སོང་ན་ཡོན་ཏན་ཅན་ལ་ཡོན་ཏན་དུ་ངོ་ཤེས་དཀའ། །
ལེགས་སྐར། ད་གཉིད་མ་ཁུག་ན་དོལ་རྒྱལ་རེ་མཆོད་དང་དགའ་མི་འགྲོ། ཧ ཧ ཏང་ཤེར་འདི་ཚོས་དགེ་ལུགས་སྨྲས་ཀྱང་དོན་གྱི་སྡིག་ལུགས་ལས་གཞན་ཅི་མི་འདུག ཆོས་དང་གང་ཟག་ཐ་དད་དུ་སོང་བ་ཞིག་རེད། དེ་རིགས་དོལ་ཚོགས་ལ་མང་ཡ། དེ་སྔགས་བརྗོད་ཡོད་ན་༧གོང་ས་མཆོག་གི་དབུ་བྱས་གངས་ལྗོངས་མཁས་གྲུབ་ཚང་མ་ཆུ་ནང་དུ་གཡུགས་པ་རེད་དོ། ཁ་སང་སྔ་བས་ལམ་རིམ་སྐོར་ཞུས་པའི་གྲུབ་འབྲས་ཤིག་མིན་ནམ། ཁོས་བྲིས་པ་མཐོང་ནས་ངེད་གཉིས་ནང་འཁྲུག་གི་རྩ་བ་བཟོ་སོང་། ལྟས་ངན་ཁོ། ཁྱོད་ཆགས་སྡང་གིས་ཕན་སེམས་ཀྱི་གདམས་ངག་དེ་ཚོ་ངོ་ཤེས་མི་འདུག ། ཆོས་ལུགས་ནང་ཁུལ་དུ་ཆོས་དང་གྲུབ་མཐའ་བཟང་ངན་རིས་སུ་བཅད་ནས་ཆགས་སྡང་འཁྲུག་རྩོད་སློང་བ་བདུད་ཀྱི་ཆོ་འཕྲུལ་དུ་འདུག་པས་མཆིལ་ཞགས་ཀྱིས་སྤོང་བར་འོས། འདྲེ་གདོན་བསྟེན་མཁན་རྣམས་ཁོ་ཚོ་དགེ་ལུགས་པའི་ལྟ་གྲུབ་གཙང་མ་སྐྱོང་མཁན་ཡིན་ཁུལ་གྱིས་རྙིང་མའི་ཆོས་ལ་དད་མི་རུང་། བཛྲ་གུ་རུ་འདོན་མི་རུང་ཟེར་ནས་གྲུབ་མཐའ་ཕན་ཚུན་གྱི་བར་དུ་དབྱེན་དཀྲུགས་རྩོད་གླེང་སྣ་ཚོགས་སློང་འདུག་ཀྱང་། འཇིག་རྟེན་པའི་ལྷ་འདྲེ་སྐྱབས་སུ་བསྟེན་པ་སྐྱབས་འགྲོའི་བསླབ་བྱ་དང་འགལ་འདུག་པས། ཕྱི་ནང་གི་ཁྱད་པར་སྐྱབས་འགྲོས་ཕྱེ་བ་ཡིན་ན། དེ་རིགས་ནང་བའི་གྲལ་དུ་ཡང་འགྲོ་དཀའ་བས་དགེ་ལུགས་པར་ག་ལ་འགྱུར། མཁན་སློབ་ཆོས་གསུམ་བོད་བརྒྱུད་ནང་བསྟན་ལ་བཀའ་དྲིན་ཤིན་ཏུ་ཆེ་བས་བོད་ཀྱི་གྲུབ་མཐའ་ནང་ན་སློབ་དཔོན་ལ་མི་དད་མཁན་མེད་ལ། གསར་མ་རྙིང་མ་ཞེས་ཞེན་ཁ་ཕྱོགས་རིས་བྱེད་ག་ལ་རུང་སྟེ་གཏན་ནས་མི་རུང་ངོ་།
ལེགས་བཤད་ལགས། ཉིན་ཁ་ཤས་རིང་ང་རང་ཁོམ་པ་མ་བྱུང་། ད་དུང་ཡང་ཁོམ་འདུག་མི་ཤེས། གོང་དུ་ཁྱོད་ཀྱི་ཕྱོགས་སྔར་ལངས་པའི་གླེན་པ་ལུག་གི་མགོ་བོ་ཅན་འགའ་ཞིག་འདུག དེ་དག་ནི་བློ་གཟུར་བོར་མི་གནས་པ་ཙམ་དུ་མ་ཟད་ཆགས་སྡང་ཁོ་ནས་དབང་དུ་སོང་ཏེ། སྟོན་པ་གཅིག་གིས་སྐྱངས་པའིa་བསྟན་པ་སྟེ་བོད་གངས་ཅན་གྱི་དྲི་མ་མེད་པའི་ཆོས་བརྒྱུད་དག་ལ་དབྱེན་དཀྲིག་བྱེད་བཞིན་འདུག ༧གོང་ས་རྒྱལ་བ་ཡིད་བཞིན་ནོར་བུས་དུས་རྒྱུན་དུ་བཀའ་སློབ་ཅི་ཙམ་བསྩལ་ལས་ལྡོག་ཏེ་བྱ་བ་འདི་ལ་ཞུགས་པ་ནི་སྙིང་རྗེའི་ཡུལ་ལོ།། དཔེར་ན། གོ་བ་མེད་པའི་གླང་རྒན་དེ།།རྒྱལ་བའི་བཀའ་ལས་དབྱིག་ཏོ་བཙན།།ཞེས་པ་བཞིན་དེ་དག་དགག་པའི་ཡུལ་མིན་པས་བཏང་སྙོམས་སུ་འཇོག་པར་མཚལ། གཅིག་བྱས་ན་དེ་དག་དོལ་ཚོགས་ཡིན་སྲིད།
་་་་་་ གླང་དར་མས་བོན་ལ་ཅི་ཡང་མ་བྱས་པར་ནང་བསྟན་མེར་བསྲེགས་ཆུར་བསྐྱུར་བྱེད་དགོས་དོན་མེད་ག། བན་བོཎ་འཁྲུགས་པའི་རྒྱུ་རྐྱེན་གང་ལ་ཐུག་དཔྱད་པ་ཡག་པོ་མཛོད། བུ་རྒོད་པོ། ཟེར།
ལེགས་བཤད་ལགས་ཀྱི་ལེགས་བཤད་དེ་རྩུབ་ཏུ་རྩུབ་ཏུ་འགྲོ་བའི་བཟོ་འདྲ་ཅིག་སྣང་གི་འདུག
གཟབ་གཟབ་གནང་རོགས་རྣམ་པ་ཚོས།
གླང་དར་མས་བོན་མ་བསྣུབ་པར་དམིགས་བསལ་བཏང་བ་གང་ནས་གསལ་ཡོད།
ཆོས་རྗེ་འབྲུག་པ་ཀུན་ལེགས་ཀྱིས།
སྟོན་པ་གཤེན་རབ་སྤྱན་རས་གཟིགས་དབང་ཡིན།།གཙང་མའི་བོན་དང་ཆོས་ལ་ཁྱད་པར་མེད།།
ཅེས་གསུངས་པ་ལྟར་དེང་སང་མཁས་བཙུན་བཟང་གསུམ་གྱི་དགེ་བཤེས་ནི་བོན་དང་ས་རྙིང་ཀར་དགེ་སོགས་ཆོས་རྒྱུད་ཀུན་ལ་ཡོད་ཡོད་པ་རེད། ་་་་་ཟེར།
རྒྱ་ནག་བོད་ལ་སླེབས་ནས་རྒྱ་བོད་འཁྲུགས། དེ་མིན་འཁྲུགས་དོན་མེད། རྒྱ་རྒྱ་ཡུལ་ན་སྐྱིད། བོད་བོད་ཡུལ་ན་སྐྱིད། རང་རང་སོ་སོའི་གནས་སུ་་དེ་བར་དེངས
རྒྱ་ནག་བོད་ལ་སླེབས་ནས་རྒྱ་བོད་འཁྲུགས། དེ་མིན་འཁྲུགས་དོན་མེད། རྒྱ་རྒྱ་ཡུལ་ན་སྐྱིད། བོད་བོད་ཡུལ་ན་སྐྱིད། རང་རང་སོ་སོའི་གནས་སུ་བདེ་བར་དེངས།
རྒྱ་ནག་བོད་ལ་སླེབས་ནས་རྒྱ་བོད་འཁྲུགས། དེ་མིན་འཁྲུགས་དོན་མེད། རྒྱ་རྒྱ་ཡུལ་ན་སྐྱིད། བོད་བོད་ཡུལ་ན་སྐྱིད། རང་རང་སོ་སོའི་གནས་སུ་བདེ་བར་དེངས།
རྒྱ་ནག་བོད་ལ་སླེབས་ནས་རྒྱ་བོད་འཁྲུགས། དེ་མིན་འཁྲུགས་དོན་མེད། རྒྱ་རྒྱ་ཡུལ་ན་སྐྱིད། བོད་བོད་ཡུལ་ན་སྐྱིད། རང་རང་སོ་སོའི་གནས་སུ་བདེ་བར་དེངས།
ལེགས་བཤད་ལགས་ཀྱི་ཐུགས་གསང་བའི་མཛོད་ཆེན་དུ་གནས་བཅས་པའི་རྒྱ་མཚོའི་ཆུ་གནས་ཞེ་སྣང་ཚ་པོ་དེ་ཚོ་ག་ལེར་ཡར་ས་སྟེང་དུ་ཐོན་ཡོང་གི་ཡོད་པ་འདྲ་། མཆན་གྲངས་༩༨་དེ་ལ་ལན་ཞིག་འབྲི་འདོད་བྱུང་།
ཁྱེད་ཀྱིས་ཚིག་ལ་མ་འཁྲུལ་བར་དོན་ལ་བསམས་ན་གསུངས་པ་ཇི་བཞིན་ནང་བསྟན་ཟེར་ནའང་འདྲ་། ཤཀྱ་ཐུབ་པའི་ཆོས་ལུགས་སམ་ཡང་ན་མགོན་པོ་ཀླུ་སྒྱུབ་ཀྱི་ཆོས་ལུགས་ཟེར་བ་འདི་ཚོའི་འབྱུང་ཁུངས་གནའ་བོའི་སྒྲུང་ལྡེའུ་བོན་གསུམ་མིན་པ་གསལ་བོ་རེད་ཅེས་བསྒྲགས་པ་དེ་བདེན་མོད།༽ འོན་ཀྱང་ང་ཚོ་བོད་ལ་བསམས་ན་གནའ་བོའི་སྒྲུང་ལྡེའུ་བོན་གསུམ་སོགས་ཀྱི་རིང་ལུགས་འདི་རྣམས་གངས་ཅན་བོད་ཀྱི་ཐུན་མོང་མ་ཡིན་པའི་ཤེས་རིག་གི་འབྱུང་ཁུངས་གལ་ཆེན་ཞིག་ཏུ་གྱུར་ཡོད་པ་མཁས་དབང་རྣམས་ཀྱི་མགྲིན་དབྱངས་སྟེགས་ནས་གླེང་བཞིན་མཆིས།
ད་དུང་ཁྱེད་ཀྱིས་གསུངས་པ་ཇི་བཞིན་ཚིག་ལ་མ་འཁྲུལ་བར་དོན་ལ་བསམས་ན།༽ རོང་རྒན་དུམ་བུ་ཞིག་ལ་བོད་རྒྱ་ཆེའི་མི་དམངས་ཀྱིས་དད་པ་དང་མོས་པའི་བློ་ཕུགས་བཅོལ་ས་མཐར་ཐུག་དེ་བྱས་ན་འགྲིག་གམ། ངས་བསམས་ན་དེ་ཁག་པོ་འདྲ་ཞིག་ཡིན་འགྲོ་དྲན་གྱི་ཡོད།
ད་དུང་ཁྱེད་ཀྱིས་ཆོས་རྒྱལ་མེས་དབོན་རྣམ་གསུམ་སྐབས་ནང་བསྟན་བོད་ལ་གདན་འདྲེན་གནང་ནས་བོན་རྣམས་མ་དགའ་བས་ངན་ཇུས་རིམ་པར་བཤམས་པའི་ལོ་རྒྱུས་བཀའ་ཐང་སོགས་དང་རྒྱལ་རབས་ཆོས་འབྱུང་མང་པོ་ན་འདུག་ཟེར་བཤད་འདུག་བ།༽ སྐད་ཆ་འདི་ཚོ་བདེན་པ་རྩ་བ་ནས་མ་རེད། དེ་དུས་ཀྱི་བོན་པོ་ཚོ་ལ་བོད་རྒྱལ་ཁབ་དང་མི་རིགས་ཀྱི་གཞུང་འབྲེལ་འགན་འཁུར་ཡོད་པའི་གནད་དོན་ཞིག་ཆགས་ཡོད་པ་རེད། དེ་འདྲ་ཡིན་དུས་ཆ་ལུགས་ཡུལ་ལུགས་མི་གཅིག་པའི་ཆོས་ལུགས་གསར་པ་ཞིག་སླེབས་ཡོང་དུས་བསམ་ཚུལ་འདྲ་མིན་སྣ་ཚོགས་གཏན་གཏན་ཡོད་སྲིད་པ་ཞིག་རེད་བ། འགའ་རེས་ཡག་པོ་རེད་ཟེར་བཤད་ཡོད་ཀྱི་རེད། འགའ་རེས་གདུག་པོ་རེད་ཟེར་བཤད་ཡོད་ཀྱི་རེད། འོན་ཀྱང་འདི་ནང་བསྟན་རེད་འདུག་ཟེར་བ་དང་འདི་ཤཀྱ་ཐུབ་པའི་ཆོས་ལུགས་རེད་འདུག་ཟེར་ནས་དེ་ཁོ་ན་ཉིད་དམིགས་ཀྱིས་བཀར་ཏེ་བསམ་ཚུལ་བྱུང་ཡོད་པ་བོན་པོ་ང་ཡིས་དུས་ནམ་ཡང་འདོད་པར་མི་བྱའོ།
ད་དུང་ཁྱེད་ཀྱིས་ཡིན་ན་དེ་དག་གི་གཞུང་བོད་དུ་དར་བར་བྱེད་པ་ལ་མི་དགའ་བྱེད་དོན་ཅི་ཡང་མེད་པས་ལེགས་གསོལ་འབུལ་འོས་པ་ལས་དེའི་ཚབ་ཏུ་ནང་ཁུལ་མ་འཁྱམས་པས་མི་གསོད་ཁྲག་སྦྱོར་ག་ཚོད་བྱུང་བ་རེད།༽ ཁྱེད་རང་ཚོས་མི་གསོད་ཁྲག་སྦྱོར་བྱུང་ཡོད་པའི་འུར་བཤད་ག་ཚོད་བྱས་ཀྱང་བོད་ཀྱི་འདས་པའི་བདེན་པའི་ལོ་རྒྱུས་ལ་བསམ་གཞིགས་ཡག་པོ་བྱས་ན་བོན་པོ་ཚོ་ནི་མི་གསོད་ཁྲག་སྦྱོར་དང་འབྲེལ་བ་མེད་པའི་བོད་ཀྱི་སྤྱི་ཚོགས་གཙང་ཤོས་དེ་རེད་ཟེར་ནའང་སྤོབས་པ་ཆེན་པོས་གླེང་རིན་ཆོག་པ་ཞིག་ཡོད་པ་རེད། འདིའི་སྐོར་ང་ཚོས་སྔོན་མ་ནས་མང་པོ་བཤད་ཚར་བ་ཡིན་ད་དུང་ཡང་བསྐྱར་ཤོད་དགོས་ན་ཤོད་ཆོག་གི་རེད་བ།
ད་དུང་ཁྱེད་ཀྱིས་ཀུན་དགའ་བོ་དང་རབ་འབྱོར། འཕགས་པ་འོད་སྲུང་། ཤཱ་རིའི་བུ། མོལ་གལ་གྱི་བུ་སོགས་ཉན་ཐོས་ཆེན་པོ་དེ་དག་བོན་པོ་ཨེ་ཡིན། བསྟན་འགྱུར་ནང་ཡོད་པའི་རྒྱན་དྲུག་མཆོག་གཉིས་སོགས་བོན་པོ་ཨེ་ཡིན། སྟོན་པ་ཤཱཀ་ཐུབ་བོན་པོ་ཨེ་ཡིན།༽ གསུངས་པ་ལ། གོང་མིང་ཅན་འདི་རྣམས་་་་སངས་རྒྱས་ཀྱི་བསྟན་པ་་་་ལ་ཐུགས་ཉམས་བཞེས་མཁན་ཞིག་ན་བོན་པོ་ཡིན་པར་འདོད་ཀྱང་མི་འགལ་ལོ། དེ་ཡང་་་མདོ་དྲི་མེད་གཟི་བརྗིད་ལས། ལྷའི་བུ་དམ་པ་ཏོག་དཀར་ཁྱོད། འདི་ནས་འཛམ་གླིང་ལྷོ་ཕྱོགས་ཀྱི། རྒྱ་གར་ཝ་ར་ན་སི་རུ། རྒྱལ་པོ་ཤག་གི་སྲས་སུ་འཁྲུངས། ང་མིན་ཆོས་པོས་བསྒྱུར་བ་ཡི།།བོན་ལས་འཆོས་པའི་ལོག་བསླུ་ལ། ཡང་དག་ཆོས་ཞེས་བྱ་བ་བསྒྱུར། མིའི་ལོ་བརྒྱད་བརྒྱ་ཉི་ཤུ་ན། རབ་འབྱམས་བཀའ་ཡི་འཁོར་ལོ་བསྐོར། གསུངས་པ་ཇི་བཞིན་ཤཱཀྱ་ཐུབ་ནི་སྟོན་པ་གཤེན་རབ་ཀྱི་རིགས་ཀྱི་བུ་བཞིའི་ནང་ནས་གཅིག་རེད། ད་དུང་གཡུང་དྲུང་གི་བོན་དང་སངས་རྒྱས་ཀྱི་བསྟན་པ་གཉིས་ནི་དོན་གཅིག་ཏུ་འདོད་ཀྱི་ཡོད་པས་ཕྱོགས་རིས་མེད་པའི་སངས་རྒྱས་ཀྱི་བསྟན་པ་ཡང་དག་པ་ཞིག་ན་བོན་དང་བོན་པོ་ཡིན་པར་འདོད་ཀྱང་མི་ཆོག་མེད་དོ། འོན་ཀྱང་བོན་དང་བོན་པོ་ཚོ་ཕར་ཤཱཀྱ་ཐུབ་པའི་ཆོས་ཁོངས་སུ་གཏོགས་དགོས་ཟེར་ན་དེ་ནི་ཆེས་ཧམ་པ་ཆེ་སོང་བ་རེད། ཅིས་ན་སྔོན་ཐོག་མ་ནས་སྟོན་པ་གཤེན་རབ་ཀྱིས་དམ་པའི་ཆོས་ཅེས་བྱ་བ་གཡུང་དྲུང་བོན་ཀྱི་ཁོངས་སུ་གཏོགས་ཡོད་པ་གསུངས་ཚར་བས་སོ། །
ད་དུང་ཁྱེད་ཀྱིས་གླང་དར་མས་བོན་ལ་ཅི་ཡང་མ་བྱས་པར་ནང་བསྟན་མེར་བསྲེགས་ཆུར་བསྐྱུར་བྱེད་དགོས་དོན་མེད་ག། བན་བོཎ་འཁྲུགས་པའི་རྒྱུ་རྐྱེན་གང་ལ་ཐུག་དཔྱད་པ་ཡག་པོ་མཛོད།༽ གསུངས་པ་ལ་གླང་དར་མ་བོན་ལ་བཀའ་དྲིན་ཆེན་པོ་ཞིག་ཡིན་པ་ད་ཡོད་བོན་གྱི་ལོ་རྒྱུས་གང་དུའང་མ་གསལ། ཁྱེད་རང་གི་ཚོད་རྩིས་འདྲ་ཡིན་ན་ཆོག་གི། གླང་དར་དུས་སུ་བཙན་དབང་གིས་གྲྭ་བ་རྣམས་རྔ་གཤང་བསྣམས་ནས་རྔོན་བྱེད་དུ་བཏང་བའི་ལོ་རྒྱུས་འདུག་བ། བན་དེ་ཚོས་རྔ་གཤང་བསྣམས་སྲོལ་ཡོད་དམ། བཎ་བོན་ནང་ཁུལ་འཁྲུགས་པའི་རྒྱུ་རྐྱེན་གཙོ་བོ་དེ་རོང་རྒན་མགོ་གཉིས་མ་དེ་ཚོས་བཟོས་པ་རེད།བོད་ཡུལ་སིལ་བུར་འཐོར་དགོས་པའི་རྒྱུ་རྐྱེན་གཙོ་བོ་དེ་ཁྱེད་ཚོའི་དགེ་རྒན་རོང་རྒན་མགོ་གཉིས་མ་དེ་ཚོའི་བཀའ་དྲིན་ཡིན་འགྲོ། གཞན་དེ་དུས་རྒྱ་མི་མགོ་གཉིས་མ་དེ་འདྲ་མང་པོ་ཞིག་བོད་ལ་སླེབས་པའི་སྐད་ཆ་མི་འདུག་བ། རོང་རྒན་ཁ་ནས་ཆོས་ཤོད་ཅིང་ཆབ་སྲིད་ཁོག་ཏུ་གཉེར་ནས་ཡོང་མཁན་དེ་ཚོའི་བྱིན་རླབས་ཀྱིས་བཎ་བོན་ནང་འཁྲུགས་བྱུང་བ་ཡིན་འགྲོ། དཔེར་གཞག་ན་དུས་ཕྱིས་བོད་ཡུལ་དུ་་་སཱར་ཅནྡཱརཱ་རྡཱཤ་་་་ཟེར་བ་གཅིག་ཀྱང་སླེབས་ནས་དེས་བོད་ཀྱི་གསང་བའི་གནད་དོན་མང་པོ་འཁྱེར་ནས་འགྲོ་སོང་བ་རེད་ཟེར་ཤོད་ཀྱི་འདུག་བ། །
ད་འདི་མར་མཆན་མང་པོ་འབྲི་ལོངས་མེད་དོ། །
༄༅།། བོད་རྒྱལ་ལོ་༢༡༢༥ ས་
སྟག་རབ་ལོ་༩༧༢ ཏེ་ཕྱི་ལོ་༡༩༩༨ ལོ་ནས་དེ་རིང་གི་བར་དུ་རང་རེ་
བསིལ་ལྗོངས་བོད་པ་ཚང་གི་སྲིད་
དཔལ་རིག་གསུམ་མམ་བསྟན་པ་
དང་སེམས་ཅན་གྱི་བདེ་སྐྱིད་ཀྱི་
ཆེད་དུ་གཅེས་པའི་ལུས་སྲོག་མེ་
མཆོད་བཏང་བའི་རྒྱལ་གཅེས་
དཔའ་བོ་དཔའ་མོ་དག་གི་མཚན་
གོ་རིམ་ལྟར་བསྒྲིགས་ན།
༡ ཐུབ་བསྟན་དངོས་གྲུབ།
༢ ལྷག་པ་ཚེ་རིང་།
༣ བློ་བཟང་བཀྲ་ཤིས་སམ་བཀྲ་བྷེ།
༤ བློ་བཟང་ཕུན་ཚོགས།
༥ ཚེ་དབང་ནོར་བུ།
༦ བློ་བཟང་སྐལ་བཟང་།
༧ བློ་བཟང་དཀོན་མཆོག
༨ སྐལ་བཟང་དབང་ཕྱུག
༩ མཁའ་དབྱིངས།
༡༠ ཆོས་འཕེལ།
༡༡ ནོར་བུ་དགྲ་འདུལ།
༡༢ བསྟན་འཛིན་དབང་མོ།
༡༣ ཟླ་བ་ཚེ་རིང་།
༡༤ དཔལ་ལྡན་ཆོས་མཚོ།
༡༥ ཤེས་རབ་ཚེ་རྡོར་རམ་མིག་དམར།
༡༦ གྲྭ་བོད་ཕྲུག
༡༧ རོང་ཚ་བསྟན་འཛིན་ཕུན་ཚོགས།
༡༨ ཚུལ་ཁྲིམས།
༡༩ བསྟན་ཉི།
༢༠ སྤྲུལ་བསོད་ནམས་དབང་རྒྱལ་ལམ་བསོད་པ།
༢༡ བློ་བཟང་འཇམ་དབྱངས།
༢༢ རིག་འཛིན་རྡོ་རྗེའམ་རིག་པེ།
༢༣ བསོད་ནམས་རབ་ཡངས།
༢༤ བསྟན་འཛིན་ཆོས་སྒྲོན།
༢༥ བློ་བཟང་རྒྱ་མཚོ།
༢༦ དམ་ཆོས་སམ་དམ་ཆོས་བཟང་བོ།
༢༧ སྣང་གྲོལ།
༢༨ ཚེ་རིང་སྐྱིད།
༢༩ རིན་ཆེན།
༣༠ རྡོ་རྗེ།
༣༡ དགེ་བྷེ།
༣༢ འཇམ་དབྱངས་དཔལ་ལྡན།
༣༣ བློ་བཟང་ཚུལ་ཁྲིམས།
༣༤ བསོད་ནམས་དར་རྒྱས།
༣༥ འཇམ་དཔལ་ཡེ་ཤེས།
༣༦ ཤེས་རབ་བམ་བློ་བཟང་ཤེས་རབ།
༣༧ བསྟན་པ་དར་རྒྱས།
༣༨ འཆི་མེད་དཔལ་ལྡན།
༣༩ ཆོས་འཕགས་སྐྱབས།
༤༠ བསོད་ནམས།
༤༡ རྡོ་རྗེ་ཚེ་བརྟན།
༤༢ དར་རྒྱས།
༤༣ རི་ཀྱོ།
༤༤ རྟ་མགྲིན་ཐར།
༤༥ ངག་དབང་ནོར་འཕེལ།
༤༦ བསྟན་འཛིན་མཁས་གྲུབ།
༤༧ བདེ་སྐྱིད་ཆོས་འཛོམས།
༤༨ ཚེ་དབང་རྡོ་རྗེ།
༤༩ བློ་བཟང་བློ་འཛིན།
༥༠ བློ་བཟང་ཕྲིན་ལས།
༥༡ སྒྲོལ་དཀར་མཚོ།
༥༢ གཅོད་པ།
༥༣ ལུང་རྟོགས།
༥༤ བཀྲ་ཤིས།
༥༥ བློ་བཟང་སྐལ་བཟང་།
༥༦ དམ་ཆོས།
༥༧འཇམ་དབྱགས་མེ་ཏོག
༥༨གཡུང་དྲུང་།
༥༩དགུ་འགྲུབ།
༦༠ སངས་རྒྱས་རྒྱ་མཚོ།
༦༡རྟ་མགྲིན་རྡོ་རྗེ།
༦༢ ལྷ་མོ་སྐྱབས།
༦༣ དོན་གྲུབ།
༦༤རྡོ་རྗེ་རིན་ཆེན།
༦༥ ཚེ་སྤོ།
༦༦ བསྟན་འཛིན།
༦༧ལྷ་མོ་ཚེ་བརྟན།
༦༨ཐུབ་དབང་སྐྱབས།
༦༩རྡོ་རྗེ་ལྷུན་འགྲུབ།
༧༠རྟ་མགྲིན་མཚོ།
༧༡རྡོ་རྗེ།
༧༢བསམ་འགྲུབ།
༧༣རྡོ་རྗེ་སྐྱབས།
༧༤མིང་མ་ཤེས།
༧༥སྦྱིན་པ་རྒྱ་མཚོ།
༧༦མགོན་པོ་ཚེ་རིང་། ཀླུ་ཆུ་ཨ་ལ།
༧༧སྙིང་དཀར་བཀྲ་ཤིས།
༧༨སྙིང་ལྕགས་འབུམ།
༧༩ཏང་འཛིན་སྒྲོན།
༨༠མཁའ་འབུམ་རྒྱལ།
༨༡ལྕགས་མོ་སྐྱིད།
༨༢གསང་བདག་ཚེ་རིང་།
༨༣དབང་ཆེན་ནོར་བུ།
༨༤ཚེ་རིང་དོན་འགྲུབ།
༨༥ཀླུ་འབུམ་རྒྱལ།
༨༦རྟ་མགྲིན་སྐྱབས།
༨༧རྟ་མགྲིན་རྡོ་རྗེ།
༨༨སངས་རྒྱས་སྒྲོལ་མ། རྩེ་ཁོག་རྡོ་དཀར་མ་
༨༩དབང་རྒྱལ།
༩༠དཀོན་མཆོག་།
༩༡སྐལ་བཟང་སྐྱབས། རྔ་བ་མཛོད་དགེ་རྫོང་ཅང་ཚ་
༩༢སངས་རྒྱས་བཀྲ་ཤིས། བསང་ཆུ་རྫོང་བསང་ཁོག་ཞང་།
༩༣ཚེ་རིང་བཀྲ་ཤིས། ཀླུ་ཆུ་རྫོང་ཟམ་ཟ་
༩༤ཚེ་རིང་རྣམ་རྒྱལ། ཀླུ་ཆུ་ཟམ་ཟ་
༩༥བན་དེ་མཁར། ཀན་ལྷོ་མཛོད་དགེ
༩༦དཀོན་མཆོག་སྐྱབས། རྔ་བ་མཛོད་དགེ
༩༧གཟུངས་འདུས་སྐྱབས། བླ་བྲང་འབོ་ར།
༩༨བློ་བཟང་དགེ་འདུན། མགོ་ལོག་པདྨ།
༩༩དཀོན་མཆོག་འཕེལ་རྒྱས། རྔ་བ་སྟག་ཚང་ལྷ་མོ།
༡༠༠པདྨ་རྡོ་རྗེ། ཀླུ་ཆུ་ཆོས་འཁོར།
འཇིགས་མེད་ཚེ་བརྟན་རང་ལ་གྲིས་རྒྱབ་ནས་རྒྱ་ནག་ལ་ངོརྒོལ་བྱས་ནས་འདས་པ་ཁ་གྱ་སྟོད་མ། ཁོང་འདས་པའི་ཟླ་ཚེས་གསལ་བོ་མ་ངེས་པས་ཨང་གྲངས་ཤེས་མ་བྱུང་། གོང་གསལ་ལ་ནོར་བ་ཡོད་ན་བཅོས་རོགས་གནང་།
་་་་་་་ ད་དུང་གཡུང་དྲུང་གི་བོན་དང་སངས་རྒྱས་ཀྱི་བསྟན་པ་གཉིས་ནི་དོན་གཅིག་ཏུ་འདོད་ཀྱི་ཡོད་པས་ཕྱོགས་རིས་མེད་པའི་སངས་རྒྱས་ཀྱི་བསྟན་པ་ཡང་དག་པ་ཞིག་ན་བོན་དང་བོན་པོ་ཡིན་པར་འདོད་ཀྱང་མི་ཆོག་མེད་དོ། ་་་་་་ཟེར།
པདྨ་ལགས།
ཐབ་ཁ་མ་གཏོགས་ས་ངོ་མི་ཤེས་བ།།
ཨ་མ་མ་གཏོགས་མི་ངོ་མི་ཤེས་པ།།
ལྷ་མིན་འདྲེ་མིན་མི་མིན་རྣམ་རྟོག་ཅན།།
བླུན་པོ་རང་ཚུགས་ཅན་པོ་འདི་ན་འདུག།
བཟང་ངན་དགེ་སྡིག་དབྱེ་བ་མི་ཕྱེད་པའི།།
ཧྭ་ཤང་མཁན་པོའི་གསོས་ཕྲུག་སྨྱོ་ལ་ཁད།།
ཆོས་དང་ཆོས་མིན་དབྱེ་ངོ་མ་ཆོད་པར།།
ཁ་ནས་གང་བྱུང་སྨྲ་བ་སྙིང་རྗེའི་གནས།།
མགྲིན་བཟང་བོང་བུའི་རྣ་གཅོག་རིང་པོ་ལ།།
གདམས་ངག་གསེར་གྱི་ཕྱེ་མ་བླུགས་ན་ཡང་།།
མགོ་བོ་སྤྲུག་སྤྲུག་བྱས་ནས་ཐང་ལ་གཏོར།།
བསོད་ཟད་སྐལ་ཆད་རིགས་ལ་ཤིན་ཏུ་ནོངས།།
ཕྲག་དོག་སྦྲུལ་གྱི་དུག་ལྕེ་རྣོན་པོ་ཡིས།།
དགེ་བའི་སྲོག་གི་དབང་པོ་འཕྲོག་བྱེད་པ།།
རྒྱལ་འགོང་ཕལ་གྱིས་དོ་ཟླ་མི་ཡོང་བའི།།
རང་རློམ་རང་ཤེད་མཇུག་མ་རིང་པོ་ཅན།།
འཆད་རྩོམ་རྩོད་ལ་མངའ་བརྙེས་དགེ་ལྡན་པའི།།
མཁས་པའི་དབང་པོ་པྲ་ཛྙཱ་ས་ར་ལ།།
ཚིག་མཚོན་འདེབས་པའི་སྙིང་སྟོབས་འཕེལ་བ་ནི།།
འདོད་ལྷའི་རྒྱལ་པོ་སྙིང་ལ་ཞུགས་པའི་རྟགས།།
ཡིན་མིན་བཟང་ངན་མཉམ་ཉིད་སྒོམ་སྒོམ་ནས།།
བླང་དོར་རྩ་བ་ཆད་པའི་ས་གཞི་ལ།།
གདུག་རྩུབ་ཚེར་མའི་ཚང་ཚིང་འཁྲུགས་པས་ན།།
དགེ་བའི་མེ་ཏོག་བཞད་པ་རི་སྦལ་སྤུ།།
BONPOལགས། ལེགས་བཤད་ཐལ་དྲག་པ་ཡིན་ནམ། གང་ལྟར་ཀྱང་ཁྱོད་ཀྱིས་ལུང་དང་རིགས་པའི་ལམ་ནས་འདི་ལྟར་གསུངས་པ་ནི་སྔགས་བརྗོད་ཀྱི་མེ་ཏོག་འཐོར་བའི་ཡུལ་དམ་པ་ཡིན་ནོ།། དེ་ཡང་་་མདོ་དྲི་མེད་གཟི་བརྗིད་ལས། ལྷའི་བུ་དམ་པ་ཏོག་དཀར་ཁྱོད། འདི་ནས་འཛམ་གླིང་ལྷོ་ཕྱོགས་ཀྱི། རྒྱ་གར་ཝ་ར་ན་སི་རུ། རྒྱལ་པོ་ཤག་གི་སྲས་སུ་འཁྲུངས། ང་མིན་ཆོས་པོས་བསྒྱུར་བ་ཡི།།བོན་ལས་འཆོས་པའི་ལོག་བསླུ་ལ། ཡང་དག་ཆོས་ཞེས་བྱ་བ་བསྒྱུར། མིའི་ལོ་བརྒྱད་བརྒྱ་ཉི་ཤུ་ན། རབ་འབྱམས་བཀའ་ཡི་འཁོར་ལོ་བསྐོར། ཞེས་པ་འདི་མདོ་བྱམས་མའི་ནང་དུ་ཡོད་དམ་ལུང་ཁུངས་གསལ་བོ་ཞིག་འགོད་རྒྱུ་དང་ཚིག་རྐང་ཕྱི་མ་ལྔའི་ཚིག་འགྲེལ་ཞིག་སྐྱོན་རྒྱུ་ཐུགས་རྗེ་གཟིགས།
BONPO་ཡིས་བཤད་པ་གང་ཟག་ལ་མི་རྟོན་པར་དོན་ལ་རྟོན་པའི་བཟོ་ལྟ་ཅུང་ཟད་འདུག །སུའི་ཁ་ནས་ལེགས་བཤད་བྱུང་ན་དེ་ལ་བརྩི་འཇོག་ཞུ་གི་ཡིན།
ཀྱེ་མ་ཀྱེ་ཧུད་ལེགས་སྐར་དལ་ཅིག་གསོན།
རྒྱལ་བཙོང་རྒྱལ་འགོང་ལྷ་རུ་མཆོད་གྱུར་ཀྱང་།
དགེ་ལུགས་དགེ་བཤེས་མིང་གི་འདོགས་རྐྱང་བྱེད། །
ཤི་འདྲེ་སྐྱབས་སུ་འགྲོ་རྣམས་སྙིང་རེ་རྗེ། །
རིག་པའི་སྣང་བ་མ་མཐོང་འབྱུང་བོ་བྱ།།
སྒྱུ་ལུས་འཕྲུལ་བ་མ་གྲོལ་གཉིས་འཐུང་རོ། །
འགལ་འདུའི་ཞེན་པ་མ་ཆོད་གཅེར་བུའི་ལུགས། །
འབྲོག་བླའི་སྤྱན་རས་ཐལ་བས་མ་གཡོགས་སམ། །
ཐེག་གསུམ་དམ་པའི་དྲི་ཙམ་མི་བྲོ་ཡང་། །
ཐར་ལམ་ཡང་དག་སྨྲ་བའི་མདངས་མཐའི་ཚོགས། །
བསྟན་འཛིན་ཁོག་རུལ་སྡུག་གི་སྡོང་བོ་ལ། །
གསེར་དངུལ་རིན་ཆེན་རྒྱན་ཀྱང་སྙིང་པོ་དབེན། །
སྔགས་ཀྱི་བསྟན་པར་འཕྱ་སྨོད་ངོ་ཚ་བྱེད། །
མདོ་ཡི་ཆོས་ལ་ཁ་ཁྱེར་རྒྱབ་འགལ་སྒྲུབ། །
བྱིས་པའི་ཆོས་ལ་ཞེན་པའི་དམུས་ལོང་ལ། །
ཤེས་རབ་རྒྱ་མཚོ་བཏགས་ཀྱང་བཞད་གད་གནས། །
རྒྱལ་དབང་བཅུ་གསུམ་འགལ་བའི་དམ་ཉམས་ཤིག །
རྒྱ་དམག་བོད་དུ་འདྲེན་པའི་དམག་དཔོན་ཞིག །
ཏང་དང་མའོ་ལ་དགའ་བའི་གཅེས་ཕྲུག་ཅིག །
དགའ་ལྡན་ལྔ་མཆོད་འབུལ་བ་ཀྱེ་མ་ཧུད། །
ད་ཡིན་ན་ཏང་དགའ་དེ་རྗེ་ལས་ལྷག་གཅིག་ཡིན་པ་བཤད་ས་རེད། ཧ ཧ
རྗེ་ཙོང་ཁ་པ་ཆེན་པོའི་ཞལ་ནས།
སྟོན་པའི་ནང་ན་རྟེན་འབྲེལ་སྟོན་པ་དང་། །
ཤེས་རབ་ནང་ན་རྟེན་འབྲེལ་ཤེས་པ་གཉིས། །
འཇིག་རྟེན་དག་ན་རྒྱལ་བའི་དབང་པོ་བཞིན། །
ཕུལ་བྱུང་ལེགས་པར་ཁྱོད་མཁྱེན་གཞན་གྱིས་མིན། །
ཞེས་དང་།
འཇིག་རྟེན་རྒུད་པ་ཇི་སྙེད་པ། །
དེ་ཡི་རྩ་བ་མ་རིག་སྟེ། །
གང་ཞིག་མཐོང་བས་དེ་ལྡོག་པ། །
རྟེན་ཅིང་འབྲེལ་བར་འབྱུང་བར་གསུངས། །
གཞན་ཡང་།
མི་ལྡོག་བརྟན་པའི་བརྩོན་འགྲུས་གོ་བགོས་ན། །
ལུང་རྟོགས་ཡོན་ཏན་ཡར་ངོའི་ཟླ་བཞིན་འཕེལ། །
སྤྱོད་ལམ་ཐམས་ཅད་དོན་དང་ལྡན་པར་འགྱུར། །
གང་བརྩམས་ལས་ཀྱི་མཐའ་རྣམས་ཡིད་བཞིན་འགྲུབ། །
དེ་ལྟར་ཤེས་ནས་ལེ་ལོ་ཀུན་སེལ་བའི། །
རླབས་ཆེན་བརྩོན་འགྲུས་རྒྱལ་སྲས་རྣམས་ཀྱིས་བརྩམས། །
རྣལ་འབྱོར་ངས་ཀྱང་ཉམས་ལེན་དེ་ལྟར་བགྱིས། །
ཐར་འདོད་ཁྱེད་ཀྱང་དེ་བཞིན་བསྐྱང་འཚལ་ལོ། །
ཞེས་གསུངས་པ་ལྟར།
དང་པོ་རྒྱ་ཆེན་ཐོས་པ་མང་དུ་བཙལ། །
བར་དུ་གཞུང་ལུགས་ཐམས་ཅད་གདམས་པར་ཤར། །
ཐ་མར་ཉིན་མཚན་ཀུན་ཏུ་ཉམས་སུ་བླངས། །
ཀུན་ཀྱང་བསྟན་པ་རྒྱས་པའི་ཆེད་དུ་བསྔོས། །
དལ་བའི་རྟེན་འདི་ཡིད་བཞིན་ནོར་ལས་ལྷག །
འདི་འདྲ་རྙེད་པ་ད་རེས་ཙམ་ཞིག་ཡིན། །
རྙེད་དཀའ་འཇིག་སླ་ནམ་མཁའི་གློག་དང་འདྲ། །
ཚུལ་འདི་བསམ་ནས་འཇིག་རྟེན་བྱ་བ་ཀུན། །
སྦུན་པ་འཕྱར་བ་བཞིན་དུ་རྟོགས་གྱུར་ན། །
ཉིན་མཚན་ཀུན་ཏུ་སྙིང་པོ་ལེན་པ་དགོས། །
བརྟེན་ནས་འབྱུང་བའི་དེ་ཉིད་གསལ་མཛད་པ། །
ཐུབ་པའི་ལུགས་བཟང་སྐྱེ་བ་ཐམས་ཅད་དུ། །
ལུས་དང་སྲོག་ཀྱང་བཏང་ནས་འཛིན་པ་ལ། །
སྐད་ཅིག་ཙམ་ཡང་ལྷོད་པར་མ་གྱུར་ཅིག །
ཅེས་སོགས་གསུང་གི་སྙིང་པོ་ལོན་དགོས་རེད་ད། དགེ་ཕྲུག་རྐུབ་གཙུག ད་དེ་ཙམ་ཡིན། གྲོགས་ལོག་བཤད་ཁྱོད་ཀྱིས་དགེ་ལུགས་དོལ་ཚོགས་ཀྱི་དགེ་བཤེས་གསེར་རི་ཕྲེང་བ་འཚར་དུ་དངར་བ་ཚོ་ལ་བསྔགས་བརྗོད་རེ་གྱིས་དང་འབྲོག་རི་བོ་དགའ་ལྡན་པའི་བསྟན་པ་དང་རྒྱལ་བསྟན་ཡོངས་ལ་སོས་མི་ཐུབ་པའི་རྨ་སྲོལ་ཆེན་པོ་ཞིག་བཏང་ཐུབ་པར་འདུག་པས་དེ་ལུགས་ཀྱིས་རྗེ་བླ་མ་ཡབ་སྲས་ལ་སྨད་པའི་དྲི་བསུང་འཐུལ་བའི་སྤོས་ཀྱི་རྫིང་བུ་ཆེན་པོ་འགྱུར་ཏ་རེ། ཨ་ཁ་ཁ་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་
དེ་ཡང་སློབ་དཔོན་སངས་རྒྱས་གཉིས་པས། ༈སྟོན་པ་འཇིག་རྟེན་མིག་ནི་ཟུམ་གྱུར་ཅིང་།།དཔང་གྱུར་སྐྱེ་བོ་ཕལ་ཆེར་ཟད་པ་ན།།དེ་ཉིད་མ་མཐོང་རང་གར་གྱུར་པ་ཡི།།ངན་རྟོག་རྣམས་ཀྱིས་བསྟན་པ་འདི་དཀྲུགས་སོ།།རང་བྱུང་རང་བྱུང་བསྟན་པ་གཅེས་འཛིན་རྣམས།།མཆོག་ཏུ་ཞིར་གཤེགས་འགྲོ་མགོན་མེད་པ་ན།།འདོམས་མེད་ཡོན་ཏན་འཇོམས་པར་བྱེད་པ་ཡི།།དྲི་མས་དགའ་མགུར་དེང་སང་འདི་ན་སྤྱོད།།དེ་ལྟར་ཐུབ་པ་དག་གི་བསྟན་པ་ནི།།ལྐོག་མར་སྲོག་ཕྱིན་འདྲ་དང་དྲི་མ་རྣམས།།སྟོབས་དང་ལྡན་པའི་དུས་སུ་རིག་ནས་ནི།།ཐར་པ་འདོད་པ་དག་གིས་བག་ཡོད་གྱིས།
ལེགས་བཤད་དང་བོན་དང་པདྨ་བཅས་བོད་ཀྱི་མཁས་པ་རྣམས་ཀྱི་ལོ་རྒྱུས་དང་རྩད་ཆེའི་ཡི་གེའི་དག་ཆ་ནོར་པ་ཡོད་པ་སེལ་བ་ལ་ཡང་ཕན་ཐོགས་བྱུང་ལྷན་རྒྱས་ལ་བཀའ་དྲིན་ཆེ།
མཁས་པ་མཁས་པའི་ནང་ན་མཛེས།
བླུན་པོས་མཁས་པ་ཇི་ལྟར་གོ
ཞེས་པའི་དཔེ་ལྟར་ངས་ཐོག་མར་ལ་དྭགས་ཀླུ་འཁྱིལ་དགོན་དུ། འདུ་ཁང་གི་སྒོ་གཞོལ་དུ། བོད་བཀྲ་ཤིས་ལྷུན་པོར་མཚན་ཉིད་པ་ཡིན་པ་གཉིས་རྩོད་པ་ན། འདི་གཉིས་ཀྱིས་གཅིག་གིས་གཅིག་ཤོས་ལ་འབར་འདུག འཛུམ་མུལ་ཡང་བྱེད་འདུག་པ་ཅི་ཡིན་ནམ་ཞེས་མགོ་འཐོམས་པ་ཞིག་བྱུང་། འཐོམས་སངས་པ་ན་ཆོས་ཀྱི་རྩོད་པ་ལེགས་པ་ཡིན་པར་ཤེས་པ་ལྟར་ཁྱེད་རྣམས་ཀྱི་རྩོད་པ་བོད་ཀྱི་མཁས་པའི་རྒྱན་དུ་གྱུར་ཅིག ཅེས་སོ།།
པདྨ་ལ།
ཕྲག་དོག་རྨོངས་བས་སྒྲིབ་པ་སྦྲུལ་ནག་ལ།།
དམ་པ་སྨོད་པའི་དུག་ལྕེ་གསོན་པོ་ཡོད།།
ཡོན་ཏན་མི་མཐོང་མུན་ནག་ཁུང་བུར་ཉལ།།
ཞེ་སྡང་གདུག་རྩུབ་ཆེ་ལ་ཀྱེ་མ་ཧུད།།
ལེགས་པར་སྨྲ་བས་བདེན་གཏམ་སྨྲ་བ་ལ།།
རང་ཚོད་མ་རྟོགས་པདྨའི་མིང་ཅན་གྱིས།།
ལོག་བཤད་ཕུང་པོ་བརྩེགས་པའི་ངག་འཁྱལ་གྱིས།།
དོན་ལྡན་ལེགས་བཤད་དོན་མིན་ཉིད་དུ་བསྒྲུབས།།
ཆགས་སྡང་སྡིག་ལྟ་སྨྲ་བར་གོམས་གོམས་ནས།།
རང་གཤིས་བསྒྱུར་དུ་མེད་པའི་ཁ་སྒོ་ནས།།
དགེ་ལྡན་པ་ལ་ཆད་སྟོང་སྨྲ་བ་དང་།།
སྔ་འགྱུར་རྙིང་མའི་ཞབས་འདྲེན་ཞུས་སོང་ངོ་།།
གཏི་མིག་གིས་ལྡོངས་པདྨའི་མིང་ཅན་འདིས།།
སྐུར་འདེབས་སྒྲོ་འདོགས་བྱ་རྒྱུར་ཐེ་ཚོམ་མེད།།
ཆོས་དང་ཆོས་མིན་དགེ་དང་སྡིག་པ་མེད།།།
ཧྭ་ཤང་གསོས་ཕྲུག་དེ་ལ་ཅི་ཡང་མེད།།
དྲི་བ་དྲིས་ལན་དོགས་སློང་བྱེད་འོས་ཀྱང་།།
མི་དགོས་དམ་པ་སྨོད་པའི་ངག་འཁྱལ་ལ།།
གོམས་པའི་རང་ཤེད་འདམ་རྙོག་ལས་སྐྱེས་པའི།།
པདྨ་ཟེར་ཡང་སྐྱག་དྲི་ཐུ་ལི་ལི།།
གྲོགས་ལེགས་བཤད།
ད་བར་ལམ་རིམ་གསུང་ཆོས་གཙོས་པའི་དགེ་ལྡན་པའི་རྩ་ཆེའི་ལེགས་བཤད་མང་པོ་ཁྱེད་ཀྱི་མགྲིན་བཟང་བརྒྱུད་ནས་ཐོས་པ་དེ་དག་ལ། ཁྱེད་ལ་རྡོ་རྗེ་སྤུན་གྲོགས་ཀྱི་འདུ་ཤེས་ལེགས་པར་བཞག་ནས། ཐུགས་རྗེའི་བཀའ་དྲིན་ཆེ་ཞུ་བ་དང་ཆབས་གཅིག། སླད་ཀྱང་། ཐུགས་རྗེའི་གཟིགས་པ་མ་ཆུང་བའི་ཐོག། མུད་མཐུད་དྲ་རྒྱའི་ཐོག་ཕེབས་ནས་རྗེ་བླ་མས་གཙོས་རིས་མེད་གངས་ཅན་གྱི་བླ་མ་གྲུབ་ཐོབ་རྣམས་ཀྱི་དགོངས་པའི་ཆུ་གཏེར་རྣམས་བསིལ་ཟེར་གྱི་སྐོམ་པ་འཚོལ་བའི་དད་པའི་རིས་མེད་ཀྱི་སློབ་མའི་ཚོགས་པ་སྤེལ་བར་མཛོད།
འོན་ཀྱང་རྩོད་མེད་རྗེ་བླ་མའི་རྒྱུད་འཛིན་པ་རྣམས་ཀྱི་གསུང་ལས། རྩོད་ཅན་རེ་གཉིས་ཀྱིས་ཡངས་ཞིང་རྒྱ་ཆེ་བའི་བསླབ་གསུམ་གྱི་ཤེས་བྱའི་གཏེར་མཛོད་ཀྱི་གོ་བསྐལ་མ་འཇོམས་པའི་དགོངས་པ་ཅི་ནས་བཞེས་པར་ཞུའོ།
ལེགས་པར་བཤད་པས་ལེགས་བཤད་དོ་ཤེལ་སྐྱུག །
པདྨའི་མིང་ཅན་རྒྱབ་རྟེན་ལུང་རིགས་ཕྱུག །
བོན་པོས་བོན་ཆོས་རང་གི་ཆེ་བས་སྤྱུགས། །
བཀྲ་ཤིས་མཐའ་འཇུག་ཤིས་པའི་ཤིས་བརྗོད་མཛད། །
མིག་གཉིས་ཡོད་པ་དང་རྣ་བ་གཉིས་ཡོད་པ་དག་འདི་ལྟོས་ཞིག་གོ་་་་་
འདྲེ་དང་སྲིན་པོས་གངས་པའི་ཡུལ་ལུང་མཐའ་འཁོབ་བོད་ཞེས་པ་མུན་ནག་གི་གླིང་འདི་་་་་་་
འདྲེ་སྲིན་དུག་པ་ཅན་གྱི་གངས་པ་དེ་་་་་་ དཔལ་ཨོ་རྒྱན་གྱི་སློབ་དཔོན་ཆེན་པོ་གུ་རུ་པདྨ་འབྱུང་གནས་ཞེས་བདག་བཅག་གི་སྟོན་པ་མྱ་ངན་ལས་མདའ་ཁར་འཁོར་རྣམས་ཀྱི་མྱ་ངན་ལས་མི་མདའ་བར་གསོལ་བ་བཏབ་པས་ན་ སྟོན་པ་རང་གི་
ལུང་རྟེན་ལས་་་་་ ང་ལས་ལྷག་པའི་སྐྱེས་བུ་འབྱུང་ཞེས་པ་རྡོར་རྗེ་ལུང་གི་བཟིན་པའི་སྐྱེས་བུ་དག་ཁོང་རང་གི་བཀའ་དྲིན་ལས་
དུག་པ་ཅན་ཐམས་ཅད་དམ་ལ་བརྟགས་པ་སོགས་ཀྱི་བཀའ་དྲིན་འདྲེ་ལུང་ངམ་འདྲེ་ཡུལ་དེ་གཞིང་ཁམས་ལྟ་བུར་སྒྱུར་བ་པོ་
ནི་གུ་རུ་རིན་པོ་ཆེ་ཁོ་ན་ལས་གཞན་སུ་ཡང་མེད་དོ། མ་བྱུང་ངོ་། མི་འབྱུང་ངོ་། འབྱུང་བར་མི་འགྱུར་རོ།
རྩམ་བཟན་དག་གི་ཤེས་པར་གྱིས་ཤིག།. སློབ་དཔོན་རིན་པོ་ཆེའི་བཀའ་དྲིན་ཙམ་ཡང་མི་ཤེས་པའི་བོད་ཕྲུག་དག་སྙིང་རེ་རྗེ་བསོད་ཟད་འཚོ་ད་གང་བྱེད་ཨ་རྩ་མ་ དེ་དག་བོད་པར་སློམ་པ་ངོ་ཡང་ཚ་ཚ་ཚ་ སྙིང་རྗེ་སྙིང་རྗེ་་་་
གུ་རུ་རིན་པོ་རང་གིས་་་ བོད་ལ་དྲིན་ཅན་བྱས་ཀྱང་དྲིན་མི་ལོང་སོགས་དང་། རྒྱལ་བསྟན་བོད་དུ་དར་ཁྱོད་ཅིག་པུ།
ཞེས་དང་། ཁ་བ་ཅན་འདི་ལག་ན་པདྨ་ཡིས། གདུལ་བྱར་རྒྱལ་བས་ལུང་བསྟན་མཛད་པའི་དོན།
ཞེས་སོགས་བཀའ་དྲིན་ཆེ་རབས་མང་དག་ཅིག་གསུང་ཡོད་ཀྱང་དེ་དག་མཇལ་བའི་མིག་ཆེན་པོ་ཕོར་ཁོག་འདྲ་བ་དེ་ཡང་མདོངས་ནས་མ་མཇལ་བ་བོད་ཕྲུག་མིག་མེད་དག་ཡ་རེ་ང་ང་ང་ང་ སློབ་དཔོན་རིན་པོ་ཆེ་ དེ་དག་ཕྱོགས་རེ་ཅན་གྱི་ལྟ་བ་ལས་སྐྱོབས་དང་། རང་གི་ཁ་ཕུར་མ་རྟོགས་མི་མཐོང་བ་དེ་དག་ལ་ དཔེར་ན་བསམ་མེད་དྲིན་ཆེན་ཕ་མ་དག་ལ་ཡང་།
འཁུ་བར་བྱེད་ན་ཁྱེད་ཀྱི་ཐུགས་རྗེ་ལ། ཉེ་རིང་མ་མཆིས་ཐུགས་དམ་རྒྱུད་བསྐུལ་ལོ། ཞེས་པའི་དོན་དེ་ བོད་ཕྲུག་ཡོད་དོ་བཅོག་གི་
སེམས་རྒྱུད་ལ་འཇུག་པར་ཤོག་་་་་ མདོར་ན་ བོད་པ་དག་་ གངས་ཅན་པ་དག་ གདོང་དམར་པ་དག་ སུ་ཡིན་ནོ་བཅོག་
སུ་ཡོད་དོ་བཅོག་གང་དག་ཐམས་ཅད་ཀྱི་ མཁན་སློབ་ཆོས་གསུམ་གྱི་བཀའ་དྲིན་དང་ཡོན་གཏན་དེ་བོད་མི་ ཆེ་ཆེ་ ཆུང་ཆུང་
མི་དྲག་ སྐུ་དྲག་ ཁ་ཡོད་ཚད་ མིག་ཡོད་ཚད་ཀུན་གྱི་ཤེས་པར་གྱིས་ཤིག། ཧ་གོ་བར་གྱིས་ཤིག་གོ་ གུ་རུ་རིན་པོ་ཆེ་ནི་
དུས་རབས་རྒྱད་པ་ནས་གཟུང་ཏེ་དམིགས་སད་ཀྱི་ བོད་པ་ཚང་ལ་ཐུགས་རྗེ་ཆེན་པོ་ཡིན་ནོ།
དག་ནི་སྐྱེ་བ་ནས་ཚེ་རབས་ཀུན་ཏུ་གུ་རུའི་རྗེས་འཇུག་ཏུ་སྐྱེ་པར་ཤོག་ཞེས་ཡང་ཡང་ཡང་ཡང་ཡང་གསོལ་བ་འདེབས་པ་ལགས་སོ། སྐལ་ལྡན་ལས་ཅན་ཞིག་ཡིན་པ་ནི་གཤིན་ཏུ་ནས་བཟང་བཟང་།
ཨ་ལ་ལ་ཧོ། ཨ་ལ་ཧོ། ཨ་ལ་ལ་ཧོ།།།།།།།།།
སློབ་དཔོན་རིན་པོ་ཆེ་་་་་་་སློབ་དཔོན་རིན་པོ་ཆེ་མ་གཏོགས་མི་མཐོང་མཁན་གྱི་མིག་ཁབ་མིག་ཙམ་དུ་ཡོད་པའི་ཕྱོགས་རིས་ཅན་དེ་ཚོ་སྐྱོབས་རོགས་གནང། བྲག་ཕུག་ཐམས་ཅད་སློབ་དཔོན་གྱི་གྲུབ་ཕུག། མཚོ་ཐམས་ཅད་སློབ་དཔོན་འཁྲུངས་ས། ཁུང་བུ་ཐམས་ཅད་ཡེ་ཤེས་མཚོ་རྒྱལ་གྱི་བ་ག། གངས་རི་བྲག་རི་ཐམས་ཅད་ཨུ་རྒྱན་གྱི་པད་ཞ྄། བཟང་ཚད་ལེགས་ཚད་ཐམས་ཅད་ཨུ་རྒྱན་གྱི་ཡིན། ངན་དགུ་ཐམས་ཅད་གཞན་གྱིས་ཡིན། རང་ལྟར་ཆགས། གཞན་ལྟར་སྡང། རང་གཞན་གྱི་ལྟ་གྲུབ་ལ་རྨོངས། ཆགས་སྡང་རྨོངས་གསུམ་གྱི་རྒྱུད་རབ་ཏུ་འཁྲུགས་པའི་གླང་རྒན་འདི་དག་ལ་ཐུགས་རྗེའི་གཟིགས་རོགས། རང་གི་ཡུལ་ཁམས་ཀླ་ཀློ་དང་མཐའ་འཁོབ་སྲིན་ཡུལ་རྒྱ་མཚོ་ལྟར་ལྟ་བ་དང། གཞན་ཡུལ་འཕགས་ཡུལ་དུ་ལྟ་བ་དང། རང་གི་མེས་པོ་བདུད་དང་སྲིན་པོ་མུ་སྟེགས་ནག་པོ་ཁྲ་བོ་འཁྱལ་པོ། རང་གི་རྒྱལ་ཁམས་གླེན་པ་ཁྱུ་ཚོགས་ཀྱི་རྒྱལ་ཁམས་སུ་བལྟ་བའི། ཕ་ཙནྡན་སྡོང་པོ་ལ། བུ་ཆུ་ཤིང་རུལ་པར་སྐྱེས་པའི། ཚ་ངན་དང། བུ་རུལ། འདི་དག་ལ་སློབ་དཔོན་ཁྱེད་ལ་མཐུ་རྩལ་ཡོད་ན་བསྒྲལ་པའི་དུས་རེད་འདུག་་་་་་་དུས་རབས་བདུན་པའི་སྐབས་སུ་ཁྱེད་ལ་
རང་གི་ས་སྐྱེས་རྡོ་སྐྱེས་ཀྱི་ཆོས་ལུགས་རིགས་གཞུང་རྟེན་དང་བརྟེན་པ་ཐམས་ཅད་མེ་ཆུའི་ཞལ་དུ་བཏབས་པའི་ནུས་པ་ཡོད་ན། རང་གི་ཡུལ་གྱི་ཡུལ་ལྷ་གཞི་བདག་ཐམས་ཅད་དབང་དུ་བསྡུད་པའི་མཐུ་རྩལ་ཡོད་ན།
ད་ལྟ་དུས་རབས་ཉེར་གཅིག་གི་སྐབས་འདིར་ཁྱེད་རང་གི་ཆོས་དང་རིགས་གཞུང་རྟེན་དང་བརྟེན་པ་མི་རིགས་དང་བཅས་པ་ཐམས་ཅད་མིང་མེད་དུ་བརླག་པའི་དུས་ལ་བབ་དུས་སུ། ཁྱེད་ལ་མཐུ་རྩལ་ཡོད་ན་འདོན་པའི་དུས་ལ་བབ་མི་འདུག་གམ
ནང་དུ་སྟག་འདྲ་འདྲ། ཕྱི་རུ་ཝ་འདྲ་འདྲའི་གནས་སྟངས་ཡིན་ནམ།
རྒྱལ་ཁམས་པ་ལས་སྙིང་ནས་གུས་འདུད་ཞུ། །
ལེགས་བཤད་མཁས་པས་ཏང་འདྲེར་ལེགས་བསྟོད་ཀྱང་། །
མི་གཙང་འདམ་ལས་སྐྱེས་པའི་པདྨ་ལ། །
སྐྱོན་གྱིས་མི་གོས་ལེགས་ཉེས་གསལ་བོ་མཁྱེན། །
ད་ནི་ཁྱེད་རྣམ་ལེགས་བཤད་རྗེས་སུ་རྒྱུགས། །
པདྨ་ང་ནི་པདྨའི་ཐུགས་ཀར་འཕོ། །
བོད་ལ་དྲིན་ཆེན་བརྗོད་ཀྱང་དྲིན་མི་གོ །
གདམས་པའི་སྙིང་པོ་ཁྱེད་ཀྱིས་མ་གོ་ཐལ། །
ནོར་བུ་འཆིང་བུ་མ་ནོར་གངས་ཅན་པ། །
གསོན་བསྲེག་བྱས་ཀྱང་ང་ཡིས་སྐྱོབ་ཐབས་དབེན། །
སྙིང་པོ་དབེན་པའི་ཆོས་བརྒྱད་སྒྲུབ་པ་ཚོ། །
དམ་པ་བཏགས་ཀྱང་དམ་ཉམས་ཁོག་རུལ་ལགས། །
རང་དབང་སྨྲ་བརྗོད་ཡོད་པའི་ཁ་བརྡ་ཚང་། །
བཀའ་དྲིན་ཆེའོ་ཁྱེད་རྣམ་བདེ་མོ་བཞུགས། །
པདྨ་ང་ཡི་མིང་བྱང་ཡིག་ཟམ་བཅས། །
གཞན་ལ་ཇི་བཞིན་མ་བཤད་སྐུ་ཚེ་རིང་། །
ལོག་མིན་ཆོས་གྲོགས་ཚང་མ་བདེ་མོ་གྱིས། །
བོད་ལ་རྒྱལ་ཁབ་ཡོད་པའི་སྨོན་ལམ་ཡོད། །
རྒྱལ་དབང་སྐུ་ཚེ་བརྟན་པའི་སྨོན་ལམ་ཡོད། །
དམ་གཙང་ཡོད་ན་པདྨའི་ཞིང་དུ་མཇལ། །
ཞལ་བྲོ། བདེ་མོ་གྱིས།
བཙུན་ཆུང་རྒྱོ་བའི་སྲོལ་གཏོད་ཙོང་ཁ་པར། དགེ་བཤེས་སྨྱོན་པས་ཟོལ་གྱི་བསྟོད་པ་ཡི། ཉེས་བཤད་དྲ་ཐོག་བཀོད་པའི་ལེགས་བཤད་ལགས། ཨ་རོགས་ཁམས་ཕྲུག་དྲིས་ལེན་སྒུག་ཡོད་ད།
ཨ་རོགས་ཁམས་ཕྲུག་གླེན་པ་གླང་འདྲ་བོ།།དགེ་ལུགས་བསྟན་པའི་ཆུ་མགོ་ནཱ་ལན་དྷ།།བཙུན་ཆུང་རྒྱོ་བའི་སྲོལ་གཏོད་ཙོང་ཁ་མིན།།རྙིང་མ་བོན་པོ་དག་ལའང་ཡོད་པས་སོ།།
༡ ཐུབ་བསྟན་དངོས་གྲུབ།
༢ ལྷག་པ་ཚེ་རིང་།
༣ བློ་བཟང་བཀྲ་ཤིས་སམ་བཀྲ་བྷེ།
༤ བློ་བཟང་ཕུན་ཚོགས།
༥ ཚེ་དབང་ནོར་བུ།
༦ བློ་བཟང་སྐལ་བཟང་།
༧ བློ་བཟང་དཀོན་མཆོག
༨ སྐལ་བཟང་དབང་ཕྱུག
༩ མཁའ་དབྱིངས།
༡༠ ཆོས་འཕེལ།
༡༡ ནོར་བུ་དགྲ་འདུལ།
༡༢ བསྟན་འཛིན་དབང་མོ།
༡༣ ཟླ་བ་ཚེ་རིང་།
༡༤ དཔལ་ལྡན་ཆོས་མཚོ།
༡༥ ཤེས་རབ་ཚེ་རྡོར་རམ་མིག་དམར།
༡༦ གྲྭ་བོད་ཕྲུག
༡༧ རོང་ཚ་བསྟན་འཛིན་ཕུན་ཚོགས།
༡༨ ཚུལ་ཁྲིམས།
༡༩ བསྟན་ཉི།
༢༠ སྤྲུལ་བསོད་ནམས་དབང་རྒྱལ་ལམ་བསོད་པ།
༢༡ བློ་བཟང་འཇམ་དབྱངས།
༢༢ རིག་འཛིན་རྡོ་རྗེའམ་རིག་པེ།
༢༣ བསོད་ནམས་རབ་ཡངས།
༢༤ བསྟན་འཛིན་ཆོས་སྒྲོན།
༢༥ བློ་བཟང་རྒྱ་མཚོ།
༢༦ དམ་ཆོས་སམ་དམ་ཆོས་བཟང་བོ།
༢༧ སྣང་གྲོལ།
༢༨ ཚེ་རིང་སྐྱིད།
༢༩ རིན་ཆེན།
༣༠ རྡོ་རྗེ།
༣༡ དགེ་བྷེ།
༣༢ འཇམ་དབྱངས་དཔལ་ལྡན།
༣༣ བློ་བཟང་ཚུལ་ཁྲིམས།
༣༤ བསོད་ནམས་དར་རྒྱས།
༣༥ འཇམ་དཔལ་ཡེ་ཤེས།
༣༦ ཤེས་རབ་བམ་བློ་བཟང་ཤེས་རབ།
༣༧ བསྟན་པ་དར་རྒྱས།
༣༨ འཆི་མེད་དཔལ་ལྡན།
༣༩ ཆོས་འཕགས་སྐྱབས།
༤༠ བསོད་ནམས།
༤༡ རྡོ་རྗེ་ཚེ་བརྟན།
༤༢ དར་རྒྱས།
༤༣ རི་ཀྱོ།
༤༤ རྟ་མགྲིན་ཐར།
༤༥ ངག་དབང་ནོར་འཕེལ།
༤༦ བསྟན་འཛིན་མཁས་གྲུབ།
༤༧ བདེ་སྐྱིད་ཆོས་འཛོམས།
༤༨ ཚེ་དབང་རྡོ་རྗེ།
༤༩ བློ་བཟང་བློ་འཛིན།
༥༠ བློ་བཟང་ཕྲིན་ལས།
༥༡ སྒྲོལ་དཀར་མཚོ།
༥༢ གཅོད་པ།
༥༣ ལུང་རྟོགས།
༥༤ བཀྲ་ཤིས།
༥༥ བློ་བཟང་སྐལ་བཟང་།
༥༦ དམ་ཆོས།
༥༧འཇམ་དབྱགས་མེ་ཏོག
༥༨གཡུང་དྲུང་།
༥༩དགུ་འགྲུབ།
༦༠ སངས་རྒྱས་རྒྱ་མཚོ།
༦༡རྟ་མགྲིན་རྡོ་རྗེ།
༦༢ ལྷ་མོ་སྐྱབས།
༦༣ དོན་གྲུབ།
༦༤རྡོ་རྗེ་རིན་ཆེན།
༦༥ ཚེ་སྤོ།
༦༦ བསྟན་འཛིན།
༦༧ལྷ་མོ་ཚེ་བརྟན།
༦༨ཐུབ་དབང་སྐྱབས།
༦༩རྡོ་རྗེ་ལྷུན་འགྲུབ།
༧༠རྟ་མགྲིན་མཚོ།
༧༡རྡོ་རྗེ།
༧༢བསམ་འགྲུབ།
༧༣རྡོ་རྗེ་སྐྱབས།
༧༤མིང་མ་ཤེས།
༧༥སྦྱིན་པ་རྒྱ་མཚོ།
༧༦མགོན་པོ་ཚེ་རིང་། ཀླུ་ཆུ་ཨ་ལ།
༧༧སྙིང་དཀར་བཀྲ་ཤིས།
༧༨སྙིང་ལྕགས་འབུམ།
༧༩ཏང་འཛིན་སྒྲོན།
༨༠མཁའ་འབུམ་རྒྱལ།
༨༡ལྕགས་མོ་སྐྱིད།
༨༢གསང་བདག་ཚེ་རིང་།
༨༣དབང་ཆེན་ནོར་བུ།
༨༤ཚེ་རིང་དོན་འགྲུབ།
༨༥ཀླུ་འབུམ་རྒྱལ།
༨༦རྟ་མགྲིན་སྐྱབས།
༨༧རྟ་མགྲིན་རྡོ་རྗེ།
༨༨སངས་རྒྱས་སྒྲོལ་མ། རྩེ་ཁོག་རྡོ་དཀར་མ་
༨༩དབང་རྒྱལ།
༩༠དཀོན་མཆོག་།
༩༡སྐལ་བཟང་སྐྱབས། རྔ་བ་མཛོད་དགེ་རྫོང་ཅང་ཚ་
༩༢སངས་རྒྱས་བཀྲ་ཤིས། བསང་ཆུ་རྫོང་བསང་ཁོག་ཞང་།
༩༣ཚེ་རིང་བཀྲ་ཤིས། ཀླུ་ཆུ་རྫོང་ཟམ་ཟ་
༩༤ཚེ་རིང་རྣམ་རྒྱལ། ཀླུ་ཆུ་ཟམ་ཟ་
༩༥བན་དེ་མཁར། ཀན་ལྷོ་མཛོད་དགེ
༩༦དཀོན་མཆོག་སྐྱབས། རྔ་བ་མཛོད་དགེ
༩༧གཟུངས་འདུས་སྐྱབས། བླ་བྲང་འབོ་ར།
༩༨བློ་བཟང་དགེ་འདུན། མགོ་ལོག་པདྨ།
༩༩དཀོན་མཆོག་འཕེལ་རྒྱས། རྔ་བ་སྟག་ཚང་ལྷ་མོ།
༡༠༠པདྨ་རྡོ་རྗེ། ཀླུ་ཆུ་ཆོས་འཁོར།
འདས་གསོན་གཉིས་ཀའི་འདི་ཕྱི་ཀའི་བསམ་དོན་མྱུར་གྲུབ་ཤོག །
ཀརྡོས་འདི་ན་སླར་བྲིས་པས། །
ཨ་ཕྱི་ཆོས་སྒྲོན་ཞལ་སྔ་ནས། །
དོས་གྲུབ་ནས་བཟུང་པད་རྡོར་བར། །
བོད་དོན་ལས་འགུལ་བྱེད་ཕོད་པ། །
བརྒྱ་ཕྲག་གཅིག་གི་མཚན་འཁོད་འདུག །
བོད་དོན་བསམ་དོན་མྱུར་གྲུབ་ཤོག །
དོས་གྲུབ་དངོས་གྲུབ་ལ་བཅོས།
ཚིག་མཚོན་མེད་ལ་ལུང་ཉུང་བའི། །
དགག་གཞག་རིགས་ལམ་གོ་མཚོན་ཆོངས། །
ཙོང་ཁས་ཆུ་བོ་འབོག་སྐབས་གླ་གཉིས་བར། ཉ་ཆུང་འཛུལ་བའི་ཚོར་བ་མྱངས་བའི་རྗེས། བཙུན་ཆུང་རྒྱོ་བའི་སྲོལ་འདི་གཏོད་སྐད་པ། བོད་ཁམས་ཀུན་ལ་རླུང་ལྟར་ཁྱབ་པས་སོ། དགེ་ལུག་བསྟན་པའི་ཆུ་མགོ་འདི་ཞེས་སུ།ངེས་པ་མེད་དེ་རྒྱ་མིན་བོད་མིན་ཆོས། བོད་སྨན་བཞིན་དུ་སྔོན་བྱོན་མཁས་གྲུབ་ཚོའི། ཕྱག་སྲོལ་ལེགས་ཆ་ཀུན་ལས་བསྡུས་པས་སོ།
ཨ་རོགས་ཁམས་ཕྲུག་བསམ་མེད་ཁ་སྡིག་བསགས། །
ཨ་རོགས་ཁམས་ཕྲུག་ཁམས་པའི་ཞབས་འདྲེན་རེད། །
ཨ་རོགས་ཁམས་ཕྲུག་བོད་རིགས་དམ་ཉམས་ཁྱོད། །
ཨ་རོགས་ཁམས་ཕྲུག་ཁ་ལ་ཐེལ་རྩེ་རྒྱོབས། །
དམིགས་བརྩེ་མ་དགུ་སྐོར་ནི།
དངོས་གྲུབ་ཀུན་འབྱུང་ཐུབ་དབང་རྡོ་རྗེ་འཆང་། །
དམིགས་མེད་བརྩེ་བའི་གཏེར་ཆེན་སྤྱན་རས་གཟིགས། །
དྲི་མེད་མཁྱེན་པའི་དབང་པོ་འཇམ་པའི་དབྱངས། །
བདུད་དཔུང་མ་ལུས་འཇོམས་མཛད་གསང་བའི་བདག། །
གངས་ཅན་མཁས་པའི་གཙུག་རྒྱན་བློ་བཟང་གྲགས། །
སྐྱབས་གསུམ་ཀུན་འདུས་བླ་མ་སངས་རྒྱས་ལྷ། །
སྒོ་གསུམ་གུས་པའི་སྒོ་ནས་གསོལ་བ་འདེབས། །
རང་གཞན་སྨིན་ཅིང་གྲོལ་བར་བྱིན་གྱིས་རློབས། །
མཆོག་དང་ཐུན་མོང་དངོས་གྲུབ་སྩལ་དུ་གསོལ། །
རང་གཞན་སྨིན་ཅིང་་་་་
བན་དེ། ད་ཁྱོད་རང་སློབ་དོོན་རིིན་པོ་ཆེ་ལ་དད་མོས་མེད་ན། ཁྱོད་འདྲ་བ་ཆགས་སྡང་འཁྲུལ་གསུམ་ཅནགྱིས། ཁྱོད་འདྲ་བོ་ད་དུང་ཁ་ཤས་ཡོད་ན། ཁྱོད་འདྲ་བོ་ད་དུང་ཁ་བརྡ་མཆན་བུ་བཏབ་ན་། བྷིན་ལ་དན་དངོས་མིན་ནའང་ཕལཆེར་དེའི་ཕྱོགས་གཏོགས་ཀྱི་ལྟ་ངན་ཅན་འགྲོ་ཉེན་མི་ཆེའམ།
བན་དེ་ཨི་ཡིན་མི་ཤེས་ཏེ།
བོན་ཆུང་ལམ་བུ་ནང་དུ་ཞར།
།ཁ་ཏས་མི་གཙང་ཟོས་པ་བཞིན།།
གཞན་བགྲོ་བཀུར་འཛེར་ཤིག
ད་རྩོད་པ་པ་ཁྱེད་རྣམས་ངལ་གསོས་ཏེ། བོད་སྐད་དུ། གཡག་སོགས་ལ་ཕྱུགས་དང་། འབོར་ལྡན་ལ་ཕྱུག་པོ། ངས་སྔོན་མ་ནས་ཚིག་འདི་གཉིས་ལ་འབྲེལ་པ་ཞིག་ཡོད་པ་ཐག་ཆོད་བྱས་པ་ཡིན། དི་རིང་ཨིན་སྐད་ཀྱི་སྒྲ་སྦྱོང་ཚུལ་ན། སྔོན་ལོ་ངོ་སྟོང་ཕྲག་སྔོན་དུ། གི་རིཀ་ཞེས་པའི་མི་རྣམས་ཀྱི་སྐད་དུ། pecu (Skt. pashu) ཕྱུགས་དང་། pecuniary དངུལ་ལ་བཤད། ཁྱེད་རྣམས་ནས་མཁས་པ་འགའ་རེས་བོད་སྒྲ་འབྱུང་ཚུལ་ལ་རྣམ་འབྱེད་མཛད་ན། བོད་རིག་པ་འཕེལ་བའི་མཛེས་རྒྱན་དུ་འགྱུར་རོ།།
སློབ་དཔོན་པདྨ་འབྱུང་གནས་ལ།
དད་པ་མེད་རྣམས་ལྟས་ངན་དུ།
ངོས་འཛིན་ཨ་འཐས་བྱེད་པོ་ཁྱོད།
དགུ་རྫོགས་གནམ་གང་ཡིན་ནོ་ལོ།
སློབ་དཔོན་དད་དགོས་དབྱེན་དཀྲུགས་ཀྱིས།
དགེ་ལྡན་གྲུབ་འཛིན་གཉིས་སུ་བཏང།
ད་དུང་འཛམ་གླིང་སྐྱེ་འགྲོ་ཀུན།
སློབ་དཔོན་དད་དགོས་འུག་རྒད་སྒྲོགས།
དེ་ལྟའི་རྨི་ལམ་སྐྱིད་པོ་ཞིག།
ནམ་ཡང་མི་སྲིད་རི་བོང་རྭ།
ས་དོང་སྦལ་བའི་སྣང་བ་དེ།
འཁྲུལ་པ་ཡིན་པར་ཤེས་པར་མཛོད།
ཏི་སི་མ་ཡིན་ཏི་སེ་ཡིན།
དེ་ཙམ་འབྲི་ཚུལ་མ་ཤེས་པར།
ཕ་རོལ་གང་ཟག་ག་གེ་མོར།
བྷིན་དང་ལྟས་ངན་བལྟ་བ་ནོངས།
ད་བོད་པ་ཚང་མཁས་དབང་རྣམས་པ་དོན་མེད་ཁ་འཁྱལ་མ་གནང་ཞུ།
དེ་ལས་དགེ་བ་སྣ་གཅིག་བསྒྲུབ་ན་དགེ་བར་སྙམ།
ཨ་རོགས་ཁམས་ཕྲུག་ལགས།
འདི་ནས་ཁྱེད་ཀྱི་གློག་ཀླད་ཀྱི་IP དང་། དེ་བཞིན་ཁྱེད་ཀྱི་དྲ་རྒྱའི་Net server སྟབས་བདེ་པོར་མཐོང་གི་འདུག བྱས་ཙང་གལ་ཏེ་ཁྱེད་ནས་དམིགས་སུ་བཀར་ནས། བོད་མིའི་ཆིག་སྒྲིལ་ལ་གཏོར་གཤིག་དང་བོད་མིའི་བདེ་རྩར་གནོད་བསམ་སྦྱོར་བས་ན། ཁྱེད་ཀྱི་བཞིན་རས་ངོ་མ་འཐེར་སྟོན་བྱེད་ཐུབ་ཀྱི་འདུག་པས། ཆོག་མཆན་ཞུ་བཞིན་ལགས།
ལུང་དང་རིག་པའི་རྩལ་རྫོགས་ཙོང་ཁ་པར། གངས་ཅན་མཁས་པའི་ཁྱུ་མཆོག་ཚོགས་རྣམས་ཀྱིས། བསྟོད་ཚིག་གསོལ་འདེབས་གཅིག་ལས་གཅིག་ལྷག་ཀྱང་། རྡོ་སྦིས་དགེ་བཤེས་ཞེས་པས་བརྩམས་གྲགས་པའི། ཟུར་ཟས་བཅིངས་པའི་བསྟོད་ཚིག་དྲ་ཐོག་ཏུ། བཀོད་པའི་ལེན་ལས་མཐུན་སྒྲིལ་གཏོར་བཤིགས་ཆེད། ཀུན་སློང་ངན་པས་མཆན་གང་བཀོད་པ་མིན། ལེགས་བཤད་ས་སྟེང་གསོན་དུ་བཞུགས་ཡོད་ན། ཁོ་བོས་དྲི་བར་ལེན་ཞིག་སྒུག་ཡོད་དོ། མ་གཞི་ལེགས་བཤད་ལ་སོགས་དྲ་གྲོགས་འགར། བརྗོད་བྱར་འབྲེལ་མེད་རྨ་འབེབས་ཚིག་མཚོན་ལས། དྲི་བར་གསལ་བཤད་ལེན་འདེབས་མེད་གྱུར་ན། ཨ་རོགས་ཁམས་པས་མཆན་ལ་བཏང་སྙོམས་ཆོག
ཙོང་ཁས་ཆུ་བོ་འབོག་སྐབས་གླ་གཉིས་བར། ཉ་ཆུང་འཛུལ་བའི་ཚོར་བ་མྱངས་བའི་རྗེས། བཙུན་ཆུང་རྒྱོ་བའི་སྲོལ་འདི་གཏོད་སྐད་པ། བོད་ཁམས་ཀུན་ལ་རླུང་ལྟར་ཁྱབ་པས་སོ། དགེ་ལུག་བསྟན་པའི་ཆུ་མགོ་འདི་ཞེས་སུ།ངེས་པ་མེད་དེ་རྒྱ་མིན་བོད་མིན་ཆོས། བོད་སྨན་བཞིན་དུ་སྔོན་བྱོན་མཁས་གྲུབ་ཚོའི། ཕྱག་སྲོལ་ལེགས་ཆ་ཀུན་ལས་བསྡུས་པས་སོ།
ཁྱོད་ལ་འདིའི་ལན་ཅིག་དགོས་རང་དགོས་ན།
ཨ་ཕས་ཆུ་བོ་འབོག་སྐབས་གླ་གཉིས་བར། །
ཉ་ཆུང་འཛུལ་བའི་ཚོར་བ་མྱངས་བའི་རྗེས། །
ཨ་མའི་རྐུབ་ལ་རྒྱོ་བའི་སྲོལ་འདི་གཏོད་སྐད་པ།
བོད་ཁམས་ཀུན་ལ་རླུང་ལྟར་ཁྱབ་པས་སོ། །
རྐུབ་སླུག་ཁམས་ཕྲུག་ཆུ་མགོ་འདི་ཞེས་སུ། །
ངེས་པ་མེད་དེ་རྒྱ་མིན་བོད་མིན་ཆོས། །
བོད་སྨན་བཞིན་དུ་སྔོན་བྱོན་མཁས་གྲུབ་ཚོའི། །
ཕྱག་སྲོལ་ལེགས་ཆ་ཀུན་ལས་བསྡུས་པས་སོ། །
ཞལ་ལག་འདི་མཉེས་པོ་གནང་རོགས་གནོངས། ཁམས་ཕྲུག་ལགས།
रोहतांग में मढ़ी के तरफ ग्रेफ का काम जारी हे !कोकसर और मढ़ी में भी खाने पीने के दो ढाबे खुले हुए हें !
ཨ་རོགས་ཁམས་ཕྲུག་ལགས། པདྨས་དྲངས་བའི་ལུང་འདི་ལ་ཡག་པོར་ལྟོས།
ལམ་གོལ་སར་རྒས་པའི་སྡུག་ཡུས་ཀྱིས།།
ཆོས་ཚུལ་བཞིན་བྱེད་པའི་གང་ཟག་ལ།།
རྒྱུད་ཁོང་ནས་འཁྲུགས་པའི་གདུག་སེམས་ཅན།།
གདོན་ཐུགས་ལ་ཞུགས་པ་མ་ལགས་སམ།།
ཞེས་གསུངས་པ་ལྟར་ལམ་ལོག་པར་ཕྱིན་པའི་གང་ཟག་གིས་ཆོས་ཚུལ་བཞིན་བྱེད་པའི་གང་ཟག་རྣམས་ཟོག་པོར་མཐོང་བ་བཤད་མ་དགོས་པ་རེད། དོན་དང་མཐུན་མི་མཐུན་བཤད་རྒྱུ་ཚིག་གཅིག་མེད་པ་ནི་ལམ་གོལ་སར་རྒས་པའི་རྟགས་རེད། དགེ་བཤེས་ཤེས་རབ་ལགས་ཀྱིས་བརྩམས་པའི་རྗེ་བླ་མའི་བསྟོད་པ་དད་པའི་དྲི་བསུང་འཐུལ་བའི་སྤོས་ཀྱི་རྫིང་བུ་ཞེས་བྱ་བ་འདི་གོང་གི་བརྗོད་གཞི་དགའ་ལྡན་ལྔ་མཆོད་དང་འབྲེལ་ནས་ཕུལ་བ་ལ་དོན་མེད་ལོག་བཤད། རྗེ་ཙོང་ཁ་བར་དམའ་འབེབས་བྱེད་ལུགས་འདི་དག་ལ་བལྟས་ན་ཁྱེད་ཅག་གི་ཁོག་ལ་གདོན་ཞུགས་པ་ལས་ལེགས་ཉེས་འབྱེད་པའི་ཤེས་རབ་དང་བླང་དོར་འབྱེད་པའི་བློ་གྲོས་མེད་པ་གསལ་བོར་བསྟན་འདུག །
གླེན་པ་གླང་འདྲ་བོ་ཨ་རོགས་ཁམས་ཕྲུག་ཁྱེད་ཀྱིས་དྲིས་པ་གཡོ་ཇུས་ཅན་ལ་ལན་འདེབས་ཀྱི་མིན། ལན་བཏབ་རུང་དགེ་ལུགས་པའི་ཆུ་མགོ་བོན་ལ་ཁུངས་གཏུགས་མ་ཟེར་ན་ཁྱོད་ཀྱིས་ཁས་མི་ལེན་པ་དེ་རེད། དེའི་བར་དུ་བཤད་བཤད་ཚང་མ་དོན་མེད་དུ་འགྲོ་གི་རེད། དཔེར་ན་གོང་གི་བསྟོད་རྩོམ་བཞིན་ནོ། །
ལམ་གོལ་སར་ཤོར་བའི་ཁམས་ཕྲུག་དང་། །
ཆོས་ཚུལ་བཞིན་བྱེད་པའི་གང་ཟག་ལ། །
རྒྱུད་ཁོང་ནས་འཁྲུགས་པའི་པདྨ་གཉིས། །
གདོན་ཐུགས་ལ་ཞུགས་པ་མ་ལགས་སམ། །
གོང་གི་रोहतांग में मढ़ी के तरफ ग्रेफ का काम जारी हे !ལ་སོགས་ཧིན་ཡིག་འདི་ནི། དྲ་བདག་ལགས། ངོ་དེབ་དང་ཁ་བརྡ་གཉིས་དུས་གཅིག་ཏུ་བེད་སྤྱད་པས་འགོད་ནོར་ཐེབས་པར་དགོངས་དག་ཞུའོ། །
དྲ་གྲོགས་ཨ་རོགས་ཁམས་ཕྲུག་ལ་ཁ་བརྡ་བྱས་པ།
བོན་པོའི་བསྟན་པ་ལོ་ངོ་ཆིག་ཁྲི་ཕྱིན།།
བོད་ལ་དར་ནས་ལོ་ངོ་ག་ཚོད་སོང་།།
ཤཱཀ་ཐུབ་བསྟན་པ་མི་ལོ་ཉིས་སྟོང་ཕྱིན།།
བོད་ལ་དར་ནས་ལོ་ངོ་ག་ཚོད་སོང་།།
བོད་ལ་བན་བོན་འབྲེལ་བ་ལོས་ཡོད་ཀྱང་།།
འོན་ཀྱང་ཆོས་མགོ་ཆོས་རྒྱུད་ཁ་ཁ་རེད།།
ནང་བསྟན་ཆུ་མགོ་སྟོན་པ་ཤཱཀ་ཐུབ་རེད།།
བོན་པོའི་ཆུ་མགོ་སྟོན་པ་གཤེན་རབ་རེད།།
དམ་པ་ཏོག་དཀར་གཤེན་གྱི་སྲས་ཡིན་ཟེར།།
འདི་ལ་བསམ་ན་སྟོན་པ་གཤེན་བསྟན་ནི།།
སངས་རྒྱས་འོད་སྲུང་བསྟན་པའི་ལྷག་འཕྲོ་ཞིག།།
ལུས་པ་མིན་ནམ་སྙམ་པའི་དོགས་པ་འཆར།།
ཆོས་རྒྱུད་ཀུན་ལ་ཡིད་ཆེས་དད་པ་ཡོད།།
སྐབས་རེར་ཆོས་ལ་སྐྱོན་དུ་འདོགས་པ་ནི།།
ཆོས་ཀྱི་སྐྱོན་མིན་གང་ཟག་སྐྱོན་ཡིན་ནོ།།
ཆོས་དང་ཆོས་མིན་རྣམ་དབྱེ་མ་ཕྱེད་པར།།
ཆོས་ལ་སྨོད་པ་ཉེས་པ་ཚབས་ཆེན་ཡིན།།
སྟོན་པ་ཐམས་ཅད་དགོངས་པ་གཅིག་ཏུ་མཐུན།།
གདུལ་བྱའི་དབང་གིས་བསྟན་པ་སོ་སོ་འབྱུང་།།
བསྟན་པ་གཅིག་ལ་སྟོན་པ་གཉིས་མི་འབྱུང་།།
རྒྱལ་ས་གཅིག་ལ་རྒྱལ་པོ་གཉིས་མི་འབྱུང་།།
བསྟན་པ་ཀུན་ལ་དག་སྣང་བྱེད་དགོས་ཀྱང་།།
བླུན་པོའི་ཡིད་ཆེས་བསྟན་པ་འཇིག་པའི་རྒྱུ།།
བསྲེགས་བཅད་བརྡར་བའི་གསེར་བཞིན་དཔྱད་དགོས་པ།།
བསྟན་པ་ཡུན་རིང་གནས་པའི་ཆ་རྐྱེན་ཡིན།།
་་་་་་་
དམ་པ་ཏོག་དཀར་གཤེན་གྱི་སྲས་ཡིན་ཟེར།།
འདི་ལ་བསམ་ན་སྟོན་པ་གཤེན་བསྟན་ནི།།
སངས་རྒྱས་འོད་སྲུང་བསྟན་པའི་ལྷག་འཕྲོ་ཞིག།།
ལུས་པ་མིན་ནམ་སྙམ་པའི་དོགས་པ་འཆར།།་་་་་་་ཟེར།
ལེགས་སྐར་ལགས་ཟེར་རྒྱུ་བཤད་རྒྱུ་ཡོད་ན་ཨ་རོགས་ཁམས་ཕྲུགས་ངའི་དྲི་བར་ལེན་སྐྱོན་དང་དེ་མིན་བོན་པོ་ཚང་ལ་དོན་མེད་ཟུར་ཟ་མ་གནང་རོགས། ཆོས་རྒྱུད་གཞན་གྱི་སྐྱེས་བུ་ལ་སྨོད་པའི་ཚིག་དྲ་ཐོག་ཏུ་བཀོད་ནས་ད་དུང་ཡིན་མདོག་མདོག་བསྟན། ཚུར་དེ་དང་ཕྱོགས་མཚུངས་པ་བཤད་སྐབས་ཁ་ངན་ཚིག་ངན་ཅང་སྨྲ་བ་ནི་ངོ་མ་ངོ་མཚར་བའི་གནས་རེད། གནའ་མའི་གཏམ་དཔེ་ཞིག་ལ། གཞན་ལ་ལྟ་བའི་མིག་ཡོད་ན། རང་ལ་ལྟ་སའི་མེ་ལོང་དགོས་ཟེར་བའི་གནའ་གཏམ་གནད་ལ་ཁེལ་བ་འདི་ཁྱེད་གཉིས་ལ་བཞེས་ལག་སྟབས་བདེ་ཞིག་གི་དོད་དུ་ཕུལ་ནས་ཨ་རོགས་ཁམས་ཕྲུགས་ཁ་རོག་སྡོད་རྒྱུ་ཡིན། ཁ་བརྡ་ཚང་ཐུགས་རྗེ་ཆེ། རང་དབང་གི་གླེང་སྟེགས་ཞིག་གནང་སོང་།
ལེགས་སྐར་ནི། ལེགས་བཤད་དང་། ཀརྡོར་ངེས་སྙམ་ཡང་་་
སྲིད་པ་དྭངས་མའི་གཡུང་དྲུང་བོན་ཆེན་འདི། །
སུ་དང་གང་གི་བཟས་འཕྲོ་ལྷག་འཕྲོ་མིན། །
རང་བཙན་གཙང་མའི་བོན་བསྟན་རིན་པོ་ཆེ། །
གཞན་ལུགས་མུ་སྟེགས་དེ་ཡི་ཆ་ཤས་མིན། །
བོད་ལ་སྐད་དང་ཡི་གེ་རང་བཙན་ཡོད། །
བོད་ལ་ཡུལ་ལུགས་གོམས་གཤིས་རང་བཙན་ཡོད། །
བོད་ལ་མི་རིགས་འདུ་ཤེས་རང་བཙན་ཡོད། །
བོད་ལ་བོད་ཀྱི་་བོན་ལུགས་རང་བཙན་ཡོད། །
རང་བཙན་ཡོད་པ་དེ་ཚོ་ལོངས་སུ་སྤྱོད། །
རོང་པའི་བན་ལུགས་བོད་ལ་འབྱོར་བ་ནས། །
བོད་ཡུལ་ཆོས་ཀྱི་གྲུབ་མཐའི་རྙོག་དྲས་ཁེངས། །
བསྟན་གཅིག་སྟོན་གཅིག་བྱས་ནས་བཞུགས་ལོ་ན། །
ཆོས་རྒྱུད་ནང་ཁུལ་དམག་འཁྲུགས་བརྒྱབ་དོན་ཅི། །
མི་གསོད་ཁྲག་སྦྱོར་བྱས་པའི་ལས་ངན་དེ། །
བསྟན་གཅིག་སྟོན་པ་གཅིག་ལ་གུས་སམ་ཅི། །
འཁྲུགས་བརྩོད་དེ་ཡིས་བོད་ཡུལ་ཧྲུལ་པོར་བྱས། །
ད་དུང་སྟོན་གཅིག་སྨྲ་བ་ངོ་རེ་ཚ། །
གཤེན་ཤག་གཉིས་ཀྱི་དགོངས་པ་མཐུན་ངེས་པས། །
གང་ཟག་སྒེར་གྱིས་བཙན་དབང་འགྲོ་ས་མེད། །
སྟོན་གཉིས་ཕྱི་ཡི་གཟུགས་སྐུ་ཐ་དད་ཀྱང།
སྟོན་གཉིས་ནང་དགོངས་མཐུན་ན་སྐྱོན་ཅི་ཡོད། །
མང་པོ་གཙོ་བའི་འཛམ་གླིང་གསར་པ་འདིར། །
གཅིག་ཉིད་གཙོ་བའི་སྔར་གཏམ་ཤོད་ས་མེད། །
ཐམས་ཅད་བརྟེན་འབྲེལ་ཡིན་པ་ཤེས་བཞིན་དུ། །
ད་དུང་གཅིག་རང་འཛིན་པ་ཉོན་རེ་མོངས། །
ད་ནང་པ་དང་བོན་པོ་ཚང་མ་ཁ་ཁུ་སིམ་པོ་སྡོད་ན་དགའ་ཡོང་།
མཁྱེན་ལྡན་དྲྭ་གྲོགས་དམ་པ་རང་གྲོལ་ལགས། དྲི་ལན་དུས་ཐོག་ཏུ་ཕུལ་མ་ཐུབ་པར་དགོངས་འགལ་མེད་པ་ཞུ། ཐུགས་ཕན་གསོ་མིན་མི་ཤེས་མོད་འོན་ཀྱང་ཚིག་ཁ་ཤས་ཤིག་གླེང་བར་སྤྲོ་བ་ལ། ༼ཞེས་པ་འདི་མདོ་བྱམས་མའི་ནང་དུ་ཡོད་དམ་ལུང་ཁུངས་གསལ་བོ་ཞིག་འགོད་རྒྱུ་དང་ཚིག་རྐང་ཕྱི་མ་ལྔའི་ཚིག་འགྲེལ་ཞིག་སྐྱོན་རྒྱུ་ཐུགས་རྗེ་གཟིགས།༽ གསུངས་པ་ལ།ལུང་ཚིག་འདི་ནི་བདག་ཅག་གི་སྟོན་པ་གཤེན་རབ་མི་བོའི་རྣམ་ཐར་རྒྱས་པ་མདོ་དྲི་མེད་གཟི་བརྗིད་ཀྱི་ནང་དུ་ཡོད་པ་རེད།མཛད་མདོ་རྒྱས་པ་དྲི་མེད་གཟི་བརྗིད་ནི། སྟང་ཆེན་དམུ་ཚ་གྱེར་མེད་ཀྱིས་སྤྲུལ་སྐུ་བློ་ལྡན་སྙིང་པོ་ལ་སྙན་དུ་བརྒྱུད་པ་ཞིག་ཡིན། ཕྱི་ལོ ༡༣༦༠ ལོར་སྤྲུལ་སྐུ་བློ་ལྡན་སྙིང་པོ་ཁམས་ཁྱུང་པོའི་ཡུལ་སྐུ་འཁྲུངས་པ་རེད།
སྐུ་ཉིད་ཀྱིས་ཚིག་རྐང་ཕྱི་མ་ལྔའི་ཚིག་འགྲེལ་ཞིག་དགོས་གསུངས་པ་ཇི་བཞིན་གུས་པས་འདི་ལྟར་འགྲེལ་བར་བྱའོ། ༼ང་མིན་ཆོས་པོས་བསྒྱུར་བ་ཡི། བོན་ལས་འཆོས་པའི་ལོག་བསླུ་ལ། ཡང་དག་ཆོས་ཞེས་བྱ་བ་བསྒྱུར། མིའི་ལོ་བརྒྱད་བརྒྱ་ཉི་ཤུ་ན། རབ་འབྱམས་བཀའ་ཡི་འཁོར་ལོ་བསྐོར།༽གསུངས་པ་ནི་སྔོན་རྒྱ་གར་གྱི་ཡུལ་དུ་བདུད་ང་མིན་ཆོས་པོས་ཡང་དག་པའི་བོན་ལས་འཆོས་པའམ་བཅོས་པའི་ཡང་མ་དག་པའི་ལོག་བསྒྱུར་གྱི་ཆོས་ཤིག་སྟོན་ཞིང་གདུལ་བྱ་སེམས་ཅན་ལོག་ལམ་དུ་བསླུས་ཏེ་འཁྲིད་བཞིན་པ་ལ་ཐུགས་ཀྱིས་མ་བཟོད་ནས། ལྷ་བུ་དམ་ཏོག་དཀར་ལ་གཤེན་རབ་ཀྱིས་བཀའ་ཡི་གནང་བ་བསྩལ་ཏེ་ཡང་དག་པའི་བོན་དེ་ཇི་བཞིན་པར་ཡང་དག་པའི་ཆོས་སུ་བསྒྱུར་ནས་མི་ལོ་བརྒྱད་བརྒྱ་ཉི་ཤུའི་་ཡུན་ཚད་ལ་གདུལ་བྱ་སེམས་ཅན་གྱི་ཁམས་སུ་རབ་འབྱམས་བཀའ་ཡི་འཁོར་ལོ་བསྐོར་བར་མཛོད་གསུངས་པ་ཡིན་ནམ་སྙམ་མོ། ། བཀའ་དྲིན་ཆེ། །