སྨན་པ་གཡང་འབུམ་རྒྱལ།
རྩི་གོར་ཐང་དུ་བྱུང་བའི་གློ་ཚད་གཉན་རིམས་སམ་བྱི་ནད་ཀྱི་འཇིགས་ཉེན་དེ་ད་ལྟ་ཡལ་ཞིང་། ཕྱི་ཟླ་ ༨ ཚེས་༨ ཉིན་ས་གནས་གཞུང་གིས་སླར་ཡང་ས་དེ་གའི་མི་དམངས་ཡར་མར་འགྲོ་བསྐྱོད་ཆོག་པ་བཟོས་ཡོད།སྤྱིར་ནད་རིམས་འདི་འབྱུང་རྒྱུ་དཀོན་ནའང་སྲོག་ཉེན་ཧ་ཅང་ཆེ་བའི་ནད་རིམས་ཤིག་ཡིན་པར་བརྟེན། ས་དེ་གའི་ཡུལ་མི་དང་རྒྱ་ནག་གཞུང་། རྒྱལ་སྤྱིའི་སྟེང་ནད་ཡམས་ཆེན་པོ་ཞིག་འབྱུང་ཉེན་གྱི་འཇིགས་སྐྲག་ཅིག་བསླངས་ཡོད།
ཡོངས་གྲགས་ལྟར་ནད་རིམས་འདིས་མི་གསུམ་གྱི་སྲོག་འཕྲོག་ཅིང་མི་དགུ་ནད་འདིས་མནར་ཏེ་ནད་པ་བཟོས་ཡོད་ལ། ས་དེ་གའི་འབྲོག་མི་ཆིག་ཁྲི་ལྷག་ལྟ་རྟོག་བཀག་ཉར་འོག་གནས་ཡོད། ཡིན་ནའང་རྒྱལ་སྤྱིའི་འཕྲོད་བསྟེན་ཆེད་ལས་པས་བརྗོད་ན། ནད་རིམས་འདི་ནད་ཡམས་ཉེན་ཚབས་ཅན་ཞིག་ཡིན་ནའང་། ད་ཐེངས་རྒྱལ་སྤྱིའི་གསར་ལམ་ཁག་གིས་དེ་འདྲའི་དོ་སྣང་བྱེད་པའི་གསར་འགྱུར་ཚ་བོ་ཞིག་ཏུ་གྱུར་མེད། རྒྱུ་རྐྱེན་ནི་ལོ་རེར་མི་གྲངས་ ༢༠༠༠ ནས་ ༣༠༠༠ བར་ལ་ནད་རིམས་འདིའི་ནད་འབུ་འགོ་ཕོག་བྱུངགི་ཡོད་པའི་སྙན་ཐོ་འཛམ་གླིང་འཕྲོད་བསྟེན་ལྷན་ཚོགས་ལ་འབྱོར་བཞིན་ཡོད་པ་དང་། གཙོ་བོ་ཨ་ཕི་རི་ཀའི་རྒྱལ་ཁབ་ཁག་ཅིག་ལ་འབྱུང་གི་ཡོད།
ནད་རིམས་འདི་ནད་འབུ་ Yersinia pestis ཞེས་པ་ནས་ཡོང་གི་ཡོད་པར། གཙོ་བོ་སེམས་ཅན་ཆུང་
རིགས་ཙི་ཙི་དང་ཨ་བྲ། བྱ་མ་བྱི། འཕྱི་བ་སོགས་ལ་རྟེན་གཞི་བྱས་ནས་དེ་ཚོའི་ལུས་ལ་གནས་པའི་ཤིག་ བརྒྱུད་མིའི་རིགས་ལ་འགོ་སྟེར་བྱེད་པ་དང་། གཞན་ཤི་ཚར་བའི་སེམས་ཅན་དེ་དག་གི་ཤ་ལ་རེག་པ་དང་ པགས་པ་བཤུ་བ་ལ་བརྟེན་ནས་འགོ་བ། ཡང་མིན་ནད་རིམས་འདི་ཕོག་པའི་མི་ཞིག་གི་ཧབ་སྦྲིད་མཆིལ་ ལུད་བརྒྱུད་ནས་འགོ་ཁྱབ་འགྲོ་བ་བཅས་འགོ་སྟངས་མི་འདྲ་བ་ཡོད། ད་ཐེངས་རྩི་གོར་ཐང་དུ་འབྲོག་མི་ལོ་ན་ ༣༢ ཅན་ཞིག་གིས་ནད་འབུ་འདི་ཡོད་པའི་འཕྱི་བའི་ཤ་ཟོས་པའི་ཁྱི་རོ་ཞིག་ལ་ལག་པ་འཆང་བ་ལ་ བརྟེན་ནས་རང་གཞན་གཉིས་ཀར་འགོས་ཁྱབ་བྱུང་བ་ཞིག་རེད།
ནད་འབུ་འདིས་ནད་རིམས་རིགས་གསུམ་སློང་གི་ཡོད་པ་ནས་གཅིག་ནི་ད་ཐེངས་རྩི་གོར་ཐང་དུ་བྱུང་བའི་གློ་ཚད་གཉན་རིམས་ pneumonic plague ཞེས་པ་ཡིན་པ་དང་། གློ་ཚད་གཉན་རིམས་འདི་འཕེལ་
མགྱོགས་ཤིང་སྨན་བཅོས་མ་བྱས་ཚེ་ཆུ་ཚོད་ ༢༤ ནང་འདས་གྲོངས་སུ་འགྲོ་ཞིང་སྲོག་ལེན་ཚད་བརྒྱ་ཆའི་ བརྒྱ་ཡིན་པ་རེད། ནད་འབུ་ཉིད་གློ་བའི་ནང་འཛུལ་ཏེ་གཙོ་ཆེར་གློ་ཚད་ཀྱི་ནད་རྟགས་སྟོན་གྱི་ཡོད་ལ། ནད་པ་དེ་ཡི་གློ་ལུ་ཧབ་སྦྲིད་ནས་བྱུང་བའི་མཆིལ་ལུད་དང་མཁའ་དབུགས་བརྒྱུད་མི་གཞན་ལ་འགོ་སྟེར་བྱེད་ཀྱི་ཡོད། སྤྱིར་ནད་འབུ་འདི་མིའི་ལུས་ནང་གནས་ཡོད་ཀྱང་ནད་རྟགས་མེད་པར་ཉིན་དྲུག་ཙམ་སྡོད་ཀྱི་ ཡོད། བོད་ཀྱི་འབྲོག་ཁུལ་མང་ཆེ་བར་མི་འབོར་ཆུང་ཞིང་ཁང་ཁྱིམ་ཕར་ཚུར་བར་ཁད་རིང་པོ་ཡོད་ཁར་ ཕན་ཚུན་འགྲོ་འོང་འབྲེལ་གཏུགས་བྱེད་ཉུང་བས་ད་ཐེངས་ནད་རིམས་འདི་འགོས་ཁྱབ་ཆེན་པོ་མ་བྱུང་བའི་རྒྱུ་རྐྱེན་གཅིག་དེ་ཡིན་པ་དང་། གཞན་གཞུང་ཕྱོགས་ནས་ཚད་མཐོའི་སྟངས་འཛིན་བཀག་སྡོམ་བྱས་པས་ཡིན།
བོད་སྨན་གཞུང་གི་ཕྱི་མོ་དཔལ་ལྡན་རྒྱུད་བཞིར། རིམས་ཞེས་བྱ་བའི་ནད་འབྱུང་རྒྱུ་རྐྱེན་ནི། ལྔ་བརྒྱ་དུས་ཀྱི་ཐ་མར་གྱུར་ཙ་ན། མི་རྣམས་འདོད་པའི་དབང་གིས་ལོག་པར་སྤྱོད། སྔགས་པ་རྣམས་ནི་རྡོ་རྗེ་ནང་དམེ་དར། དགེ་འདུན་བཙུན་པ་རྣམས་ནི་སྡེ་འཁྲུག་བྱེད། མུ་སྟེགས་བན་བོན་རྣམས་ནི་ཟོར་ཁ་འཕེན། སྐྱེ་བོ་ རྣམས་ནི་མནའ་ཐབ་ཤན་དམར་བྱེད། དེ་དུས་མ་མོ་མཁའ་འགྲོ་ཀུན་འཁྲུགས་ཏེ། ནད་ཀྱི་ཁ་རླངས་སྤྲིན་ དུ་ཆགས་པ་ལས། བལ་ནད་རྒྱུ་གཟེར་གག་ལྷོག་འབྲུམ་སོགས་འབྱུང་། གཞན་ཡང་དུས་བཞིའི་འབྱུང་བ་ དམན་ལྷག་ལོག དྲག་ཤུལ་དྲི་དུགས་ཁྲོ་འཇིགས་མྱ་ངན་འདོད། ཁ་ཟས་མ་སྙོམས་པ་ཡིས་རིམས་སུ་འགྱུར།རྒྱུ་རྐྱེན་དེ་ཡིས་མཁྲིས་པའི་མེ་དྲོད་བསླང་། རྔུལ་ལ་བབས་ནས་བད་ཀན་མཁྲིས་པ་རླུང་། འཇུག་སྒོ་དྲུག་ཏུ་རིམ་པས་འཇུག་པའམ། དྲིས་ཕོག་ཡམས་སུ་རིམས་ཀྱིས་འགོས་པའི་ཕྱིར། རིམས་ཞེས་བྱ་བའི་རྒྱུ་མཚན་ མིང་དུ་བཏགས། །
གློ་ཚད་གཉན་རིམས་སྐོར་མན་ངག་ལྷན་ཐབས་ཀྱི་གཉན་རིམས་ཁོངས་སུ། རོ་སྟོད་གཉན་བབས་གཟེར་ ཐུང་ཞེས་བྱའམ། སྟོད་གཟེར་གློ་ཚད་ཅེས་སུ་གྲགས་པ་འདི། རྒྱུད་ཆེན་འཁྲུགས་ཀྱི་ལེའུའི་ཁོངས་བསྡུས་པ། ངོ་བོ་གཉན་རིམས་སྤྱི་དང་འདྲ་བ་དེ། རྟགས་སྲུང་འབབ་ས་བཅོས་ཐབས་བཞི་ཡིས་བསྟན། རྟགས་ནི་ རྒྱས་འཁྲུགས་སྐབས་ཀྱི་ (་་་་་འདུ་བའི་ཚ་རིམས་ཕྲུམ་སེར་འཁྱེར་བ་དང་། ཚིགས་གཞི་མགོ་ན་ཟ་ཟི་རིམས་ དང་འདྲ། གཟེར་དང་ལུད་པ་གློ་ཚར་འབྱུང་བ་ཡིན་་་་་་) ཀུན་ཚང་སྟེང་། རྩ་ནི་ཐུང་ཐུང་སྦུད་སྦུད་ལན་ མང་འཕར། ་་་་གློ་བུ་སྙིང་མཆིན་བབས་པ་སྲོག་ལ་རྒོལ། ་་་་་མོད་ནས་ལུས་ཀྱི་སྟོབས་ཤོར་གཟི་མདངས་ཉམས། ལུད་པ་དུ་ཁུ་གཟེར་ལ་བཅོས་སྐྱེད་མེད། དབུགས་ཐུང་ལུད་པ་གསོག་ཅིང་འདྲ་ཁ་རྒོད། ནད་ལྡོག་མང་ན་གནད་དུ་བབས་པ་ཡིན། ཞག་ཀག་འདས་ཀྱང་འཚོ་བ་ག་ལ་སྲིད།།
ཞེས་གསུངས་ཡོད་པ་ལྟར། གློ་ཚད་གཉན་རིམས་དང་སྟོད་གཟེར་གློ་ཚད་ནད་ཀྱི་འབྱུང་རྐྱེན་བབས་ས་བཅོས་ཐབས་བཅས་གཅིག་མཚུངས་ཡོད་ལ། སྨན་བཅོས་ཀྱང་ཕྱི་ལུགས་ལྟར་གཉན་འཇོམས་སྨན་ཤུགས་ཆེར་གཏོང་དགོས་པ་དང་དྲག་ལས་སྤང་ཞིང་དབེན་གནས་བསིལ་སར་དལ་བར་ངལ་གསོ་དགོས་པ་ཡིན།
སྤྱིར་གཉན་རིམས་ཁག་ནི་གཉན་སྲིན་ནས་བྱུང་ཞིང་གཉན་སྲིན་དེ་དག་ཉ་ལྕོང་སྡོམ་དང་སྡིག་སྲིན་རྩངས་པ་ལྟ་བུའི་ལུས་གཟུགས་ཅན་ཞིག་ཡིན་པ་བོད་ཀྱི་སྨན་དཔྱད་གཞུང་དུ་བཤད་ཀྱི་ཡོད། ཡིནའང་བོད་ཀྱི་སྨན་དཔྱད་གཞུང་དུ་ནད་དང་ལྷག་པར་དུ་གཉན་རིམས་ཀྱི་མིང་འདོགས་སྟངས་དེ་གཙོ་བོ་ནད་ཀྱི་ཕོག་ཡུལ་དང་ནད་རྟགས་ལ་བལྟོས་ཏེ་མིང་འདོགས་བྱས་དང་བྱེད་ཀྱི་ཡོད་པས། ངོ་བོ་འདྲ་ཡང་བཏགས་མིང་མི་འདྲ་བ་དེ་ terminology དང་ methodology མི་འདྲ་བ་ལ་བརྟེན་ནས་བྱུང་བ་ཡིན ། །
རྩི་གོར་ཐང་དུ་གློ་ཚད་གཉན་རིམས་སྟངས་འཛིན་བྱེད་ཕྱོགས་འདྲ་པར་ཁག་འདི་དག འོད་ཟེར་གྱི་པོད་ཁུག་ནས་དྲས་ཏེ་འདིར་བཀོད་པ་ཡིན།
སྨན་པ་གཡང་འབུམ་རྒྱལ། ཐུགས་རྗེ་ཆེ།
ཆེད་ལས་ཟེར་ན་འདི་འདྲ་ཡིན་པ་རེད། སྨན་པས་ད་ཐེངས་ཕྱོགས་ཡོངས་ནས་གོ་བ་སྟེར་བའི་འགྲེལ་བཤད་སྟབས་བདེ་ཞིག་གནང་འདུག ཐུགས་རྗེ་ཆེ། རྩེད་མོའི་ཚིག་ཅིག་ཞུས་ན། ད་ཡིན་ན་ཙི་ཙིའི་ཤ་མི་ཟ་ཐག་ཆོད་ཡིན།
གཞན་གསར་འག྄ྱུར་མང་པོའི་ནང་འཕ྄ྱི་བའི་ནད་ཅེས་བ྄ྲིས་འདུག་ མ་ཚད་འཕ྄ྱི་བའི་པར་དང་བཅས་བཞག་འདུག་ བོད་པའི་ཁ་ར྄ྒ྄ྱུན་ལ་འཕ྄ྱི་ནད་ཅེས་བར྄ྗོད་ཀ྄ྱི་འདུག་ ས྄ྨན་པ་ལགས་ཀ྄ྱིས་བ྄ྱི་ནད་ཅེས་བ྄ྲིས་འདུག་ རབ་གསལ་ལགས་ཀ྄ྱིས་གོ་བ་ས྄ྟེར་སོང་ཞེས་བར྄ྗོད་འདུག་ གོ་བ་ལོག་པ་ཐེབས་ནས་ཙི་ཙི་ལས་ནད་དེ་འགོས་པར་བསམ་འདུག་ ནད་ཀ྄ྱི་མིང་འཕ྄ྱི་ནད་ཟེར་ལ། ད་རེས་ཀ྄ྱི་ནད་དེ་ཡང་འཕ྄ྱི་བ་ལས་ཁ྄ྱི་ནས་མི་ལ་འགོས་པ་ལས། ཙི་ཙི་ལས་འགོས་པ་མ་རེད། ས྄ྨན་པ་ལགས་ཀ྄ྱིས་འཕ྄ྱི་བ་དང་བ྄ྱི་བ་ངོ་མ་ཤེས་པ་ཨེ་ཡིན། རབ་གསལ་གོ་ནོར་ཐེབས་འདུག་ ཧཧཧ
གཉན་དང་རིམས་ཚ་བ་གསུམ་ལ་ཁྱད་པར་ཅི་ཞིག་ཡོད་།
སྨན་པ་གཡང་འབུམ་རྒྱལ།
བསྟན་འཛིན་ལགས། ད་ཐེངས་ཀྱི་གློ་ཚད་གཉན་རིམས་འདི་བྱི་བ་དང་འཕྱི་བ་སོགས་སེམས་ཅན་ཆུང་རིགས་ནས་འགོས་ཀྱི་ཡོད་པས་བྱི་ནད་དང་འཕྱི་ནད་ཅེས་གང་ཞིག་བཏགས་ཀྱང་མ་འགྲིག་པ་མེད། རང་དབང་ཨེ་ཤི་ཡ་ཡིས་བྱི་ནད་ཅེས་བཀོད་ཡོད། ཁྱེད་ཀྱིས་འཕྱི་ནད་ཟེར་དགོས་བརྗོད་པར་བདེན་ཆ་ཡོད།
བདུད་འདུལ་རོལ་བའི་རྩལ་ལགས། གཉན་ནི་བཙན་པོའམ་ཁྲོ་བ། དྲག་པོ་ལ་གོ་དགོས། དཔེརན་ས་ཆ་གཉན་པོ། ནད་གཉན་པོ། གཉན་པོ་གསང་བ་ལྟ་བུ། བོད་སྨན་གཞུང་དུ་། ཕྱི་རོལ་གྱི་དུག་ཅན་སྲིན་བུ་པརཔ་ཏ་དང་ནང་གི་ལྷན་སྐྱེས་ཀྱི་ཁྲག་སྲིན་གཉིས་འདོམས་པའི་ནད་ཤིན་ཏུ་གཉན་པ་ལ་གཉན་ནད་ཅེས་ཟེར། དཔེར་ན་གཉན་ནད་བཅོ་བརྒྱད་ལྟ་བུ།
རིམས་ནི་ཁྱད་ཚིག་ཅིག་ཡིན་པར། རིམ་ལ་ཡང་འཇུག་ས་ཡིག་བསྣན་ཏེ་ཡིག་ཚོགས་དང་སྒྲ་གདངས་གཉིས་ཀར་འགྱུར་བ་ཐེབས་ཏེ་དོན་གྱི་སྟོན་ཤུགས་ཆེ་རུ་ཕྱིན་པ་རེད། དཔེར་ན། རིམ་་་་་་རིམས། སེར་་་་་གསེར། ཆེ་་་་་་ཆེན། མང་་་་་མངས་་་་་་དམངས་སོགས་ལྟ་བུ། གོང་དུ་བཤད་པའི་རིམས་ནད་སྐབས། འཇུག་སྒོ་དྲུག་ཏུ་རིམ་པས་འཇུག་པའམ། དྲིས་ཕོག་ཡམས་སུ་རིམས་ཀྱིས་འགོས་པའི་ཕྱིར། རིམས་ཞེས་བྱ་བའི་རྒྱུ་མཚན་མིང་དུ་བཏགས། ཞེས་གསལ་བོ་བཤད་འདུག
ཚ་བ་ལ་ལུས་ཁམས་ནང་དང་ཕྱི་རོལ་ཡུལ་གྱི་ཚ་བ་གཉིས་ཡོད། ལུས་ཁམས་ནང་གི་ཚ་བ་ནི་མཁྲིས་པ་དྲོད་ཀྱི་རང་བཞིན་ནམ་མེ་ཡི་རང་བཞིན་འཕེལ་བ་ལས་བྱུང་བའི་ཚ་བའི་ནད་དང་། ཕྱི་རོལ་གྱི་ཚ་བ་ནི་ཉི་མ་མེ་ཡི་ཁམས་འཕེལ་བ་ལས་བྱུང་བའི་ཚ་བའམ་ཚ་བདེ་ཆེས་ཆེར་འཕེལ་བ་ལ་ལ་ཚད་པ་ཟེར།
སྤྱིར་གཉན་ནད་དང་རིམས་ནད་ཡོད་ཕྱིན་རང་བཞིན་གྱིས་ཚ་བ་དེ་དེའི་བསྡོངས་ཟླའམ་གྲོགས་སུ་འཇུག་པ་ཞིག་ཡིན།
བཀའ་དྲིན་ཆེ།
བོད་ཀྱི་གསོ་རིག་གཞུང་གི་ཚ་བའི་ནད་ཀྱི་རིགས་དབྱེ་དང་བཅོས་ཐབས་ཀྱི་སྐོར་འདི་ལ་གཞན་དང་མི་མཐུན་པའི་ཁྱད་ཆོས་གང་མང་ཞིག་ཡོད་པ་དེང་གི་དུས་འདིར་གསལ་པོ་ཞིག་ཤེས་ཀི་མེད་པ་འདྲ།ཚ་བའི་ནད་ཀྱི་བཅོས་ཐབས་འདི་མདོ་དབུས་ཁམས་གསུམ་དུ་ཁྱབ་བརྡལ་དུ་གཏོང་རྒྱུ་ནི་ཤིན་ཏུ་ནས་གལ་ཆེ་བར་བསམ། རྒྱུ་མཚན་ཅི་རེད་ཞེ་ན་ཚ་བའི་ནད་ལ་དེང་རབས་ལུགས་ཀྱི་སྡོད་ཁབ་དང་རྩ་ཁབ། སྨན་རྫས་སྤྱོད་པ་ཙམ་ལས་བོད་ལུགས་ཀྱི་གཉེན་པོ་སྤྲོད་ཀི་མེད་ལ་དུག་ཤས་ཆེ་བའི་རྫས་ཀྱི་རིགས་བསྟེན་དྲག་པས་བོད་རིགས་མང་ཚོགས་མང་པོ་ཞིག་གི་ལུས་ཀྱི་སྟོབས་འཆོར་ཡོད།འདི་ནི་རིག་གཞུང་དེ་ལག་ལེན་བྱེད་མཁན་གྱི་མི་སྣ་དག་ལ་དེ་འབྲེལ་གྱི་ཤེས་བྱ་ཚད་ལྡན་མེད་པའི་རྐྱེན་གྱིས་རེད། གལ་ཏེ་གོ་སྐབས་འདྲ་ཡོད་ན་དེའི་བསྐོར་གྱི་རྒྱུན་མཁོའི་ཤེས་བྱ་རེ་ངོ་སྤྲོད་བྱེད་ཐུབ་ན་སྤྱི་ཚོགས་ལ་སྨན་པར་ངེས།
ངས་ཁ་བརྡ་ལ་འཇུག་ན་འདོད། ལྷག་པར་ངས་བོད་ལུགས་གསོ་རིགས་གླེང་ན་འདོད།
སྨན་པ་གཡང་འབུམ་ལགས། བོད་ལུགས་གསོ་རིག་ཐད་ཀྱི་རྒྱུན་ཤེས་དང་གཞུང་བཤད་གང་ཞིག་སྤེལ་ན་དུས་བབས་ཟིན་བྲིས་དང་ཁ་བརྡ་སོགས་སུ་དུས་མཉམ་དུ་བཀོད་ན་མི་མང་པོས་མཐོང་ཐུབ་པར་ཁེ་ཕན་ཡོད་ན་དེ་ལུགས་དགོངས་འཇགས་ཞུ་རྒྱུ་དང་མུ་མཐུད་རྩོམ་ཡིག་གང་མང་སྤེལ་རྒྱུ་མཁྱེན། ཕྲན་ལ་དེའི་ཐད་སྤྲོ་སྣང་ཆེན་པོ་ཡོད་པས་ཞར་ལ་དྲི་བ་རེ་འབུལ་ཆོག་པ་གྱིས།
རྡ་ས་སྨན་རྩིས་ཁང་ནས་རིལ་བུ་མགུལ་ནག་ཅེས་པ་ཞིག་རིམས་ནད་སྔོན་འགོག་ཆེད་བཙོང་གིན་འདུག་ལ་སྨན་དེར་ནུས་པ་འང་གང་འཚམ་ཡག་པོ་ཡོད་པའི་གནས་ཚུལ་འདུག དེས་ན་རིལ་བུ་དེ་སུ་ཞིག་གི་དགོངས་པ་བཞིན་་སྦྱོར་སྡེ་བྱས་པ་དང་སྨན་སྣ་ཅི་ཙམ་གྱིས་གྲུབ་ཡོད་མེད་ལ་ཆ་རྒྱུས་ཡོད་ན་གསུང་རོགས།
སྨན་པ་གཡང་འབུམ་རྒྱལ།
བློ་བཟང་ཆོས་འཕེལ་ལགས། ཁྱེད་ཀྱིས་འདི་སྐོར་ཐུགས་སྣང་གནང་བར་ཐུགས་རྗེ་ཆེ། རྡ་ས་སྨན་རྩིས་ཁང་གིས་དེ་སྔ་གློ་ཚད་གཉན་རིམས་ SARS བྱུང་སྐབས་རིམས་སྲུང་རིལ་བུ་ཞིག་བཟོ་འགྲེམས་བྱས་ཡོད་ལ། ད་ལྟ་ཚོང་འགྲེམས་བྱེད་བཞིན་པའི་རིལ་བུ་མགུལ་ནག་ཅེས་པ་དེ་ཡང་རིམས་སྲུང་རིལ་བུ་དེ་ཡིན་སྙམ། རྗེས་སོར་བོད་ནང་ནས་ཀྱང་རིམས་སྲུང་རིལ་བུ་འདི་འདྲ་བཟོས་འདུག
རིམས་སྲུང་རིལ་བུ་འདི་ལ་རིམས་སྲུང་དགུ་སྦྱོར་ཡང་ཟེར་བ་དང་། དཔལ་ལྡན་རྒྱུད་བཞིའི་དགོངས་དོན་ལྟར་སྡེབ་སྦྱོར་བྱས་ཤིང་སྨན་སྣ་དགུ་ཡིས་གྲུབ་པ་ཞིག་རེད། དེ་ཡང་དེའི་ཕན་ཡོན་ནི། དཔལ་ལྡན་རྒྱུད་བཞིར།
ཁྲོལ་བུའི་ཐུམ་བུ་སྐེར་བཏགས་སྣ་སྒོར་བདུག དེ་ཡིས་རིམས་ནད་བསྐལ་པའི་མེ་འབར་ཡང་། རང་ལུས་རྡོ་རྗེ་འདྲ་སྟེ་ཅིས་མི་ཚུགས། ལྟོ་སྟོང་སེམས་ཞུམ་དུས་སུ་ནད་དྲི་བསྲུང་། འགྲངས་ངོམས་སྲུང་བས་དཔའ་སྐྱེད་དེ་དུས་བལྟ། དུས་ཐུག་བདུད་རྩི་གཉིས་ཀྱི་སྒོ་དགུ་བསྡམ། སྲུང་བ་མི་ལྡན་རིམས་ནད་མེ་ལྟར་འཆོས། དམག་གདོང་གཅེར་བུར་རལ་ཁ་བྱེད་དང་མཚུངས།། ཅེས་གསུངས་པ་ལྟར་ཡིན་ནོ།
བཀུར་འོས་སྨན་པ་དབྱངས་འབུམ་རྒྱལ། ང་ཁྱེད་ཀྱི་མཁྱེན་རྒྱ་དང་མི་གཤིས་ལ་ཆ་རྒྱུས་མེད་ཀྱང་ངས་ཁྱེད་ལ་བཀུར་འོས་སྨན་པ་ཞེས་སྦྱར་བ་ལ་རྒྱུ་མཚན་ཡོད། དེང་སང་བོད་ཀྱི་ཨེམ་ཆི་ཚོ་དངུལ་དངོས་དང་གླ་ཆ་མེད་པའི་ལས་གནས་འདི་རིགས་ལ་མི་ཞུགས་པར་ཚོང་པའི་ཁྱད་ཆོས་མངོན་གསལ་དུ་འཛིན་གྱིན་པའིརླབས་ཤུགས་ཆེ་ཧ་ཅང་བས་རང་རིགས་མི་དམངས་ཀྱིས་་sun flue ལྟ་བུའི་རིམས་ནད་རིགས་ཁྱབ་ཡོང་དུས་བོད་ལུགས་སྨན་པ་ཚོར་དེའི་ཐད་སྔོན་འགོག་དང་སྨན་བཅོས་ཡོད་མེད་ཀྱི་རེ་བ་ཙམ་ཡང་མི་བྱེད་པར་ཕྱི་ལུགས་པས་གང་གསུང་ལམ་སྟོན་ལྟར་དོ་སྣང་སྤྲོད་ཀྱི་ཡོད། ཐ་ན་བོད་གཞུང་འཕྲོད་བསྟེན་ལས་ཁུངས་ཀྱིས་ཀྱང་མི་མང་ལ་རིམས་ནད་དེ་འདྲའི་སྐོར་ལམ་སྟོན་གསལ་བཤད་གནང་དུས་ཕྱི་ལུགས་སྨན་པ་དང་སྨན་ཁང་ག་གེ་མོས་གང་ཞིག་ཡོངས་བསྒྲགས་གནང་པ་གཞིར་བཟུང་པ་མ་གཏོགས་བོད་ལུགས་སྨན་པས་གང་ཞིག་བཤད་ཀྱི་ཡོད་མེ་ད་ངག་ཐོག་་
མཆན་གོང་མའི་འཕྲོ།
ཐུགས་སྣང་ཙམ་ཡང་གནང་སྲོལ་ཆགས་ཐུབ་མེད་པ་དེ་ནི་བོད་ལུགས་སྨན་པ་ཚོས་མ་འཇོན་པའམ་མ་གནང་བའི་ནོར་འཁྲུལ་ཡིན། དེར་བརྟེན་སྐུ་ཉིད་ལྟ་བུས་ཕྱག་ལས་གནང་སྟངས་འདི་ལ་མཐོང་ཆེན་དང་གུས་ཞབས་ཡོང་བ་མ་ཟད། ད་དུང་སྔར་ལྷག་ཤུགས་བསྐྱེད་ཀྱིས་བོད་ལུགས་གསོ་རིག་གི་དྲ་རྒྱ་གཉེར་བ་དང་སྨན་པ་མང་པོ་འདི་འདྲའི་ལས་རིགས་སུ་འཇུག་ཐབས་ལ་དོ་གལ་ཆེ་གཟིགས་ཀྱིས་ཐུགས་སྣང་ཡོང་བའི་རེ་བ་ཆེ།
རིམས་སྲུང་རིལ་བུ་དེའི་སྨན་སྣ་དགུ་བོ་རེ་རེ་ནས་ངོ་སྤྲོད་དང་སྦྱོར་ཚད་བཅས་གསུང་ན་མཛད་དཀའ་མེད་ཚེ་དེ་ལྟར་ཡོང་བ་ཞུ།་་་་་་
དྲི་བ་་་བོད་སྨན་གཞུང་ན་སྲོག་ཆགས་ཀྱི་སྨན་སྣ་མང་པོ་ཞིག་གི་ནུས་པ་ངོ་སྤྲོད་གནང་ཡོད་པ་དེ་དང་ང་ཚོའི་སྨན་གཞུང་འདི་ལྟ་སྤྱོད་གང་གི་ཆ་ནས་ནང་ཆོས་དང་གཅིག་ཏུ་གྱུར་ཡོད་པའི་གསུང་སྟངས་གཉིས་ཀྱི་འགལ་འདུ་ཇི་ལྟར་སྤོང་དགོས་རང་ལུགས་བཅས་གསུང་རོགས།
བོད་སྨན་དང་ཕྱི་ལུགས་པས་སྨན་གཉིས་ལ་ཟུར་ཕོག་ཆེ་ཆུང་གི་ཁྱད་པར་དེའི་རྒྱུ་མཚན་གཙོ་བོ་གང་ཡིན་ནམ།
ཐུགས་རྗེ་ཆེ་་་ཕྱིས་སུ་མཇལ་ཆོག་པ་གྱིས།
མཆན་གོང་མའི་འཕྲོ་་་་་་
ཐུགས་སྣང་ཙམ་ཡང་གནང་སྲོལ་ཆགས་ཐུབ་མེད་པ་ནི་བོད་ལུགས་སྨན་པས་མ་འཇོན་པའམ་མ་གནངས་པའི་ནོར་འཁྲུལ་དང་འཐུས་ཤོར་ཉག་ཅིག་ཡིན། དེར་བརྟེན་ཁྱེད་ལྟ་བུས་ཕྱག་ལས་གནང་སྟངས་འདི་དངོས་གནས་རང་ཉིད་ཀྱི་འགན་དང་ཐོབ་ཐང་བླངས་པའི་ཁ་ཕྱོགས་ཤིག་ཡིན་པས་རང་ཤུགས་ཀྱིས་གུས་ཞབས་དང་ཡི་རང་གི་གནས་སུ་གྱུར། མ་ཟད་ལས་རིགས་འདི་གྲས་རྒྱ་བསྐྱེད་ཀྱིས་གསོ་རིག་དྲ་རྒྱ་ཆེད་གཉེར་གྱིས་སྨན་པ་གང་མང་སྐོང་འགུག་དང་འབྲེལ་རིས་སུ་མེད་པར་འགྲོ་བ་ནད་པའི་ཚོགས་ལ་ཞབས་འདེགས་གང་ཐུབ་བསྒྲུབ་པའི་རེ་བ་ཡོད་ན་དེ་ལུགས་གོ་སྐབས་བྱུང་ན་ཐུགས་འཛིན་འཚལ།
དྲི་བ་་་་་་་་་་་་་་་ཐུགས་རྒྱུས་ཡོད་པ་དང་མཛད་དཀའ་མེད་ན་རིམས་སྲུང་རིལ་བུ་དེའི་སྨན་སྣ་དགུ་བོ་རེ་རེ་ནས་ངོ་སྤྲོད་དང་འབྲེལ་སྦྱོར་ཚད་གསུང་རོགས།
བོད་ལུགས་སྨན་གཞུང་ན་སྲོག་ཆགས་ཀྱི་སྨན་སྣ་མང་པོའི་ཕན་ནུས་ཞིབ་རྒྱས་གསུང་བ་ཡོད་པ་དེ་དང་བོད་ལུགས་གསོ་རིག་དང་ནང་ཆོས་གཉིས་ལྟ་སྤྱོད་གང་ཐད་ནས་གཅིག་པ་ཡིན་པའི་དགོངས་ཚུལ་འཛིན་དགོས་པ་དང་འཛིན་འོས་པ་འདི་གཉིས་ཀྱི་འགལ་འདུ་ཇི་ལྟར་སེལ་དགོས་མིན་རང་ལུགས་རྒྱུ་མཚན་བཅས་གསུང་རོགས་གནང་།
ཐུགས་རྗེ་ཆེ། སླར་ཡང་མཇལ་ཆོག་པ་གྱིས།
སྨན་པ་ཞིག་མ་མཐོང་བའི་རེ་སྒུག་གི་ལོ་ཟླ་ལས་འཆི་གསོན་ལ་སོམ་ཉི་ཆེ་བའི་ས་སྲོད་ཅིག་ལ།
གཡང་འབུམ་རྒྱལ་གྱིས་བོད་ལུགས་སྨན་པའི་ལ་རྒྱ་དང་ང་རྒྱལ་ཁུར་ནས་གནས་འདིར་འབྱོར།
དེ་དུས་་་་་ངས་རང་དབང་མེད་པར་ཁོང་ལ་བསྟོད་བསྔགས་དང་ཡི་རང་གི་གླུ་དབྱངས་ལེན་དགོས་བྱུང་།
འོན་ཀྱང་་་་་གློ་བུར་ལ། ཁོང་ཡང་ངའི་མིག་ལམ་ནས་གཏན་དུ་ཡལ་སོང་།
གུས་ཞབས་མེད་པར་རང་དབང་གིས་ཞུས་ན། ཕར་ཆེར་ཤོག་དངུལ་ཞིག་གིས་ཁྲིད་སོང་ཡོད་ངེས།
ཁོང་ལ་ཐུགས་ཁག་མེད་དེ། མང་དང་མཐུན་ན་མཁས་པའི་ཡིན་པའི་བསླབ་བྱ་འདི་ཉན་རྗེས།
རང་ཉིད་མང་དང་མཐུན་མིན་ལ་བསམ་གཞིགས་བྱས་དུས།
བོད་ལུགས་སྨན་པ་སྤྱིའི་གནང་སྲོལ་དེ་འདི་ལྟར་མི་མང་དཀྱུས་མའི་ཆེད་རིན་མེད་རྩོམ་ཡིག་སྤེལ་བ་དང་ཡོངས་སུ་ཐ་དད་དང་འགལ་ཟླ་ཡིན་པ་མཐོང་འདུག
དེའི་ཕྱིར་་་ཁོང་ཡང་འདི་ནས་ཕེབས་དགོས་བྱུང་ཡོད་ངེས་ཡིན།
མཆན་འདི་སུས་མཐོང་ན་སྨན་པ་གཡང་འབུམ་རྒྱལ་ལགས་ལ་འབུལ་རོགས། ཧ་ཧ་ཧ་་་ཀུ་རེ་དང་སྦྲགས་ཁོང་འཚོལ་སྐབས་ཤིག་ལ་བྲིས་པའོ།།
བློ་བཟང་ཆོས་འཕེལ་ལགས།
བོད་ཀྱི་ཨམ་རྗེ་ཚོ་དངུལ་དངོས་དང་གླ་ཆ་མེད་པའི་ལས་གནས་ལ་མི་ཞུགས་པར་ཚོང་བའི་ཁྱད་ཆོས་འཛིན་གྱི་ཡོད་པ་མ་རེད་ལ། བོད་ལུགས་སྨན་པ་དེ་ཚོས་མ་འཇོན་པའམ་མ་གནང་བ་ཡང་མ་རེད་བསམ། མདོ་ཙམ་ཞུས་ན། བོད་གཞུང་སྨན་རྩིས་ཁང་ལྟ་བུར་དཔེར་མཚོན་ན་དབུས་ས་གཉིས་སུ་སྨན་ཁང་བཞི་བཅུ་ལྷག་ཅིག་ཡོད་པ་དང་། ནད་པ་ཁྲི་ཕྲག་མང་པོར་ཞབས་ཞུས་སྨན་བཅོས་བྱེད་པའི་མ་ཟད། ནད་རྒན་གྲས་དང་། བོད་ནས་གསར་དུ་འབྱོར་བ། གཞུང་ཞབས་ལས་བྱེད། མི་རིགས་ཀྱི་དབྱེ་འབྱེད་མེད་པར་ཉམས་ཐག་རིགས་ལ་སྨན་བཅོས་རིན་མེད་། དེ་མིན་གྲྭ་བཙུན་དང་སློབ་ཕྲུག་བཅས་ལ་རིན་བབ་ཕྱེད་ཕྱག་ཡང་ཐོག་གནང་གི་ཡོད་པ་རེད། སྨན་པ་ཚོའི་གླ་ཕོགས་ཡང་མཐོ་བོ་མེད་པ་ཀུན་གྱི་མཁྱེན་གསལ་རེད། ཕྱི་ལུགས་ལྟར་ན༼Sun flue༽ ཞེས་པའི་གཉན་རིམས་འདི་ཐེངས་དང་པོ་མིན་ལ། ལོ་ཁ་ཤས་ཀྱི་གོང་དུ་གློ་ཚད་གཟེར་ཐུང་གི་རིམས་བྱུང་སྐབས། བོད་གཞུང་སྨན་རྩིས་ཁང་གི་འཕྲལ་དུ་རིམས་སྲུང་རིལ་བུ་བཟོ་བསྐྲུན་བྱས་ཏེ་གཞི་བྱེས་གཉིས་སུ་གནས་བའི་རང་རིགས་སྤུན་ཟླ་ཙམ་མ་ཟད་རྒྱ་གར་དང་སོག་པོ་སོགས་ཀྱི་གཙོའི་མི་རིགས་མང་བོས་འཚང་ག་ཤིགས་ཤིགས་ཀྱིས་ཉོས་ཐོབ་བྱས་ནི་ཕན་འབྲས་ཆེན་པོ་བྱུང་ཡོད། བོད་ལུགས་སྨན་པ་ཚོས་བཟོས་པའི་རིམས་སྲུང་རིལ་བུ་འདོག་མཁན་གྱི་ནད་པ་འདས་གྲོང་སུ་སོང་བ་རེད། རིམས་ནད་སྔོན་འགོག་གི་ཐད་འཐུས་ཤོར་ཕྱིན་པའི་དཔངས་རྟགས་སྟོན་རྒྱུ་དེ་འདྲ་ཡོད་དམ། རིམས་སྲུང་རིལ་བུའི་སྨན་གྱི་སྡེབ་སྦྱོར་གྱི་གྲངས་ཚད་
དང་སྨན་མིང་སོགས་ཤེས་འདོད་ན་བོད་གཞུང་སྨན་རྩིས་ཁང་གི་མཐོ་རིམ་སློབ་གྲྭར་ལོ་ལྔ་རེ་མཚམས་སུ་སྨན་སློབ་བསྡུ་སྲོལ་ཡོད་པ་དང་། དེ་ཡང་ཡིག་རྒྱུགས་ཀྱི་ལམ་ནས་ཆོལ་ཁ་དང་ཆོས་ལུགས་དབྱེ་བ་མེད་པའི་འཛུགས་རྒྱུགས་སྤྲོད་ཀྱི་ཡོད་པའི་དེ་ལྟར་གནང་ན་ལས། དྲ་ཐོག་ཏུ་དཔེ་ཁྲིས་བྱེད་པའི་ཁོམ་ལོངས་མེད་པའི་དགོངས་འགལ་མེད་པ་དང་། གསང་མ་མན་ངག་གི་རྒྱུད་ཅེས་པའི་ཚིག་དོན་ལ་དོན་སྣང་དོག་ཙམ་ཡོང་བ་ཞུ།
བོད་ཀྱི་གསོ་བ་རིག་པའི་གཞུང་གི་རིམས་ནད་སྲུང་ཐབས་ཀྱི་སྐོར་ནི་འདི་ལྟ་སྟེ། རྒྱུད་དུ། ཁྱད་པར་རིམས་སྲུང་སྤྱི་དང་བྱེ་བྲག་གཉིས། །སྤྱི་རུ་སྲུང་ཐབས་སྔགས་དང་རྫས་གཉིས་ཏེ། །དང་པོ་རང་ཉིད་མཐུ་སྟོབསབདག་
པོར་བསྐྱེད། །ཨོཾ་ཧྲི་དེ་བ་ལེ་ཁ་ཕུར། ཨ་ཏི་ཕུར། བི་ཕུར་སོད། བི་ཧུབ་སོད། མུར་ཡ་སོད། ཀུ་མ་ར་ཡ་སོད། ལ་ཙི་སོད། བནྡྷ་བནྡྷ་སོད། བཛྲ་པ་ནེ་པ་ནེ་སོད། ཧྲི་དེ་ཧྲི་དེ་སོད། ཏི་ཀ་ཛྙཱ་ན་སོད། མ་མ་དུ་རུ་སོད། ཕུ་ཙ་ཡོ་གི་ནི་སོད། སྔགས་འདི་ཉིན་ལྟར་བརྒྱ་དང་བརྒྱད་རེ་བསྒྲེངས་རྒྱུ། ༼རྫས་སྲུང་ནི་བོད་གཞུང་སྨན་རྩིས་ཁང་གི་བཟོས་པའི་རིམས་སྲུངས་རིལ་བུ་ལུས་ལ་བཅང་སྟེ། ཞོག་པ་སྔ་བོ་ལྟོ་སྟོང་དུ་དྲི་མ་སྣུམ་རྒྱུ་གལ་ཆེ།༽ཁྲོལབུའི་ཐུམ་བུ་སྐེར་བཏགས་སྣ་སྒོར་བདུག དེ་ཡིས་རིམས་ནད་བསྐལ་པའི་མེ་འབར་ཡང་། །རང་ལུས་རྡོ་རྗེ་འདྲ་སྟེ་ཅིས་མི་ཚུགས། །ཞེས་པ་འདི་རིམས་སྤྱིའི་སྲུང་ཐབས་དང་། བྱེ་བྲག་ད་ལྟའི་ཚ་རིམས་སྲུང་ཐབས་སུ་རྒྱུད་དུ་འདི་ལྟར་བསྟན་ཡོད། རྫས་སྔགས་གཉིས་ལས་སྔགས་སྲུང་ནི་། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྡོ་རྗེ་བླ་མ་འོད་ཀྱི་རྒྱལ་པོ་ལ་ཕྱག་འཚལ་ལོ། །བདག་ཅག་རིམས་ནད་ཐམས་ཅད་ལས་བསྲུང་དུ་གསོལ། ཏདྱ་ཐཱ། ཨོཾ་བཛྲེ་བཛྲེ་མ་ཧཱ་བཛྲེ། སརྦ་བྱ་ཏི་ཏ་ཧ་ན་ཧ་ན་བཛྲར་ན་སྭཱ་ཧཱ། ཐུང་ཟིམ་བུ་ཐུང་ཟིམ་བུ་སོད། ལང་ལང་ལིང་ལིང་སོད། མེ་མེ་སོད། ལམ་ལམ་སོད། དཔལ་སོད། ཚ་བ་མེ་ཡི་དབལ་སོད། བརྒྱ་རྩ་བརྒྱད་བཟླས་ལ་སྣར་གདབ། དེ་མིན་སོ་སོའི་ཟས་སྤྱོད་ཚུལ་བཞིན་དུ་བསྟེན་ཏེ་ལུས་ཁམས་ཀྱི་བདེ་ཐང་སྲུང་སྐྱོབས་བྱེད་སྟེངས་ནི། རྒྱུད་དུ། རྟགས་ཏུ་བདེ་གནས་འདོད་ཅིང་ཚེ་བསྲིང་ཕྱིར། །སྨན་མཆོག་རིན་ཆེན་གྲུབ་པའི་གསང་སྔགས་བཅང་། །ནད་སློང་རྐྱེན་གཉིས་དྲན་པས་རྟག་ཏུ་སྤང་། །ལུས་ངག་ཡིད་ལས་ཉེས་སྤང་ཡང་དག་བསྟེན། །ལྕེ་སོགས་དབང་པོ་མནར་དང་ཉམས་བདེར་མིན། །ཐེ་ཚོམ་གྲུ་འམ་མི་སྲུན་བཞོན་པ་དང་། །གསོད་ས་ཆུ་ཆེན་མེ་ཡི་ཕུང་པོ་དང་། །གད་སྟེང་ཤིང་རྩེར་དབྱར་དགུན་འཛེག་འགྲོ་སྤང་། །སྡོད་ན་ས་བརྟག་འགྲོ་ན་ལམ་བརྟག་ཅིང་། །མཚན་མོ་དོན་ཆེན་དབྱུག་ཐོགས་གྲོགས་ལྡན་བྱ། །མཚན་གཉིད་མ་ལོག་རྩུབ་པས་ཅི་བདེར་ལོག །མ་ལོག་ནང་པར་སྨྱོང་བྱ་ཕྱེད་གཉིད་ལོག །ཞེས་གསུངས་བཞིན། སོ་སོའི་རང་ངོས་ནས་ཟས་སྤྱོད་ལ་གཟབ་གཟབ་བྱེད་རྒྱུ་ནི་ཧ་ཅང་གི་གལ་ཆེ་བ་ཞིག་རེད།
ཟ་བཏུང་གི་རིགས་གང་ས་ནས་མི་ཉོ་བར་ཚོང་ཁང་གཙང་མ་ཚད་ལྡན་དེ་འདྲ་ནས་ཉོ་རྒྱུ་དང་གཅིག རིམས་ནད་བྱུང་ཡོད་སའི་ས་གནས་སོགས་ལ་འགྲོ་འདུག་མི་བྱེད་རྒྱུ་དང་གཉིས། ཕྱོགས་སུ་སོང་ནི་ཕྱིར་རང་ཁྱིམ་དུ་ལོག་མ་ཐག་ལག་པ་གཙང་མ་བཀྲུ་རྒྱུ་དང་དེ་ནས་ཁ་གདོང་སོགས་བཀྲུ་རྒྱུ་བཅས་གསུམ། མི་མང་འདུ་འཛོམས་སར་རྒྱུན་དུ་ཁ་རིས་གྱོན་རྒྱུ་དང་བཞི། འདི་དག་དམིགས་གསལ་གྱི་སྔོན་འགོག་གི་ཐབས་ལམ་རེད། ད་ལྟ་དུས་དབང་གི་ཆམ་ཚད་ལྡང་ཆེ་བ་ཡོང་གི་ཡོད་སྟབས། གལ་སྲིད་ཆམ་ཚད་ཕོགས་པ་ཡིན་ན་ངལ་གསོ་ཡག་པོ་རྒྱག་རྒྱུ་དང་། ཁ་ཟས་དུས་ཐོག་ཏུ་ཟ་རྒྱུ། ལུས་ཁམས་མི་འཁྲུག་པར་མཚན་མོ་གཉིད་ལེགས་པོ་ཉལ་རྒྱུ་སོགས་དམིགས་བསལ་དོ་སྣང་བྱེད་རྒྱུ་ཤིན་ཏུ་ནས་གལ་ཆེ།
གཞུང་ལས།
ཐབས་དང་ཐབས་བྱུང་འབྲེལ་བ་ཅི་སྟེ་མེད། །འགྲོ་བའི་ལུས་འདི་འབྱུང་བ་བཞི་ལས་གྲུབ། །གསོ་བྱའི་ནད་ཀྱང་འབྱུང་བ་བཞི་ཡིས་བསྐྱེད། །གཉེན་པོའི་སྨན་ཡང་འབྱུང་བཞི་ངོ་བོ་ཉིད། །ལུས་ནད་གཉེན་པོ་བདག་ཉིད་གཅིག་པར་འབྲེལ། །གནོད་བྱ་གནོད་བྱེད་རྟེན་དང་བརྟེན་པར་འབྲེལ། །གསོ་བྱ་གསོ་བྱེད་བསོད་ནམས་ལས་ཀྱིས་འབྲེལ། །རིན་པོ་ཆེ་དང་ཀླུ་ཡི་རྒྱལ་བོ་འདྲ། །མི་ཤེས་ཤེས་བྱེད་གསོ་རིག་ཐབས་སུ་འབྲེལ། །ཐབས་ལས་བྱུང་བ་འདུ་བ་སྙོམས་པར་འབྲེལ། །འདུ་བ་སྙོམས་པ་ནད་མེད་བདེ་བར་འབྲེལ། །ཐབས་དང་ཐབས་བྱུང་དེ་ལས་བྱུང་བར་འབྲེལ། །ཅི་ཕྱིར་དོན་བྱེད་ནུས་ཕྱིར་རག་ལུས་ཕྱིར། །ཞེས་གསུངས་སོ།།
བློ་བཟང་ཆོས་འཕེལ་ལགས།
བོད་ཀྱི་ཨམ་རྗེ་ཚོ་དངུལ་དངོས་དང་གླ་ཆ་མེད་པའི་ལས་གནས་ལ་མི་ཞུགས་པར་ཚོང་བའི་ཁྱད་ཆོས་འཛིན་གྱི་ཡོད་པ་མ་རེད་ལ། བོད་ལུགས་སྨན་པ་དེ་ཚོས་མ་འཇོན་པའམ་མ་གནང་བ་ཡང་མ་རེད་བསམ། མདོར་ཙམ་ཞུས་ན། བོད་གཞུང་སྨན་རྩིས་ཁང་ལྟ་བུར་དཔེར་མཚོན་ན་དབུས་ས་གཉིས་སུ་སྨན་ཁང་བཞི་བཅུ་ལྷག་ཅིག་ཡོད་པ་དང་། ནད་པ་ཁྲི་ཕྲག་མང་པོར་ཞབས་ཞུས་སྨན་བཅོས་བྱེད་པའི་མ་ཟད། ནད་པ་རྒན་གྲས་དང་། བོད་ནས་གསར་དུ་འབྱོར་བ། གཞུང་ཞབས་ལས་བྱེད། མི་རིགས་ཀྱི་དབྱེ་འབྱེད་མེད་པར་ཉམས་ཐག་རིགས་ལ་སྨན་བཅོས་རིན་མེད་། དེ་མིན་གྲྭ་བཙུན་དང་སློབ་ཕྲུག་བཅས་ལ་རིན་བབ་ཕྱེད་ཕྱག་ཡང་ཐོག་གནང་གི་ཡོད་པ་རེད། སྨན་པ་ཚོའི་གླ་ཕོགས་ཡང་མཐོ་བོ་མེད་པ་ཀུན་གྱི་མཁྱེན་གསལ་རེད། ཕྱི་ལུགས་ལྟར་ན ༼Swine Flu༽ ཞེས་པའི་གཉན་རིམས་འདི་ཐེངས་དང་པོ་མིན་ལ། ལོ་ཁ་ཤས་ཀྱི་གོང་དུ་གློ་ཚད་གཟེར་ཐུང་གི་རིམས་བྱུང་སྐབས། བོད་གཞུང་སྨན་རྩིས་ཁང་གི་འཕྲལ་དུ་རིམས་སྲུང་རིལ་བུ་བཟོ་བསྐྲུན་བྱས་ཏེ་གཞི་བྱེས་གཉིས་སུ་གནས་བའི་རང་རིགས་སྤུན་ཟླ་ཙམ་མ་ཟད་རྒྱ་གར་དང་སོག་པོ་སོགས་ཀྱི་གཙོའི་མི་རིགས་མང་བོས་འཚང་ག་ཤིགས་ཤིགས་ཀྱིས་ཉོས་ཐོབ་བྱས་ནི་ཕན་འབྲས་ཆེན་པོ་བྱུང་ཡོད། བོད་ལུགས་སྨན་པ་ཚོས་བཟོས་པའི་རིམས་སྲུང་རིལ་བུ་འདོག་མཁན་གྱི་ནད་པ་འདས་གྲོང་སུ་སོང་བ་རེད། རིམས་ནད་སྔོན་འགོག་གི་ཐད་འཐུས་ཤོར་ཕྱིན་པའི་དཔངས་རྟགས་སྟོན་རྒྱུ་དེ་འདྲ་ཡོད་དམ། རིམས་སྲུང་རིལ་བུའི་སྨན་གྱི་སྡེབ་སྦྱོར་གྱི་གྲངས་ཚད་
དང་སྨན་མིང་སོགས་ཤེས་འདོད་ན་བོད་གཞུང་སྨན་རྩིས་ཁང་གི་མཐོ་རིམ་སློབ་གྲྭར་ལོ་ལྔ་རེ་མཚམས་སུ་སྨན་སློབ་བསྡུ་སྲོལ་ཡོད་པ་དང་། དེ་ཡང་ཡིག་རྒྱུགས་ཀྱི་ལམ་ནས་ཆོལ་ཁ་དང་ཆོས་ལུགས་དབྱེ་བ་མེད་པའི་འཛུགས་རྒྱུགས་སྤྲོད་ཀྱི་ཡོད་པའི་དེ་ལྟར་གནང་ན་ལས། དྲ་ཐོག་ཏུ་དཔེ་ཁྲིས་བྱེད་པའི་ཁོམ་ལོངས་མེད་པའི་དགོངས་འགལ་མེད་པ་དང་། གསང་མ་མན་ངག་གི་རྒྱུད་ཅེས་པའི་ཚིག་དོན་ལ་དོན་སྣང་དོག་ཙམ་ཡོང་བ་ཞུ།
བོད་ཀྱི་གསོ་བ་རིག་པའི་གཞུང་གི་རིམས་ནད་སྲུང་ཐབས་ཀྱི་སྐོར་ནི་འདི་ལྟ་སྟེ། རྒྱུད་དུ། ཁྱད་པར་རིམས་སྲུང་སྤྱི་དང་བྱེ་བྲག་གཉིས། །སྤྱི་རུ་སྲུང་ཐབས་སྔགས་དང་རྫས་གཉིས་ཏེ། །དང་པོ་རང་ཉིད་མཐུ་སྟོབསབདག་
པོར་བསྐྱེད། །ཨོཾ་ཧྲི་དེ་བ་ལེ་ཁ་ཕུར། ཨ་ཏི་ཕུར། བི་ཕུར་སོད། བི་ཧུབ་སོད། མུར་ཡ་སོད། ཀུ་མ་ར་ཡ་སོད། ལ་ཙི་སོད། བནྡྷ་བནྡྷ་སོད། བཛྲ་པ་ནེ་པ་ནེ་སོད། ཧྲི་དེ་ཧྲི་དེ་སོད། ཏི་ཀ་ཛྙཱ་ན་སོད། མ་མ་དུ་རུ་སོད། ཕུ་ཙ་ཡོ་གི་ནི་སོད། སྔགས་འདི་ཉིན་ལྟར་བརྒྱ་དང་བརྒྱད་རེ་བསྒྲེངས་རྒྱུ། ༼རྫས་སྲུང་ནི་བོད་གཞུང་སྨན་རྩིས་ཁང་གི་བཟོས་པའི་རིམས་སྲུངས་རིལ་བུ་ལུས་ལ་བཅང་སྟེ། ཞོག་པ་སྔ་བོ་ལྟོ་སྟོང་དུ་དྲི་མ་སྣུམ་རྒྱུ་གལ་ཆེ།༽ཁྲོལབུའི་ཐུམ་བུ་སྐེར་བཏགས་སྣ་སྒོར་བདུག དེ་ཡིས་རིམས་ནད་བསྐལ་པའི་མེ་འབར་ཡང་། །རང་ལུས་རྡོ་རྗེ་འདྲ་སྟེ་ཅིས་མི་ཚུགས། །ཞེས་པ་འདི་རིམས་སྤྱིའི་སྲུང་ཐབས་དང་། བྱེ་བྲག་ད་ལྟའི་ཚ་རིམས་སྲུང་ཐབས་སུ་རྒྱུད་དུ་འདི་ལྟར་བསྟན་ཡོད། རྫས་སྔགས་གཉིས་ལས་སྔགས་སྲུང་ནི་། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྡོ་རྗེ་བླ་མ་འོད་ཀྱི་རྒྱལ་པོ་ལ་ཕྱག་འཚལ་ལོ། །བདག་ཅག་རིམས་ནད་ཐམས་ཅད་ལས་བསྲུང་དུ་གསོལ། ཏདྱ་ཐཱ། ཨོཾ་བཛྲེ་བཛྲེ་མ་ཧཱ་བཛྲེ། སརྦ་བྱ་ཏི་ཏ་ཧ་ན་ཧ་ན་བཛྲར་ན་སྭཱ་ཧཱ། ཐུང་ཟིམ་བུ་ཐུང་ཟིམ་བུ་སོད། ལང་ལང་ལིང་ལིང་སོད། མེ་མེ་སོད། ལམ་ལམ་སོད། དཔལ་སོད། ཚ་བ་མེ་ཡི་དབལ་སོད། བརྒྱ་རྩ་བརྒྱད་བཟླས་ལ་སྣར་གདབ། དེ་མིན་སོ་སོའི་ཟས་སྤྱོད་ཚུལ་བཞིན་དུ་བསྟེན་ཏེ་ལུས་ཁམས་ཀྱི་བདེ་ཐང་སྲུང་སྐྱོབས་བྱེད་སྟེངས་ནི། རྒྱུད་དུ། རྟགས་ཏུ་བདེ་གནས་འདོད་ཅིང་ཚེ་བསྲིང་ཕྱིར། །སྨན་མཆོག་རིན་ཆེན་གྲུབ་པའི་གསང་སྔགས་བཅང་། །ནད་སློང་རྐྱེན་གཉིས་དྲན་པས་རྟག་ཏུ་སྤང་། །ལུས་ངག་ཡིད་ལས་ཉེས་སྤང་ཡང་དག་བསྟེན། །ལྕེ་སོགས་དབང་པོ་མནར་དང་ཉམས་བདེར་མིན། །ཐེ་ཚོམ་གྲུ་འམ་མི་སྲུན་བཞོན་པ་དང་། །གསོད་ས་ཆུ་ཆེན་མེ་ཡི་ཕུང་པོ་དང་། །གད་སྟེང་ཤིང་རྩེར་དབྱར་དགུན་འཛེག་འགྲོ་སྤང་། །སྡོད་ན་ས་བརྟག་འགྲོ་ན་ལམ་བརྟག་ཅིང་། །མཚན་མོ་དོན་ཆེན་དབྱུག་ཐོགས་གྲོགས་ལྡན་བྱ། །མཚན་གཉིད་མ་ལོག་རྩུབ་པས་ཅི་བདེར་ལོག །མ་ལོག་ནང་པར་སྨྱོང་བྱ་ཕྱེད་གཉིད་ལོག །ཞེས་གསུངས་བཞིན། སོ་སོའི་རང་ངོས་ནས་ཟས་སྤྱོད་ལ་གཟབ་གཟབ་བྱེད་རྒྱུ་ནི་ཧ་ཅང་གི་གལ་ཆེ་བ་ཞིག་རེད།
ཟ་བཏུང་གི་རིགས་གང་ས་ནས་མི་ཉོ་བར་ཚོང་ཁང་གཙང་མ་ཚད་ལྡན་དེ་འདྲ་ནས་ཉོ་རྒྱུ་དང་གཅིག རིམས་ནད་བྱུང་ཡོད་སའི་ས་གནས་སོགས་ལ་འགྲོ་འདུག་མི་བྱེད་རྒྱུ་དང་གཉིས། ཕྱོགས་སུ་སོང་ནི་ཕྱིར་རང་ཁྱིམ་དུ་ལོག་མ་ཐག་ལག་པ་གཙང་མ་བཀྲུ་རྒྱུ་དང་དེ་ནས་ཁ་གདོང་སོགས་བཀྲུ་རྒྱུ་བཅས་གསུམ། མི་མང་འདུ་འཛོམས་སར་རྒྱུན་དུ་ཁ་རིས་གྱོན་རྒྱུ་དང་བཞི། འདི་དག་དམིགས་གསལ་གྱི་སྔོན་འགོག་གི་ཐབས་ལམ་རེད། ད་ལྟ་དུས་དབང་གི་ཆམ་ཚད་ལྡང་ཆེ་བ་ཡོང་གི་ཡོད་སྟབས། གལ་སྲིད་ཆམ་ཚད་ཕོགས་པ་ཡིན་ན་ངལ་གསོ་ཡག་པོ་རྒྱག་རྒྱུ་དང་། ཁ་ཟས་དུས་ཐོག་ཏུ་ཟ་རྒྱུ། ལུས་ཁམས་མི་འཁྲུག་པར་མཚན་མོ་གཉིད་ལེགས་པོ་ཉལ་རྒྱུ་སོགས་དམིགས་བསལ་དོ་སྣང་བྱེད་རྒྱུ་ཤིན་ཏུ་ནས་གལ་ཆེ།
གཞུང་ལས།
ཐབས་དང་ཐབས་བྱུང་འབྲེལ་བ་ཅི་སྟེ་མེད། །འགྲོ་བའི་ལུས་འདི་འབྱུང་བ་བཞི་ལས་གྲུབ། །གསོ་བྱའི་ནད་ཀྱང་འབྱུང་བ་བཞི་ཡིས་བསྐྱེད། །གཉེན་པོའི་སྨན་ཡང་འབྱུང་བཞི་ངོ་བོ་ཉིད། །ལུས་ནད་གཉེན་པོ་བདག་ཉིད་གཅིག་པར་འབྲེལ། །གནོད་བྱ་གནོད་བྱེད་རྟེན་དང་བརྟེན་པར་འབྲེལ། །གསོ་བྱ་གསོ་བྱེད་བསོད་ནམས་ལས་ཀྱིས་འབྲེལ། །རིན་པོ་ཆེ་དང་ཀླུ་ཡི་རྒྱལ་བོ་འདྲ། །མི་ཤེས་ཤེས་བྱེད་གསོ་རིག་ཐབས་སུ་འབྲེལ། །ཐབས་ལས་བྱུང་བ་འདུ་བ་སྙོམས་པར་འབྲེལ། །འདུ་བ་སྙོམས་པ་ནད་མེད་བདེ་བར་འབྲེལ། །ཐབས་དང་ཐབས་བྱུང་དེ་ལས་བྱུང་བར་འབྲེལ། །ཅི་ཕྱིར་དོན་བྱེད་ནུས་ཕྱིར་རག་ལུས་ཕྱིར། །ཞེས་གསུངས་སོ།།
བརྒྱ་དང་བརྒྱད་རེ་(བསྒྲེངས་)རྒྱུ།
བསྒྲང་ལ་བཅོས་རོགས།
སྨན་པ་གཡང་འབུམ་རྒྱལ།
བློ་བཟང་ཆོས་འཕེལ་ལགས། སྐུ་ཉིད་ཀྱིས་དེང་སང་བོད་ཀྱི་ཨེམ་ཆི་ཚོ་དངུལ་དངོས་དང་གླ་ཆ་མེད་པའི་ལས་གནས་འདི་རིགས་ལ་མི་ ཞུགས་པར་ཚོང་པའི་ཁྱད་ཆོས་མངོན་གསལ་དུ་འཛིན་གྱིན་པའིརླབས་ཤུགས་ཆེ། ཟེར་བར་ཛ་ཏི་ལགས་ཀྱིས་གསུང་པ་བཞིན་བོད་ཀྱི་ཨེམ་ཆི་ཚོས་ཚོང་པ་བཞིན་ཁེ་འབབ་ཁོ་ནའི་མངོན་འདོད་ཆེད་སྨན་པའི་ལས་དོན་གཉེར་གྱི་མེད། དེ་འདྲ་ཡིན་ཀྱང་ངའི་བསམ་ཚུལ་ལ་དེ་ཕྱི་ཁོར་ཡུག་དང་སྤྱི་ཚོགས་ཀྱི་གནས་སྟངས་ལ་བརྟེན་ནས་བྱུང་བ་ཞིག་རེད་མ་གཏོགས་བོད་ལུགས་སྨན་པ་ཚོས་ཆེད་དམིགས་ཀྱིས་སོ་སོ་དེ་འདྲ་བཟོས་པ་ཞིག་མ་རེད། སྤྱིར་ནུབ་ཕྱོགས་སྨན་ལུགས་ལ་བལྟས་ན་བོད་ལུགས་གསོ་དཔྱད་ལ་ཚོང་པའི་ཁྱད་ཆོས་ཧ་ཅང་གིས་ཉུང་བ་ཡོད།
དེང་སང་གི་ནད་ཡམས་ཁག་ནུབ་ཕྱོགས་སྨན་ལུགས་ཐོག་ནས་ངོས་འཛིན་བྱས་ཏེ་ཁྱབ་བསྒྲགས་ཉེན་བརྡ་དང་སྔོན་འགོག་སྨན་བཅོས་བྱེད་ཀྱི་ཡོད་པའི་ཁར། འཛམ་གླིང་མི་དམངས་མང་ཆེ་བའི་ཀླད་པ་དེ་གཙོ་ཆེ་བ་ནུབ་ཕྱོགས་ཚན་རིག་གསོ་དཔྱད་ཀྱིས་བཟུང་ཡོད་པར་བརྟེན་ནས་ཕག་ཆམ་ལྟ་བུའི་ནད་ཡམས་ལ་གཞུང་འབྲེལ་ཐོག་ཕྱི་ལུགས་སྨན་དཔྱད་དང་སྨན་ཁང་ངོས་ནས་འགྲེལ་བཤད་རྒྱག་གི་ཡོད་པ་དེ་དངོས་ཡོད་རེད། ཡིན་ནའངབོད་ལུགས་གསོ་དཔྱད་དང་སྨན་པ་ཚོར་ཕག་ཆམ་ལྟ་བུའི་ནད་ཡམས་སྟེང་འགྲེལ་བཤད་ལམ་སྟོན་བྱེད་རྒྱུ་ཡོད་པས། མི་དམངས་ཀྱིས་ཕྱི་ལུགས་སྔོན་འགོག་སྨན་བཅོས་མཉམ་དུ་བོད་ལུགས་སྔོན་འགོག་སྨན་བཅོས་དང་ལེན་བྱེད་ཀྱི་ཡོད་པ་ཡོངས་གྲགས་རེད།
རིམས་སྲུང་རིལ་བུའི་སྦྱོར་སྡེབ་དེ་གསོ་རིག་རྒྱུད་བཞིར། བཙན་དུག་གླ་རྩི་མུ་ཟི་ཤུ་དག་དང་། གུ་གུལ་དཀར་ནག་གཉིས་དང་སྒོག་སྐྱ་ཡི། ཁྲོལ་བུའི་ཐུམ་བུ་སྐེར་བཏགས་སྣ་སྒོར་བདུག ཅེས་གསུངས་པ་བཞིན་ཡིན།
བོད་ལུགས་སྨན་དཔྱད་དུ་སྲོག་ཆགས་ཀྱི་སྨན་སྣ་མང་པོའི་འཁྲུངས་དཔེ་དང་ཕན་ཡོན་དོན་ཕན་ཅན་བཀོད་ཡོད་ལ། དེ་སྔ་བོད་ལུགས་སྨན་རྫས་ཀྱི་ལོ་རྒྱུས་འཕེལ་རིམ་བཞིན་བོད་སྨན་ནང་དུ་སྲོག་ཆགས་སྨན་སྣ་སྦྱོར་སྲོལ་ཡོད་མོད། དེང་སང་སྲོག་ཆགས་སྨན་སྣའི་ཚབ་ཏུ་སྔོ་ལྡུམ་འབྲས་བུའི་རིགས་བཏང་དང་གཏོང་མུས་ཡིན།
བོད་ལུགས་གསོ་རིག་དང་ནང་ཆོས་གཉིས་ལྟ་སྤྱོད་གང་ཐད་ནས་གཅིག་པ་ཡིན་པའི་དགོངས་ཚུལ་འཛིན་དགོས་པ་དང་འཛིན་འོས་པ་ནི། གསོ་རིག་རྒྱུད་བཞིར་སྨན་པའི་རྒྱུ་ལ། བསམ་པ་དཀར་པ་བྱང་ཆུབ་སེམས་ལྡན་པ། སྦྱོར་བ་དངོས་གཞི་འཇུག་ལས་དང་པོ་ནི། སྡུག་བསྔལ་མཐོང་དང་ཕན་འདོགས་དད་པ་དང་། བཟང་ངན་བྱམས་སྡང་ཞེ་ནས་སྙོམས་པ་ཡིས། སྙིང་རྗེ་བྱམས་པ་དགའ་བ་བཏང་སྙོམས་བཞི། སྨོན་པ་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་དེ། དངོས་གཞི་འཇུག་པ་ཚད་མེད་ཉམས་སུ་བླངས། ཞེས་དང་། ཡང་། སྨན་པའི་ལས་ལ། ཁྱད་པར་ལས་ནི་ལྟ་སྒོམ་སྤྱོད་པ་གསུམ། ལྟ་བ་ཆོས་རྣམས་ཀུན་ལ་དབུ་མར་རྟོགས། དམན་མཐའ་ལྷག་མཐའ་ལོག་པའི་མཐའ་སྤངས་པའི། ཡང་དག་དབུ་མར་བལྟ་བ་ལྟ་བའི་མཆོག སྒོམ་པ་ཚད་མེད་བཞི་ཡི་ངང་དུ་གནས། ལོག་པའི་གོལ་ས་བཞི་རུ་མ་ཤོར་གཅེས། སྤྱོད་པ་སྤང་བླང་གཉིས་ལས་མི་དགེ་སྤང་། སྨྱོ་འཅྒལ་ཐོ་ཅོ་སྡིག་པ་ངན་སྤྱོད་དོར། སྦྱིན་དང་ཚུལ་ཁྲིམས་བཟོད་པ་བརྩོན་འགྲུས་སྤྱད།། ཅེས་གསུངས་ཡོད་པ་བཞིན་ངའི་རང་ལུགས་དེ་ལྟར་ཡིན།
ང་འདས་པའི་གཟའ་འཁོར་འགའི་རིང་ལས་བྲེལ་བྱུང་། སྤྱིར་ཤོག་དངུལ་དེ་མི་རེ་ངོ་རེའི་འཚོ་བའི་ནང་གལ་ཆེན་ཡིན་ལ་ལྷག་པར་དུ་དེང་སང་གི་དུས་ནི་དེ་བས་ཀྱང་བཤད་མ་དགོས། ང་ལས་བྲེལ་བྱུང་དོན་དེ་གླ་ཆ་མེད་པའི་བོད་མིའི་སྤྱི་དོན་དང་བོད་ལུགས་གསོ་དཔྱད་དར་སྤེལ། གཞན་ཤོག་དངུལ་འབབ་རྒྱུ་ཡོད་པའི་སྒེར་དོན་ཚང་མའི་ཆེད་ཡིན།
sushrut samhitaཞེས་པའི་ནང་དོན་གལ་ཆེ་ཁག།༼རྒྱ་གར་ཚེ་ཡི་རིག་བྱེད་ལས་བསྒྱུར།༽
ཐུར་དཔྱད་སྐབས་མིའི་ལུས་ཕུང་ཆ་ཕྲལ་དུ་གཏོང་བའི་རྒྱུད་རིམ་ཆུར་སྦངས་གཉེན་བཅོས་maceration methodཀྱི་ཐབས་ལམ་བཞིན་སྤྱད་དགོས་པའི་འགྲེལ་བརྗོད་དེ་དག་དང་ལག་ལེན་དངོས་ཀྱི་ཐོག་ནས་ཤིང་ཏོག་དང་མེ་ཏོག་དེ་བཞིན་ཤིང་སྡོང་གི་པགས་པ་སོགས་ཀྱི་རྣམ་བཞག་དེ་དག་སྦྱོང་བརྡར་བྱེད་པ་ལ་Yogyaཟེར་བ་ཡིན།
ཐུར་དཔྱད་བྱ་བའི་རྒྱུད་རིམ་གྱི་མཇུག་དོན་Post Operativeགྱི་ལེའུ་ལས་འགྲེལ་བརྗོད་ཁ་གསལ་ཞིག་འགོད་པ་ནི་དེ་འབྲེལ་གྱི་སྨན་ཁང་གོ་སྒྲིག་བྱེད་ཕྱོགས་དེ་ཡིན་ལ་ད་དུང་ནད་པའི་སྤྱོད་ལམ་ལས་ནད་ཀྱི་རང་བཞིན་རྟོགས་ཐུབ་པས་ན་སྨན་པ་གང་ཞིག་གིས་ནད་དེ་བཞིན་ཛ་དྲག་ལོས་ལས་ནད་གསོ་ཁང་སོ་སོར་ཆ་བགོས་བྱེད་དགོས་པ་ཤེས་རྟོགས་ཐུབ་དགོས།
བྱང་ཁོག་ཡུལ་ཐིག་གམ་མིའི་ལུས་ཕུང་གི་རོ་བཀྲའི་གནས་ལུགས་དེ་དག་ཚུལ་བཞིན་ཤེས་དགོས་པ་མ་ཟད་ད་དུང་ཐུར་དཔྱད་དམ་བཤག་ལས་སྐབས་སུ་མིའི་ལུས་ཕུང་གི་པགས་པའི་རིམ་པ་བདུན་གསུངས་པ་དེ་དག་དང། རུས་ཚིགས་ཀྱི་གྲངས་ཚད། རྩ་སྦུབས་དང་རྩ་འཁོར་རྣམས་ཞིབ་པར་གསལ་རྟོགས་ཐུབ་དགོས།
ཉེས་པ་གསུམ་ལས་མཁྲིས་པ་དང་འབྱུང་བ་ལྔའི་བར་གྱི་འབྲེལ་བ་དང་ད་དུང་ཁྲག་དང་ཉེས་གསུམ་བསྡོངས་པའི་འབྲེལ་བ་དེ་དག་གལ་ཆེར་གསལ་ཡོད་ལ་ད་དུང་ཁུངས་སྐྱེལ་ཟིན་པའི་ནད་རིགས་འཕེལ་སྐྱེད་ཀྱི་གལ་ཆེའི་རིམ་པ་དྲུག་གསུངས་པ་དེ་དག་ཀྱང་གསལ་བར་ཤེས་དགོས།
ཛ་དྲག་གི་གནས་སྐབས་དཔེར་ན་མེས་ཚིག་དང། ཆུར་བྱིངས་བ། སྐེ་ཐག་བཅིངས་པ། ཁྲག་རྩ་བཀག་པའམ་དབུགས་ཕྱི་ནང་སྦུབས་བཀག་གཏོང་བ་སོགས་ལ་ཕན་པའི་གནས་ལུགས་རྟོགས་པའི་ཤེས་བྱ་གསལ་ཡོད།
ནད་ཀྱི་རྣམ་གྲངས་དང་དེའི་ནད་རྟགས་སྐོར་རྒྱས་པར་གསལ་བ་མ་ཟད་དབང་རྩའི་མ་ལག་གི་དཀའ་ངལ་ཡོད་པར་བཅོས་ཐབས་སུ་སྣུམ་མམ་ཞུན་མར་ལུམས་ཀྱི་ལག་ལེན་གསལ་བ་མ་ཟད་ད་དུང་སྨན་རྫས་རྐྱང་པས་ནད་གཞི་སེལ་བ་དཔེར་ན། ལྒ་སེར་སྡོང་པོས་གཅིན་སྙི་བའི་ནད་གཞིར་ཕན་པ་སོགས་གསལ་ཡོད།
སྔོ་ཡི་རྣམ་གྲངས་དང་དེ་འབྲེལ་གྱི་ཕན་ཡོན་བསྟན་པ་མ་ཟད་ཁྱོན་བསྡོམས་སྔོ་སྨན་བཞི་བཅུ་ཙམ་ངོས་འཛིན་ཐེངས་དང་པོར་མཛད་ཡོད།
Sushrutཞེས་པ་ཁོང་ནི་འགྱིག་ཚིའི་བཤག་ལས་Plastic surgeryཐོག་མར་ལག་ལེན་གནང་མཁན་ཞིག་ཡིན། ཁོང་གིས་ཐོག་མར་ལྕེ་རྩེ་རྐན་དང་འཕྲད་པའི་རིགས་ལ་ཐོག་མར་ལག་ལེན་གནང་ཡོད། དགའ་འོས་པ་ཞིག་ལ་ཁོང་གིས་མཛད་པའི་སྔ་མོའི་འགྱིག་ཚིའི་བཤག་ལས་རིག་པ་དེ་དག་དུས་ད་ལྟའང་མ་ཉམས་པར་དེང་དུས་སྨན་པས་ལག་ལེན་བྱེད་བཞིན་པ་ཡིན། ང་ཚོས་ཤེས་དགོས་པ་ཞིག་ལ་རྒྱ་གར་གྱི་སྔ་མོའི་ཐུར་དཔྱད་རིག་པའི་རྩལ་དེ་དག་ཨ་རབ་གླིང་ཕྲན་རྒྱུད་ཡོ་རོབ་གླིང་ཕྲན་བར་ཁྱབ་འཕེལ་བྱུང་ཡོད།
ཐུར་མའི་ཆ་བྱད་ཕལ་ཆེ་བའི་རྒྱུ་ཆ་ལྕགས་དང། ཟངས། དངུལ་བཅས་ལས་གྲུབ་ཅིང་དེ་དག་གི་དུག་འདོན་ཡང་ཆུར་བཙོས་པ་སོགས་ཀྱི་ཤེས་བྱ་གསལ་ཞིང་གལ་སྲིད་དུག་འདོན་ཚུལ་བཞིན་མ་བྱས་ཚེ་ནད་ཀྱིས་མནར་བའི་གང་ཟག་དེར་གནོད་གཞི་ཡོང་སྲིད་པ་ཡིན་ཞེས་གསལ་བ་མ་ཟད་ད་དུང་ཐུར་དཔྱད་ལག་ལེན་བྱ་མཁན་གྱི་གཙང་འཕྲོད་སོགས་ཀྱི་ལམ་སྟོན་ཡང་གསལ་ཡོད།
འཚེམ་སྐུད་འདྲ་མིན་བེད་སྤྱོད་བྱ་ཚུལ་ཡང་གཙོ་བོ་ལུས་ཀྱི་ཕྱི་ནང་གཉིས་ལས་ཕྱི་ཕྱོགས་སུ་སྲིན་བལ་ལས་གྲུབ་པའི་འཚེམ་སྐུད་དང་ནང་དུ་སེམས་ཅན་ལས་གྲུབ་པའི་འཚེམ་སྐུད་བེད་སྤྱོད་བྱ་ཚུལ་བསྟན་ཡོད།
ལུས་ཀྱི་ནང་དུ་རྣག་བསགས་པ་དང་དེ་བཞིན་རྡོ་སྐྲན། མིག་གི་ལིང་ཏོག་སོགས་ལ་ཐུར་དཔྱད་ལག་ལེན་བྱེད་པ་ནི་རྒྱུན་གཏན་ཡིན། མདོར་ན་sushrut samhitaཞེས་པའི་གཞུང་དཔེ་དེའི་ནང་སྦིར་སྨན་གྱི་རིགས་གང་ཡང་གསལ་མེད་ནའང་སྐབས་དེའི་དུས་སྦིར་སྨན་གྱི་ཚབ་ཏུ་ཨ་རག་བེད་སྤྱོད་བྱེད་སྲོལ་ཡོད་པར་གསུངས་འདུག། འོན་ཀྱང་གཞུང་དཔེ་གཞན་Bhoj-prabandhaཞེས་པའི་ནང་རྩི་ཤིང་༼རྩི་ཤིང་གང་ཡིན་པ་རྩོམ་ཡིག་དེར་མི་གསལ།༽གི་ཕྱེ་མ་ལས་བྱུང་བའི་སྦིར་སྨན་གཏོང་སྲོལ་ཡོད་པར་བརྗོད་བཞིན་ཡོད། རྒྱུ་མཚན་འདིས་གསལ་དོན་བྱ་བར་གཞིགས་ན་ sushrutདུས་སྐབས་སུ་ཡང་སྦིར་སྨན་བེད་སྤྱོད་བྱས་པ་མཚོན་ཐུབ་པ་ཡིན་ནོ།