རླུང་བུ་བསིལ་བསིལ་གཡུག་པའི་གར་
སེམས་པ་དམར་པོ་འཁྱག་པས་བསྡམས་ལུ
ཆར་པ་ཤག་ཤག་བབས་པའི་ཉམས་འགྱུར་
མིག་ཟུང་མཆི་མས་བརླན་པའི་ན་ཟུག་
ཕྱོགས་བཞིའི་རི་བོ་སྨུག་ཞགས་ཀློ
གཙུག་ལག་ཁང་ཆེན་བརྗིད་ཆགས་ཉམས་
དྲན་པའི་དབུགས་རིང་ཁ་བའི་ལྗོངས་
དོན་མེད་སེམས་པ་སྐྱ་པོ་སྡུག་གི
ཞོགས་པའི་ཉི་འོད་རྒྱ་ཕིབས་ངོས་
དྲིལ་བུའི་སིལ་སྒྲ་འདུ་ཁང་ནང་
ཡ་མཚན་མྱོང་སྣང་མང་བའི་ཁོར་ཡུག་
སྐྱོ་སྡུག་རྨ་ཁ་ཟབ་པའི་སྙན་ངག་
ལྗང་མྱུག་ལྡེམ་ལྡེམ་གཡོ་བའི་
ལུས་ཀྱི་ཚོར་བ་སྒོག་པའི་མཛེས་སྡ
ཕུག་རོན་ནུབ་ལ་འཕུར་བའི་རྗེས་ཤུ
ཡུལ་པོའི་སྣང་བ་སྐྱོང་བའི་སྨྲེ
སེམས་ཀྱི་རྟ་ཕོ་དིང་རིའི་ཡུལ་དུ
ལུས་ཀྱི་གོམ་འགྲོས་ལྷོ་ཕྱོགས་གླ
རྒྱུས་མེད་རྒྱལ་ཁམས་འགྲིམས་པའི་
མུ་མེད་ཐང་སྟོང་སྒུལ་བའི་རྒྱངས་
གཙང་གི་གམ་པ་ལ་མོའི་འཁྲེང་སེམས་
ཁུམ་བུ་བརྣང་པའི་ལ་མོའི་ཕྱི་མི
བྲལ་གདུང་མིག་ཆུའི་དོག་པ་རེ་རེ་
ཁེར་རྐྱང་སེམས་པ་བསྣད་པའི་སྐྱོ་
ངུར་སྨྲིག་གོས་ཀྱི་གཟི་བརྗིད་རླ
མཁན་ཞྭ་དམར་པོའི་རེ་དོགས་ཐལ་བར་
ཅི་ཡང་གཏད་སོ་མེད་པའི་རྒྱལ་ཁམས་
སྣང་སྲིད་གླུ་རུ་འགུགས་པའི་སྤོ
དེ་རིང་ཞོགས་པ་སྔ་དྲོ་ལ། །
ཤར་ནས་ཉི་མ་གསེར་ཆེན་ཤར། །
ད་ནུབ་ཉི་མ་མ་ནུབ་བར། །
དོན་ལྡན་གང་ཐུབ་བྱས་ནས་སླར། །
སང་གི་ཉི་ཤར་གསེར་ཆེན་སྒུགས། །
སྐྱོ་བའི་སྐྱོ་གླུ་ང་ལ་མེད། །
སྐྱོ་བའི་ལས་ཀ་ངས་མ་བྱས། །
དགའ་བའི་དགའ་གླུ་ང་ལ་མེད། །
དགའ་དགོས་བོད་དོན་ད་དུང་མེད། །