གྲོགས་པོ། ཁམས་བདེ། འུ་ཅག་གི་གཅེས་ཕྲུག་ཤར་གྱི་གནས། དུང་གི་མདོག རིའི་གཟུགས། ཡི་གེའི་ཁྲབ། བསམ་བློའི་སྲོག་ཅན་དེ་རྐྱེན་ངན་བར་ཆད་མེད་པར་བདེའམ། ད་ལྟ་ལོ་ན་སོ་དུ་ལ་བུད་ཟིན། སྨྲ་ལྕེ་དང་སྒལ་ཚིགས་རང་དབང་ན་གནས་སམ། ཞོགས་དང་འགྱན་དང་བྱང་དང་མེ་སོགས་བདེ་སྒང་དུ་གནས་སམ། ཆར་རླུང་ཁྲོད་སྐད་སྒྲ་སྒྲོག་གིན་འདུག་གམ། ད་རུང་།
སྤུན་ཟླ་མཆེད་གྲོགས་ཞོགས་ལྗང་། རྣོ་སྦྲེང་། སྤྱན་དུངས། སྒྲེན་པོ་སོགས་བདེ་མོ་ཡིན་ནམ། ནུབ་བྱང་ཚང་གི་རུ་ཐུར་དང་འཛུམ་དྲུག་སྔར་ལྟར་རྣོ་ངར་དང་འོད་སྣང་གིས་ཡོད་དམ། ཐུན་མོང་གི་རྨི་ལམ་ལ་སྨོན་ལམ་གཅིག་ཏུ་འདེབས་པའི་རོགས་ཚོའི་བསམ་དོན་ལྷུན་གྱིས་འགྲུབ་པར་སྨོན། འདི་ན། ལས་དབང་གཅིག་པ་གཉན་དང་། མགར་མི། སྤྱང་ནག གཙག་འབིག ཅོ་ལེབ་ཟླ་བ་སོགས་བདེ་བར་ཡོད་ལ། གནས་གང་ལ་སོང་ཀྱང་སྐད་ནི་སྐད་སྒྲ་ཡིན་པའི་བདེན་པ་སྒྲོག་གིན་སྲུང་ཡོད།
འདི་ན། རོ་དང་མཚུངས་པའི་ལུས་པོ་ནང་ལ་
གྲོགས་མེ་ལྕེས་གཙོ་སྒྲིག་བྱས་
2012ལོའི་ཟླ9པའི་ཚེས་26ཉིན་ཐེའུ
དེ་འདྲ་སྙན་མོ་ཞིག ཟབ་མོ་ཞིག སེམས་འགུལ་བྱུང་།
ཁྱོད་ལ་མཁོ་བའི་དཔེ་དེབ་དེ་ཚོ་ངས་ཁྱོད་དང་ཁྱེད་ཅག་ལ་སྐུར་ཐུབ་ན་ཅི་མ་རུང་འདོད་ཐལ།
མི་ནག་གི་བཙོན་དོང་དེ་ལ། ངའི་མི་རིག་པའི་རྣམ་ཤེས་འདི། གསང་སྔགས་ཞིག་གི་ལམ་ནས་དཀྱིས་རེ་རྒྱག་ཐུབ་ན་ཅི་མ་རུང་ཡང་ཡང་འདོད་ཐལ།
འུ་ཚོ་ཚང་ལ་མི་ནག་བཙོན་དོང་ཞིག་དང་མི་ནག་ཕྱི་མའི་ཡུལ་ཞིག་ལས་འགྲོ་ས་མེད་པ་འདི་ཅི་འདྲའི་སྐྱོ་བོ་ཞིག་ཡིན་ན་ཡང་།
གསེར་སྦྱང་ན་གསེར་ལས་མེད་པ་མི་ཤེས་མཁན་གཅིག་མ་གཏོགས་མི་འདུག་པས། ཁྱོད་ཅག་གི་རེ་མདུན་བཞིན་ལམ་ཁ་གཅིག་གི་སྒང་ལ་སྤོས་ནས་ཀི་རིང་རེ་ཨེ་ཐོབས་ལྟ་བཞིན་ཡོད།
ཁྱེད་ཅག་མདོ་སྟོད་སྨད་ཀྱི་མཁས་པ་ཚོས་བྲིས་པའི་རྩོམ་ཡིག་དེ་ བདག་དབུས་པ་ཚོས་ཀློག་ཤེས་ཀྱང་དོན་མི་ཤེས་ཐག་གཅོད་རེད་ དེ་ལས་འབྲུག་པའི་རྩོམ་ཡིག་ཀློག་ན་གོ་བདེ་བ་འདུག
མི་ཤེས་བ་དང་མི་གོ་བ་ཡོད་ན་བཀའ་འདྲི་ཞུས་པ་ཡིན་ན། གསལ་པོ་ཆོག་གི་མ་རེད་པེ། ནོར་བུ་ལགས། མ་བསླབ་གླིང་ན་མཁས་བ་མེད། བསླབས་ན་གླང་རྒན་གོ་བོ་ཡོད་ཞུ་པ་མ་རེད་པེ། ང་རང་གིས་ཤེས་པ་འདྲ་ཡོད་ན་འགྲེལ་བཤད་ཡོད་ཆོག་པ་བྱེད་རྐྱང་ཡིན། བོད་སྐད་ལ་བྱོལ་ནས་འབྲུག་སྐད་ལ་འཐམ་པ་ཡིན་ན་དེ་ཏག་ཏག་ཅིག་ཡོད་ནི་ཨ། ནོར་བུས་ནོར་བུའི་ནོར་ངོ་མ་ཤེས་མ་ན་ཡིད་ཕངས་པོ་མ་རེད་པེ། ཨ། ཅིག་གསུང་དང་།
ནོར་བུའི་བདེན་པ་བཤད་འདུག་ཁག་མེད་་་་་་་མདོ་སྟོད་སྨད་ཀྱིས་ཡིག་སྐྱོན་མ་ཡིན་པ་དབུས་པ་ཚོ་གནས་ཚད་སྐྱོ་བར་ཤེས་དགོས།
དབུས་དང་གཙང་པ་ཚོ་བོད་ཡིག་ལས་རྒྱ་ཡིག་ཤེས་མཁན་མང་པོ་ཡོད།
མ་གཞི་ཨ་མདོའི་སྐད་ཡིག་དེ་བོད་སྐད་ཡིག་དང་ཐག་ཉེ་པོ་རེད། བརྩོན་པ་བསྐྱེད་དེ་སྦྱོང་ན་ཤེས་སླ། ཧུར་བརྩོན་བསྐྱེད་ཅིག
རྩོམ་པ་པོ་ཁྱེད་དང་ཁྱེད་འདྲ་བ་། རང་མི་རིགས་ཀྱི་སྐད་ཡིག་སྲུང་སྐྱོབ་དང་བདེན་པའི་འབོད་སྒྲོག་མཁན་རྣམས་མགྱོགས་མྱུར་བཙོན་ནས་གློད་གྲོལ་ཐོབ་ནས་འཆི་ལ་ཉེ་བའི་རང་མི་རིགས་ཀྱི་སྐད་ཡིག་གི་ཆེད་སླར་ཞབས་འདེགས་བསྒྲུབ་ཐུབ་པའི་སྨོན་ལམ་དང་ཡིད་ཆེས་ཡོད།
ནང་འཁྲུག་རྒྱག་དགོས་དོན་མེད། དེ་ལས་འཆི་ལ་ཉེ་བའི་མི་རིགས་ཀྱི་སྐད་ཡིག་འདི་སྐྱོབ་དགོས་།
བདེན་པའི་འབོད་སྒྲ་ཡིན། སྒྲ་ཞེས་པ་དེ་ཆད་འདུག དགོངས་སེལ་ཞུ། །
སྙིང་ཁུང་གི་གཏིང་རིམ་ན་སྔ་མོ་ཞིག་ནས་འཛུལ་བའི་ཐེའུ་རིང་གཙོས་པའི་རིགས་ཞེན་པ་རྣམ་པ། ངས་མིག་ཆུ་ཞིག་དང་ལྷན་དུ་ཁྱེན་རྣམ་པར་འཚམས་འདྲི་ཞིག་ལས་ཅི་ཡང་བྱེད་ཐུབ་མ་སོང་།
དེང་དུས་བོད་ཀྱི་མཁས་པ་ཞིག་གིས། ང་ཚོའི་ཤོ་རྩེད་ནང་གི་གཅིག་ལ། པ་ར་དང་། བདུན་ལ། རི་སོགས་འབོད་སྟངས་འདི་ཐེའུ་རང་གི་གྲངས་ཀ་རྩི་ཚུལ་ཡིན་པར་གསུངས་འདུག
ཁྲག་ཡིག་ལགས། ངས་ཀྱང་ཁྱོད་ཀྱི་རྒྱབ་ནས་ཁྲག་གི་མིག་ཆུ་གཏོང་བཞིན་ཡོད། ཁྱོད་རང་གི་སྙན་ངག་དང་རྒྱང་ཐག་རིང་བའི་ཉིན་མོ་འདི་ཚོར་ང་ཡང་ཧ་ཅང་ཁེར་རྐྱང་ཡིན། ཧ་ཅང་ཁེར་རྐྱང་ཡིན།
དབུས་པ་གནས་ཚད་སྐྱོ་དྲག་ཡོད་ནའང་པ་ཀློག་སར་ལྦ་ཀློག་གི་མ་རེད། ཨ་མདོ་ཚོའི་ཡི་གེའི་ནང་ལ་ཡི་གེ་པ་མཐོང་རྒྱུ་མིན་འདུག དེ་ཁྱེད་ཚོ་མཁས་དྲག་པ་ཡིན་ནམ་ཐུན་མི་ལྐུག་དྲག་པ་ཡིན་ནམ། ཐུས་མིས་དཀའ་ལས་རྒྱབ་ནས་ཀ་མིག་༣༠་བཟོས་པ་ནས་ཁྱེད་ཚོས་༢༩མ་གཏོགས་བེད་སྤྱོད་གཏོང་གི་མིན་འདུག
ཐུས་མི་ཐུགས་ཕམ་གྱི་ཡོད་ཀྱི་རེད་དཱ།་ཧ་ཧ་ཧཧཧཧཧཧཧཧཧཧཧ་དེ་འདྲ་རེད་དམ་
ཐུས་མི་ཟེར་ན་སུ་རེད་་་་་ནོར་བུ་ལགས
དགོངས་དག ཐུན་མི་རེད། ཡིག་ནོར་བྱུང་འདུག
(ཨ་མདོ་ཚོའི་ཡི་གེའི་ནང་ལ་ཡི་གེ་པ་མཐོང་རྒྱུ་(མིན་འདུག༡) དེ་ཁྱེད་ཚོ་མཁས་དྲག་པ་ཡིན་ནམ་ཐུན་མི་(ལྐུག)་དྲག་པ་ཡིན་ནམ། (ཐུས་མིས༢)་དཀའ་ལས་(རྒྱབ་༣)ནས་(ཀ་མིག༤)་༣༠་བཟོས་པ་ནས་ཁྱེད་ཚོས་༢༩མ་གཏོགས་བེད་སྤྱོད་གཏོང་གི་(མིན་འདུག།༥)
ནོར་བུ་ལགས། མི་ཤེས་ཤེས་ཁུལ་དང་། མི་མཁྱེན་མཁྱེན་མདོག་མ་སྟོན།
ཨ་མདོ་བ་ལ་པ་ཡོད་དགོས་བྱུང་། བསྟོད་པ། བསྟན་པ། དགོན་པ། སྦྱིན་པ། སྡོམ་པ། ཤན་པ། སྐད་པ་སོགས་རྗེས་འཇུག་ག་ད་ན་བ་མ་ལྔ་ལ་པ་སྦྱོར་བ་རེད། ཤེས་སོང་ངམ།
དེ་མིན་ཀུག་རྟགས་ནང་གི་དབུ་སྐད་ལྔ་བོ་དེ་ཚོར་ཉམས་འཇོག་གནོངས་མ་གཏོགས། སམ་བྷོ་ཊ་ལ་མིག་ཆུ་ཤོར་ས་རེད་ཐལ།
རིགས་རུས་གཅིག་པའི་ཤ་ཞེན་ལ་རྒྱ་ཅན་ན་གཞོན་རྩོམ་པ་པོ་རྣམས་འཚམས་འདྲི་བཀྲ་ཤིས་བདེ་ལེགས་ཆབས་ཅིག། མཆན་གོང་དུ་ནོར་བུ་ནས་ཁྱེད་མདོ་སྟོད་སྨད་ཀྱི་མཁས་པ་ཚོས་བྲིས་པའི་རྩོམ་ཡིག་ཀློག་ཤེས་ཀྱང་དོན་མི་གོ་ཐག་གཅོད་རེད་བཤད་པ་བཞིན་ང་མདོ་སྟོད་བུས་གཞུང་པོ་ཆེན་ལྔ་ཀློག་ན་གོ་བ་ལེན་འདུག་མོད་འདིར་ཐེའུ་རང་གི་རྩོམ་ཕྲིན་བརྗོད་དོན་མི་རྟོགས་ཐག་གཅོད་རེད་
བཀྲིས་ལགས་ཀྱི་གསུང་པ་དེ་རང་རེད་ བདག་ཅག་དབུས་པ་ཚོ་དང་ཁམས་པ་ཚོས་སྔོན་མ་ཤར་ཙོང་ཁ་པ་ཆེན་པོ་དང་་ཨམ་མདོ་དགེ་འདུན་ཆོས་འཕེལ་ དམུ་དགེ་བསམ་བསྟན་ ཚེ་བརྟན་ཞབས་དྲུང་སོགས་ཀྱི་བྲིས་གནང་བའི་ཕྱག་དེབ་རྣམས་ཐོགས་པ་མེད་པར་ཀློག་ཐུབ་པ་མ་ཟད་ནང་དོན་ཡང་གསལ་པོ་རྟོགས་ཐུབ་ཀྱི་འདུག་ འོན་ཀྱང་དིང་སྐབས་ཀྱི་ཨམ་མདོའི་མཁས་པ་རྣམས་ཀྱི་བྲིས་པའི་དེབ་དང་རྩོམ་རྣམས་ཧ་ཅང་གི་ཀློག་ཁག་པོ་དང་ཀློག་ཐུབ་ཀྱང་དོན་མི་གསལ་བ་ ཐེངས་མ་གསུམ་ཀློག་ཀྱང་རེད་ཟེར་གྱི་ཡོད་དམ མ་རེད་ཟིར་གྱི་ཡོད་ཤེས་ཀྱི་མིན་འདུག་ དིང་སྐབས་ཆོལ་ཁ་གསུམ་གཅིག་འགྱུར་བྱེད་དགོས་ སྐད་ཡིག་གཅིག་འགྱུར་བྱེད་དགོས་ཟེར་མཁན་ཤུགས་ཆེ་ཤོས་དེ་ཨམ་མདོ་ཚོ་ཡིན་ཀྱང་ཁོང་ཚོའི་ཡི་གེའི་བརྗོད་བྱ་དང་སུམ་རྟགས་ཀྱི་འགྲོ་སྟངས་དེ་གང་དུ་འགྲོ་གིན་ཡོད་མེད་ཤིས་ཀྱི་མིན་འདུག་
ནོར་བུ་ལགས། དངོས་གནས་བརྗོད་བྱ་དང་བརྗོད་བྱེད་ཁྲག་གིས་བཙོས་ཤིང་། རྒྱའི་མུན་བཙོན་ལས་ཤོར་བའི་གསེར་གྱི་མདའ་མོ་ལྟ་བུའི་བརྩམས་ཆོས་ལ། ང་ཚོ་མདོ་དབུས་ཁམས་གསུམ་གྱིས་དཔའ་དར་འཐེན་ཡུལ་དུ་ཁྱོད་རྒྱ་ཁོག་བོད་མིང་བ་ནོར་བུས་སྐལ་མེད་སར་སྐེ་མ་བསྲིངས་ན་གང་འདྲ་ལགས། ངོ་མ་མི་འདི་ལྟ་བུའི་དམིགས་ཡུལ་ཅི་ཞིག་ཡིན་ནམ།
མིང་གི་ཆ་ཤས་ན་ན་རོ་ནོ་ར་བཞག་ནོར་གྱིས་གྲུབ་པས། ནོར་བུ་ཁོང་ལ་ཁག་མེད། དོན་ནོར་དང་ཡིག་ནོར་ཡོད་ཆོག་པ་ཞིག་རེད།
མཆན་འགོད་པ་མཁྱེན་ཡངས་གནམ་དང་གཅོད་ལགས་ཐེའུ་རང་གི་རྩོམ་འཕྲིན་ལ་བསྔགས་བརྗོད་ལྟར་ན་འདིའི་བརྗོད་དོན་ཇི་ལྟར་ཟབ་དང་ཚིག་སྦྱོར་ཇི་ལྟར་མཁས་དང་སྙན། ཚིག་སྦྱོར་ནང༼་འུ་ཅག་གི་གཅེས་ཕྲུག་ཤར་གྱི་གནས་དུང་གི་མདོག་རིའི་གཟུག་ཡི་གེའི་ཁྲབ༽༼་ཞོགས་དང་འགྱན་དང་བྱང་དང་མེ༽༼་ནུབ་བྱང་ཚང་གི་རུ་ཐུར་དང་འཛུམ་དྲུག༽་༼སྐད་ནི་སྐད་སྒྲ་ཡིན་པའི་བདེན་པ་སྒྲོག་གིན་སྲུང་ཡོད༽་སོགས་ལ་འགྲེལ་ཇི་ལྟར་སྐྱེན།
ཚིག་སྦྱོར་ནང༼་འུ་ཅག་གི་གཅེས་ཕྲུག་ཤར་གྱི་གནས་དུང་གི་མདོག་རིའི་གཟུག་ཡི་གེའི་ཁྲབ༽༼་ཞོགས་དང་འགྱན་དང་བྱང་དང་མེ༽ གོང་གི་འདི་དག་ནི་ཁོང་གིས་སྨྱུག་མིང་གི་འོག་དུ་བཀབ་པའི་གྲོགས་པོ་དང་གྲོགས་མོ། ད་དུང་འུ་ཅག་ཚང་མའི་གཅེས་ཕྲུག་དེ། བོད་པ་གངས་ཅན་ཚང་གི་ཕྱི་ནང་གི་སྣོད་བཅུད་ལ་ཆག་འཇིག་གི་གནས་བབ་ཅི་འདྲ་ཡོད་པ་འདྲི་བཞིན་པ་མ་རེད་ནེ།
༼་ནུབ་བྱང་ཚང་གི་རུ་ཐུར་དང་འཛུམ་དྲུག༽་ འདི་ནི་ནུབ་བྱང་སློབ་གྲྭ་ཚང་གི་དགེ་ལས་མི་སྣ་སྟེ། དམགས་དཔོན་མགོ་ན་རུ་ཐུར་ཅན་དེ་ཚོ་དང་། མི་རིགས་ཀྱི་དོན་དུ་འཐབ་རྩལ་རྒོད་པའི་སྟག་དམར་ཡག་འཛུམ་དྲུག་ཅན་གྱི་སློབ་མ་ཚོ། སྔར་ལྟར་མགོ་འཕང་མཐོ་ནས་འདུག་གམ་ཟེར་གྱིན་ཡོད་པ་མ་རེད་ནེ།
༼སྐད་ནི་སྐད་སྒྲ་ཡིན་པའི་བདེན་པ་སྒྲོག་གིན་སྲུང་ཡོད༽ འདི་ནི་ཐེའུ་རང་རང་གིས་བྲིས་བའི་རྩོམ་དང་བཤད་པའི་སྐད་ཆ་ནི་བདེན་པའི་སྐད་སྒྲ་ཡིན་པས་ན། ཐེའུ་རང་གང་ན་གནས་བའི་དམྱལ་ཁམས་ན། ཐེའུ་རང་གིས་དམ་དུ་སྲུང་བའི་དམ་བཅའ་བསྒྲགས་པ་མ་རེད་ནེ།
བཀྲ་ཤིས་ལགས། ངས་གོ་བ་འདི་འདྲ་ཞིག་གི་འོག་ནས་ཐེའུ་རང་ལ། ཐེའུ་རང་འདི་མ་ཤི་ན་གསོད་མི་ཉན་པའི་ཐེའུ་རང་ཞིག་གི་གུས་རྩི་ཕུལ་ཡིན།
ཡང་གཅིག་ཞུས་ན། འབ་འབུ་བྱ་བྱིའུ་འགྲོ་བ་རིགས་དྲུག་གྱིས་སྐྱག་པ་ལ་སྐྱག་པར་རིག་པའི་མིག་དབང་མི་འདྲ་བས། ང་ཡང་དེའི་ནང་གི་གཅིག་ཡིན་ན། བཀའ་བཀྱོན་མེད་པར་ཞུ།
སྟག་དམར་ཡག་འཛུམ་དྲུག་(ཅན་གྱི་)སློབ་མ་ཚོ། ཅན་གྱི་དེ་འདྲ་བའི་ལ་བཅོས་རོགས་ཞུ།