ཐེའུ་རང་།
ཁྱོད་ཀྱི་(རྣམ་ཤེས་ཀྱི་བུ་ཆུང་བདེན་པར་གྲུམ་པའི་ངུ་འབོད་ཅིག་)གིས།
གཉའ་གནོན་དང་སུན་བཙིར་གྱི་ཀློང་ན་འདར་བཞིན་པའི་མཐོ་བོད་ཀྱི་སྣོད་བཅུད་ཡོངས་ལ།
ནམ་ཡང་སུབ་ཐབས་བྲལ་བའི་མི་བརྗེད་པའི་རྡོ་རིང་བཙུགས་ཤིང་།
ཁྱོད་ཀྱི་(བླ་སྲོག་གི་རྟིང་མཐིལ་ཕྱི་ནང་བརྗེ་བའི་ལས་འགུལ་ཞིག་)གིས།
མུན་ནག་གི་འཇིག་རྟེན་ནང་གྲང་ངར་གྱིས་བཅོམ་པའི་གྲངས་ཉུང་མི་རིགས་ཡོད་ཚད།
བག་འཁུམ་དང་ཕྱི་ཤོལ་གྱི་གཉིད་ལས་བསླངས།
གཉའ་གནོན་དང་སུན་བཙིར་གྱི་ཀློང་
ནམ་ཡང་སུབ་ཐབས་བྲལ་བའི་མི་བརྗེ
ཁྱོད་ཀྱི་(བླ་སྲོག་གི་རྟིང་མཐི
མུན་ནག་གི་འཇིག་རྟེན་ནང་གྲང་ངར་
བག་འཁུམ་དང་ཕྱི་ཤོལ་གྱི་གཉིད་
ཐེའུ་རང་།
ཁྱོད་ཀྱི་(སྨྲ་བརྗོད་ཁྲག་ལ་གཏར་བའི་བྲིས་རིས་ཤིག་)གིས།
ཁ་དོན་མི་མཚུངས་པའི་གཤིན་རྗེའི་རྩ་ཁྲིམས་ཀྱི་གོ་ཟ་ལ་འབར་རྫས་རྒྱབ་ཅིང་།
ཁྱོད་ཀྱི་(སྨྲ་བརྗོད་ཁྲག་ལ་གཏར་
ཁ་དོན་མི་མཚུངས་པའི་གཤིན་རྗེའི་
ཁྱོད་ཀྱི་(ཡི་གེར་འཐིམས་པའི་ཁྲག་གི་ཐིགས་པ་ཞིག་)གིས།
གཤིན་རྗེའི་ཉེ་འཁོར་དུ་རྟོགས་པའི་ཨ་ཝ་གླང་མགོ་དང་སྟག་མགོ་དག་གི་སེམས་པའང་།
ངོ་ཚ་དང་བྲེལ་འཚུབ་ཀྱིས་ཡང་ཡང་བརླན།
གཤིན་རྗེའི་ཉེ་འཁོར་དུ་རྟོགས་
ངོ་ཚ་དང་བྲེལ་འཚུབ་ཀྱིས་ཡང་ཡང་
ཐེའུ་རང་།
ཁྱོད་ཀྱི་(སྙན་ངག་ཏུ་འབོད་ཀྱིན་པའི་རང་ཉིད་ཀྱི་སྐད་ཆ་)དེ་དག
མིག་གིས་ཀློག་བཞིན་སེམས་ལ་ཡང་ཡང་བསམ་དུས།
ངས་ལོ་ངོ་ལྔ་བཅུ་སྔོན་གྱི་མཐོ་བོད་ཀྱི་སྣོད་བཅུད་དག་དྲན་འོང་ལ།
རང་དབང་གི་མཁའ་རླུང་དང་རང་དབང་གི་འཚོ་བ་དག་དྲན་འོང་།
ཁྱོད་ཀྱི་(སྙན་ངག་ཏུ་འབོད་ཀྱིན་
མིག་གིས་ཀློག་བཞིན་སེམས་ལ་ཡང་
ངས་ལོ་ངོ་ལྔ་བཅུ་སྔོན་གྱི་མཐོ་
རང་དབང་གི་མཁའ་རླུང་དང་རང་དབང་
འོན་ཀྱང་། ད་ལྟ་དེ་དག་ཡོད་ཚད་སུ་ཞིག་གིས་དམྱལ་ཁམས་ཀྱི་ངོ་བོར་གྱུར་ཟིན་དུས།
ཞི་བདེའི་ཉི་མ་སྔ་ནས་ནུབ་ཅིང་ལྷིང་འཇགས་ཀྱི་ཟླ་བའང་སྨུག་པས་བཏུམས་ཏེ།
ཡོད་ཚད་ནས་ཡོད་ཚད་མུན་པ་ནས་མུན་ནག་ཏུ་གྱུར་ཟིན་པས།
འོད་སྣང་ལ་དུང་བའི་སྐྱེ་བོ་དག་མུན་པ་ནས་མུན་པར་བརྫངས་པ་གྲངས་ཀྱིས་ག་ལ་ཟིན་ཨང་།
ཡོད་ཚད་ནས་ཡོད་ཚད་མུན་པ་ནས་མུན་
འོད་སྣང་ལ་དུང་བའི་སྐྱེ་བོ་དག་
ཐེའུ་རང་།
ཁྱོད་ཀྱི་སྙིང་ནས་ཐོན་ཅིང་སྲོག་རྩ་དང་ཁྲག་རྩའི་སྦུབས་ནས་བཞུར་བའི་ཁྲག་གི་ཐིགས་པ་དེ་ཉིད།
དྲང་བདེན་གྱི་མཁའ་དབུགས་དང་འགྲོགས་ཏེ་མཐོ་སྒང་གི་རི་ཆུ་ནགས་གསུམ་དང་།
བྱིས་དར་རྒན་གསུམ་ཡོད་ཚད་ཀྱི་སེམས་ལ་སིམ་གྱིས་འཐིམ་དུས།
ཁྱོད་ཀྱི་སྙིང་ནས་ཐོན་ཅིང་སྲོག་
དྲང་བདེན་གྱི་མཁའ་དབུགས་དང་འགྲོ
བྱིས་དར་རྒན་གསུམ་ཡོད་ཚད་ཀྱི་སེ
ཁྱོད་ཀྱི་སེམས་པ་ནི་ཅི་འདྲའི་བདེ་བ་ཞིག་རེད་ཨང་།
ངའི་སེམས་ཁོང་གི་དཔའ་བོ། ཁྱོད་གཏན་དུ་རྒྱལ་གྱུར་ཅིག
ངའི་སེམས་ཁོང་གི་དཔའ་བོ། ཁྱོད་གཏན་དུ་རྒྱལ་གྱུར་ཅིག
ཀ་ཡེ་ཐེའུ་རང་། ངས་ཁྱེད་ལ་འདྲི།
____དོ་ནུབ་ངས་སྐྱེས་རུས་ཚིགས་ཅན་དེ་ཧ་ཅང་དྲན་གི
རླུང་ནག་འཚུབ་མ་ཞིག་འདྲ་བའི་ལོ་ཟླ་དེར་
སུ་ཞིག་གི་སྐུལ་ཞིང་གང་ཞིག་གིས་ དེད་བྱུང་བ་འདྲ་བའི་ཁྱོད།
གློ་བུར་དུ་ཉེས་ཅན་སུ་ཞིག་གི་ ཆོ་འཕྲུལ་ལྟར
ལྕགས་མཁར་སྒོ་མེད་དེར་བཅུག་སོང་དུས
ཁྱེད་ལ་ཅི་ཞིག་གི་ནག་ཉེས་ཡོད་སོང་བ་རེད
མི་གསོད་ཁྲག་སྦྱོར་གྱི་དོན་རྐྱེན་སློང་མཁན་དེ་ཁྱོད་རང་ཡིན་སོང་བ་རེད
མི་སེར་ཁྲི་ཕྲག་གི་ཐོབ་ཐང་འཕྲོག་མཁན་དེ་ཁྱེད་རང་ཡིན་སོང་བ་རེད
སུ་ཞིག་གི་བདེན་པ་དང་གནས་ལུགས་ཀྱི་བཀའ་དང་འགལ་སོང་བ་རེད
ཁྱེད་ཀྱིས་ང་ལ་ལན་ཐོབ་ཡཱ ཅི་ཞིག་གི་གོ་འཛོལ་བྱུང་སོང་བ་རེད
ཡང་ན། མེས་པོའི་དཔའ་རྙིང་བརྡར་མཁན་དེ་ཁྱེད་རང་ཡིན་སོང་བ་རེད
བཙན་པོའི་ར་གྲི་ཐོག་མཁན་དེ་ཁྱེད་རང་ཡིན་སོང་བ་རེད
ཁྱེད་ཀྱིས་ནག་ཉེས་ཅི་ཞིག་བཟོས་སོང་བ་རེད
ཁྱེད་རང་ཁྲག་གི་བྲིས་རིས་ལྟར་མཁན་དེ་མ་ཡིན་ནམ
ཁྱེད་རང་རིགས་ཀྱི་འདུ་ཤེས་གླེང་མཁན་དེ་མ་ཡིན་ནམ
ཅི་ཞིག་གི་རྐྱེན་གྱིས་ཁྱེད་རང་སློབ་མ་བཙོན་མར་གྱུར་སོང་བ་རེད
ཡང་ན། བདེན་པ་བརྡར་མི་ཆོག་ས་དེ་ཁྱེད་ཀྱི་འཇིག་རྟེན་ཡིན་སོང་བ་རེད
གནས་ལུགས་བརྗོད་མི་ཆོག་ས་དེ་ཁྱེད་ཀྱི་མཁའ་དབྱིངས་ཡིན་སོང་བ་རེད
ཀ་ཡེ་ཐེའུ་རང་། ཁྱེད་ཀྱིས་ང་ལ་ལན་ཐོབ་ཡཱ།
དོལ་སྨོན་ཟེར་ན་སུ་རེད། གྲ་གྲོག་ཚོས་ཤིས་སམ།
དོལ་སྨྱོན་ལྷ་རྗེ་སྨྱོན་པ་རེད།།
རྡོ་རྗེ་གླིང་ན་སྨྱོ་ནས་འདུག།
དགོས་པའི་སྨན་གཞུང་མི་སྦྱོང་བར།།
མི་དགོས་སྙན་ངག་རྐྱང་རྐྱང་འབྲི།།
སྐུ་ཞབས་དོལ་སྨྱོན་ལགས་ཀྱིས་རྒྱལ་གཅེས་པ་ཐེའུ་རང་ལགས་སུ་བྲིས་པའི་སྙན་ངག་དེ་ཡག་ཐག་ཆོད་འདུག ཐུགས་རྗེ་ཆེ།
གསོ་རིག་ང་ཡི་འགན་འཁྲི་ཡིན།།
སྙན་ངག་ང་ཡི་དགའ་ཕྱོགས་ཡིན།།
དོན་དུ་ངོ་བོ་དབྱེར་མེད་ཡིན།།
སོ་སོར་འཛིན་པ་རྨོངས་པ་ཡིན།།