པར་མཁོ་སྤྲོད་པ། བསོད་ནམས།
ཕྱི་ལོ༢༠༡༢ ཟླ༡༢ ཚེས་༨ ཉིན་མདོ་སྨད་ཀླུ་ཆུའི་ཤིས་ཚང་ཚོ་བ་བཅུ་གཉིས་ཀྱི་ཁོངས་གཏོགས་ཆོས་འཁོར་སྡེ་བ་ནས་ཡིན་པ་ཕ་མིང་ལ་ཨོ་རྒྱན་སྐྱབས་དང་། མ་མིང་ལ་ཚེ་གཟུངས་འཚོ་གཉིས་ཀྱི་བུ་རྒྱལ་གཅེས་དཔའ་བོ་པད་མ་རྡོ་རྗེ་ལགས་(རང་ལོ་༢༣)ཀྱིས་ཤིས་ཚང་དགོན་པའི་འདུ་ཁང་སྒོ་ནས་རང་ལུས་མེར་བསྲེགས་ཀྱིས་རྒྱ་གཞུང་གི་ནོར་འཁྲུལ་ཅན་གྱི་སྲིད་ཇུས་ལ་ངོ་རྒོལ་བྱས་ཏེ་ས་གནས་དེ་ག་རང་དུ་སྐུ་གྲོངས་འདུག་པའི་གནས་ཚུལ་སྔོན་དུ་བཀོད་ཟིན་ཡང་། དེ་རིང་བསོད་ནམས་ལགས་ལ་ཡང་བསྐྱར་བོད་ནས་སྐུ་གཤེགས་ཁོང་གི་སྐུ་པར་འདི་གཉིས་འབྱོར་འདུག
ཡི་གེ་འདི་ནི་སྐུ་གཤེགས་ཁོང་གིས་མེར་སྲེག་གནང་སྐབས་བསྒྲགས་པའི་འབོད་ཚིག་རེད་ཅེས་འཁོད་འདུག
གངས་ཅན་འགྲོ་བའི་རང་དབང་བདེ་སྐྱིད་སླད། །
རང་གི་ལུས་དང་སྲོག་ཀྱང་ཡོངས་བཏང་བའི། །
རྒྱལ་གཅེས་དཔའ་བོ་པད་མ་རྡོ་རྗེ་མཆོག །
ཞིང་མཆོག་བདེ་བ་ཅན་དུ་མྱུར་སྐྱེ་ཤོག །
བསྟན་དང་དེ་འཛིན་ཆབ་སྲིད་རང་རིགས་སླད།། གཅེས་པའི་ལུས་སྲོག་ལོངས་སྤྱོད་ཡོངས་བཏང་སྟེ།། དཀའ་བ་བརྒྱ་ཕྲག་སྒྲུབ་པའི་སྐྱེ་བོ་རྣམས།། གྲུ་འཛིན་མགོན་དེའི་ཐུགས་རྗེས་སྐྱོང་བར་མཛོད།།