གསར་འགྱུར་ལ་སོགས་མ་བཀླག་གོང་།
དཀོན་མཆོག་གསུམ་ལ་རབ་དུད་ནས།
རང་སྲེག་མེད་པར་གསོལ་བ་འདེབས།
འཇིག་རྟེན་སྐྱོང་བས་བྱིན་གྱིས་
སྲིད་ཀྱི་འགན་ནི་དོར་ན་ཡང་།
སྙིང་རྗེའི་ལྕགས་ཀྱུས་བོད་ལ་ཟི
རང་སྲེག་མེད་པར་གསོལ་བ་འདེབས།
ཕྱག་ན་པད་མོས་བྱིན་གྱིས་རློབས།
རྒྱ་བོད་སྤུན་དང་ཉེ་གྲོགས་ལྟར།
གནས་མིན་རྩ་བ་རང་དབང་ཡིན།
བཙན་དབང་བོར་ནས་རང་དབང་སྒྲུབས།
རྒྱ་ནག་རྒྱལ་པོར་གསོལ་བ་འདེབས།
བཙན་བྱོལ་ཡུལ་གྱི་བོད་མི་ལ།
མ་གཙེས་མ་གནོད་བེད་མ་སྤྱོད།
རང་གི་འབངས་ལྟར་ཉེ་བར་སྐྱོངས།
རྒྱ་གར་རྒྱལ་པོར་གསོལ་བ་འདེབས།
དཔལ་འབྱོར་ཀུན་གྱི་རྩ་བ་ཡིན།
བྱམས་བརྩེའི་ལྟ་བའང་འདོར་མི་རུ
བཙན་པོ་གཉའ་གནོན་ཉམ་ཐག་སྐྱོབས།
ཨ་རིའི་རྒྱལ་པོར་གསོལ་བ་འདེབས།
སུ་དང་གང་ལ་གཏམ་བཤད་དུས།
རང་སྲེག་མ་བསྐུལ་མ་སྩོལ་བར།
དེ་རྣམས་རང་གི་ཕྲུ་གུར་སོམས།
བློ་བཟང་སེང་གེར་གསོལ་བ་འདེབས།
ཁ་ན་མ་ཐོའི་ཚིག་མ་སྨྲ།
བསྒྲུབ་མི་ཐུབ་པའི་དམ་མ་བཅའ།
གཡོ་ལས་སྤངས་ནས་གསོང་པོར་གྱིས།
བརྒྱུད་ལམ་ཁག་ལའང་གསོལ་བ་འདེབས།
མདོར་ན་ཉམ་ཆུང་མར་མེ་འདི།
རླུང་གི་ཁྲོད་ན་ལྷུང་བ་ལྟར།
རང་སྲེག་མེད་པར་གསོལ་བ་འདེབས།
མཆོག་གསུམ་བདེན་པས་བྱིན་གྱིས་རླ
དངོས་གནས་ཁྱེད་གི་གསུང་བ་ནང་བཞིན་ཁ་ནས་ཕྱི་ལ་ལོབ་ཐུབ་གི་མི་འདུག་་མ་གཏོག་དོན་སེམས་ནང་ལ་གསར་འགྱུར་མ་མཐོང་གོང་ལ་མེ་སྲེད་གསར་དུ་ཡོད་ན་དྲན་ནས་ཞད་སྣང་ཚོར་གི་འདུག་། གལ་སྲིད་ང་འཛམ་གླིང་ཞི་བདེའི་རྟགས་མ་སྤྲོད་འཁན་ཡིན་ན་་ཅོང་རོང་ཁྱེད་འདྲ་པོ་ལ་སྤྲོད་ས་རེད།།