《ཞི་བདེའི་གཟེངས་རྟགས་ལོན་ནས་ལོ
ཞོགས་པའི་སྐྱ་རེངས་དེ ཆེས་ཐོག་མ་དེ
ངུ་འབོད་ཀྱི་དྲན་གདུང་ནས སྐྱབས་འཇུག་གི་རེ་ས་ནས
ཁྱོད་རང་བསུ་བའི་མགྲོན་བརྡ་ཞིག
སྣ་རྒྱན་གྱི་མཚམས་སྤྲིན་འདི
དེ་ལས་འཇུས་པའི་ས་ཆེན
ཁྱོད་རང་འབབ་སའི་གཞིས་ཁྱིམ ད་དུང
ཁྱོད་རང་ངལ་གསོ་སའི་མགྲོན་ཁང་ཞིག་ཀྱང་ཡིན་ཆོག
ཉི་མ་ཡུན་གྱིས་ཤར་བྱུང ས་སྲོད་དལ་གྱིས་གློད་སོང
ས་སྲོད་དེ་ནི་དཔྱིད་ཀ་ཡིན་ཡང་ཆོག དགུན་ཁ་ཡིན་ཡང་ཆོག
དཔྱིད་ཀ ལོ་ཏོག་སྨིན་མེད་ཀྱང
གླིང་འདིའི་སྐྱེ་དངོས་ཀུན་ལ་སྟོབས་ཤིག་རྒྱས
དགུན་ཁ ས་གཞི་ན་མངའ་ཐང་མེད་ཀྱང
འོད་མདངས་གཅིག་པུས་སེམས་ལ་བདེ་ཞིག་སྤྲད
གློ་བུར་བའི་འགྱུར་ལྡོག་དེའི་དབང་གིས
གློ་བུར་བའི་ལས་དབང་དེའི་རྐྱེན་པས
མགྲོན་པོ་ཁྱེད་མགྲོན་ཁང་དང་ཁ་ཐག་ཞེ་དྲགས་རིང་སོང
ཁ་འདར་ཁོག་འདར་རྒྱག་པའི་ནམ་ཟླ་དེར ཁྱོད་རང་མེད
པོ་ཏ་ལའི་རྩིག་ལྡེབ་ཧྲལ གཙུག་ལག་ཁང་གི་རྡོ་རིང་ནུབ
ཇོ་མོ་གླང་མའི་རྩེ་མོ་དམའ་རུ་འབབ་བཞིན་པའི་སྐབས་འདིར
ངེད་ཚོས་མགྲོན་པོ་ཁྱོད་གཏན་དུ་ཕྱིར་ལོག་ན་བསམ
ས་སྒང་གི་མགྲོན་པོ ཁྱོད་ཀྱི་གཞི་ས་གང་ན་ཡོད
ཁྱོད འཇིག་རྟེན་གྱི་འཁོརཕྱོགས་མང་དྲགས་པ་ཡིན་ནམ
ས་སྒང་གི་བོད་ཡུལ་དུ་འཕྲོ་བ་རིང་དྲགས་པ་ཡིན་ནམ
ཉིན་མོའི་ཉི་མར་ཐོགས་པའི་འོད་ཟེར་ཁྱོད
མཚན་མོའི་ཟླ་བར་འཁར་བའི་མཛེས་རིས་ཁྱོད
གནས་ལུགས་ཐོག་མགྲོན་པོ་ག་ཚོད་ཙམ་གྱིས
མི་མང་དུ་ཡིས ཁྱོད་ཉིད་ཁོ་ན་སེམས་ཀྱི་དྲན་ཤིང་དུ་སྒོམ་ནས
སྙིང་གི་གསེབ་ས་ནས་གླེང་ཡོད ཉི་མ་རིན་པོ་ཆེ
སེམས་ཀྱི་མགྲོན་པོ ངག་གི་མགྲོན་པོ
ལུས་ཀྱི་ཐོད་ན་གཟི་བའི་མགྲོན་པོ་ལགས