་་་་་་༢༠༡༡ལོའི་བཀའ་བློན་ཁྲི་པ་ག་འདྲ་ཞིག་གདམ་པའི་འགན་དེའི་ཆ་ཤས་བོད་པ་ཚང་མར་ཡོད།
འབྲོག་རུ་ཆོས་གྲགས་ཀྱིས།
༢༠༡༡ ལོའི་བཀའ་ཁྲི་དེ་མི་ག་འདྲ་ཞིག་གདམ་མིན་གྱི་འགན་དེའི་ཆ་ཤས་བོད་པ་ཚར་མར་ཡོད་སྟབས། ཚང་མས་འདི་ལ་འགན་འཁུར་དགོས་པ་མ་ཟད། འཚོལ་ཞིབ་དང་དཔྱད་བསྡུར་ཡང་གང་མང་མང་བྱ་དགོས་པར་འདོད།
ང་རང་བོད་པ་ཞིག་ཡིན་པའི་ཆ་ནས ༢༠༡༡ ལོའི་བཀའ་བློན་ཁྲི་པ་ག་འདྲ་ཞིག་གདམ་མིན་གྱི་སྐོར་ནས་སྐད་ཆ་ཞིག་མི་བཤད་རང་བཤད་དང༌། བསམ་བློ་ཞིག་མི་གཏོང་རང་གཏོང་ཆགས་སོང༌། ངས་དེའི་སྐོར་ལ་བསམ་བློ་བཏང་བཏང་བའི་མཐའ་མར་དྲི་བ་ཞིག་གིས་ང་ལ་ཡང་བསྐོར་བསྐྱར་བསྐོར་རྒྱག་གི་འདུག ༢༠༡༡ ལོའི་བཀའ་བློན་ཁྲི་པ་སུ་ཞིག་ཡིན་ཡང་དེས་བོད་ཕྱི་ནང་གཉིས་ཐབས་བརྒྱ་ཇུས་སྟོང་གིས་ལྷན་འཛོམས་ཀྱི་ཉིན་མོ་ཞིག་བསྐྲུན་མི་ཐུབ་ཀྱང༌། ཕྱི་ལོགས་ན་ཡོད་པའི་བོད་ཀྱི་སྤྱི་ཚོགས་འདི་བོད་སྐད་ཡིག་གི་ཕ་ཡུལ་ལྟ་བུ་ཞིག་ཏུ་བསྒྱུར་རྒྱུ་དང་བཙན་བྱོལ་གྱི་གནས་བབ་སྲ་བརྟན། དུས་དང་བསྟུན་ནས་ཡར་རྒྱས་དང་གསར་བཏོད་ཀྱི་ལས་ལ་འབད་བརྩོན་བྱ་ཐུབ་མཁན་ཞིག་ངེས་པར་དུ་ཡིན་དགོས་ཞེས་པའི་དྲི་བ་འདི་རེད། ད་དུང་དྲི་བ་འདིས་ང་ལ་བོད་མིའི་སྐྱིད་སྡུག་གི་གཏམ་རྒྱུད་བཤད་བྱུང༌། གཞིས་བྱེས་ལྷན་འཛོམས་ཀྱི་རེ་སྨོན་སོགས་མང་བོ་མང་བོ་ཞིག་བཤད་བྱུང༌།
གང་ལྟར་ཡང༌། ༢༠༡༡ ལོའི་བཀའ་བློན་ཁྲི་པ་ནི་བོད་ཕྱི་ནང་གཉིས་ཀྱི་མིག་གིས་ལྟ་ས་དང༌། རྣ་བས་ཉན་ས། སེམས་པ་ཁེན་ས་སོགས་མང་བོ་ཞིག་ཆགས་ཡོད་པས། སེམས་བསམ་པའི་གཏིང་ནས་བོད་ཀྱི་ཡུལ་ལ་ཤ་ཚ་ཞིང་བོད་ཀྱི་མི་ལ་སྙིང་ཉེ་བའི་བོད་མི་ལྷག་བསམ་དང་སྙིང་སྟོབས་ཅན་ཞིག་ཡིན་དགོས། ངའི་བསམ་པར། ཁོང་ལ་དགོས་ངེས་ཀྱི་རྨང་གཞིའི་ཆ་རྐྱེན་ཞིག་དགོས་པ་ནི། སྒམ་དཀྱེལ་ཡངས་བའི་བསམ་བློ་དང༌། ལངས་ཕྱོགས་བརྟན་པའི་རང་ཚུགས་ཤིག་ཡོད་དགོས་པ་དེ་ཡིན། ད་དུང་རང་གི་མི་རིགས་ཀྱི་སྤྱི་ཚོགས་ལ་རྒྱང་གཟིགས་རིང་ཞིང་མི་མང་གི་ཆེད་དུ་ཡོད་ཚད་དབུལ་ཐུབ་མཁན་ཞིག་བཅས་ཡིན་དགོས་པར་འདོད།
སྤྱི་ཚོགས་ཐོག ༢༠༡༡ ལོའི་བཀའ་ཁྲིའི་དགོས་འདུན་གླེང་སློང་བྱས་པ་དེས་ང་དང་གྲོགས་པོ་ཚོའང་འགུལ་དུ་བཅུག་སོང༌། བཤད་ཡམས་ཀྱི་འགུལ་བསྐྱོད་དེའི་ཁྲོད་ནས་ང་དང་གྲོགས་པོ་ཚོས་ཀྱང་བཀའ་བློན་ཁྲི་པར་དཔྱད་བསྡུར་བྱེད་ཁུལ་བྱས་པ་ཡིན། ང་ཚོས་དཔྱད་བསྡུར་གྱི་ཁྲོད་ནས་ཁོང་ཚོའི་ལོ་རྒྱུས་ཀྱི་རྒྱབ་ལྗོངས་སྔོགས་ཏེ། ངའི་སེམས་སུ་བཀའ་བློན་ཁྲི་པར་འོས་པའི་མི་འགའ་ལྷུང་བ་ནི་གཤམ་གྱི་འདི་དག་ཡིན།
ཁོང་ཚོ་ནི་ད་སྔ་བར་དུ་བོད་ཀྱི་སྤྱི་ཚོགས་ནང་གང་འཚམ་མཐོང་ཡོད་མཁན་དང༌། ད་སྐབས་མི་མང་ནང་བཀའ་ཁྲིར་འོས་གཞིར་གླེང་བའི་མི་སྣ་དག་ནི་འདི་ལྟར། བཀའ་ཟུར་བཀྲས་མཐོང་བསྟན་འཛིན་རྣམ་རྒྱལ་ལགས་དང༌། བདེ་སྲུང་བཀའ་བློན་འབྲོང་ཆུང་དངོས་གྲུབ་ལགས། བོད་མི་མང་སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་ལགས། རང་བཙན་རྩོད་ལེན་པ་འཇམ་དབྱངས་ནོར་བུ་ལགས། སྐུ་སྒེར་དྲུང་ཆེ་རྔ་བ་ཚེ་རྒྱམ། སོགས་ཡིན།
ངས་ཁོང་ཚོའི་ལོ་རྒྱུས་ཀྱི་རྒྱབ་ལྗོངས་གང་འཚམ་ཞིབ་བཤེར་བྱས་པ་ཡིན། ཁོང་ཚོ་སུ་ཡིན་ཡང་མི་རིགས་ཀྱི་འདུ་ཤེས་བརྟན་པོ་ཞིག་གི་ཐོག་ན་ལངས་འདུག ལྷག་བསམ་དྲོད་མོ་ཞིག་གི་ནང་ན་འགྲོ་འདུག
ང་ཚོས་གཟབ་དགོས་ས་གཅིག་ནི་ད་དུང་ང་ཚོར་དམངས་གཙོའི་སྤྱི་ཚོགས་ཤིག་སྨིན་ཐག་ཆོད་མེད་པ་དེ་རེད། སྤྱིར་བཏང་དམངས་གཙོའི་སྤྱི་ཚོགས་ཤིག་ཡིན་ན། སྟོད་ན་རྟ་རྒྱུག་ས་དང༌། སྨད་ན་མཛོ་འཁོར་ས་ཡོད་༼མི་སྒེར་ཞིག་ལ་དཔེར་བླངས་ན།༽དགོས་རབས་འདུག དམངས་གཙོའི་སྤྱི་ཚོགས་ལ་ཆ་རྐྱེན་འདི་མ་ཚང་ན་དམངས་གཙོ་ནི་རྙོག་འཛིང་གི་དྲ་བ་ཞིག་རེད། དམངས་གཙོ་ནི་ཕྱོགས་རིས་ཀྱི་འཐེན་ཤུགས་ཤིག་རེད། འདི་ནི་མཐར་དེད་ན་གང་ཟག་སྒེར་ངོས་ནས་ཡོང་བ་ཞིག་རེད། སྤྱི་ཚོགས་དེའི་བློ་ཁོག་ཆེ་རུ་གཏོང་དགོས་ན། དང་པོ་རང་ཉིད་ནས་བློ་ཁོག་ཆེ་རུ་གཏོང་དགོས་པ་དེ་ཐབས་ལམ་ཡག་ཤོས་རེད། འདི་ནི་རང་ཉིད་སྒེར་ངོས་ནས་འགན་འཁུར་དགོས་པ་ཞིག་ཡིན་པས། བོད་པ་ཚང་མས་གནད་དོན་འདི་ལ་ཐུགས་གཟབ་གནང་རོགས་ཞུ།
མཇུག་མཐར་ང་ལ་རེ་བ་ཞིག་ཡོད། མི་རིགས་འདིའི་ཁ་ལ་བྱང་ཡང་སེམས་ན་མེད་པའི་རེ་བ་ཞིག་ཡོད། ད་སྐབས་མི་མང་གི་སེམས་བསམ་པའི་གཏིང་ན་རེ་བའི་བཀའ་ཁྲི་དང་བཀའ་ཁྲིའི་འོས་གཞི་རྣམ་པ། ཁྱེད་ཅག་གིས་ཀྱང་མི་མང་འདི་སེམས་ལ་བཟུང་ནས་ཕྱག་ལས་གནང་རོགས་གནོངས། བོད་པ་འདི་སྙིང་ལ་བཅངས་ནས་ལས་དོན་བསྒྲུབ་རོགས་གནོངས། མདོར་བསྡུས་ན། ཁ་བཤད་དེ་ལག་ལེན་ལ་འདེབས་རོགས་གནོངས། ལག་ལེན་དེ་འཕེལ་རྒྱས་ལ་བརྩོན་རོགས་གནོངས། ཞེས་སེམས་བསམ་པའི་གཏིང་ནས་ཞུ་འདོད་བྱུང༌། སྙིང་རུས་པའི་མཐིལ་ནས་བརྗོད་འདོད་བྱུང༌།
ཡག་པོ་འདུག
བཀའ་བློན་གྱི་འོས་མི་རེ་རེ་བྱས་པས་བཤེར་དང༌། ད་རིང་ངའི་འོས་མི་འདི་བོད་གཞུང་སྨན་རྩིས་ཁང་གི་དབུ་འཛིན་བླ་སྨན་དབྱུང་པ། ཟླ་བ་ལགས་ཡིན། ཁོང་འོས་དང་མི་འོས་སྐོར་ལ་ཅིག་གླེང་དང་དྲ་གྲོགས་ཚོ།
ཁ་ཕྱོགས་ཤིག་ཤོད་དོ། ཐུབ་བསྟན་བསམ་འགྲུབ་ཟེར་མཁན་འདིས་བཀའ་ཁྲིའི་འོས་མི་འདོན་དགོས་ཚུལ་གྱིས་འུར་སྒྲོག་ཆེན་པོ་ཞིག་བྱས། དེ་ལ་བོད་མི་མང་ཆེ་བས་རི་བོང་ཅལ་འདྲོགས་ཀྱི་སྤྱོད་ཚུལ་དང་དུ་ལེན། ཉུང་མཐའ་ལ་བོད་ཡིག་གི་སྨྱུག་ཐོག་པ་འདི་ཚོ་རེད། ཟིན་བྲིས་སྟེང་ར་ལུག་ཕོ་མོ་རྒན་གཞོན་གྱི་མིང་ཐོ་འདོན་ནས་རྩ་བ་ནས་སྡོད་འཇུག་གིན་མིན་འདུག འདི་ནི་ཁ་ཕྱོགས་ནོར་བ་རེད།
ངས་གཤམ་ལ་དམངས་གཙོ་དང་མཐུན་པའི་འགྲོ་སྟངས་ཤིག་ཤོད་དོ།
དང་པོར་བསྒྲུབ་བྱའི་གནད་འགག་ཤོད་དགོས་ཀྱི་རེད།
Set up an agenda in advance.
གཉིས་པ་དེ་བསྒྲུབ་བྱའི་དབྱེ་བ་འབྱེད་དགོས་ཀྱི་རེད།
Whether that’s political, economic, educational, etc.
གསུམ་པ་དེར་ལས་འགན་འདི་དག་སྒྲུབ་མཁན་༼བཀའ་ཁྲིའི་འོས་མི་༽གྱི་ལྟ་བ་གང་ཡིན་པ་རེ་རེ་ནས་གསལ་པོ་བཟོ་དགོས་ཀྱི་རེད།
The candidate’s viewpoints on these matters.
བཞི་པ་དེར་གནད་དོན་འདི་དག་འོས་མི་འདི་དང་དེས་བསྒྲུབ་འདོད་འདུག་གམ། བསྒྲུབ་ཐུབ་པའི་ནུས་པ་འདུག་གམ། བསྒྲུབ་ཐུབ་པའི་འཁོར་ཡུག་འདུག་གམ།
Does this candidate have a will power to demonstrate h/her capabilities on these matters?
If so is there an environment in Dharamsala for this candidate to perform h/her agenda?
ལྔ་པ་དེར་རང་གི་ལྟ་བ་དང་མཐུན་པའི་འོས་མི་ལ་འོས་བླུག་དགོས་ཀྱི་རེད་མ་གཏོགས་ར་རེད་དང་ལུག་རེད། ཕོ་རེད་དང་མོ་རེད། རྒན་པ་རེད་དང་གཞོན་པ་རེད་སོགས་གནད་འགག་ཆུང་ཚག་རིགས་ལ་མགོ་འཐོམ་ནས་འོས་འཕེན་ན་ཡག་པོ་ཡོད་པ་མ་རེད།
Vote for the candidate that clearly represents your world views not because the candidate is male or female, goat or sheep, young or old, etc.
མི་ཁ་ཤས་ཅལ་འདྲོགས་བྱས་ནས་འོས་མི་ལོ་གཞོན་ཞིག་དགོས་ཀྱི་འདུག་ཟེར་མཁན་གཅིག་རྗེས་གཉིས་མཐུད་རེད། ལོ་ཚད་ཀྱི་གནད་འགག་དེ་གནད་འགག་ཆུང་ཆུང་རེད། བསྒྲུབ་བྱའི་ལྟ་བ་དང་དེ་སྒྲུབ་པའི་ནུས་པ་དང་སྒྲུབ་འདོད་ཡོད་པ་ཞིག་ཡིན་ན་ལོ་རྒན་དྲུག་བཅུ་དང་བདུན་བཅུ་སླེབས་པ་ཞིག་ལ་འོས་འཕེན་ན་འོས་པ་ཞིག་རེད། མ་རེད་དམ།
ངོ་མ་རེད། འོས་མི་ལ་ཤེས་ཡོན་དང་འཇོན་ཐང་དགོས་པ་རེད། ཡིན་ནའང་མཐའ་གཅིག་ཏུ་ཡིད་ཆེས་བློས་འཁེལ་བྱས་ནས་དེ་ཙམ་གྱིས་ཚིམ་པ་བྱེད་ན་འགྲིགས་ཀྱི་མ་རེད། དེ་དམར་ཤོག་གི་དཔོན་པོ་ཚོའི་བསམ་བློ་འཁྱེར་སྟངས་རེད། དམངས་གཙོ་ནང་དུ་གང་འདྲ་ཞིག་དགོས་ཀྱི་རེད་ཟེར་ན། མི་དམངས་ཀྱི་བསམ་འདུན་མཚོན་ཐུབ་མཁན་ཞིག་དགོས་པ་རེད། དེ་འདྲ་ཞིག་མཚོན་དགོས་ན་དམངས་གཙོའི་འགྲོ་སྟངས་ཇི་བཞིན་འོས་མིའི་ལྟ་བ་དང་བསྒྲུབ་འདོད་པའི་གནད་དོན་སོགས་ལ་གསལ་ཁ་སྟོན་དགོས་ཀྱི་རེད། ངས་བཤད་པ་འདི་དག་ཅུང་བོད་པའི་སྤྱི་ཚོགས་ནང་དུ་འབྲེལ་བ་མེད་པ་ལྟ་བུ་ཞིག་སྣང་བ་ནི་བོད་མི་མང་ཆེ་བར་ཆབ་སྲིད་ཀྱི་ལྟ་བ་རང་ཚུགས་ཐུབ་པ་ཞིག་མེད་པས་རྐྱེན་རེད། ཆུ་སྣ་གང་འཁྲིད་རེད། མུ་མཐུད་གནས་སྟངས་འདི་འདྲ་འོག་གནས་པ་ཡིན་ན་དམངས་གཙོའི་ལྟ་བ་དཀྱིས་ཕྱིན་པ་ཞིག་བོད་པའི་སྤྱི་ཚོགས་ནང་དུ་ལག་བསྟར་དཀའ་བ་ཞིག་རེད།
གོང་གི་དོན་ཚན་གཉིས་པ་ལ་ཅུང་རྒྱས་བཤད་བྱས་ན། དཔེར་ན། ནང་སྲིད་ལ་འགྱུར་བ་གཏོང་དགོས་ན། ཤེས་རིག་ལ་འགྱུར་བ་གཏོང་དགོས་ན། བོད་རྒྱ་འབྲེལ་ལམ་ལ་འགྱུར་བ་གཏོང་དགོས་ན། དཔལ་འབྱོར་ལ་འགྱུར་བ་དང་རྒྱུན་འཛིན་གང་ཞིག་གཏོང་དགོས་ན་འོས་མི་སུས་གཏོང་འདོད་འདུག་གམ། དེ་གཏོང་ཐུབ་པའི་ནུས་པ་སུ་ལ་འདུག་པ་སོགས་སྤྱི་བཤད་ནས་གནད་དོན་བྱེ་བྲག་ལ་བགྲོ་གླེང་དགོས་པ་ཞིག་རེད། མ་རེད་དམ།