བསམ་གླིང་ཚེ་རིང་ལྷ་མོ།
རྒྱ་ནག་དམར་ཤོག་གི་ཕ་རྒན་མའོ་ཡིས་བཟོ་པ་དང་ཞིང་པར་སྐུལ་སློང་བྱས་ནས་དམག་འཐབ་བྱས་ཡོད། དེ་ནི་ཁོའི་དམག་བྱུས་ཐབས་རྩལ་གྱི་ཡངས་རྩེ་དེ་རེད། ཁོས་བཟོ་ཞིང་དམག་སྐུལ་སློང་བྱས་པའི་དམར་དམག་གིས་རི་མཐོ་ཆུ་ཟབ་གང་ལའང་མི་སྐྲག་པར་ཁོའི་རྗེས་སུ་རྒྱག་ཅིག་མཆོངས་ཅིག་བྱས་པས་དམག་འཐབ་ཀྱི་རྒྱལ་ཁ་ཆེན་པོ་སླངས་པ་རེད། དེ་ནི་མཚོན་ཆ་ལག་ཏུ་འཆར་རྒྱུ་ཙམ་མ་ཡིན་པར་རྒྱབ་ཕྱོགས་ནས་དམག་དཔུང་ལ་དགོས་མཁོ་སྒྲུབ་པའི་དཔུང་སྡེ་ཞིག་ཀྱང་ཆགས་ཡོད་པ་རེད།
དེ་འདྲའི་སྐུལ་སློང་རྒྱ་ཆེན་པོ་ཐེབས་པར་ཐོག་མར་བཟོ་པ་དང་ཞིང་པ་སོགས་མི་མང་དཀྱུས་མའི་བསམ་ཚུལ་ལ་རྟོགས་ཞིབ་དང་། དེ་དག་ལ་ཉམས་ཞིབ་རྒྱུས་ལོན་བྱུང་རྗེས་གཞི་ནས་རང་ཕྱོགས་སུ་འདྲེན་པའི་ནུས་པ་དེ་མ་ནོར་བར་བཏོན་ཐུབ་ཀྱི་ཡོད། ནུས་པ་དེ་བཏོན་པའི་འབྱུང་འབྲས་སུ་མི་མང་ལ་ཁ་ཕྱོགས་སྒྱུར་ཐུབ་ཀྱི་ཡོད། མའོ་ལ་ཆ་བཞག་ན་ཁོ་ནི་ཞིང་པའི་ཁྱིམ་ཚང་ཞིག་ནས་འཚར་ལོངས་བྱུང་བ་ཡིན་པས་དེ་ནི་ཁོའི་ཉམས་མྱོང་དང་རྒྱུས་མངའ་ཆེ་ཤོས་མ་ཟད་དེ་ཡང་ཁོའི་ཡོན་ཏན་གྱི་ཆ་ལག་ཞིག་ཏུ་གྱུར་བ་རེད།
གཉིས་ཐད་ནས་ལྷ་ས་གྲོང་ཁྱེར་དུ་ཆགས་ཡོད་པའི་བོད་ལྗོངས་སློབ་གྲྭ་ཆེན་མོར་རྩོམ་རིག་སློབ་མ་ཚོ་སློབ་གྲྭ་ཐོན་རྗེས་ལོ་གསུམ་རིང་གྲོང་གསེབ་ཁུལ་དུ་ལས་ཀ་སྒྲུབ་པར་བསྐྱོད་དགོས་ཀྱི་ཡོད། དེ་ལྟར་བསྐྱོད་རྗེས་གཞི་ནས་འཚོ་བའི་ཉམས་མྱོང་དང་མི་མང་གི་བསམ་བློ་གཏོང་ཕྱོགས་གང་ཅིའི་ཐད་ཉམས་མྱོང་ཕུན་སུམ་ཚོགས་པོ་ཡོང་བར་འདོད་པ་རེད།
ཕྱོགས་མཚུངས་དཔྱད་བརྗོད་རྩོམ་ཡིག་ཅིག་འབྲི་དགོས་ན་ངེས་པར་དུ་བརྗོད་གཞི་དེའི་ཐོག་གི་འབྲེལ་ཡོད་མི་སྣ་དང་ཆབ་སྲིད་ཀྱི་ལངས་ཕྱོགས། མི་མང་གི་དགའ་ཁ་འཁྱེར་ཕྱོགས་སོགས་ངེས་པར་ཤེས་དགོས་པ་ལས། ངས་འདི་བྲིས་ན་ཁོས་བདག་ལ་འདི་ཟེར་ཡོང་། འདི་བྲིས་ན་ཡང་འདི་ཟེར་ཡོང་བསམ་པའམ། ཡང་ན་རྩོམ་ཡིག་བྲི་བར་དབྱིངས་བཞུགས་པ་དང་། རང་ཉིད་ལ་མིང་ཞིག་ཡོང་རེ་བྱས་ཏེ་རྩོམ་ཡིག་བྲི་བ་སོགས་ནི་སོ་སོས་སོ་སོར་འགན་འཁྲི་མེད་པའི་རྟགས་རེད་ལ། དམའ་མཐའ་སར་སྨྱུ་གུ་ཞིག་ཐོགས་པའི་དགོས་མི་ཆོད་པ་རེད། ད་དུང་བཤད་ན་སྤྱི་ཚོགས་ལ་འགན་མ་འཁྱེར་བའི་རྟགས་རེད།
མཆན་འདེབས་པ་ཚོའི་ནང་དུ་ཁག་ཁ་ཤས་ཤིག་མཐོང་ཆོས་སུ་སྒྲུབ་ཡོད། དེ་དག་ནི་ཁག་ཅིག་དོན་དམ་པའི་མཆན་འདེབས་པ་ཡིན། དེས་ལེགས་ཉེས་བླང་དོར་གྱིས་རང་གི་བསམ་བློའི་འཁོར་རྒྱ་དེ་བེད་སྤྱད་ནས་དོན་ངོ་མའི་ཐོག་ལ་གྲོས་གླེང་བྱེད་ཀྱི་རེད། ཁག་ཅིག་གིས་རིག་གཞུང་ལ་ཤ་ཚ་བའི་ཐོག་ནས་དག་ནོར་ལ་དག་བཅོས་གཙོ་བོ་གནང་གི་རེད། ཡང་ཁག་ཅིག་གིས་མི་གཞན་དེའི་ནག་ཉེས་གང་ཡོད་བཙལ་ཏེ། དེ་དག་རྩོམ་ཡིག་བྲི་བའི་འདུན་པ་དང་། བློ་ཁོག་ཉམས་པའི་རེ་བ་བྱེད་མཁན་དེ་འདྲ་ཡོད་པ་རེད།
ཡང་ཁག་ཅིག་གིས་རྩོམ་པ་ཚོས་རྩོམ་ཡིག་ཇི་ལྟར་ཡག་པོ་ཞིག་བྲིས་ཀྱང་དང་བ་མ་སྟོན་པར། རང་ཉིད་ཀྱི་དགའ་ཁ་ཉེ་ཕྱོགས་ཁོ་ནའི་རྩོམ་ཡིག་ཅིག་མཐོང་འདོད་བྱེད་པ་ལས། རྩོམ་གྱི་ནང་དོན་དང་རྒྱབ་ལྗོངས་ཀྱི་གནད་དོན་དེ་ཚོར་དབྱེ་ཞིབ་བྱེད་པའི་རྣམ་དཔྱོད་ཧ་ལམ་མེད་པ་རེད། ལྷག་པར་དུ་མི་ཁག་ཅིག་གིས་རང་གི་དགའ་ཉེ་བློ་དཀར་དང་། གྲོགས་པོ་བེད་སྤྱད་དེ་གཅིག་བརྒྱབ་གཉིས་ལངས་ཀྱིས་གང་ཟག་དེར་འཇིགས་སྐུལ་དང་དམའ་འབེབ་ཁོ་ན་བེད་སྤྱོད་བྱས་ནས་རྩོམ་པ་པོ་དེའི་སྙིང་སྟོབས་ལ་ཉམས་གུད་གཏོང་ཐབས་བྱེད་ཀྱི་ཡོད། དེ་དག་ནི་ཞེན་ཁོག་གི་འཁྲིས་ནད་སྟུག་པོོས་སྒྲིབ་ནས་དུང་དཀར་སེར་པོར་སྣང་བ་ལྟར་ལེགས་ཉེས་འབྱེད་པའི་རྣམ་ཤེས་ཀྱི་ཕྲ་ཕུང་དག་འགག་ཚར་བ་རེད།
ད་དོན་གྱི་ཐོག་ལ་བབ་ན་གུས་མོས་དེ་སྔོན་༼ཁྱེད་རྣམས་སྐུ་ལུས་མེ་ལ་མ་སྒྲོན་རོགས།༽ཞེས་པའི་ཚིག་བཅད་རྩོམ་ཡིག་ཅིག་སྤེལ་བ་ཡིན། སྐབས་དེར་མི་ཁག་ཅིག་གིས་ང་ལ་འཇིགས་སྐུལ་ལྟ་བུའི་མཆན་འདེབས་བྱས་པ་ངས་བརྗེད་མེད། དེ་ནི་ངས་ཕྱོགས་གཅིག་མཐོང་། གཅིག་མ་མཐོང་ནས་བྲིས་པ་མིན་ལ། བོད་ཀྱི་རྩ་དོན་རྩོད་རིན་མེད་པར་བསམ་ནས་ཀྱང་བྲིས་མེད། རྩོམ་ཡིག་བྲི་བར་དགའ་ཕྱོགས་དང་། དབྱིངས་ཡོད་པ་ཙམ་གྱིས་བྲིས་པ་ཞིག་དེ་བས་མིན། བྲི་དགོས་པའི་རྒྱུ་མཚན་ནི་བོད་ནང་གི་བོད་མིར་སྙིང་སྟོབས་ཞུམ་པ་མེད་པ་དེ་རེད། ཁོང་རྣམས་པས་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་རྒྱབ་སྐྱོར་རམ་གནས་སྟངས། བཙན་བྱོལ་བོད་མིའི་གནས་སྟངས་དང་སྟོབས་ཤུགས་ཁག་ལ་རྒྱུས་ལོན་ཧ་ཅང་དཀའ་བ་ཡིན།
ལྷག་པར་དུ་དྲ་རྒྱའི་རྩོམ་པ་པོ་མང་དག་ཅིག་གིས་ཀྱང་བཙན་བྱོལ་སྤྱི་ཚོགས་ཀྱི་གནས་སྟངས་ཆ་ཚང་ད་དུང་ཡང་ཤེས་རྟོགས་ཐུབ་ཀྱི་མེད་པ་དེ་རེད། སྤྱི་ཚོགས་ཤིག་གི་གཏིང་རུམ་ཞིག་ཏུ་མ་འཛུལ་ན། ཁོང་ཚོའི་དགའ་ཁ་འཁྱེར་ཕྱོགས། བློ་མིག་གང་ལ་ཕྱོགས་པ། ཡིད་སེམས་གང་གིས་གཡོ་བ། ནམ་རྒྱུན་གཏམ་གླེང་གི་བརྗོད་གཞི་གཙོ་བོ་གང་ཡིན་པ། ཁ་ནས་གཞས་ཤིག་བཏང་ན་གང་ཞིག་གཏོང་བ། ཕུག་བསམ་གང་ཞིག་ཡོད་པ། འབྱུང་འགྱུར་གྱི་རེ་བ་གང་ལ་བྱེད་པ། སེམས་ནས་སྡང་བར་བྱེད་སའི་ཡུལ་གང་ཡིན་པ། འབད་བརྩོན་གང་ལ་བྱེད་པ་སོགས་ཀྱི་གནས་ཚུལ་ཧ་ལམ་ཤེས་ཀྱི་མེད་པ་རེད།
ཆབ་སྲིད་གནད་དོན་དང་འབྲེལ་ཡོད་ཀྱི་རྩོམ་ཡིག་ཇི་འདྲ་ཞིག་སྤེལ་ཀྱང་། དེ་ནི་རང་ཉིད་རྩོམ་ཡིག་བྲི་བར་དབྱིངས་ཡོད་པ་ཙམ་གྱིས་འགྲིག་པ་མིན། དཔེར་ན་མའོ་ཡིས་ཞིང་པར་སྐུལ་སློང་ལ་བརྟེན་ནས་དམག་འཐབ་བྱས་པ་བཞིན། ཁོས་ཞིང་པའི་སེམས་ཀྱི་དགའ་ཁ་འཁྱེར་ཕྱོགས་གང་ཡིན་ལ་ཉམས་ཞིབ་བྱས་ཡོད་ཀྱི་རེད།
གལ་སྲིད་ཞིང་པའི་སེམས་ཁམས་དེ་བག་ཉལ་དངོས་པོ་ལྟ་བུ་ཞིག་ཡིན་ན། དེ་བཞིན་དུ་ཁོང་ཚོར་སྐུལ་སློང་དང་ཁ་ཕྱོགས་འཁྲིད་ཐུབ་པའི་ནུས་པ་ཞིག་མེད་ན། དམག་འཐབ་ལ་རྒྱལ་ཁ་ཐོབ་རྒྱུའི་རེ་བ་ཞིག་ཡོད་དམ།
འོན་ཀྱང་ད་ནི་བོད་ཕྱི་ནང་གི་དཔའ་བོ་དང་དཔའ་མོ་བརྒྱ་ཁ་ལོངས་པས་དམར་པོའི་མེ་ལྕེའི་ནང་དུ་རང་ཉིད་ཀྱི་ཡོད་ཚད་ལེགས་སྐྱེས་ཕུལ་སོང་བ་རེད་ལ་ད་དུང་ཡང་ཕུལ་བཞིན་པ་རེད། ད་ཆ་མི་མང་པོ་དེ་ལྟ་བུས་རང་སྲོག་བློས་བཏང་བས་མ་ཚད་བློས་གཏོང་བྱེད་སྟངས་དེ་ཡང་བསམ་ཡུལ་ལས་འདས་པ་རྐྱང་ཡིན་པས། དེས་ན་ད་ཆ་ང་ཚོར་ཕྱིར་ཤིག་རྒྱག་ས་ཞིག་ཧ་ལམ་ལྷག་མེད་པ་རེད། དེར་བརྟེན་གུས་མོས་ཁ་སྔོན་༼བྱེས་འཁོད་བོད་མི་ལོངས་ཤོག་༽ ཅེས་པའི་ཚིག་བཅད་རྩོམ་ཡིག་དེ་སྤེལ་བ་ཡིན་ལ། དེ་དང་ཕྱོགས་མཚུངས་༼རླབས་ཆེན་གྱི་མེར་སྲེག་ལས་འགུལ་ལས་འཕྲོས་པའི་གླེང་སློང་༽ཞེས་པའི་རྩོམ་ཡིག་ཅིག་ཀྱང་བྲིས་པ་ཡིན། དེར་ཡང་བསྐྱར་ཕ་རྒན་དང་བུས་བོང་བུ་འཁྲིད་པའི་གཏམ་བརྒྱུད་ལྟར་གྱི་མཆན་ཞིག་བྲིས་སོང་།
རྩོམ་ཡིག་དེ་དག་བྲི་དགོས་པའི་རྒྱུ་མཚན་ནི་ད་ཆ་དེའི་རྗེས་ཀྱི་འབྱུང་འབྲས་ཆེད་དུ་བསམ་བློ་གཏོང་རྒྱུ་ལས་ལྷག་མེད་པ་རེད། འབྱུང་འབྲས་ཐོབ་དང་མ་ཐོབ་དེ་ཤུགས་རྐྱེན་ཐོན་ཐུབ་པའི་ལས་འགུལ་སྤེལ་བར་རག་ལས་ཡོད་ལ། སྒྲུབ་འབྲས་ཤིག་ཐོབ་པར་སྤྱིར་བཏང་གི་ལས་འགུལ་དེ་ཚོས་ནུས་པ་ཐོན་ཐབས་མེད་པ་ཚང་མས་ཤེས་ཀྱི་རེད། དེ་ནི་ང་ཚོའི་ཁ་གཏད་བཅོག་ས་དང་། རྒྱལ་སྤྱིའི་ཤུགས་རྐྱེན་ཐེབས་མིན་སོགས་རྒྱབ་ལྗོངས་དེ་རྙོག་དྲ་ཚ་པོ་རེད། མཇུག་བསྡུ་བའི་དོན་སྙིང་གཙོ་བོ་ནི་ད་ཆ་སྡེབ་ལང་ལས་གཞན་པའི་ཤུགས་རྐྱེན་ཐེབས་ཐུབ་པའི་ཐབས་ཤེས་ལེགས་པ་ཞིག་ཡོད་ན་དེ་ལ་གྲོས་གླེང་གནང་རོགས་ཞུ་རྒྱུ་ཡིན།
ཡ་ཡ་བོད་ནས་ཆོལ་གསུམ་ཉིན་གཅིག་དུས་གཅིག་ལ་ཡར་ལང་བྱོས། ཕྱི་རོལ་ནས་གོང་ས་མཆོག་གིས་གཙོར་བྱས་སྐྱབས་བཅོལ་བོད་མི་ཡོད་དོ་ཅོག་རང་ཡུལ་ལ་ལོག་འགྲོ་བའི་གོམ་བགྲོད་བྱས་ན་ད་གཟོད་ལྟ་རྒྱུ་ཞིག་འདུག དུས་ཚོད་༢༠༡༣ ་༣་༡༠་ཉིན་འགོ་འཛིན།་གང་འདྲ་འདུག སེམས་ཐག་ཆོད་མཁན་ཨེ་ཡོད།
ཆོལ་གསུམ་བོད་མི་ཚང་མས་འགན་ཞིག་འཁུར་ནས་སྡེབ་ལངས་བྱས་ན་དུས་ཚོད་དེ་འདྲ་ཞིག་བསྒུག་ཨེ་དགོས་སྙམ། གལ་སྲིད་བསྒུག་པ་ཡིན་ན་ད་དུང་ཡང་ཟླ་བ་གསུམ་ལྷག་ཙམ་འདུག་པས་དེའི་བར་དུ་ང་ཚོའི་སྤུན་ཟླ་ག་ཚོད་ཀྱི་ཚེ་སྲོག་འགྲོ་གི་རེད་དམ། ག་ཚོད་ཀྱི་མདུན་ལམ་བརླག་གི་རེད་དམ།
སྡེབས་ལངས་ཞིག་བྱོས་དང་ད་ལྟའི་མི་བརྒྱ་གྲངས་མེ་ལྕེ་ལ་འབར་བ་དང་གང་ཙམ་བཙོན་ཁང་ལ་ཡོད་པ་ཙམ་ལས་ལྷག་པའི་དཀའ་ཁག་ཡོང་བ་དེ་སེམས་ལ་ཟོང་།
རིག་བཟང་མ་ཚེ་རིང་ལྷ་མོ་ལགས། སྡུག་གཏམ་གོང་མའི་འཕྲོ་མཐུད་མཚམས་བཞག་ནས་དེ་རིང་ཡང་བསྐྱར་གསར་དུ་སྡུག་གཏམ་གོང་མའི་བརྗོད་དོན་ལ་རྒྱུ་མཚན་མང་པོ་ཞིག་གི་ལུང་དང་བཅས་པ་བགྲང་ནས་རྒྱ་ཆེ་ཙམ་ཤོད་འདུག་པས་དགའ་བསུ་ཞུ། ཨོ་་་སྡུག་གཏམ་མ་རེད་མ་རེད། བསྒྲགས་གཏམ་རེད།
བཞིན་ལེགས་མ། ཁྱེད་ཀྱི་བསྒྲགས་གཏམ་གྱི་དམིགས་ཡུལ་མི་མང་སྡེབ་ལངས་དང་། དེ་ཡི་རྒྱབ་བརྟེན་གྱི་ཁུངས་ལུང་ཡང་མོའོ་ཡི་བྱས་རྗེས་ལ་དཔེར་བལྟས་པ་ཞིག་ཡིན་འདུག དེ་ལ་རྒྱུ་མཚན་ཡང་མོའོ་ཡིས་མི་མང་གི་སེམས་ཁམས་ལ་རྒྱུས་ལོན་བྱས་ཚུལ་སོགས་བཀོད་པ་རེད། དེ་ཡི་ཐོག་ནས་ཁྱེད་མོའོ་གི་ཐབས་ཇུས་ལ་སེསམ་གཏིང་ནས་ཁས་ལེན་དང་ཡིད་སྨོན་བྱེད་པ་ཞིག་ཀྱང་རེད།
མི་མང་ལ་བསྐུལ་སློང་བྱེད་ནས་མི་མང་རྒྱབ་ལངས་ཡོང་བའི་མོའོ་གི་ཐབས་ཇུས་དེ་ལ་འབྲས་བུ་མངོན་གསལ་ཐོན་ཐུབ་ཡོད་པ་རེད། ཡིན་ན་ཡང་། མོའོ་གི་རྒྱལ་ཁ་བླངས་པ་དེ་ནི་མི་མང་ཁོ་ནས་བླངས་ཅིག་མིན་པ་གསལ་པོ་རེད། མོའོ་ལ་དྲག་པོའི་དམག་དཔུང་ཆེན་པོ་གཉིས་ཡོད་པ་རེད། པ་ལུའུ་ཅིན་དང་ཤུན་སི་ཅིན་གཉིས་ཡོད་པ་རེད། མེ་མདའི་མཚོན་ཆ་ཐོགས་པའི་དམག་མི་ཁྲི་ཕྲག་གིས་དགྲ་བོའི་ཁ་གཏད་ལ་དམར་འཛིང་བྱས་པ་རེད། མོའོ་ལ་རྒྱལ་ཁ་ཐོབ་པ་མེ་མདའ་ལ་བརྟེན་པ་རེད།
མོའོ་ཙེ་ཏུང་གིས་མི་མང་ལ་རྒྱབ་རྟེན་བྱས་པའི་ཁོངས་ན་བཟོ་བ་དང་ཞིང་པ། དམག་མི་གསུམ་འདུས་ཡོད་པ་རེད། མཐར་གཏུགས་ན་མི་མང་བསྐུལ་སློང་གི་ཐབས་ཇུས་དེ་ནི་མོའོ་ཙེ་ཏུང་གི་ཐབས་ཇུས་ཤིག་མ་རེད། ཐབས་ཇུས་དེ་ནི་མཇར་མན་གྱི་མ་ཁི་སི་དང་རྭ་ཤི་ཡའི་སི་ཏ་ལིན་སོགས་དམར་ཤོག་ཡོངས་ཀྱི་སྲིད་ཇུས་ཤིག་ཡིན།
མི་མང་རྒྱབ་ལངས་གི་ཐབས་ལམ་ལ་བརྟེན་དགོས་ན་མདུན་ནས་གདོང་མཆོང་བྱེད་མཁན་གྱི་དཔུང་སྡེ་ཞིག་དགོས་ངེས་ཡིན། ང་ཚོ་ལ་ཡོད་པ་ནི་སྒོ་ང་དང་ལྡུམ་སྒོང་གི་མཚོན་ཆ་མ་གཏོགས་མེད་པས་མེ་མདའ་དང་མེ་སྒྱོགས་གི་ཁ་གཏད་ལ་ལངས་གི་ཡིན་ཟེར་ན་མི་གཞན་གྱིས་མཐོང་ཐོས་བྱུང་ན་ཅི་ཟེར་རམ། ཐབས་ཤེས་དེ་ལ་ག་རེ་ཟེར་གི་རེད།
བཞིན་བཟང་མ་དགོངས་བཞེས་ཟབ་མོ་གནང་དང་།
སྡེབས་ལངས་ཀྱི་དུས་ལ་ད་དུང་སླེབས་མེད། མེར་བསྲེག་གི་ངོ་རྒོལ་དེ་ལས་ཐབས་ལམ་གཞན་ཞིག་ཡོང་གི་རེད། དེ་ནས་མི་མང་ལྡེབ་ལངས་ལ་རེ་བ་ཡོད། ཡིན་ནའང་མི་མང་ལྡེབ་ལངས་ཀྱི་ནུས་པ་ནི་དེ་ཙམ་ཐོན་འེ་ཡོང་བསམ།
བསམ་གླིང་ཚེ་རིང་ལྷ་མོ་ལགས་ བསམ་གླིང་ཞེས་པའི་ཚིག་དེ་མི་ཚང་གི་མིང་ཡིན་ནམ་ ཡང་ན་ལུང་པ་འམ་གྲོང་ཚོའི་མིང་རིད་དམ་ ལྷོ་ཁ་ཁུལ་དུ་བསམ་གྲུབ་གླིང་ཞེས་པའི་དགོན་པ་ཞིག་ཀྱང་འདུག
དྲ་གྲོགས་ལྷན་རྒྱས་ལ་འཚམས་འདྲི་ཞུ།
ཨ་ཁུ་ཐུ་བ། ད་ཡང་རྩོམ་དེའི་ནང་དོན་རྟོགས་མི་འདུག།
སྐུ་མཁྱེན་བྱུས་རྟོགས་གནང་འདོད་ཡོད་ན་ཐོག་མར་ཐེངས་མ་གཉིས་ཙམ་ཀློག་དང་།
ངས་བལྟས་ན། རང་སྲེག་གཏོང་གཏོང་བ་དང་། སྡེབ་ལངས་བྱས་པ། འདི་བཞིན་ཐད་ཀར་ཁྲོམ་ལ་འཐོན་ནས་ངོ་རྒོལ་བྱས་པར་ཚང་མ། སེམས་ཤུགས་ཡག་པོ་རེད། འོན་ཀྱང་འབྲས་བུ་ལོན་མི་ཐུབ། རྩ་དོན་གཤམ་ལ་ཐུག་ཡོད།
༡། ༢༠༠༡ནས་འཛམ་གླིང་ལ་འགྱུར་བ་ཐེབས་ཡོད། ཨ་རིར་ཁ་ཆེའི་རྡུང་རྡེག་དང་འཛམ་གླིང་དཔལ་འབྱོར་ཉམས་རྒུད་ཀྱི་ལོ་ཟླའི་ནང་ལ། ཨ་ཕོ་ང་དང་ངའི་ཁེ་ཕན་ལ་གཙིགས་ཆེན་བྱེད་རྒྱུ་སྔར་ལས་ཆེ་བ་ཕྱིན་པ་དང་། གཞན་ཕན་དང་སྙིང་རྗེ་ཟེར་བའི་ལས་འགུལ་དང་བསམ་གཞིགས་ཇེ་ཉུང་དུ་ཕྱིན་ཡོད། བྱས་ཙང་རང་སྲེག་དང་སྡེབ་ལངས་ཚང་མ་གཞན་གྱི་དོ་སྣང་ཡོང་ཆེད་ཡིན་ཚེ། དོ་སྣང་ཡོང་གི་མ་རེད། ཚང་མ་རང་རང་གི་དཔལ་འབྱོར་དང་ཁེ་ཕན་ལ་གྱོང་ཕོག་ནས་ག་ཚོད་ཀྱི་ལངས་ཐུབ་ཐུབ་བྱེད་བཞིན་ཡོད། འཛམ་གླིང་འདིར་སྟོབས་ཆེན་གྱི་རྒྱལ་ཁབ་ཚང་མའི་དཔལ་འབྱོར་གྱི་མ་རྩ་དང་འགག་རྩ་རྒྱ་ནག་ལ་ཐུག་ཡོད་པ་དང་། རྒྱ་ནག་ལ་ཕོག་སྡུག་གཏོང་ན། རང་གི་དངུལ་ཁུག་ལ་ཕོག་སྡུག་གཏོང་བ་དང་གཅིག་པ་ཡིན་སྟབས། རྒྱ་ནག་ལ་གནོད་པའི་ལས་ཀ་ཞིག་ཡིན་ཚེ། དོ་སྣང་བྱེད་མཁན་ཉུང་།
༢། འཛམ་གླིང་རྒྱལ་ཁབ་སུ་ཡིན་རུང་། ཐོབ་མཁན་དེ་ལ་རྒྱབ་སྐྱོར་བྱེད་པ་ལས་ཤོར་མཁན་དེ་ལ་རྒྱབ་སྐྱོར་བྱེད་མཁན་དཀོན། བོད་དང་རྒྱ་ནག་གཉིས་ཀྱི་དམག་འཁྲུག་དང་འཐབ་རྩོད་ནང་ལ། བོད་པ་རྣམས་ཤོར་མཁན་དེ་ཡིན་སྟབས། དེ་བས་རྒྱབ་སྐྱོར་ཐོབ་དཀའ།
༣། བོད་དང་བོད་མི་དམངས་ལ་ཕུགས་ཀྱི་ཕན་པ་གྲུབ་འདོད་ན། ཉིན་རེ་ཉིན་རེའི་ལས་ཀར་འགྱུར་བ་བཏང་ནས། བོད་ཀྱི་རྩ་དོན་མ་བརྗེད་པའི་ཐོག་ནས་སྒེར་སེམས་ཆུང་རུ་གཏང་ནས་སྤྱི་སེམས་མཐོན་པོར་སྒྲེང་བ། བོད་སྤྱི་རྩ་དོན་དང་སྒེར་གྱི་རྩ་དོན་གཉིས་་ཀྱི་བང་རིམ་མ་ནོར་བ། དེ་བཞིན་བོད་ཀྱི་སྐད་ཡིག་དང་ཆོས་ལུགས་ཀྱི་ཐོབ་ཐང་དེ་མི་རིགས་རིང་ལུགས་དང་ཆབ་སྲིད་ཀྱི་རྙོག་འདྲའི་ནང་ནས་ཕྱིར་འཐེན་ནས། མི་དམངས་ཀྱི་ཉིན་རེའི་དཀའ་ངལ་ལ་རྩིས་ནས་བྱ་བ་སྒྲུབ་ན་ཕན་པ་ཆེ། པན་ཆེན་རིན་པོ་ཆེས་ལམ་ཕྱོགས་དང་ཐབས་ཤེས་དོ་ཟླ་བྲལ་བ་ཞིག་བཏོན་གནང་སོང་བ་དང་དེའི་འབྲས་བུ་མཆོག་ཏུ་འགྱུར་བ་འཐོན་རུང་། དེ་ལ་བདག་པོ་མ་བརྒྱབ་ཙང་ལས་འབྲས་ད་ལྟའི་འདི་རེད།
སྔོན་གྱི་མཁས་པ་ཞིག་གིས། མིག་ཐག་རིང་དགོས། འདོད་ཐག་མ་ཉེ་དགོས། གསུངས་འདུག ལེགས་བཤད་དེ་དང་འབྲེལ་ནས་རང་སྲེག་སྐོར་ལ་བསམ་ཚུལ་ཆུང་ངུ་འདི་གླེང་འདོད། ད་ལྟ་ང་ཚོས་རང་སྲེག་གི་ནུས་པ་ཐོན་གྱི་མི་འདུག ནུས་པ་གང་དུ་འདུག ང་ལ་མིག་སྟོན་དང་ཅེས་སྐད་མང་པོ་ཞིག་རྒྱག་པ་འདི་ཅུང་ཟད་མིག་ཐག་ཐུང་དྲག་པ་དང་། འདོད་ཐག་ཉེ་དྲག་པའི་རྗེས་སུ་ཕྱིན་མེད་དམ་སྙམ། རང་སྲེག་གི་ནུས་པ་ཐོན་ས་དེ་ཁོར་ཡུག་གསུམ་ལ་བསྡུ་ཆོག་པར་སྙམ། དང་པོ་ནི་བོད་མིའི་ཁྲོད་དུ་རེད། བོད་མིའི་ཁྲོད་དུ་ནུས་པ་ཆེན་པོ་ཐོན་ཡོད། ད་ལྟ་ང་ཚོས་ང་རང་ཚོའི་སྤྱི་ཚོགས་ནང་དུ་མི་རིགས་ཀྱི་ཆེད་དུ་རང་སྲེག་གཏོང་ཕོད་པའི་སྙིང་སྟོབས་འདི་མི་རེ་ངོ་རེའི་སྙིང་རྩ་ན་ཟུག་པ་ཞིག་སློབ་སྦྱོང་བྱེད་ཐུབ་ན་རང་སྲེག་གི་ནུས་པ་ཆེ་ཤོས་ནི་དེ་ཡིན་པར་སེམས། འོན་ཀྱང་རང་སྲེག་གི་སྙིང་སྟོབས་ལ་སློབ་སྦྱོང་བྱས་ནས་རང་སྲེག་གི་ལམ་དུ་འགྲོ་དགོས་རེད་ཟེར་གྱི་མེད། གཙོ་བོ་མི་རིགས་འདི་སྐྱོབས་ཐུབ་པའི་ཆེད་དུ་གང་ཡང་བྱེད་ཕོད་པའི་སྙིང་སྟོབས་ཞིག་ལ་འབོད་ཀྱི་ཡོད། གཉིས་པ་དེ་རྒྱ་མིའི་ཁྲོད་དུ་རེད། རྒྱ་མིའི་ནང་དུ་མང་གཙོ་ལ་ཕྱོགས་པའི་ཁྱུ་ཞིག་དང་། ལྟོ་གོས་ལས་ཆབ་སྲིད་ལ་དོ་སྣང་མེད་པའི་ཁྱུ་ཞིག ད་ལྟའི་སྲིད་དབང་ནང་ཁེ་འཚོལ་ཉིན་སྐྱེལ་བྱེད་བཞིན་པའི་ཁྱུ་ཞིག ད་དུང་ད་ལྟའི་སྲིད་དབང་འདི་སྲུང་འཛིན་ཐུབ་མིན་དེ་རང་གི་བུ་རབས་ཚ་རྒྱུད་ཀྱི་བདེ་སྡུག་དང་འབྲེལ་བའི་དབང་འཛིན་པའི་ཁྱིམ་སྡེ་ཆེན་པོའི་རིགས་ཅེས་བཞི་ལ་དབྱེ་བ་ཡིན། དེ་དག་ནང་ནས་རང་སྲེག་འདིས་མང་གཙོ་དོན་གཉེར་བ་རྣམས་ལ་ཤུགས་རྐྱེན་ཤིག་ཐེབས་བཞིན་ཡོད་པ་ནི་ཁོང་ཚོས་བོད་པའི་སྙིང་སྟོབས་ལ་སྔ་ན་མེད་པའི་རྒྱུས་ལོན་ཞིག་བྱུང་ཡོད། རྒྱུས་ལོན་འདི་མ་འོངས་པར་ཕན་ཐོགས་ཡོ་རེད་དྲན། དེ་ལས་གཞན་པའི་རྒྱ་མི་རྣམས་ལ་ཡང་རང་སྲེག་འདི་བརྒྱུད་བོད་མི་རིགས་ཟེར་བ་འདི་ལ་ཡང་བསྐྱར་རྒྱུས་མངའ་ལེན་དགོས་པའི་ལམ་དུ་བཞག་ཡོད། གསུམ་པ་རྒྱལ་སྤྱིའི་ཐོག་ཏུ་རང་སྲེག་གི་ཤུགས་རྐྱེན་དེ་ཡོད་པ་ནི་གཏན་འཁེལ་བ་དང་། ཇི་ཙམ་ཡོད་པ་དང་། འབྲས་བུ་ཇི་ཙམ་ཐོན་མིན་དེ་འཛམ་བུ་གླིང་གི་སྲིད་ཀྱི་འཁོར་འགྲོས་དང་འབྲེལ་བ་ཡོད་པར་སྙམ། སྤྱིར་ད་ལྟ་ནུབ་ཕྱོགས་རྒྱལ་ཁབ་མང་པོ་རྒྱ་ནག་དང་ཚོང་དོན་ཐད་ནས་ཁེ་བཟང་ཟ་འདོད་པ་འདི་མིག་ཐོན་ལག་ཟིན་ཡིན་མོད། ང་ཚོས་བརྗེད་མི་རུང་བ་ཞིག་ནི་རྒྱ་ནག་ནི་གུང་ཁྲན་གྱི་སྲིད་དབང་ཁ་ལ་ཁྱེར་བའི་རྒྱལ་ཁབ་ཞིག་དང་དབང་ཆ་གཅིག་བསྡུད་ཅན་ཡིན་པས་ནུབ་ཕྱོགས་པ་རྣམས་ཀྱིས་བློ་གཏིང་ནས་རྒྱ་ནག་དུམ་བུར་བཏང་ནས་ནུས་པ་ཆུང་རུ་གཏོང་འདོད་པ་ཡིན་པས་གཞི་རྩའི་གལ་སྣད་འདི་ང་ཚོའི་རེ་བ་ལ་འཛིན་མི་ཆོག་རྒྱུ་གང་ཡོད། གཞན་ཡང་ད་ལྟ་སི་རི་ཡའི་སྡེ་གཟར་དང་། ཨི་རང་གི་རྡུལ་ཕྲན་མཚོན་ཆའི་ཞིབ་འཇུག ད་དུང་བྱང་ཀོ་རི་ཡའི་མེ་ཤུགས་འཕུར་མདའ་འཕེན་པ། ཨི་ཟི་རུ་དང་པ་ལེ་སི་ཐན་གྱི་འགལ་བ་སོགས་ཀྱིས་མི་རྣམས་ཀྱི་འདྲེན་བྱེད་གྲམ་ནས་བསྡད་པའི་དབང་དང་། ད་དུང་ཕྱི་ཕྱོགས་ཀྱི་གསར་ཁང་མང་པོའི་བདག་པོ་རྒྱ་ནག་དང་ཚོང་འགྲེལ་ཡོད་པའི་དབང་གིས་རང་སྲེག་ཐད་ལ་ཡང་ཐོབ་དགོས་པ་ལྟར་གྱི་མཐོང་ཆེན་ཞིག་སླེབས་ཐུབ་མེད་མོད་ང་ཚོས་མུ་མཐུད་སྒོ་བརྡུང་ནས་འཇིག་རྟེན་པ་རྣམས་ཀྱི་དྲང་བདེན་གྱི་སེམས་པ་གཉིད་ལས་སློང་དགོས་པ་རེད།
སྡེབས་ལང་དེ་ད་ལྟ་བྱེད་པའི་དུས་མ་རེད། རྒྱ་ནག་ནས་སྡེབས་ལང་སྒུག་ཡོད་ཀྱི་རེད། སྤྱི་ཚོགས་བརྟན་ལྷིང་ཁ་ལ་གཡར་ནས་དྲག་སྣོན་བྱེད་སྲིད་པ་དང་། ཟིང་ཟིང་འུར་འུར་ཡར་བ་དང་། མེ་ཆད་དུ་བ་རྫོགས་པའི་སྐབས་སུ་རྒྱལ་སྤྱིའི་ཐོག་རང་སྲེག་གི་ཤུགས་རྐྱེན་ཡང་ཡལ་སྲིད་པ་རེད། འོན་ཀྱང་མི་རིང་བའི་ཉིན་ཞིག ཡུལ་དུས་ཆ་རྐྱེན་འཛོམས་པའི་སྐབས་སུ་ང་ཚོས་སྡེབས་ལང་བྱེད་དགོས་པའི་ཉིན་མོ་ཞིག་ཡོང་གི་རེད་དྲན། ཉིན་མོ་དེ་ནི་རྒྱ་ནག་ནང་དུ་མང་གཙོའི་ལས་འགུལ་རི་རལ་མཚོ་འཁྲུག་བྱེད་བཞིན་པའི་སྐབས་དེར་ཡིན་དགོས་པ་འདུག དེ་བར་དུ་ང་རང་ཚོའི་སྟོབས་ཤུགས་གསོག་དགོས་པ་དང་། མི་རིགས་ཀྱི་ལ་རྒྱ། རང་སྲེག་གི་སྙིང་སྟོབས་གཅིག་ལ་གཅིག་བརྒྱུད་ངང་སློབ་སྦྱོང་བྱས་ནས་སྡོད་དགོས་པ་རེད། དེ་བར་དུ་བཟོད་པ་སྒོམ་དགོས་པ་རེད། གང་ལྟར་མིག་ཐག་རིང་དགོས། འདོད་ཐག་མ་ཉེ་དགོས།
བཙན་བྱོལ་བོད་མི་མང་གིས་མང་གཙོའི་རང་དབང་གི་ཐོབ་ཐང་བེད་སྤྱད་ནས་གངས་སྐྱིད་ནས་བཀའ་སྤྱི་གཉིས་ལ་བོད་རང་བཙན་གཙང་མ་ཡིན་པ་དང་རང་བཙན་གཙང་མ་རྩོད་དགོས་བའི་རྡོག་རྩ་གཅིག་ལ་སྒྲིལ་བའི་སྲིད་ཇུས་ཡོངས་བསྒྲགས་བྱེད་དགོས་པའི་གྱེན་ལངས་བྱེད་དགོས་པ་འདུག། དེ་བྱུང་ན། རྒྱ་བོད་དབྱིན་སོགས་མི་རིགས་སུ་འདྲ་ཞིག་ཡིན་ན་ཡང་། བོད་ཀྱི་འཐབ་ཕྱོགས་འདི་རང་གཞན་གཉིས་ལ་འཛུན་ས་དང་གསལ་ཁ་མེད་པའི་མོག་མོག་ཞིག་གི་ནང་ནས་རང་གཞན་ཚང་མའི་མགོ་བོ་འཁོར་མི་དགོས་བར། དཀར་ནག་གི་དབྱེ་བ་འབྱེད་ལས་སླ་བ་ཞིག་འདུག།
དེ་མིན་གཉིས་ཕན་གྱི་སྲིད་ཇུས་འདི་ནང་ཆོས་ལ་གཞི་བཅོལ་བའི་འཐབ་ཕྱོགས་ལ་ན་མེད་པ་ཞིག་ཡིན་ན་ཡང་། རྒྱལ་རབས་དང་ལོ་རྒྱུས་ཀྱི་འཐབ་ཕྱོགས་ལ་འབྲེལ་བ་དེ་ཙམ་མེད་པས། ནང་ཆོས་དང་ནང་བས་ས་སྟེང་མ་ཁེབ་པར་དུ་འདི་ལ་འབྲས་བུ་ཞིག་མེད་པ་གསལ་བོ་རེད།
བསམ་བློ་གཏོས་སའི་ཕྱོགས་ཙམ་གླེང་བ་ཡིན་པས། དྲ་གྲོགས་ཚོ་ལ་ལྟ་སྟངས་ག་འདྲ་ཡོད། ལྷག་དོན་བསམ་གླིང་མ་ཁྱོད་ཡིན།
ཁྱེད་ཀྱི་རྩོམ་ཡིག་འདིའི་ནང་དུ་ཁ་བྱང་གི་ནང་དོན་ཞིག་བསྟན་མེད་པ་འདྲ། གཅིག་བྱས་ན་ངས་གོ་བ་མ་ལོན་པ་ཡིན་སྲིད། ངས་གོ་བ་ལྟར་ན་ཁྱེད་ཀྱིས་མའོ་ཙེ་ཏུང་ལ་སློབ་སྦྱོང་བྱེད་དགོས་ཟེར་གྱིན་ཡོད་པ་ལྟ་བུ་ཞིག་འདུག དེ་ཡིན་ན་དེ་ནི་ངས་ངོས་ལེན་བྱེད་ཐུབ་ས་མ་རེད། མའོ་ཙེ་ཏུང་ཟེར་བ་འདི་མི་སྡེབས་གསོད་བྱེད་མཁན་རེད། ལག་དམར་རེད། བཙན་འཛུལ་བ་རེད། དེ་མ་རེད་ཟེར་ཁྱེད་ཀྱིས་ཐུབ་བམ། གལ་སྲིད་རྒྱལ་སྤྱིའི་ཉེས་དོན་ཉེས་བསག་གི་ཁྲིམས་ལུགས་འོག་ལ་མའོ་ཙེ་ཏུང་འཇུག་ཐུབ་པའི་དབང་དུ་བཏང་ན་སྲོག་ཐོག་གི་ཁྲིམས་སྲོལ་ཡོད་ན་སྲོག་ཐོག་དང་མེད་ན་ཚེ་བཙོན་ལ་འགྲོ་རྒྱུ་རེད།
འཛིན་ས། བླ་ན་མེད་པ་སོགས་ཡི་གེ་མི་དག་མང་ཚོད་རེད། མཁྱེན་ལྡན་རེ་ཡིས་བཅོས་རོགས་གནང་།
བསམ་གླིང་ལྷ་མོ་ལགས། དམར་བའི་དབང་ཤུགས་འོག་ནས་བསླབ་པའི་སློབ་གསོའི་རིགས་དྲན་ངོགས་ནས་བརྗེད་དུ་འཇུག་རོགས། དམར་བའི་ལམ་ལུགས་ཁྲོད་ཀྱི་ལྟ་ཚུལ་དེ་སྐད་ཆ་རྙིང་བ་རེད། དགེ་ཕན་གང་ཡང་ཡོད་བ་མ་རེད། ལྷག་ཏུ་ས་ཕྱོགས་འདི་དང་དུས་རབས་འདིའི་ནང་རིན་ཐང་རྐང་གཅིག་ཡོད་བ་མ་རེད།
དེ་མིན་དཔྱད་མཆན་པ་ལ་ལས་ན་རེ། བོད་པ་ཚོ་སྡེབས་ལངས་ཀྱི་ཉིན་མོ་དེ་རྒྱ་ནག་དམངས་གཙོ་ལ་འགྱུར་རེག་བར་དུ་སྐོང་ནས་འདུག་དགོས་བ་འདྲ་ཞིག་ལབ་ཀྱིན་འདུག རྒྱུ་མཚན་ག་རེ་ཡིན་ན། རྒྱ་ནག་གི་འགྱུར་བ་དེ་མ་གཞི་ནས་བཤད་ཚོད་མི་ཐུབ་པའི་བྱ་བ་ཞིག་རེད། སུ་ལ་རྒྱ་ནག་གི་སྲིད་སྒྲོམ་འགྱུར་བ་འགྲོ་སྲིད་པའི་གདེངས་ཚོད་ཡོད་ན། དེ་ལུགས་ལྟར་ཁ་གསལ་གྱིས་འགྲེལ་བརྗོད་རེ་བྱེད་རོགས།
ཡག་པོ་འདྲ་ཞིག་ལབ་འདུག་ག
ཨ་རིའི་སྲིད་འཛི་་ཟུར་པ་བྷུ་ཤུ་ཡིས་ཨི་རག་དང་ཨ་གྷན་ལ་དམག་འཐབ་བྱེད་སྐབས་མི་སེེ་སྐྱུས་མ་འབུམ་མང་པོར་བསད་ཡོད་པ་བྷི་བྷི་སི་ལས་སོགས་ཀྱིས་ཁུངས་བསྐྱལ་ཡོད། ཡིན་ནའང་ད་ལྟ་བདེ་སྐྱིད་ཀྱི་ངང་ནས་མི་ཚེ་སྐྱེལ་བཞིན་ཡོད་འདུག
དེས་ན་སྡེབ་གསོད་ལས་སོགས་ཇི་ལྟར་བྱས་ཀྱང་འཛམ་གླིང་འདིར་དབང་ཤུགས་སུ་ཆེ་ལས་དྲང་བདེན་གྱིས་ཾཁྲིམས་གཅོད་བྱེད་མཁན་མེད་ལ་བྱེད་ཀྱང་མི་ཐུབ། དཔེར་ན། མཉམ་འབྲེལ་རྒྱལ་ཚོགས་ཟེར་བ་དེའང་སྟོབས་ཆེན་རྒྱལ་ཁབ་ལྔ་ཡིས་གང་བྱས་རེད། ཁོང་རང་ཚོ་ལ་རྡུལ་ཕྲན་ནུས་ཤུགས་ཀྱི་འབར་གས་བརྒྱ་ཕྲག་ཉར་ཡོད། བྱང་དང་ཨི་རན་ལ་འཛིག་འཛིག་གིས་བཟོ་མི་ཆོག་ཟེར་བྱས་ཙང་བདེན་པ་འགྲོ་ས་གཅིག་འདུག་གམ
ཨ་རྒྱ་གཉིས་ཁྲིམས་འགལ་བྱེད་མཁན་གཙོ་བོ་རེད། མཉམ་འབྲེལ་རྒྱལ་ཚོགས་ཀྱིས་ཆོག་མཆན་མེད་པར་ཨ་རིས་ཨི་རག་ལ་དམག་རྒྱབ་པ་རེད། ཨི་རག་ལ་མི་སྡེབ་གསོད་ཀྱི་དུག་རྫས་འདུག་ལབ་ནས་དམག་རྒྱབ་པ་རེད་རྗེས་སུ་གང་ཡང་མ་རྙེད་པ་རེད་གཟིགས་དང།་ རྒྱ་མིས་བོད་ཞི་བའི་བཅིངས་གྲོལ་བཏང་ཚུལ་དང། ཨ་རིས་ཨི་རག་དམངས་གཙོར་བསྒྱུར་ཡི་་ཟེར་བ་སོགས་གཅིག་པ་རང་རེད། དེས་ན་མའོ་དང་བྷུ་ཤུ་ས་དྷམ་བྷིན་ལས་སོགས་དཀར་ནག་གང་ཡང་མེད་པ་རེད།
དྲྭ་གྲོགས་རྣམས་པ་ཐུགས་བསམ་ཡག་པོ་བཞེས་རོགས། བསམ་གླིང་མས་མའོ་ལ་དཔེ་ལེན་ཞིག་བྱས་པ་རེད་མ་གཏོགས་དམར་ཤག་ལ་དུང་བ་མ་རེད། དངོས་གནས་ཡག་པོ་བྲིས་འདུག །ང་ཚོའི་འཐབ་རྩོད་བྱེད་སྟངས་དེ་ལ་འགྱུར་བ་ཏན་ཏན་གཏོང་དགོས་ངེས་ཤིག་རེད་བསམ། བསམ་གླིང་མས་བཤད་ན་ཉམས་མྱོང་དང་རྒྱུས་ལོན་བྱེད་མ་ཐུབ་ན་འཐབ་རྩོད་ག་ཚོད་རྣོ་ངར་ལྡན་པ་ཞིག་ཡིན་ཀྱང་རྒྱལ་ཁ་ཐོབ་ཐུབ་ཀྱི་མ་རེད་གསུངས་པ་འདྲ། དེ་ནི་བདེན་པ་རེད། བོད་ནང་ནས་སྐུ་ལུས་མེར་སྲེག་གཏོང་མཁན་ཚོའི་བཙན་བྱོལ་དང་རྒྱལ་སྤྱིའི་གནས་སྟངས་སོགས་མི་ཤེས་པ་དང་། བཙན་བྱོལ་བ་ཚོའི་བོད་ནང་གི་བོད་མའི་མངོན་འདོད་དང་དམིགས་ཡུལ་མ་རྟོགས་པས་སྐྱོན་ཆེན་པོ་ཞིག་ཡོང་གི་འདུག །༧གོང་ས་མཆོག་ཕ་ཡུལ་ལ་ཕེབས་དགོས་ཞེས་པ་དེས་དམིགས་ཡུལ་དང་མངོན་འདོད་གང་ཡིན་རྩར་གཅོད་མི་བྱེད་པར་། སྤྱི་ཕྱོགས་བོད་མི་ཚོས་བོད་ནང་ནས་༧གོང་ས་ཕེབས་དགོས་ལབ་ནས་མེར་བསྲེགས་བཏང་བ་རེད་ཅེས་པས་འཐབ་རྩོད་ཀྱི་ངོ་བོ་གཞན་ཞིག་ཏུ་བསྒྱུར་བས་རྒྱལ་སྤྱིའི་སྒང་དང་བོད་དོན་རྒྱབ་སྐྱོར་བ་ཚང་མས་སྐད་ཆ་ལབ་མ་ཤེས་པ་ལྟ་བུར་ཆགས་དུ་བཅུག །ད་དུང་མུ་མཐུད་འདི་ལྟར་ལུས་ན་མཐའ་མར་འཇུས་ན་ལག་པ་ཚིག །བཏང་ན་རྫ་མ་ཆག་ཡ་ཞིག་ཡོང་ཐག་ཆོད་འདུག་གོ
བཞིན་བཟང་མ་ཨ་ཅེ་ཚེ་ལྷ།
རང་ལས་རྒན་སར་བཞག་ནས་ཨ་ཁུ་ཐུ་བ་ཞེས་གུས་འབོད་བྱས་པར་ཐུགས་ཆེ།
ཁྱེད་སེམས་ལ་ངས་ཀྱིས་རྩོམ་ཡིག་གི་ནང་དོན་རྟོགས་མི་འདུག་པས་བསྐྱར་དུ་ཐེངས་གཅིག་བཀློག་རོགས་ཟེར། རེད། བདེན་པ་རེད། ཏག་ཏག་ ད་གིན་ ལས་ཀར་འགྲོ་ཁ་མར་ བྲེལ་མ་འཚུབ་ཀྱིས་རོབ་ཙམ་བཀླགས་ནས་མཆན་བུ་དེ་བཏབས་རྗེས་ལས་ཀར་ཕྱིན་པ་རེད། ཕྱིར་ནང་ལ་ལོག་པ་དང་རྒྱུན་ལྡན་བཞིན་རྩིས་འཁོར་ཁ་ཕྱེས་ནས་ཁ་བརྡའི་རྩོམ་ཡིག་གསར་པ་ཁག་ལ་མིག་བཤར་ཅིག་བྱས་པར་གཞན་གང་ཡང་མ་མཐོང་སྔོན་དུ་ཁྱེད་ཀྱིས་༼ ཇུས་གཏོགས་གནང་འདོད་ཡོད་ན་ཐེངས་མ་གཉིས་ཀློག་ ༽ཟེར་པ་དེ་མཐོང་བ་རེད། ཡིད་མ་ཆེས་པར་ཡང་བསྐྱར་མགོ་ནས་ཞིབ་ཀློག་ཐེངས་གཅིག་བྱས་པ་ཡིན།
ངས་མཆན་བུ་འདེབས་སྐབས་རྩོམ་ཡིག་གི་ཁ་བྱང་གཙོ་བོ་བཟུང་བ་དང་དུམ་མཚམས་རྗེས་མ་རྣམས་ཕལ་པར་བཟུང་འདུག ཡིན་ནཡང་། རྩོམ་ཡིག་ཧྲིལ་པོར་དུམ་མཚམས་བཅུ་གཉིས་ཙམ་འདུག་པའི་ནང་ནས་དུམ་བུ་དང་པོ་དང་གཉིས་པ་གཉིས་ཁ་བྱང་དང་འབྲེལ་བ་ཤུགས་ཆེ་ཙམ་ཡོད་པ་ལས་གཞན་དག་རྣམས་ལ་དོ་སྣང་བྱུང་མི་འདུག དུམ་མཚམས་རེ་རེ་བཞིན་བསམ་ཚུལ་འབྲི་དགོས་ན་ད་ནངས་ཞོགས་པར་ང་ལ་ཚོུད་མི་འདུག་པས་རྩོམ་ཡིག་མིག་བཤར་དང་སེམས་ལ་གང་ཤར་བྲེལ་སྟབས་ཀྱིས་དབང་གིས་མ་བྱུང་བ་རེད།
དུམ་བུ་གཉིས་པ་ནི་བོད་ལྗོངས་སློབ་ཆེན་གྱི་འགྲོ་ལུགས་བྱེ་བྲག་པ་ཅིག་རེད་སྟབས་ཁ་བྱང་དང་འབྲེལ་བ་དེ་ཙམ་མི་འདུག་སྙམ་ནས་དོ་སྣང་མ་བྱུང་།
དུམ་བུ་གསུམ་པ་དང་། བཞི་བ། ལྔ་བ་དང་དྲུག་པ་རྣམས་ནི་དྲ་གྲོགས་གཞན་ཁག་ཅིག་སྤྱོད་ལམ་སྐོར་གྱི་བསམ་ཚུལ་ཁག་ཅིག་རེད། ང་དང་འབྲེལ་བ་མི་འདུག
གལ་སྲིད་ངས་རྩོམ་ཡིག་གི་ནང་དོན་རྟོགས་མེད་དབང་དུ་བཏང་ན་དུམ་བུ་བདུན་པ་འདི་ཡིན་སྲིད་པ་རེད། འདི་ནི་ཁྱེད་ཀྱིས་གསུང་བ་བཞིན་ང་ལ་ཡང་རྒྱུས་ཡོད་ཆ་ཡོད་ཅིག་ཡིན། ཅིག་བྱས་ན་ ཁྱོད་ལས་ཀྱང་བཙན་བྱོལ་གཞི་རིམ་སྤྱི་ཚོགས་ཁྲོད་ཀྱི་དགའ་ཕྱོགས་ལྟ་ཚུལ་གྱི་གཏིང་རིམ་ལ་འཛུལ་བའི་ཉམས་མྱོང་རིང་པོ་ང་ལ་ཡོད་སྲིད་པ་རེད།
ཁྱོད་མ་སུ་རི་ཡི་རྩེ་མོ་ན་བསྡད་འདུག་ཟེར། འདུག་རོགས་བྱིས་པ་བསམ་མེད་རྐྱང་རྐྱང་རེད། ང་མ་སུ་རི་ཡི་རི་འདབས་ནས་བསྡད་པ་རེད། འདུག་ས་རྒན་དར་གཞོན་གསུམ་འཛོམས་པའི་སྤྱི་ཚོགས་ཧྲིལ་པོ་ཅིག་རེད། ངས་ཤེས་གི ཁྱོད་བྱིས་པ་བསམ་མེད་ཁག་ཅིག་གི་འཁྲུལ་སྣང་བསམ་ཚུལ་གྱི་ལྟ་སྤྱོད་ལ་ཡི་མུག་དྲག་ཏེ་ཁོག་ལ་མ་ཤོང་བར་ཁ་ནས་སྐད་ཆ་འདི་མི་ཐོན་ག་མེད་ཆགས་པ་ཅིག་ཡིན་ས་རེད། ཁྱོད་ཁག་མེད་གི ང་ལ་ཡང་བསམ་ཚུལ་འདི་འདྲ་གང་མང་མང་ཡིད་ལ་འཁོར་མྱོང་ཡོད། ཡིན་ན་ཡང་བྱིས་པ་བྱིས་པའི་སར་བཞག་ནས་སློབ་གསོ་བྱེད་དགོས་གི་རེད། བྱིས་པའི་བསམ་ཚུལ་ལ་ཁེངས་ར་དེ་ཙམ་འཛིན་མི་རུང་བ་ཡིན།
དུམ་བུ་མཐའ་མ་དེ་ནི་སྡེབ་ལངས་ལས་ལྷག་པའི་ཐབས་ཇུས་ལེགས་པོ་ཞིག་མེད་པར་བསམ་ནས་ཡིད་ཆེས་གཙང་མ་གནང་འདུག དེའི་ཐད་ལ་ད་ངས་མི་ཞུ། ཞུས་ན་ཐལ་དྲག་ཉེན་འདུག
སྤྲུལ་སྐུ་དབང་ཆེན་སླེབས་འདུག་ཏ་་་
ཚེ་རིང་ལྷ་མོ་ནི་རྩོམ་པ་པོ་ཞིག་ཡིན་སྙམ་པ་སེམས་ན་སྔར་ནས་ཡོད། དེང་སང་ཆབ་སྲིད་པ་དང་སྲིད་དོན་པ་འི་གྲལ་དུ་འཚང་གི་འདུག སྣེ་འཁྲིད་པའི་བསམ་བློ་དང་ལྟ་བ་ཡོད་པ་བློ་ཡུལ་ལ་མ་ཤར། མོས་སྡེབ་ལངས་ཀྱི་སྐོར་གསུང་བ་རེད། སྡེབ་ལངས་ཀྱི་ཚད་དང་དུས་ཚོད་སོགས་གསལ་བོར་གོ་མ་སོང་། ང་ནི་ཁེར་རྒྱུག་བྱེད་པའི་བློ་སྟོབས་དེ་མེད་ཀྱང་སྡེབ་ལངས་ཀྱི་གྲལ་དུ་ཞུགས་ངེས་ཡིན། ངས་མནའ་སྐྱེལ་ནས་བཤད་ཐུབ། མགོ་བདེ་བྲན་ཕྲུག་གི་སྐད་ཆ་བཤད་ན་འགྲིག་གི་མ་རེད། སོ་སོས་བཤད་པའི་སྐད་ཆ་སོ་སོས་འགན་འཁུར་ཐུབ་དགོས་ཀྱི་འདུག འགན་འཁུར་མེད་པའི་སྐད་ཆ་ལ་ཆ་བཞག་ཡ་ཡོད་མ་རེད། གལ་ཏེ་ཕྱི་སྡོད་བོད་མི་ཚོ་སྡེབ་ལངས་ཀྱི་དུས་ཞིག་ཤར་བ་ཡིན་ན་བསམ་གླིང་བ་བོད་ལ་འགྲོ་འདོད་ཨེ་ཡོད་དམ། ངས་བལྟས་ན་འགྲོ་གི་མ་རེད། གང་ཡིན་ཟེར་ན། ཕྱི་སྡོད་པའི་ཁྲོད་ནས་མཐུན་རྐྱེན་ཞན་པོ་དག་མ་གཏོགས་ཕྱིར་ལོག་གི་མ་རེད། དེ་ཁྱོད་གཅིག་བུ་མ་རེད། ཉིན་ཞིག་བོད་རང་བཙན་རེག་པ་ཡིན་ན་ཡང་སྐོར་ཅིག་ཕྱིར་ལོག་གི་མ་རེད། ཡིན་ན་ཡང་ངའི་བསམ་ན། མི་རིགས་ཀྱི་རྙོག་དྲ་དང་རང་ཉིད་ཀྱི་ཁེ་ཕན་གྱི་ཆེད་འཐབ་རྩོད་དེ་གང་ན་ཡིན་ན་ཡང་ཡོད་རེད། ཁོ་ཚོའི་རྨི་ལན་དེ་མཇུག་སྒྲིལ་གྲབས་ཡོད། ཁོ་ཚོས་བོད་དེ་སྤྱན་གཟིགས་ཁང་དང་གནས་སྐོར་བའི་ཡུལ་དུ་འཇོག་པ་ལས་རང་གི་ཕ་ས་ཕ་ཡུལ་ལ་རྩིས་ཀྱི་མ་རེད། ཁོ་ཚོ་ལ་ཤན་ཞུགས་གཞན་ཞིག་ཐེབས་ཡོད་པ་ནི་ན་ཚ་ཞིག་རེད། ཚང་མ་ལོག་དགོས་པའི་ངེས་པ་ཡོད་མ་རེད། ལོག་ཀྱང་ཕན་ཐོག་ཡོད་མ་རེད། ཁ་སང་ན་གོ་བདེ་བ་མ་རེད་དམ། ཡིན་ན་ཡང་གྲྭ་བ་དང་ཨ་ནེ་གཙོས་སྐོར་ཅིག་ལ་གོ་སྐབས་བྱུང་ན་འགྲོ་གི་རེད། བཀག་ཀྱང་ཁོག་གི་མ་རེད། དེ་མིན་ཚོ་རྩ་ཡོད་ས་དང་ཆུ་འཛོམས་ས་ནས་བསྡད་ཀྱི་རེད། ངས་གོ་གསུམ་ལོར་འདིའི་སྐོར་རྩོམ་ཞིག་བྲིས་མྱོང། ད་ཆ་ང་ལ་ཡིད་བརྟན་འཕར་ངེས་ཀྱི་བདེན་དབང་དང་ཁུངས་སྐྱེལ་ཡོད། གང་ལྟར་ང་ཚོ་ལ་མགོ་སྐོར་གཏོང་བསམ་ཡང་གཏོང་ཐུབ་ཀྱི་མ་རེད། ད་དེ་ཚོ་གཡུགས་ཞོག རང་བཙན་ཐོབ་ཀྱང་མི་འགྲོ་ན་སྡེབ་ལངས་ལ་སུ་འགྲོ་གི་རེད། བོད་མི་ཚང་མ་དཔའ་བོ་ཆགས་སོང་ན་སྡར་མ་སུ་བྱེད་དམ། ང་དེ་ལ་སེམས་འཁྲལ་འདུག ངས་བསམ་ན་རང་སྲེག་གི་ལས་འགུལ་འདིས་ལག་རྗེས་ཆེན་པོ་དང་མཇུག་འབྲས་བཟང་བོ་བླངས་ཡོད་རེད་སྙམ། གང་ཡིན་ཟེར་ན་མི་ལོ་ལྔ་བཅུ་རིང་གི་བོད་དོན་འཐབ་རྩོད་ཁྲོད་ནས་རྣོ་ངར་ཆེས་ཤོས་དང་བློས་བཏང་ཆེས་ཤོས་དེ་རེད། བོད་ཙམ་མ་ཟད་འཛམ་གླིང་ཧྲིལ་བོ་འདིའི་སྒང་སྔར་བྱུང་མ་མྱོང་བ་ཞིག་བོད་མི་རིགས་འདིས་བྱས་པ་རེད། འདི་ལོ་རྒྱུས་ཀྱི་དེབ་ཐེར་ནང་དུ་ནམ་ཡང་གསོན་པོར་གནས་ངེས་རེད་དལ། རྗེས་རབས་པ་ཚོས་མཇུག་ཀྱང་སྐྱོང་ངེས་རེད། ང་ལ་ཡིད་ཆེས་བརྟན་པོ་ཡོད། རྗེས་སུ་ཡང་མུ་མཐུད་ནས་གླེང་ཆོག་གི་རེད། ཁ་སང་གི་མཆན་ཚིག་བརྒྱ་དང་ལྔ་བཅུ་ང་ལྔ་བོ་བཀློགས་པ་ཡིན། དྲ་འབུ་ཚོའི་གླེང་མོལ་ཁྲོད་ནས་མེ་སྲེག་དོན་རྐྱེན་དེ་འགྲིག་ཡོད་མེད་ལ་བགྲོ་གླེང་མང་ཙམ་གནང་སོང་བསམ་ཡོད། སྐབས་དོན་དང་འབྲེལ་བ་མེད་པ་ཡང་མང་བོ་གླེང་སོང་། མ་གཞི་ནས་དེ་འདྲ་ཞིག་ཡིན་རྒྱུ་རེད། རྒྱ་མཚོའི་ནང་ན་སྲོག་ཆགས་འདྲ་མིན་ཡོད་པ་བཞིན་དུ་ང་ཚོའི་སྤྱི་ཚོག་ཁྲོད་དུ་ཡང་རྩ་མ་ཚང་བ་དེ་འདྲ་ཡོང་ཆོག་གི་རེད་སྙམ། འགའ་ཤས་ཀྱིས་འབོད་ཚིག་ལ་ཡང་སྐྱོན་ཡོད་ཚུལ་གླེང་སོང་། བོད་རང་བཙན་ཡིན་དང་། རྒྱལ་བ་རིན་པོ་ཆེ་བོད་ལ་ཕེབས་སུ་འཇུག་དགོས། བོད་ལ་རང་དབང་དགོས། བོད་མི་རིགས། ཆོས་ལུགས་།རིག་གཞུང་གང་གི་ཆ་ནས་གླེང་ཡང་བོད་དོན་རེད། དེ་ལ་ནོར་བཅོས་བྱེད་དགོས་པ་ཅང་ཨེ་ཡོད་དམ། ངས་བལྟས་ན་དྲ་འབུ་སྟེ་མི་ཁོ་ཚོར་ནོར་བཅོས་བྱེད་དགོས་པ་ཞིག་ཏུ་མཐོང་སོང། མེ་སྲེག་བྱེད་མཁན་ཚོ་བསམ་མེད་ཤ་སྟག་མ་རེད། བསམ་བློའི་ཆ་ནས་ང་ཚོའི་བླ་ན་མཐོ་བ་རེད། ང་ཚོས་གཏན་ནས་རྗེས་ཆོད་ཡོད་མ་རེད། ཁོ་ཚོས་ཅི་ཞིག་ཤེས་ཀྱི་ཡོད་རེད་ལ་ཅི་ཞིག་མགོ་ཡང་ཚོས་ཀྱི་ཡོད་རེད། ཁོ་ཚོ་ནི་བོད་མི་རིགས་ཀྱི་དཔའ་བོ་རེད། དཔའ་བོ་ལ་དཔའ་བོའི་མཐོང་སྤྲད་དགོས་པ་རེད། ངས་ཚང་མ་དཔའ་བོ་བྱེད་དགོས་ལབ་ཀྱི་མེད། རང་ཉིད་ལ་དཔེར་ལེན་དགོས་པ་དེ་གལ་ཆེན་པོ་རེད། རྒྱུ་མཚན་ནི་ཁོ་ཚོ་ལ་རང་དོན་སྤུ་ཙམ་ཡང་མེད་ད་པ། དེ་གསལ་བོ་རེད། རང་གི་ལུས་སྲོག་ལོངས་སྤྱོད་དང་བཅས་པ་བློས་བཏང་ནས་ཕེབས་དགོས་པ་དེ་གཞན་གྱི་ཆེད་དང་ཁྱད་པར་དུ་ང་ཚོའི་ཆེད་དུ་རེད། མ་ཐ་ཡང་ང་ཚོས་འདི་ཤེས་དགོས་ཀྱི་འདུག རླབས་ཆེན་གྱི་ལག་རྗེས་ལ་ཡི་རང་བྱེད་མ་ཐུབ་ན་ཡང་འཁྱོག་བཤད་མ་བརྒྱབ་ན་བཟང་གི་མ་རེད་དམ། ཕྱོགས་གཞན་ཞིག་ནས་བཤད་ན་ཏ་ལའི་བླ་མ་ནི་བོད་མི་ཡོངས་ཀྱི་དཔྲལ་བའི་མིག་དང་ཁོག་པའི་སྙིང་རེད། བོད་ནང་གི་བོད་མི་ཚོའི་སེམས་ལ་ན་ཟུག་ཆེན་པོ་ཡོད་རེད། དད་མོས་ཀྱི་རྩ་བ་ནི་ཧ་ཅང་སྦོམ་པོ་རེད། དུས་རབས་འདིའི་ནང་བོད་མི་རིགས་ཀྱི་མཚོན་དོན་གཅིག་ལས་མེད། དེ་ཏ་ལའི་བླ་མ་རེད། ཁོ་གཅིག་པུ་དེ་རེད། ཡིན་ན་ཡང་ཁོང་སྒེར་བ་ཞིག་མ་རེད། བོད་མི་རིགས་ཀྱི་ངོ་བོ་མཚོན་བྱེད་ལ་ཏ་ལའི་བླ་མ་མ་གཏོགས་གཞན་སུ་གང་ཡང་ཡོད་མ་རེད། ཏ་ལའི་བླ་མ་ནི་ཁྱེད་ཚོའི་སེམས་ན་ཡོད་པའི་དེ་འདྲ་ཆུང་ཆུང་ཞིག་གཏན་ནས་མ་རེད། འཛམ་གླིང་གི་ཡུལ་གྲུ་གང་དུ་བོད་མི་གཅིག་མཐོང་ན་ཡང་མི་ཚོའི་སེམས་ལ་ཏ་ལའི་བླ་མ་ལྷང་ངེར་འཁོར་ཡོང་ངེས་རེད། ད་དུང་མུ་མཐུད་ནས་བཤད་ན། ཏ་ལའི་བླ་མའི་གནད་དོན་ནི་རྒྱལ་སྤྱིའི་གནད་དོན་ཅན་དུ་གྱུར་ཟིན་པ་རེད། འདོད་ཀྱང་མ་འདོད་རུང་ཁྱད་ཡོད་མ་རེད། མགོ་ནག་རྩམ་གཟན་ཡོངས་ནས་བོད་དོན་དེ་རྒྱལ་སྤྱིའི་སྡིངས་ཆ་འདིའི་སྒང་ལ་སྐྱེལ་བར་ཧུར་བརྩོན་བྱེད་ཀྱིན་ཡོད་རེད། དེའི་ཆེད་དུ་ག་རེ་ཡིན་ན་ཡང་བྱེད་ཀྱིན་ཡོད་རེད། རྒྱལ་སྤྱིའི་ཐོག་ནས་བཤད་ན་ཏ་ལའི་བླ་མའི་གནད་དོན་དེ་བོད་ཀྱི་གནད་དོན་ལས་ཆེས་པ་མེད་ན་ཡང་ཆུང་བ་ཡོད་མ་རེད། ངའི་སེམས་ལ་་ཏ་ལའི་བླ་མའི་མཚན་བྱང་དེ་ག་དུས་ཡིན་ན་ཡང་ང་ཚོས་འཁྱོག་གི་མེད་པའི་སྣང་བ་ཡོད། དེ་བས་ཀྱང་ཏ་ལའི་བླ་མ་ནི་མི་སྒེར་བ་ཞིག་གཏན་ནས་མ་རེད། བོད་མི་རིགས་ཀྱི་ལས་དབང་འདི་ག་དུས་ཡིན་ན་ཡང་ཏ་ལའི་བླ་མའི་ཕྲག་སྟེང་ན་ཡོད།
ཏ་ལའི་བླ་མའི་འཛུམ་ཟེར་གྱི་ཀློང་དང་མིག་ཆུ་ཡིས་འཚོ་བའི་ང་ཚོའི་ཁ་སྟབས་ནི་་ནམ་ཡང་འདི་འདྲ་ཞིག་རེད། སེམས་སྐྱོ་བ་ལ་ཚད་མི་འདུག
དྲ་གྲོགས་རྣམས་པས་དཔྱད་གླེང་གང་མང་གནང་བར་དགའ་པོ་བྱུང་།
ཨ་ཁུ་ཐུ་བ་ལགས། ང་དང་ངའི་གཅེས་ཕྲུག་ཚོ་བརྩེ་སེམས་མཚོ་ལས་ཟབ་པ་ཡོད། ཁོང་ཚོའི་དགའ་འཛུམ་དང་རེ་བའི་མིག་འབྲས་ཀྱིས་ང་དང་ང་ཚོར་བདེ་སྐྱིད་ཚད་མེད་སྦྱིན་ལ། ང་དང་ང་ཚོའི་བྱམས་བརྩེ་དང་། ལྷག་བསམ་གྱིས་ཁོང་ཚོར་ཕྲལ་ཕུག་གི་དྲོ་སྐྱིད་འབད་པས་སྦྱིན་བཞིན་པ་ཡིན།
ད་ཁྱེད་རང་འཁྲིས་ནད་ལྗིད་མོ་ཞིག་གིས་མནར་ཚར་འདུག་པས་དུས་ནམ་ཡང་དུང་དཀར་སེར་པོར་སྣང་གི་རེད།
རིག་ཡག་མ་ཨ་ཅེ་ཚེ་ལྷ།
ད་དུང་ཡང་རྩོམ་ཡིག་གི་ནང་དོན་ངོ་མ་དེ་མ་རྟོགས་པ་རེད་པས། ངའི་སེམས་ལ་ཁྱེད་ཀྱི་རྩོམ་ཡིག་གི་དུམ་བུ་བརྒྱད་པ་དེའི་རྒྱབ་ལྗོངས་གཞིར་བཟུང་སྟེ་སྡེ་ལངས་དགོས་པའི་ལྟ་ཚུལ་འཛིན་པ་རེད་སྙམ་བྱུང་ཡང་། ད་འོ་ན་དེ་ཡང་མིན་ན་འཇུ་ས་གཞན་རྙེད་པ་མི་འདུག ཏན་ཏན་རེད། དུམ་མཚམས་དེ་ཁ་གསལ་གཏིང་གསལ་དུ་བཏང་ནས་འགྲེལ་བརྗོད་ཅིག་བྱས་ཡོད་ན་ཐུ་བ་ང་འཁྲིས་པའི་ན་ཚ་ཕོག་གིན་མ་རེད་པྰ།
རིག་བཟང་མ། ད་ནི་ཕལ་ཆེར་ཁྱེད་ལ་ཡུལ་གྱར་བོད་མི་རྣམས་སྡེབ་ལངས་འོས་པའི་དེ་འདྲའི་ངར་ཚ་བོ་ཞིག་ལངས་དགོས་པའི་རྐྱེན་རྩ་རྒྱ་མིས་བཟོས་པ་ཞིག་མ་རེད། ལྗན་ལྗིན ་དང་ཟིང་ཟིང་གི་འདམ་ལ་ཟུག་པ་དང་། བག་མེད་རྣམ་གཡེང་གི་འཁོར་ཡུག་ན་བག་ལ་ཞ་བའི་རང་ཡུལ་གཏིང་བརྗེད་སོང་བའི་ཡུལ་འཁྱམས་ངེས་མེད་དུ་སྡོད་པ་ང་ཚོ་གཉིད་ལས་སངས་ཆེད་ཆུ་གྲང་མོ་ལྕོགས་གང་གདོང་ལ་བྱོ་དགོས་སྙམ་པ་ཨེ་རེད། རེད། དེ་ག་རེད།
གོང་དུ་ངས་བྱིས་པ་བསམ་མེད་དེ་ཚོས་ཁྱེད་ཀྱི་སེམས་དཀྲུགས་པ་རེད་ཅེས་ཕྲུ་གུ་ཆུང་ཆུང་ཚོའི་མགོ་ལ་བཞག་པ་རེད། དོན་དངོས་ཐོག་བྱིས་པ་དང་ཕྲུ་གུ་དག་མ་ཡིན་པར་དར་མ་དང་རྒན་པ་དག་རཏེད། ཁྱེད་དང་ང་འདྲ་བའི་ན་ཚོད་སྨིན་ཡང་བསམ་བློ་མ་སྨིན་པ་མང་པོ་ཞིག་གིས་ཁྱེད་ཀྱི་ཐུགས་ལ་ཡིད་ཆད་སེམས་ཕམ་གི་ངར་ཤ་དེ་ལངས་པ་རེད། རྐྱེན་དེས་ཁྱེད་ཀྱི་བྲང་ཁོག་ལ་མི་རིགས་དང་རྒྱལ་ཁབ་ཀྱི་ལ་ཞེན་ཟོལ་མེད་ཅིག་སྐྱེད་པ་དང་། ཡིན་གཅིག་ལྗན་ལྗིན་འདམ་ཉོག་ན་མ་མཐར་པའི་རུལ་གྲབས་ཡོད་པའི་རང་རིགས་རྣམས་ལ་རྣམ་ཤེས་གསར་པ་ཞིག་སྐྲུན་འདོད་པ་སེམས་ལ་རང་ཤར་དུ་གྲུབ་པ་རེད།
ཨ་ཅེ་ཚེ་ལྷ། ད་ངའི་འཁྲིས་པའི་ན་ཚ་འོ་ཙམ་མི་འདུག་གས། དུང་དཀར་སེར་པོ་མ་རེད་ཤག ཧཧཧ
ལགས། ལགས་སོ་ཨ་ཁུ་ཐུ་བ་ལགས།
དགེ་འདུན་རྒྱ་མཚོ་ལགས། ཁ་སྔོན་མཆན་ཚིག་བརྒྱ་དང་ལྔ་བཅུ་ང་ལྔ་པོ་ཀློག་ནས་སྐུ་རླུང་འཕར་འཇུག་འདུག། ཁག་མེད། ང་ནི་དུས་ཚོད་མང་པོ་དེ་འདྲ་མེད་པས་ཆ་ཚང་ཀློག་ཁོམ་མ་བྱུང་།
ང་རང་གི་སྐོར་ཞུས་ན་ང་རང་དུས་བབ་ཟིན་བྲིས་ནང་མ་བཞུགས་སྔོན་ནས་དཔྱད་བརྗོད་རྩོམ་ཡིག་མང་པོ་དུས་དེབ་དང་། ཚགས་ཤོག་ཁག་ནང་སྤེལ་གྱི་ཡོད། སྲིད་དོན་པ་ཟེར་བའི་ཚིག་དེ་མཁས་ཚ་པོ་འདུག། གཅིག་བྱས་ན་མགོ་བདེ་དྲན་འཁྲུལ་འཁྲབ་མཁན་འདྲ་པོ། ཡང་ཕྱོགས་གཞན་ཞིག་ནས་བལྟས་ན་བཙན་བྱོལ་བོད་མི་ཡོད་དོ་ཅོག་བོད་ཀྱི་ཆབ་སྲིད་ལ་དོ་ཕོག་བྱུང་ནས་གཞན་ཡུལ་དུ་གྱར་བ་ཡིན་སྟབས། བཙན་བྱོལ་བ་ཚང་མ་སྲིད་དོན་པ་རེད།
གཞན་ངས་ཀྱང་དེ་ག་རང་བསམ་གྱིས། སྐྱབས་མགོན་རྒྱལ་བའི་དབང་པོ་བོད་ལ་གདན་འདྲེན་ཞུ་ཐུབ་ན། ཕན་ཚུན་གཉིས་ཕན་གྱི་ལམ་དེར་རང་བཞིན་གྱིས་སླེབས་འགྲོ་ཡི་རེད་སྙམ།
སྲིད་དོན་པ་ཟེར་བའི་ཚིག་དེ་མཁས་ཚ་༼ཁྱད་མཚར་༽པོ་འདུག། སྲིད་དོན་པ་ཟེར་བའི་ཚིག་དེ་མཁས་༼ཁྱད་༽ཚ་༼མཚར་༽པོ་འདུག
མེ་ཏོག་དཀར་པོ་བསླེབས་འདུག
ཚེ་རིང་ལྷ་མོ་གཟུགས་མཛེས་མ། རང་གིས་བྱིས་པའི་རྩོམ་གྱི་ནང་དོན་ནི། མའོ་ཙེ་ཏུང་གིས་བྱས་རབས་ཁོ་ན་དང་མའོ་བྱས་རྗེས་ལ་སེམས་གཏིང་ནས་ཡིད་ཆེས་ཡོད་པ་ཞིག་མངོན་གྱི་འདུག སྔོན་མ་མའོ་དུས་རབས་དང་ད་ལྟའི་དུས་རབས་ཆ་ནས་གཅིག་པ་མ་རེད་མོས་འཛམ་གླིང་གི་གནས་བབ་དང་རྒྱ་ནག་གི་གནས་བབ་ཡང་གཅིག་པ་མ་རེད། བོད་མི་ཚོ་སྡེབ་ལངས་བྱེད་ཤོག་ཟེར་རང་དབང་ཡུལ་དུ་སྡོད་མཁན་ཚོས་ཁ་བདེ་པོ་བཤད་ཐུབ།
འོན་ཀྱང་བོད་ནང་དུ་སྡེབ་ལངས་བྱས་ན་མཇུག་འབྲས་གང་རེ་ཡོང་མིན་རང་གི་ཤེས་དགོས་པ་རེད། རང་ཡང་བོད་དུ་འཚར་ལོངས་བྱུང་བ་ཞིག་དང་རྒྱ་མི་རྒྱུས་ཡོད་པ་ཞིག་རེད་འདུག རྒྱ་ནག་གཞུང་གིས་༨༩ ལོའི་གནམ་སྡེ་སྒོ་མོ་ཆེའི་ཐང་ཆེན་ཐོག་དམངས་གཙོའི་སློབ་ཕྲུག་ཐོག་ལ་དྲག་གནོན་གང་འདྲ་བྱས་སོང།་དེ་ཚོ་ནི་རྒྱ་མི་རིགས་རེད། ࿊སོ་སོའི་མི་རིགས་ཐོག་ལ་སྙིང་རྗེ་སྤུ་ཙམ་ཡང་མེད་པ་སྡེབ་གསོད་བཏང་ཐུབ་དུས་མི་རིགས་གཞན་ཞིག་ལ་སྙིང་རྗེ་གང་ནས་ཡོང། མ་གཞི་ནས་ཁྱེད་རང་ཤོད་སྟངས་དེ་ནི། བོད་ནང་གི་བོད་མི་ཚོ་རྒྱའིགོ་མཚོན་གྱི་་ཁ་འོག་ཏུ་གཏོང་ཐབས་ཀྱི་ངན་སྐུལ་བྱེད་ཀྱི་མེད་དམ་བསམ་པའི་བློ་དོགས་འདུག བོད་དུ་ཡོད་པའི་བསམ་གླིང་ཟེར་མཁན་ཁྱིམ་ཚང་དེ་ནི་བསམ་བློ་དམར་པོ་དམར་རྐྱང་ཡིན་པ་གོ་མྱོང། ད་ལྟ་ཡིན་ནའང་བསམ་གླིང་གི་བརྒྱུད་པ་ཚོས་བོད་ནང་དུ་ལས་གནས་ནང་གོ་གནས་ཐོག་བསྡད་དེ་རྒྱ་གཞུང་ལ་བློ་དཀར་སེམས་དཀར་དང་བློ་གཅིག་སེམས་གཅིག་གིས་ལས་དོན་སྒྲུབ་མཁན་ཡིན་པ་བོད་ནས་ཡོང་མཁན་ཚོས་ཤོད་ཀྱི་འདུག ཁྱེད་རང་དེའི་བརྒྱུད་པ་མ་ཡིན་པའི་རེ་བ་ཡོད། མཐར་ཁྱེད་རང་གིས་སྤྱི་ཚོགས་དངོས་སུ་ཐོན་ནས་ཁ་ཡོད་ལག་ཡོད་ཀྱིས་བོད་མི་རིགས་དང་རྒྱལ་ཁབ་ལ་ཕན་པའི་བྱ་བ་སྒྲུབ་རྒྱུར་རྒྱབ་སྐྱོར་བྱ་རྒྱུ་ལས་བོད་ནང་གི་བོད་མིའི་ཚེ་སྲོག་ལ་གནོད་འཚེ་བཟོ་བའི་ངན་སྐུལ་རིགས་ལ་མཐའ་གཅིག་ཏུ་ངོ་རྒོལ་ཡོད།
དྲ་གྲོགས་ཀརྡོ་ལགས། དེ་རིང་རུ་ངར་སའི་བྱུང་ངོ།
ད་གང་བཤད་ཀྱང་࿂གོང་ས་མཆོག་གིས་གཙོར་བྱས་སྐྱབས་བཅོལ་བ་ཡོད་དོ་ཅོག་བོད་ལ་ལོག་འགྲོ་བའི་གོམ་བགྲོད་ཀྱི་ལས་འགུལ་ཞིག་སྤེལ་ན་ད་གཟོད་ང་ཚོ་ལེབ་ལེབ་བྱས་ནས་གྱང་ལ་སྦྱར་ན། ཡང་ན་རིལ་རིལ་བྱས་ནས་རྦབ་དུ་རིལ་ན་གཅིག་འགྲིག་འགྲོ་གི་རེ་བསམ། ལས་འགུལ་དེ་འདྲ་ཞིག་འགོ་ཚུགས་གང་ཡོད་པ་དེ་ཞལ་འདེབས་བྱེད་པ་དང་མཉམ་དུ་ཡོང་ངེས་ཡིན། དེ་མིན་སྟོད་ནས་མེ་གཅིག་འབར་བ་དང་སྨད་ནས་དུམ་སྐོར་ཞིག་ཡར་ལངས་བ་སོགས་ལ་འབྲས་བུ་མི་འདུག
ད་རུང་ཤོད་་་་ཁ་ཡག་ངོ་བསྟོད་ཤོད།
བོད་བཙན་པོ་ཟེར་བའི་མིང་ཅན་ཁྱོད། གཡག་ཞར་བས་རྩ་ཟས་པ་ལྟར་ཕྱོགས་གཅིག་མཐོང་གཉིས་མ་མཐོང་བ་ཁྱོད་ལ་བོད་བཙན་པོའི་མིང་བེད་སྤྱོད་བྱེད་པའི་ཐོབ་ཐང་མེད། མ་གཞི་ནས་མགོ་ཚོས་ནས་ཀླད་པ་ལྡག་དགོས། མིང་རྫུན་ཞིག་གི་འོག་ལ་གབ་ནས་གང་བྱུང་མ་ཤོད། རྩོམ་ཡིག་གི་སྔ་ཕྱི་བར་གསུམ་ལ་ལྟོས།
ངས་སྔ་ཕྱི་བར་གསུམ་གྱི་བསམ་གླིང་ཚེ་རིང་ལྷ་མོའི་རྩོམ་ཡིག་ཚང་མ་བཀླགས་པ་ཡིན།། ཁོང་གིས་བོད་ནང་གི་བོད་མིས་སྡེབ་ལངས་བྱེད་དགོས་གསུང་གི་ཨེ་ཡོད། དེ་ནི་བོད་བཙན་བྱོལ་དུ་ཡོད་པའི་བོད་མི་ཚོ་གང་མང་མཉམ་ཞུགས་ཀྱིས་བོད་ནང་གི་བོད་མིའི་མངོན་འདོད་ལ་རྒྱབ་སྐྱོར་མཚོན་ཆེད་སྡེབ་ལངས་བྱེད་དགོས་ཟེར་བ་འདྲ། དེ་ཡང༌། འཛམ་གླིང་ཡུལ་གྲུ་གང་ས་ནས་མཉམ་ཞུགས་བོད་མིས། མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྒོ་འགྲམ་དང༌། འགྲོ་བ་མིའི་ཐོབ་ཐང་ཚོགས་པ་ཁག་གི་སྒོ་འགྲམ། རྒྱ་ནག་གི་གཞུང་ཚབ་ཁག་གི་སྒོ་འགྲམ་སོགས་ལ་ངོ་རྒོལ་དང༌། ངོ་རྒོལ་དེ་ཡང་ཉིན་གཅིག་གཉིས་ཙམ་མ་ཡིན་པ། མཐའ་ན་སྦི་སྦི་སི་དང༌། སི་ཨན་ཨན་སོགས་རླུང་འཕྲིན་ལས་ཁང་གིས་བོད་ནང་དུ་གསར་འགོད་པ་གཏང་རོགས་ཞེས་འབོད་སྐུལ་ཞུ་བ། གཞན་ཡང་བོད་མི་མཉམ་རུབ་ཀྱིས་རྒྱ་གར་དང་བལ་ཡུལ་སོགས་གང་རུང་ནས་འགོ་འཛུགས་ཀྱིས་ཁ་བོད་ཏུ་ཕྱོགས་ནས་སྡེབ་ལངས་སོགས་ཀྱིས་མཚོན་པའི་ལས་འགུལ་སྤེལ་དགོས་གསུང་པ་འདྲ། ལས་འགུལ་དེ་ཡང་ཉིན་གཅིག་ཞག་གཅིག་ཙམ་མ་ཡིན་པར་ཉིན་ནས་བདུན་ཕྲག་དང༌། བདུན་ཕྲག་ནས་ཟླ་བ། ཟླ་བ་ནས་ལོ་བསྟུད་ནས་སྤེལ་དགོས་ཟེར་བ་འདྲ། ཨེ་རེད།
དྲ་གྲོགས་ བསམ་གླིང་ ཚེ་རིང་ ལྷ་མོ་ལགས། དང་། ཆུ་སྐྱེས་ སྒྲོལ་མ་ལགས། གཉིས་ནི། བོད་ཀྱི་ མཛངས་མ་ ངར་མ་ གཉིས་ལགས་སོ། །
བསམ་གླིང་མ། མི་ངན་སེམས་ནག་ཅན་འགས་ཁྱོད་ཀྱི་ལྟ་བ་དང་ལངས་ཕྱོགས། སེམས་ཤུགས་སོགས་ལ་འདྲ་མིན་བཅོ་བརྒྱད་ལབ་སོང་བས། གལ་སྲིད་ཉིད་ཀྱི་འདོད་ཐོག་དང་ལྟ་བ་ལ་མ་མཐུན་ན། ༼ དེ་རིང་ནས་བཟུང་ང་བོད་ཀྱི་རྩ་དོན་ལ་སེམས་ཤུགས་ཆག་སོང་ཟེར་ནི་ཞིག་གི་མི་འགྲོ་བའི་སྐུལ་མ་ཞུ།༽ དེང་སང་རང་ལྟ་མཆོག་འཛིན་པ་འགས་ཁོང་ཚོའི་འདོད་ཐོག་ལ་བདེན་ཁ་མ་སྟེར་ན་སེམས་ཤུགས་ཆག་སོང་ཟེར་ནས་བོད་དོན་ལ་ཡོལ་ཐབ་དང་ཡིབ་ཐབ་བྱེད་པའི་སྐྱེ་བོ་ཐ་ཆད་པ་དེ་འདྲ་རིག་རྒྱུ་དང་གོ་རྒྱུ་ཡོད་པས། དེ་ལྟར་ཞུས་པ་ཡིན། འདི་ཚོའི་རིགས་ལ་རུས་རྐང་ན་བོད་པའི་རྐང་ཞིག་དང་བློ་སེམས་ན་བཙན་པོའི་ཁྲག་ཞིག་མི་འདུག་ཡ། བུད་རྒོད་མ། ཤི་རེ་བྱས་ནས་བྲིས།
བསམ་གླིང་ལས་ཆུ་སྐྱེས་ཁ་བདེ་བ་འདུག དེ་འདྲའི་གསལ་བོར་ལབ་དང་། གཤོག་འོག་ལ་རླུང་བརྒྱབ་པ་ཙམ་གྱིས་ཕན་གྱི་མ་རེད། མཚམས་མཚམས་ལ་ཐབས་ཇུས་འགའ་རེ་ཡང་གསུངས་དང་། ང་ཚོའི་བསམ་བློ་དང་གྲོས་བརྡུར་བྱས་ན་འགྲིག་གི་རེད་པ། ག་དུས་ཡིན་ན་སྡེབ་ལངས་སྡེབ་ལངས་ཟེར། ཧོར་ཙང་པས་བཤད་ནས་ལོ་མང་བོ་འགྲོ་སོང་། ངོས་ནས་ཡིད་མི་ཆེས་པ་ཞིག་འདུག སྲིད་དོན་པ་འདི་ཚོར་ཞེད་ཀྱང་ཞེད་པ།
བསམ་གླིང་ལྷ་མོའི་དཔེར་མཚོན་འཇོག་ས་དེ་ཅུང་ཙམ་རང་ཉིད་ཀྱི་བསམ་ཕྱོགས་དང་མི་མཐུན་པའི་ཆ་ནས། རེ་ཞིག་དྲ་གྲོགས་གཞན་གྱི་གྲགས་འགུལ་ལ་ཉན་ནས་བསྡད་པ་ཡིན། དྲ་གྲོགས་ལ་ལས་ཚད་བརྒལ་བའི་འཕྱ་སྨོད་དང་སྒྲོ་འདོགས། ཡུལ་གྱར་གཞུང་འབངས་འདི་རང་ས་རང་ཡུལ་ལ་ལོག་འདོད་མེད་ཚུལ། ཐ་ན་དཔྱད་རྩོམ་མཁན་བསམ་གླིང་ལྷ་མའི་ཁྱིམ་གཞིས་དང་འབྲེལ་བའི་ངན་བཤད་སྣ་ཚོགས་པ་ཡོང་ཀྱིན་འདུག དེར་བརྟེན་བསམ་ཚུལ་རེ་འགའ་བཤད་འདོད་སྐྱེས་བྱུང་།
༡༽བསམ་གླིང་ལྷ་མའི་དཔེར་མཚོན་འཇོག་ཡུལ་དེ་ཁོ་བོས་ཅིས་ཀྱང་ངོས་ལེན་བྱེད་འདོད་མི་འདུག་སྟེ། ཡིན་ནའང་དོན་གྱི་རྩ་བ་ཡུལ་གྱར་གཞུང་འབངས་འདིའི་ནུས་ཤུགས་ཡོད་ཚད་འཐབ་རྩོད་གཅིག་གི་སྒང་ལ་སྤུངས་ཆེད། དབུ་བླ་མ་དང་དཔོན་པས་ཁྲིད་དེ་མི་མང་གི་སེམས་ཁམས་ཕྱོགས་གཅིག་ཏུ་བསྡུ་ཐབས་སམ། གཞིས་ལུས་མི་མང་གི་མངོན་འདོད་དེ་བསྒྲུབ་པར་ཡུལ་གྱར་གཞུང་འབངས་འདིའི་བློ་སེམས་རང་ས་རང་ཡུལ་ལ་ཕྱོགས་དགོས་བའི་འདོད་ཚུལ་འདི། ཅིས་ཀྱང་ཁས་ལེན་མི་བྱེད་ཐབས་མེད་རེད། བྱས་ཙང་དཔྱད་མཆན་པ་རྣམ་པ་ལྷན་རྒྱས་ནས་གཏམ་མ་བཤད་པའི་ཡར་སྔོན་ལ་བརྗོད་དོན་གསལ་བོ་ཞིག་ཧ་གོ་རྒྱུ་དེ་གལ་ཆེན་རེད།
༢༽ བསམ་གླིང་ལྷ་མོའི་འདོད་མོས་ལ་དགག་སྒྲུབ་བྱེད་ཁུལ་གྱིས་ཡུལ་གྱར་གཞུང་འབངས་འདི་གནས་སྟངས་ཞིག་གླེང་ཀྱིན་པ་ནི། རང་ས་རང་ཡུལ་ལ་ལོག་འདོད་ཡོད་མེད་ཀྱི་སྐད་ཆ་འདི་རེད། སྔོན་ཆད་ཐོག་མར་བཙན་བྱོལ་བོད་གཞུང་འདི་ཧི་མ་ལ་ཡའི་གྲང་ངར་བརྒྱུད་ཚ་བའི་ལུང་པ་འདི་སླེབས་དོན། བོད་རང་དབང་སླར་གསོ་སྒོས་རང་ས་རང་ཡུལ་ལ་ལོག་འདོད་ཁོ་ན་ལས་བསམ་རྒྱུ་གཞན་དང་དྲན་རྒྱུ་གང་ཡང་ཡོད་བ་མ་རེད། ག་ལེར་རྒྱལ་སྤྱིའི་རྒྱབ་སྐྱོར་དང་རོགས་སྐྱོར་ཅུང་ཙམ་ལ་བརྟེན་མཐུན་རྐྱེན་ཡག་ཙམ་དང་གྲོད་ཁོག་རྒྱགས་ཙམ་བྱུང་རྗེས། བཙན་བྱོལ་གཞུང་འབངས་འདི་བློ་རིག་གྲུང་ཙམ་དང་དྲན་རྒྱུ་རྒོད་པོ་ཆགས་བ་རེད། རྒྱལ་སྤྱིའི་སྒང་ན་སྐད་གྲགས་ཡོད་པའི་བོད་ཀྱི་བཟང་སྤྱོད་ཀྱི་ཆ་ནས་བཤད་ཀྱང་ཆོག དེ་མིན་བཙན་བྱོལ་བོད་གཞུང་འདིའི་སྒྲིག་འཛུགས་དང་མཐུན་རྐྱེན། ཐ་ན་མི་སྒེར་གྱི་དཔལ་འབྱོར་ཚུན་ཆད་ནས་འདྲ་འདྲའི་ནང་གི་མ་འདྲ་བ་ཞིག་ཆགས་དོན། གཞིས་ལུས་མི་མང་གི་དཀའ་སྡུག་རྒྱལ་སྤྱིའི་སྒང་ལ་བསྒྲགས་ནས་སློང་མོ་བྱས་བའི་འབྲས་བུ་ཡིན་པ། དོན་གྱི་རྩ་བ་འདི་མ་བརྗེད་རོགས་ཀྱིས།
ཕྱོགས་གཞན་ནས་ཁ་སང་དེ་རིང་བཙན་བྱོལ་བོད་གཞུང་གི་ལམ་ལུགས་འདི་དམངས་གཙོ་ཡིན་པའི་ཁུལ་རེད། ཚོགས་པ་ཁག་དང་མི་སྒེར་གྱི་འདོད་ཚུལ་དང་ལངས་ཕྱོགས་སོགས་གང་ཐད་ནས་རང་དབང་ཡིན། སུས་ཀྱང་བཀག་མི་ཆོག་ལ་ཐེར་གཏོགས་ཡང་བྱས་མི་ཆོག་པའི་ང་རྒྱལ་ཞིག་ཡོང་བཞིན་པ་རེད། ཕྱུགས་བདག་ཡིན་ནའང་འདྲ། དཔོན་ཆེན་ཡིན་འདྲ། བླ་ཆེན་ཡིན་ནའང་འདྲ། དམངས་གཙོ་ལུང་བ་འདིའི་ནང་སྣ་ཐག་གིས་བཟུང་ནས་རང་ས་རང་ཡུལ་འདྲུད་མཁན་ཡོད་བ་མ་རེད། འོན་ཀྱང་། བསམ་གླིང་ལྷ་མོས་འདོད་པ་ཇི་བཞིན་༧གོང་ས་མཆོག་རང་ས་རང་ཡུལ་ལ་གདན་འདྲེན་བྱེད་རྒྱུ་དེ། བཙན་བྱུང་གཞུང་འབངས་འདིའི་རྩ་དོན་ཡིན་ལབ་ཀྱིན་ཡོད་བ་རེད་ལ། གཞིས་ལུས་མི་མང་གི་རང་ལུས་མེར་བསྲེགས་ཀྱི་དགོས་འདུན་ཡང་དེ་ག་རང་རེད། དེར་བརྟེན་བཙན་བྱོལ་བོད་གཞུང་འདིའི་གོམ་ཁ་རང་ས་རང་ཡུལ་ལ་བསྒྱུར་དགོས་བ་མིན་འགྲོ། དེ་ཡང་མ་རེད་ཟེར་ན། བསམ་གླིང་ལྷ་མོས་སྐད་ཆ་འདི་བཞིན་༼མཇུག་བསྡུ་བའི་དོན་སྙིང་གཙོ་བོ་ནི་ད་ཆ་སྡེབ་ལང་ལས་གཞན་པའི་ཤུགས་རྐྱེན་ཐེབས་ཐུབ་པའི་ཐབས་ཤེས་ལེགས་པ་ཞིག་ཡོད་ན་དེ་ལ་གྲོས་གླེང་གནང་རོགས་ཞུ་རྒྱུ་ཡིན།༽གནས་ལུགས་རེ་བཤད་རོགས།
༣༽བསམ་གླིང་ལྷ་མོའི་བསམ་སྤྱོད་དང་འབྲེལ་བའི་སྐད་ཆ་གཞན་ཞིག་སྟེ། ཡུལ་གྱར་གཞུང་འབངས་འདི་སྡེབས་ལངས་ཀྱིས་རང་ས་རང་ཡུལ་ལ་ཕྱོགས་ཉིན། དགེ་འདུན་རྒྱ་མཚོ་འབོད་པས་ཁོ་བོ་དེའི་གྲལ་ལ་ཡོང་ཁོ་ཐག་ཡིན། བསམ་གླིང་མ་ཁྱོད་ལ་བློ་སྤོབས་དེ་ཡོད་དམ་ཟེར་བའི་དྲི་བ་ཞིག་འདུག དོན་དངོས་ནས་བཤད་ན་བསམ་གླིང་ལྷ་མོ་ཡང་དེ་འདྲའི་སྡར་མ་ཞིག་བྱབ་ཆུང་ཞིག་མ་རེད་བསམ་ཀྱིན་ཡོད། རྒྱུ་མཚན་བསམ་གླིང་ལྷ་མོས་ང་ཚོས་དྲན་མ་མྱོང་བ་ཞིག་བསམ་བསྡད་ཡོད་པའི་གནད་དོན་དེ། ཡུལ་གྱར་གཞུང་འབངས་འདིས་འཚེ་བ་མེད་ཞུ་བ་ཟེར་བའི་སྐད་ཆ་འདི་ཁ་ནས་ལབ་རྒྱུ་ཞིག་མ་རེད། ལག་ལེན་གྱི་སྟེང་ལ་འབབ་དགོས་ཀྱིན་འདུག་བསམ་ནས་བསྡད་ཡོད་མཁན་ཞིག་རེད། དེར་བརྟེན་བོད་མི་མང་ཐོན་ས་ལ་བསམ་གླིང་ལྷ་མོ་གྲ་སྒྲིག་ཨང་གསར་ཡོད་དང་ཡོད། གཞན་བསམ་གླིང་མོའི་ཁྱིམ་གཞིས་འབྲེལ་བའི་ངན་བཤད་དེ་ཚོ་ལ་ལན་འདེབས་དོན་མི་འདུག
༤༽རྒྱ་ནག་གུང་ཁྲན་གྱི་སྔོན་ཆད་སྡེབས་གསོད་བྱས་བ་རེད། ད་ལྟ་ཡང་བྱེད་སྲིད་པའི་བསམ་ཚུལ་ལ་ལན་གཅིག་བཏབས་ཚར་ཡོད། དེ་ལྟར་གྱིས་ཤིག
དེ་རིང་ངའི་གྲོགས་མོ་ཆོས་སྐྱིད་་སྒྲོལ་མ་ལགས་འདི་གར་ཕེབས་པར་ཧ་ཅང་དགའ་པོ་བྱུང་། ཀརྡོ་ལགས་དང་གནམ་ལགས་ཟབ་ཟབ་གནང་མ་གཏོགས་འདྲེ་རྐང་ཐོ་ལགས་བསམ་གླིང་ཕོ་བྲང་གི་སྒོ་འགྲམ་དུ་དབྱུག་པ་ཞིག་ཉར་བསྡད་འདུག་གོ། གྲི་མེ་མདའ་འཁྱེར་ནས་ཡོང་མཁན་དེ་ཚོ་ཡར་བཏང་། ཟུ་བོར་ཡོང་མཁན་དེ་ཚོ་ཐོ་འགོད་བྱས་ནས་རྗེས་མ་ཤ་ཆང་སྐལ་བ་བཅད་ཀྱི་ཡིན་ཟེར་གྱི་འདུག་ག། ནག་ཐར་སྐྱིད་ལགས་དེ་རིང་བློ་ཁོག་ཏོག་ཙམ་ཆེ་རུ་ཕྱིན་འདུག། ཧ་ཧ་ཧ་ཀུ་རེ་ཞུས་པ་ཡིན་མ་གཏོགས་དྲ་གྲོགས་རེ་གཉིས་ཀྱིས་མིང་འདྲ་མིན་འོག་ནས་གུས་མོར་མཐོ་འཚམས་པ་བྱེད་དུ་ཡོང་བ་ངས་ཤེས། ལྷག་པར་དུ་མི་དེ་ཚོ་ལས་མཐུ་བ་ང་རང་གིས་མཐོང་མྱོང་། གང་ལྟར་དྲ་གྲོགས་ཚོས་རྩོམ་གྱི་ནང་དོན་རྟོགས་ལ་མ་རྟོགས་ཀྱིས་དུས་ཚོད་མང་པོ་དེ་འདྲ་བཏང་། མཆན་མང་པོ་དེ་འདྲ་བརྒྱབ་པ་ཙམ་གྱིས་གུས་མོ་འདོད་པ་རྦད་དེ་ཚིམས་སོ། ཚང་མར་ཐུགས་རྗེ་ཆེ་ཞུ་བ་ཡིན།
ཀརྡོ་དང་་་་་་་་ལགས་གཉིས་གཟབ་གཟབ་བྱས་ནས་བསྡད་ཡོད་དོ། །
བསམ་གླིང་ཚེ་རིང་ལྷ་མོ་ལགས། ངས་ཁྱེད་རང་སྲིད་དོན་པའི་གྲལ་དུ་འཚང་གིན་འདུག་ཅེས་ལབ་པ་ལས་སྲིད་དོན་པ་རེད་ཅེས་ཐག་བཅད་ནས་ལབ་མེད། ཁྱེད་རང་གོ་ནོར་ཐེབས་བྱ། ཁྱེད་ཀྱིས་ཀྱང་སྲིད་དོན་པ་ལབ་ན་མཁས་ཚན་རེད་ཟེར། ཕྱོགས་གཅིག་ནས་བཤད་ན་བཙན་བྱོལ་བོད་མི་ཡོད་དོ་ཅོག་སྲིད་དོན་པ་རེད་ཟེར། དེ་བས་ཀྱང་ཁྱད་ཚར་མ་རེད་དམ། རྗེས་མ་ནས་སྐད་ཆ་ནང་འགལ་ཅན་དེ་འདྲ་མ་བཤད་རོགས། ཚིག་གི་མགོ་སྔ་བཅོས་དགོས་ན་དཔྱད་བརྗོད་པའི་བཟོ་ལྟ་ཤོར་ཡོང་། ཀུ་རེ་ཡིན། ཁྱེད་ཀྱི་སྡེབ་ལངས་དེར་ཆུ་སྐྱེས་སྒོལ་མས་འགྲེལ་བཤད་གཞན་ཞིག་བརྒྱག་གིན་འདུག དེ་དངོས་གནས་བདེན་པ་རེད་དམ། ཆུ་སྐྱེས་སྒྲོལ་མ་ཁྱོད་ཀྱི་རྒྱབ་རྩར་ལངས་པ་དེར་ཁྱོད་ཀྱི་མོས་མཐུན་བྱེད་ཐུབ་བམ། ཁྱོད་གཉིས་ཀྱི་དགོངས་ཕྱོགས་གཅིག་པ་རེད་དམ། ནགས་ཐར་སྐྱིད་ལ་སྙིང་བོ་མི་འདུག ཕོ་ལུས་མོ་ལུས་རེད། ང་ཚོ་སོ་སོའི་སྒོ་ནང་ནས་ལངས་ཏེ་སྐད་བརྒྱབ་ན་འགྲིག་གི་རེད་དམ། བོད་ལ་མ་སོང་ན་ཡང་འགྲིག་གི་ཡོད་བཟོ་འདུག ཡང་ན་གཞུང་ཚབ་སོ་སོའི་སྒོ་ལམ་ནས་སྐད་བརྒྱག་དགོས་པ་རེད་དམ། ཕྱི་རྒྱལ་ཡུལ་གྲུ་གང་དུ་བོད་པ་ཡོད་ན་སུམ་བཅུ་དུས་དྲན་སྲུང་རྩིས་ཞུ་གི་ཡོད་རེད། དེ་ཉིན་གཅིག་དུས་གཅིག་གི་སྡེབ་ལངས་ལ་མི་རྩི་དོན་ཅི་ཡིན་ནམ། དེ་འདྲ་ཡིན་ན་སྡེབ་ལངས་དེ་ང་ཚོས་ནམ་རྒྱུན་བརྒྱག་གི་ཡོད་རེད། མོ་ད་ལྟའི་བར་དུ་གང་ནས་གཉིད་བསྡད་པ་ཡིན་ནམ། དགེ་རྒན་གསར་རྙིང་དང་ཁྱེད་གཉིས་ཀྱི་པར་ན་དགེ་རྒན་གསར་རྙིང་དང་། ཡང་ན་རྩོམ་པ་པོ་དང་སྙན་ངག་པ་གཉིས་ཀྱི་ཁྱད་པར་ཡོད་པ་འདྲ། དེས་ཀྱང་ཡིན་སྲིད། བསམ་ཚུལ་དང་འགྲེལ་ཚུལ་ཁ་ཁ་རེད་འདུག ཤར་དང་ནུབ་ཀྱི་ཁྱད་པར་འདུག ཁྱོད་ཀྱིས་བལྟས་ན་ང་ཚོ་ལ་ཤི་གསོན་གྱི་དཀའ་ངལ་ཅི་ཞིག་ཕྲད་ཀྱང་རང་ཉིད་ཚུར་ཡོང་བའོི་ལམ་ཁ་དེ་དེད་ནས་ཕྱིར་འགྲོ་དགོས་པ་རེད་དམ། བོད་ནང་གི་བོད་མི་ཚོས་ཅི་ལྟར་བྱེད་དགོས་སམ། ཨ་རི་དང་ཡུ་རོབ་སོགས་ནང་དུ་འདུ་ཡོད་དམ། ང་ཚོ་གང་དུ་འཛོམས་དགོས་པ་དང་མགོ་གང་ནས་འཛུགས་དགོས་པ་རེད། ད་དུང་རྒྱལ་བ་རིན་པོ་ཆེ་དང་བཙན་བྱོལ་དབུ་ཁྲིད་ཚོས་དབུ་ཁྲིད་དགོས་ཀྱི་ཡོད་པ་རེད་དམ། མགོ་ཁྲིད་མཁན་དང་གོ་སྒྲིག་བྱེད་མཁན་མེད་ན་འགྲིག་གི་རེད་དམ། དེ་ལ་སྔོན་འགྲོའི་ཆ་རྐྱེན་ཅི་ཞིག་དགོས་པ་རེད་དམ། སེམས་ཤུགས་དང་སྙིང་སྟོབས་གཅིག་བུས་འགྲིག་གི་རེད་དམ། དུས་ལ་བབས་ན་རང་བཞིན་གྱིས་ཤེས་འགྲོ་གི་རེད་དམ། དེ་མིན་ན་མ་ཐ་ཡང་འདི་འདྲ་ཞིག་གྲ་སྒྲིག་བྱེད་དགོས་ཅེས་ཞལ་གསལ་ནས་གསུང་རོགས་གནང་། ངས་ཁྱོད་དང་ཁྱོད་ཀྱི་ཉེ་ས་ན་གནས་པའི་མི་དེ་ཚོའི་སྐད་ཆ་ལ་སྒུག་ནས་བསྡད་ཡོད། སྔོན་ཆད་སྒོ་དྲུག་སྐལ་བཟང་གིས་འབོད་སྐུལ་ལས་ལྡི་ལི་ལ་མི་ཁྲི་གཉིས་འཛོམས་པ་དེ་ཁྱེད་ཀྱིས་བརྗེད་ཡོད་རྒྱུ་མ་རེད། གཅིག་བྱས་ན་ཁྱོད་ཀྱིས་ཀྱང་དེ་འདྲའི་འཆར་གཞི་ཟབ་མོ་ཞིག་གཏོང་གི་ཡོད་མི་སྲིད་པ་མིན། འཆར་གཞི་དང་གདེངས་ཚོད་མེད་པར་ཁྱོད་ཀྱིས་རྩོམ་ཡིག་དེ་འདྲ་འབྲི་སྲིད་ཀྱི་མ་རེད། ཁྱེད་རང་སྔར་ནས་དཔྱད་རྩོམ་འབྲི་མཁན་ཞིག་ཡིན་པ་རང་གིས་ཁས་བླངས་སོང་ང་། དཔྱད་པ་བཏང་ནས་བྲིས་པའི་རྩོམ་ལ་མཐའ་སྐྱེལ་བར་ང་ལ་ཡིད་ཆེས་ཡོད། མའོ་ཙེ་ཏུང་གིས་འཐབ་རྩོད་ལ་རང་གིས་དཔེར་གསུངས་སོང་། དེ་འདྲ་བོ་རེད། བལ་ཡུལ་དུ་མའོ་པ་ཀྲེ་བཙུགས་པ་རེད། དེ་ཡང་དེ་འདྲ་ཞིག་རེད། ང་ཚོས་ཤེས་དགོས་པ་ཞིག་ལ་ཡུལ་དུས་དང་། འཁོར་ཡུག སྤྱི་ཚོགས་བཅས་ལ་ལྟ་དགོས་ངེས་རེད། འདྲ་བོ་ཐམས་ཅད་དངོས་ལ་འཁྲུལ་ཉན་གི་མ་རེད། མའོ་ཙེ་ཏུང་གི་ཐབས་ཇུས་ལས་ང་ཚོ་ལ་བསླབ་བྱ་ལེན་རྒྱུ་ཅི་ཡང་མེད། གྲི་རྙིང་བར་རྣོ་ཡོད་མ་རེད་དོ། ཁྱེད་པར་དུ་ཁྱེད་ཀྱི་ཤིང་གྲི་ལ་རྣོ་དཔལ་ཅི་འདྲ་ཡོད་དམ་ཐེ་ཚོམ་རེད། ང་ཡིད་ཆེས་མ་སོང་། བློ་འཁེལ་ཐུབ་པའི་རྒྱུ་མཚན་གཅིག་ཡོད་ན་ཅི་མ་རུང་། མ་གཞི་ནས་ང་ཡང་སྡེབ་ལངས་ལ་དགའ་བོ་ཡོད། ཡིན་ན་ཡང་རང་གིས་བཤད་པའི་སྡེབ་ལངས་དེ་ངས་མགོ་ཚོས་མ་སོང་། ང་ཚོས་བློས་བཏང་ཆེན་པོ་ཞིག་མ་བྱས་པར་དམིགས་ཡུལ་དེ་འགྲུབ་རྒྱུ་མིན་པ་ཚང་མས་ཧ་གོ་གི་ཡོད་རེད། ཡིན་ན་ཡང་ང་ཚོ་ལ་འཐབ་པའི་སྒོ་དང་ཁ་ཕྱོགས་གསལ་བོ་ཡོད་མ་རེད། རང་བཙན་ནི་བག་ལ་ཞ་བ་དང་འབྲེལ་མོལ་ནི་རྩ་ཐག་ནང་བཞིན་ཆད་ཟིན་པ་རེད། ད་ཐབས་ལམ་གསར་བ་དང་ལམ་སྟོན་བྱེད་མཁན་ཡོད་མ་རེད། དྲ་འབུ་ཚོ་ཡང་ནག་ཁུང་ནང་གི་ལག་རྙོབ་རང་རེད། ཁྱོད་ཀྱིས་བཤད་པ་ལྟར་ད་མི་དམངས་ཀྱི་ངོས་གནས་སྡེབ་ལངས་བྱེད་ན་མ་གཏོགས་ཐབས་ཤེས་མི་འདུག་སྙམ་ཡོད་། ཁྱོད་ཀྱིས་ལམ་སྟོན་གྱིས་སྒྲོན་མེ་ཞིག་སྦར་རྩིས་ཡོད་ན་གང་མགྱོགས་སྦར་རོགས་གནང་། ང་དང་ངའི་གྲོགས་པོ་ཚོས་སྒུག་ནས་ཡོད། ང་ནི་ནམ་ཡང་ཆུ་སྣ་གར་འཁྲིད་ཡིན། རང་གིས་ལྷ་ས་བར་དུ་འཁྲིད་རོགས་གནང་། ཐུགས་རྗེ་གཟིགས།
དེ་རིང་གུས་མོས་ཞོགས་པའི་འཁྲུས་དང་མཆོད་འབུལ་ཞོགས་ཟས་སོགས་ཚར་རྗེས་བསམ་གླིང་ཕོ་བྲང་གི་སྒེ་ཁུང་ནས་ཕྱིར་གཙིག་བལྟས་པ་ཡིན། ཡང་ནད་མ་འཁྱོག་མཁན་ཞྀག་མིང་ངོ་མ་ཡོད་མདོག་མདོག་གིས་མཆེ་བ་བཙེགས། སྡེར་མོ་བརྡར་ནས་ཡར་འཛུལ་ཐབས་བྱས་པ་མཐོང་བྱུང་། ཧེ་ཧེ་ཀུ་རེ་ཡིན། ཁྱེད་རང་གིས་ཡང་བསྐྱར་རྙོག་བཤད་ལུང་པ་བསྒང་བྱས་ཤག། དོན་ངོ་མ་བཤད་ན་ཆུ་སྣ་གར་འཁྲིད་མ་གནང་། གོང་གསལ་ང་ལ་དྲིས་པ་དེ་ཚོར་སོ་སོའི་ཀླད་པ་དཀྲུགས་ཏེ་བསམ་བློ་གཏོང་། ངའི་འདོད་ཕྱོགས་དེ་གཅིག་ནས་ཆེད་རྩོམ་འདིའི་ནང་མིང་བྱང་བྲིས་ཡོད་པའི་རྩོམ་རྣམས་ཀློག། ད་དུང་དགོས་ན་ཁྱོད་ཀྱི་དྲ་བའི་ཁ་བྱང་ང་ལ་གཏོང་། ཁ་སྔོན་དུས་བབ་ཀྱིས་ང་ལ་དྲི་བ་ཁག་ཅིག་གནང་སོང་། དེ་བཅོས་མེད་ཚིག་དོན་གང་ཡོད་ཀྱི་མ་ཕྱི་དེ་ངས་ཁྱེད་ལ་གཏོང་ཆོག།
སྡེབ་ལངས་ཀྱི་ཚོགས་གཙོ་བསམ་གླིང་ལགས་དང་པོ་ནས་ཡིན་པ་ལ། ད་དགེ་འདུན་རྒྱ་མཚོ་ལགས་ཚོགས་གཞོན་ལ་བསྐོར་ཡོད་པས་ཀུན་གྱི་བརྩི་བཀུར་བྱས་ནས་ཤོད་ཅིག ལོངས་ཤོག ལོངས་ཤོག་ མི་མངས་སྡེབ་ལངས་ལོངས་ཤོག
ཀརྡོ་ལགས་ད་དུང་སྒོ་འགྲམ་ལ་བཞུགས་འདུག་ག། ངས་ཁ་སྔོན་ནས་བཤད་ཡོད་ཧ་ཅང་གི་གསལ་པོ་བྲིས་ཡོད་། ལས་འགུལ་དེའི་གྲས་མི་སྒེར་པ་ཕར་བཞག་ཚོགས་པ་གཅིག་གཉིས་གསུམ་བཞིས་སྣེ་འཁྲིད་ཀྱང་ཕན་ཐོགས་ཀྱི་མ་རེད་བསམ་གྱིས། གལ་སྲིད་བོད་ནང་གི་མེར་བསྲེགས་ལས་འགུལ་ལ་གདུང་སེམས་ངོ་མ་བྱེད་འདོད་དང་། རྩ་དོན་ངོ་མ་ལག་ཏུ་ལེན་འདོད་ན་གཞུང་དམངས་ལོག་ནས་སོ་སོའི་མངོན་འདོད་སོ་སོའི་ལུང་པ་ནས་རྩོད་རྒྱུ་དེ་རེད། བློས་གཏོང་དེ་འདྲ་ཞིག་བྱེད་མ་ཐུབ་ན་ཡང་བསྐྱར་ལམ་གཞན་འཚོལ་རྒྱུ་ཡོད་པ་རེད། ད་དུང་ཚིག་སྐྱོན་དང་ཀླན་ཀ་འདྲ་འཚོལ་འདོད་ཡོད་ན་མ་གཏོགས་སྔ་ཕྱི་བར་གསུམ་གྱི་རྩོམ་ཡིག་དེ་དག་ལས་གསལ་པོ་རྟོགས་ངེས་ཡིན།
རང་གིས་གཟིགས་སའི་བསམ་གླིང་ཟེར་བ་དེ་ཕོ་བྲང་རེད་དམ། བསམ་གླིང་མོ་བྲང་རེད། གང་ལྟར་ཡང་ངའི་དྲ་བའི་ཁ་བྱང་དེ་རང་ལ་སྤྲད་མི་ཉན། གསལ་བོར་མ་ཞུས་ཀྱང་རང་གི་སེམས་ན་གསལ་བོར་ཡོད་རེད། སྐད་ཆ་ཡོད་ན་མི་ཡོད་ས་ནས་ཤོད། ལྐོག་ལྐོག་སིལ་སིལ་ལ་ང་དགའ་བོ་མེད། ཡེ་གེ་ཡོད་ན་འདིར་མ་བཀོད་དོན་ག་རེ་ཡིན་ནམ། ཚིག་ཉུང་ལ་དོན་བསྡུས་པའི་སྐད་ཆ་གསལ་བོ་ཞིག་གསུང་དང་། དཔའ་བོ་བྱེད་རྒྱུ་དང་སྲོག་ལ་འཛེམས་རྒྱུ་གཉིས་ཡོད་མ་རེད། ཞེད་ཀྱི་འདུག་ན་ཁ་ལག་ལ་བདག་པོ་རྒྱོབས། ངས་བལྟས་ན་ད་ལྟ་ནས་ཁྱོད་གཡོལ་རྩིས་ཡོད་པ་འདྲ། སུས་ཀྱང་སྣེ་འཁྲིད་མི་ཐུབ་པའི་སྡེབ་ལངས་ཤིག་གང་ན་ཡོད། མའོ་ཙེ་ཏུང་གི་《མེ་སྟག་གིས་རྩ་ཐང་བསྲེགས་པའི་》རྩོམ་ཡིག་ནང་བཞིན་ཁྱོད་ཀྱིས་ཀྱང་འཁན་ཁུར་ཡོད་པའི་རྩོམ་ཡིག་སྐད་གྲགས་ཅན་ཞིག་ཕྲིས་དང་ངས་ཀྱང་རྒྱབ་སྐྱོར་བྱེད་ངེས་ཡིན། རིག་བཟང་མ་ཞི་རེ་བྱོས། བོད་ཀྱི་མཐའ་མཚམས་ལོ་རྒྱུས་ཐོག་བུད་མེད་དཔའ་བོ་བྱུང་མྱོང་ཡོད་རེད་ལ། རྒྱལ་ཁབ་སྐྱོང་བའི་མཛངས་མ་ཡང་བྱུང་མྱོང་བ་རེད། སྔོན་གྱི་རྒྱལ་བོ་གྲགས་པའི་གཟིགས།།ངག་གི་རང་བཞིན་མེ་ལོང་འཐོབ།། དེ་དག་ཉེ་བར་མི་གནས་ཀྱང་།།རང་བཞིན་ཉམ་པ་མེད་ལ་ལྟོས།། བོད་ཀྱི་ལོ་རྒྱུས་ཐོག་འགོད་རུང་བའི་མཛངས་མ་ཞིག་གི་བྱས་རྗེས་ལ་ཡི་རང་དང་ཁྱོད་ཀྱི་རླབས་ཆེན་གྱི་སྙིང་སྟོབས་དེ་ནམ་ཡང་མི་ནུས་པར་གྱུར་ཅིག ཞུ་གི་ཡིན། ད་དུང་ཁ་སྣོལ་དུ་ཞུ་བ་གཅིག་ཡོད། སྡེབ་ལངས་ཁྲོད་བོད་མི་སུམ་ཆའི་གཅིག་གསད་ཀྱང་ང་ཚོར་རང་བཙན་དང་ཡང་ན་རང་སྲིད་རང་སྐྱོང་གི་གནས་བབས་རེག་ན་འགྲིག་ཡོད་རེད། མི་གཅིག་གིས་མི་གཉིས་ལ་ཁེ་ཕན་སྒྲུབ་པ་རེད། དེ་འགྲོ་ལུགས་དང་མི་མཐུན་པ་ཞིག་མ་རེད། དམར་དམག་རྒྱང་བསྐྱོད་ཀྱི་ལོ་རྒྱུས་ལས་ཁྱོད་ཀྱིས་ཀྱང་བསླབ་བྱ་ངེས་ཅན་ཞིག་ལེན་ཐུབ་ཀྱི་རེད། རྒྱ་མི་བོད་ལ་ལས་སླ་བོ་ཡོང་ཡོད་པ་མ་རེད། ཕྱིར་ཕུད་པ་ལ་ཡང་ལས་སླ་བོ་ཡོད་མ་རེད། སྔོན་ཆད་རྩ་ལྷམ་གྱོན་ནས་ཡོང་བའི་སྐབས་འགོག་ཐུབ་ཡོད་མ་རེད། དེང་རབས་ཀྱི་གོ་ཚོན་ཆ་ཚང་ལྡན་པའི་སྐབས་འདིར་སྡེབ་ལངས་གཅིག་བུས་ཕན་གྱི་རེད་དམ། ཆབ་སྲིད་ནི་གཏིང་ནག་པོ་རེད། བསམ་བློ་ཞིབ་ཚགས་པོ་གཏོང་དགོས་ཡ།
ཨ་རོ་དགེ་འདུན། ལྷ་མོ་དང་ཁྱོད་གཉིས་ཀྱི་ཁ་བརྡ་གཏིང་ཟབ་ས་ནས་བསྔོག་གི་ཡོད་ས་རེད། དེའི་ཧ་མི་གོ་གི ། རིག་བཟང་མ་ཞི་རེ་བྱོས། བོད་ཀྱི་མཐའ་མཚམས་ལོ་རྒྱུས་ཐོག་བུད་མེད་དཔའ་བོ་བྱུང་མྱོང་ཡོད་རེད་ལ། རྒྱལ་ཁབ་སྐྱོང་བའི་མཛངས་མ་ཡང་བྱུང་མྱོང་བ་རེད། སྔོན་གྱི་རྒྱལ་བོ་གྲགས་པའི་གཟིགས།།ངག་གི་རང་བཞིན་མེ་ལོང་འཐོབ།། དེ་དག་ཉེ་བར་མི་གནས་ཀྱང་།།རང་བཞིན་ཉམ་པ་མེད་ལ་ལྟོས།། བོད་ཀྱི་ལོ་རྒྱུས་ཐོག་འགོད་རུང་བའི་མཛངས་མ་ཞིག་གི་བྱས་རྗེས་ལ་ཡི་རང་དང་ཁྱོད་ཀྱི་རླབས་ཆེན་གྱི་སྙིང་སྟོབས་དེ་ནམ་ཡང་མི་ནུས་པར་གྱུར་ཅིག
ས་རྐོ་རྡོ་སློག་མང་ཙམ་བྱེད་ན་གསེར་ལྷང་ལ་འབུད་གི་རེད། ཤུགས་རྒྱོབས།
ལགས་རེད། བློ་བཟང་ཆོས་འབྱོར་ལགས། ཁྱེད་རང་གཟིགས་དང་། ཁོང་ཚོས་ལྷ་ཡིན་ཟེ་གཅིག་ཕེབས། ཡང་འདྲེ་ཡིན་ཟེ་གཅིག་ཕེབས། གང་ལྟར་དོན་ངོ་མ་འདྲེ་དེ་ལ་ཕན་པའི་གཏོར་མ་ཞིག་གཡུག་རོགས་བྱས་ན་བསམ་པ་རེད། རེད་མི་འདུག་གམ་ལགས། ཡ་ཡ། དགེ་འདུན་རྒྱ་མཚོ་ལགས། ད་གིན་ངས་ཞུས་སོང་ང། མཆེ་བ་བརྡར། སྡེར་མོ་བརྡར། མིས་ཕར་གཡུག་པའི་དབྱུག་པ་དེ་ཚུར་སྒྲུགས་ནས་གང་ལྟར་བསམ་གླིང་ཕོ་བྲང་གི་སྒོ་འགྲམ་ནས་སྐད་བརྒྱབ་ཀྱིན་བསྡད་འདུག། ཁྱོད་རང་ལ་དགོས་པའི་གཏོར་མ་དེ་ད་དུང་ཐོབ་མ་སོང་ངམ་ལགས།
དགེ་འདུན་རྒྱ་མཚོ་དང་ཨ་ཅེ་ལྷ་མོ་གཉིས་སྲོལ་རྒྱུན་སྙན་ངག་ལ་བྱང་ཆུབ་པར་མ་ཟད་རྣམ་པ་གཉིས་ཀྱི་བགྲོ་གླེང་དེ་ཡང་གོ་དོན་ཟབ་ས་ནས་སྔོག་གི་འདུག །ཞི་རེ་བྱོས།
བསམ་གླིང་ཚེ་རིང་ལྷ་མོ་ལགས་ཀྱིས་ཡག་པོ་བྲིས་འདུག དགོངས་པ་གཏིང་ཟབ་པོ་བཞེས་འདུག ད་ལྟ་ང་ཚོས་བདེན་དོན་འཐབ་རྩོད་ཀྱི་གྲུབ་འབྲས་སླེབས་སྟངས་སྐོར་བཤད་ཀྱི་ཡོད་པ་རེད། དེ་ལ་བོད་ནང་གི་རང་ལུས་མེར་བསྲེགས་ལས་འགུལ་འདི་གླེང་གི་ཡོད་པ་རེད། བཙན་བྱོལ་གཞུང་མང་གིས་ད་ཅི་ཞིག་བྱེད་དགོས་པའི་སྐོར་གླེང་བཞིན་པ་རེད། དེ་ཡིན་ཙང་། ཟས་བཅད་ངོ་རྒོལ་དང་། མར་མེ་ཁྲོམ་སྐོར། ས་རྟགས་བསྡུ་རུབ། སྐད་འབོད། སྙན་ཞུ་འབུལ་བ། རྩིག་ངོས་ལ་ཡིག་ཆ་སྦྱོར་བ། ཚགས་དེབ་སྟེང་ངོ་རྒོལ་རྩོམ་ཡིག་སྤེལ་བ་བཅས་ལས། ངོ་རྒོལ་རྩོམ་ཡིག་འབྲི་བ་དེ་ཨོ་ཙམ་རེད། གཞན་ཚོ་ནི་ད་ཆ་ནུས་མེད་འདྲ་པོ་རེད། སོང་ཙང་། ད་ང་ཚོ་བཙན་བྱོལ་བ་ཚོ་གཞུང་མང་སྡེབ་ལངས་ཀྱིས་བོད་ལ་ལོག་པ་འདི་ལས་འགུལ་གཅིག་རང་གཅིག་ལྷག་ཡོད་པ་དེ་རེད། དུས་ཚོད་རན་ཡོད་མེད་བཤད་ཀྱི་མེད། ལས་འགུལ་འདི་སྤེལ་དགོས་པའི་གླེང་སློང་དང་པོ་དེ་བུད་མེད་རྩོམ་པ་པོ་ཚེ་རིང་ལྷ་མོས་གནང་སོང་། འདི་ལ་ཕོ་ཁྱོ་ག་ང་ཡིན་ཁོ་ཡིན་ཟེར་མཁན་ཚོས་དང་ལེན་ཙམ་ཡང་ནུས་ཀྱི་མེད་པ་འདི་ཀྱད་མཚར་རེད། བསམ་གླིང་ཚེ་རིང་ལྷ་མོ་ལགས་ཀྱིས་གང་བཤད་འདུག གཤམ་གྱི་འདི་ལ་གཅིག་གཟིགས་གནང་དང་དྲ་གྲོགས་ཚོ།
༼འབྱུང་འབྲས་ཐོབ་དང་མ་ཐོབ་དེ་ཤུགས་རྐྱེན་ཐོན་ཐུབ་པའི་ལས་འགུལ་སྤེལ་བར་རག་ལས་ཡོད་ལ། སྒྲུབ་འབྲས་ཤིག་ཐོབ་པར་སྤྱིར་བཏང་གི་ལས་འགུལ་དེ་ཚོས་ནུས་པ་ཐོན་ཐབས་མེད་པ་ཚང་མས་ཤེས་ཀྱི་རེད། དེ་ནི་ང་ཚོའི་ཁ་གཏད་བཅོག་ས་དང་། རྒྱལ་སྤྱིའི་ཤུགས་རྐྱེན་ཐེབས་མིན་སོགས་རྒྱབ་ལྗོངས་དེ་རྙོག་དྲ་ཚ་པོ་རེད། མཇུག་བསྡུ་བའི་དོན་སྙིང་གཙོ་བོ་ནི་ད་ཆ་སྡེབ་ལང་ལས་གཞན་པའི་ཤུགས་རྐྱེན་ཐེབས་ཐུབ་པའི་ཐབས་ཤེས་ལེགས་པ་ཞིག་ཡོད་ན་དེ་ལ་གྲོས་གླེང་གནང་རོགས་ཞུ་རྒྱུ་ཡིན།༽བསམ་གླིང་ཚེ་རིང་ལྷ་མོས་འདི་ལྟར་བྲིས་གནང་མི་འདུག་གམ།