ཁོང་ཚོའི་འཕྲེད་དར་སྟེང་རྒྱ་ཡིག་དང་དབྱིན་ཡིག་གཉིས་ཀ་འདུག རྒྱ་ཡིག་གི་འཕྲེད་དར་ཐོག་ “ཀྲུང་གོའི་བོད་”ཅེས་བྲིས་འདུག
དེ་རིང་ལས་འགུལ་ལ་ཞུགས་པ་ཡིན། ལས་འགུལ་འདིར་བོད་མི་ལྔ་སྟོང་ཙམ་འཛོམས་ཡོད་པར་ཚོད་དཔག་བྱེད་ཆོག་པ་འདུག དེར་ད་དུང་རྒྱ་རིགས་མང་གཙོ་ཏང་གི་ཚོགས་མི་དང་། ལིའོ་ཞོ་པའོ་བཙོན་གྲོལ་གཏོང་དགོས་ཟེར་མཁན་གྱི་ཚོགས་པ་ཞིག་བཅས་རྒྱ་རིགས་ཚོགས་པ་ཁག་ཅིག་ཀྱང་འདུག ངས་ཚོགས་པ་དེ་གཉིས་ཀའི་སར་སོང་ནས་ཁྱོད་ཚོས་བོད་རང་བཙན་ལ་རྒྱབ་སྐྱོར་ཡོད་མེད་ཀྱི་སྐད་ཆ་དྲིས་པ་ཡིན། དེར་རྒྱ་རིགས་མང་གཙོ་ཏང་གི་ཐཱེང་ཡཱིང་ཇོན་གྱིས། “རང་བཙན་ཟེར་བ་དེ་ཚད་མཐོ་བའི་ཆབ་སྲིད་དང་ལོ་རྒྱུས་ཀྱི་སྐད་ཆ་ཞིག་རེད། ང་ཚོ་འདིར་ཡོང་ནས་བོད་ནང་གི་བོད་མིའི་མངོན་འདོད་ཇི་བཞིན་༧ཏཱ་ལའི་བླ་མ་བོད་དུ་ཕེབས་འཇུག་དགོས་པར་རྒྱབ་སྐྱོར་བྱེད་དུ་འོང་བ་ཡིན”་ཟེར།
ཁོང་ཚོའི་འཕྲེད་དར་སྟེང་རྒྱ་ཡིག་དང་དབྱིན་ཡིག་གཉིས་ཀ་འདུག རྒྱ་ཡིག་གི་འཕྲེད་དར་ཐོག་ “ཀྲུང་གོའི་བོད་”ཅེས་བྲིས་འདུག
ཚོགས་པ་གཞན་དེས་ “ང་ཚོ་འདིར་ལིའོ་ཞོ་པའོ་དང་བོད་མི་ཚོར་རྒྱབ་སྐྱོར་བྱེད་དུ་འོང་བ་ཡིན། ཚོགས་པ་གཞན་དང་ང་ཚོ་ཁ་ཁ་ཡིན་”ཟེར། ཁོང་ཚོའི་ཚོད་དཔག་ལྟར་ན། ནིའུ་ཡོག་ཁུལ་ཏུ་རྒྱ་རིགས་ཁྲི་སྟོང་མང་པོ་ཡོད་པ་ལས། རྒྱ་ནག་དང་ཆབ་སྲིད་ལྟ་བ་མི་མཐུན་མཁན་གྱི་སྐྱབ་བཅོལ་བ་ཡང་ཁྲི་ཁ་ཤས་ཤིག་ཉུང་མཐར་ཡོད་ངེས་རེད་ཟེར། ད་དུང་ཡུ་གུར་བ་དང་། བོད་མི་སོགས་ཀྱིས་མཚོན་པའི་གྲངས་ཉུང་མི་རིགས་ཁག་ཀྱང་མང་དག་ཅིག་ཡོད། ཡིན་ན་ཡང་། འདི་དག་ཚང་མ་མཉམ་དུ་འཛོམས་ནས་ལས་འགུལ་ཞིག་སྤེལ་ཐུབ་ཀྱིན་མེད་དོན་ཅི་ཞིག་ཡིན་ནམ། རྒྱ་རིགས་ཚོས་ཁོང་ཚོ་ནང་ཁུལ་ལ་དོགས་ཟོན་ཧ་ཅང་ཆེན་པོ་བྱེད་ཀྱིན་འདུག “གུང་ཁྲན་ཏང་སྒོར་མོ་རེད། སྒོར་མོ་དེ་སུའི་ཨམ་ཕྲག་ནང་དུའང་འཛུལ་ཐུབ།” རྒྱ་རིགས་ན་གཞོན་མ་ཞིག་གིས་གཡས་མིག་བཙུམ་ཙམ་གྱིས་ང་ལ་དེ་ལྟར་བཤད་སོང་། ཨོ་རེད། གཅིག་བྱས་ན་ཁྱེད་རང་འདིར་ཆེད་དུ་སྐད་ཆ་འདི་འདྲ་བཤད་དུ་འོང་བ་ཡིན་རྒྱུ་རེད། ངའི་སེམས་ནས་ཁེར་ལབ་བྱེད་ཞོར་མོ་ལ་མགོ་གཡུག་གཡུག་གིས་འཛུམ་ཙམ་བྱས།
ང་ཚོའི་ལས་འགུལ་འགོ་འཛུགས་དུས་འཇུག་སྒྲིལ་དུས་གཉིས་ཀར་ཚོགས་སྡེ་འདྲ་མིན་དང་མི་སྒེར་ཁག་གིས་གཏམ་བཤད་སྤེལ་སོང་། ལྟ་བ་དང་ལངས་ཕྱོགས། སྐད་ཤུགས་དང་སེམས་ཚོར། གདོང་གི་ཉམས་དང་ལག་པའི་ཕྱག་རྒྱ། གཏམ་རེ་རེས་བཤད་ན་རེ་རེ་བདེན། རྟ་རེ་རེ་རྒྱུག་ན་རེ་རེ་མགྱོགས་པའི་དཔེ་རེད་འདུག
མི་གྲངས་ལྔ་སྟོང་ཙམ་སྐད་འབོད་དང་བཅས་གོམ་བགྲོད་བྱེད་ཀྱང་གྲོང་ཁྱེར་འདིའི་སྲང་ལམ་གྱི་རླངས་འཁོར་གྱི་སྐད་སྒྲ་གནོན་ཐུབ་ཀྱིན་མི་འདུག་པས་ཡིན་ནམ། གང་ལྟར། ཆུ་ཚོད་གཅིག་ལྷག་ལ་གོམ་བགྲོད་བྱས་པའི་ལམ་བར་ནས་ངས་པར་ཆས་དང་བརྙན་ལེན་འཕྲུལ་ཆས་རྫིག་པོ་འཁུར་ཡོད་པའི་གསར་འགོད་པ་གཅིག་ཀྱང་མཐོང་མ་སོང་། འོ་རེད། ཁོང་ཚོ་ནི་འབར་གས་བྱུང་ས་དང་མི་གསོད་ཁྲག་སྦྱོར་གྱི་ཡ་ང་བའི་དོན་རྐྱེན་བྱུང་ས་ན་མ་གཏོགས་མཐོང་རྒྱུ་མེད་པའི་བྱ་རྒོད་དུར་བྱ་ཡིན་པས། ང་ཚོའི་འདིར་ཡོང་རྒྱུ་མ་རེད། དེ་ནི་ང་རང་ཉིད་ཀྱི་རེ་བ་མཐོ་དྲགས་པས་མ་གཏོགས། ཁོང་ཚོའི་ལས་འགན་གང་ནས་ཡིན། གཏན་ནས་རེད་མི་འདུག
ཕྱིར་ལོག་པའི་ལམ་བར་དུ་ངའི་གཟུགས་པོ་ཐང་ཆད་ནས་འདམ་དུ་གྱུར་འདུག་མོད། བསམ་པའི་ངོས་སུ་དྲི་རྟགས་སྣ་ཚོགས་ཤིག་གློག་གི་རྦ་རླབས་ཚུལ་དུ་བར་མེད་དུ་འཚུབ་ཀྱིན་འདུག
ང་ཚོ་བོད་མི་ཚོ་རང་བཙན་རྩོད་མཁན་དང་རང་སྐྱོང་རྩོད་མཁན་གྱི་སྡེ་གཉིས་སུ་གྱེས་ནས་འདུག གལ་སྲིད་དེ་རིང་བོད་ལ་རང་བཙན་ནམ། ཡང་ན་རང་སྲིད་རང་སྐྱོང་ཐོབ་པ་ཡིན། སྡེ་འདི་གཉིས་སུ་གཏོགས་པའི་བཙན་བྱོལ་ནང་གི་བོད་མི་ག་ཚོད་ཅིག་བོད་ལ་ལོག་རྒྱུའི་གྲ་སྒྲིག་ཡོད་དམ། རྒྱ་བལ་འབྲུག་གསུམ་ནང་གི་བོད་མི་ག་ཚོད་ཅིག་བོད་ལ་ལོག་རྒྱུར་གྲ་སྒྲིག་ཡོད་དམ།
བཙན་བྱོལ་བོད་མི་མང་ཤོས་ཀྱིས་བོད་དོན་ཐད་ལས་ཀ་བྱེད་པ་འདི་བོད་ནང་གི་བོད་མི་ཚོའི་ཆེད་དུ་ཡིན་ཟེར། རང་ཉིད་ཀྱི་ཆེད་དུ་འཐབ་རྩོད་བྱེད་ཀྱིན་མེད་པའི་རྣམ་པ་སྟོན་པ་འདི། “རང་ལས་གཞན་གཅེས་”པར་འཛིན་དགོས་ཞེས་པའི་ང་ཚོའི་ཟོལ་རྫུན་གྱི་རིག་གནས་དེའི་ཕྱི་ཤུན་གོན་ནས་བཤད་པ་ཙམ་ཡིན་ནམ། ཡང་ན་རང་ཉིད་རང་དབང་ལུང་པ་ཞིག་ཏུ་ཡོད་པས། རང་ཉིད་ལ་རང་བཙན་ཐོབ་ཡོད་པར་འདོད་པས་ཡིན་ནམ། དོན་དངོས་སུ། ང་ཚོ་མས་ཚོར་གྱི་དབང་དུ་སོང་ནས་སྐད་འབོད་བྱེད་ཀྱིན་ཡོད་དམ། ཡང་ན་རང་ཉིད་ཀྱི་གནས་བབ་དང་འགན་འཁྲི་ངོས་ཟིན་པའི་སྒོ་ནས་སྐད་འབོད་བྱེད་ཀྱིན་ཡོད་དམ། ང་ལ་མཚོན་ན་འདི་ནི་ཤེས་འདོད་ཆེས་ཆེ་བའི་དྲི་བ་ཞིག་རེད།
རྩོམ་ཡིག་འདི་འབྲི་མཁན་སུ་ཡིན་མ་ཤེས་ན་ཡང་ཁོང་གི་དྲི་བ་ལ་ལན་འདེབས་རྒྱུ་ཡིན། དེང་སང་ཁ་གསལ་བོ་བྱས་ཏེ་ཕ་ཡུལ་ལ་ལོག་འདོད་མེད་ཟེར་མཁན་ཡོད་པ་ཟེར་ནས་གོ་ཐོས་བྱུང་། སྡེ་དོན་སྐུ་ངོ་ཟླ་བ་ཚེ་རིང་གིས་ཁོང་ཕ་ཡུལ་ལ་ལོག་འདོད་མེད་ཚུལ་ལབ་མྱོང་བ་ཡོད་བ་ཟེར། བཙལ་བྱོལ་བོད་མི་ཚོས་སྐད་ཆ་བཤད་དུས་རང་རང་གི་ལས་དོན་དང་རང་དབང་གི་ཆེད་དུ་སྐད་འབོད་བྱེད་པ་ལྟ་བུ་ཡོད་བ་མ་རེད། སྔོན་མ་ཡིན་ན་༧གོང་ས་མཆོག་བཀའ་བརྩི་ཡི་ཡོད་བ་ལྟ་བུ་ཞིག་བཤད་ནས་ཁྲལ་རྒྱག་ཐབས་ཀྱི་ལས་ཀ་མང་བོ་བྱས་བ་རེད། ད་ཡིན་ན་བོད་ནང་གི་བོད་མིའི་དོན་དུ་ཡིན་པ་འདྲ་ཞིག་བཤད་ཀྱིན་ཡོད་ན། རྗོབས་ཆེན་རེད།
བོད་ལ་ལོག་འདོད་མེད་ན་ཡང་སྐྱོན་མི་འདུག འཛམ་གླིང་གང་ན་གནས་པའི་བོད་མི་རྣམས་ཀྱིས་རང་གི་མི་རིགས་ཀྱི་རང་དབང་གི་ཆེད་འབད་བརྩོན་གནང་དང་གནང་བཞིན་པ་རེད། བོད་མི་སུ་ཞིག་ཡིན་ཡང་གང་དུ་གནས་ཀྱང་རང་ཉིད་བོད་མི་ཞིག་ཡིན་པ་བརྗེད་མཁན་མེད་པ་ལྟ་བུ་རེད། སྤྱིར་ན་བོད་དོན་འཐབ་རྩོད་ནི་མི་སྒེར་བ་ཞིག་བོད་ལ་ལོག་འདོད་ཡོད་མེད་ཀྱི་སྐད་ཆ་ཙམ་གཏན་ནས་མ་རེད། མི་སྒེར་སོ་སོས་བོད་མི་རིགས་ཀྱི་རང་དབང་འཐབ་རྩོད་ལ་གཞོགས་འདེགས་གང་ཐུབ་བྱེད་རྒྱུ་གལ་ཆེན་རེད་འདོད།
ང་ནམ་ཡང་བོད་པ་ཡིན། བོད་་ལ་ནམ་ཡང་མི་ལོག
བོད་པ་བོད་ནང་ཡོད་ན་བོད་པ་ཡ་རབས་འོང་བའི་ངེས་པ་མེད་ལ། བོད་པ་ཕྱི་ལོགས་ལ་བསྡད་ན་བོད་པས་བོད་པར་མི་ཕན་པའི་ངེས་པ་ཡང་མེད། དེས་ན་བོད་པ་གང་དུ་བསྡད་རུང་བོད་པར་ཕན་པའི་ལས་དོན་བྱེད་དགོས་རེད།
རེད་དང་པོ་ཆིག་སྒྲིལ་གྱི་ནུས་པ་གང་ཟག་སྒེར་གྱི་ཆ་ལུགས་གོམ་སྲོལ་ཆོས་རྒྱུད་ལུང་ཚན་སོགས་དམིགས་བསལ་རེ་ཡོད་རུང་བོད་མི་རིགས་གཅིག་དང་རིག་གཞུང་གཅིག་ཡིན་པར་བསམ་ནས་ང་ཚོའི་ཆོལ་ཁ་ངས་ཆོས་ལུགས་ང་ཚོའི་བླ་མ་སོགས་ཙག་ཙིག་ལ་ཞེན་ཁོག་མི་བྱེད་པར་བོད་རིགས་ཞེས་པ་འདིས་འོག་ཆིག་སྒྲིལ་གནས་དགོས། རང་ཁ་རང་གསོ་ག་དུས་ཡིན་རུང་མི་སྒེར་དང་ཚོགས་པ་སུ་འདྲ་ཞིག་གིས་དཔལ་འབྱོར། ལོ་རྒྱུས་ཀྱི་རང་བཞིན་ལྡན་པའི་མི་རིགས་ཐབ་རྩོད་སོགས་ལ་གཞན་གྱི་རོགས་སྐྱོར་ཁོ་ནས་ཕན་རེ་དང་འཚོལ་ཐབས་གཅིག་པུས་མི་ཆོག་པར་གང་སྤྱིར་གཞན་ལ་ལྟོས་མི་དགོས་པའི་རང་ཁ་རང་གསོའི་ཐབས་ལམ་ལ་འབད་དགོས། གསར་གཏོད་ཆབ་སྲིད་ཀྱི་ལང་ཕྱོགས། དཔལ་འབྱོར་འཕེལ་སྐྱེད། མི་རིགས་རིག་གཞུང་དང་བཅས་པ་རྒྱུན་རིང་ཐུང་ལ་མ་ལྟོས་པར་གཞིས་བྱེས་ཁ་བྲལ་ནས་གནས་དགོས་བྱུང་བ་དེ་སྲིད་བར་གོང་འཕེལ་ཡར་རྒྱས་ཡོང་ཐབས་ལ་ལྟ་གྲུབ་དང་། རྨོངས་དད། གཞན་དབང་། ངོ་བསྟོད། གོམ་སྲོལ་སོགས་ཀྱི་དབང་དུ་མ་སོང་བར་དུས་ཀྱི་འགྱུ་འགྲོས་དང་། རྒྱལ་སྤྱི། མི་མང་གི་བསམ་བློའི་གནས་ཚད་སོགས་གང་སྤྱིར་བསམ་གཞིག་གིས་གསར་གཏོད་ལ་བློ་ཁ་ཕྱོགས་དགོས།
དེ་འདྲ་ཡོང་བར་བྱེད་པ་ལ་གཅིག་སྒྲིལ་དང་གསར་གཏོད་ཀྱི་དགྲ་བོ། དང་པོ་ཆོས་ལུགས། ཆོལ་ཁ། གསར་རྙིང་། སྟོད་སྨད། ཕྱུགས་བདག སྐུ་དྲག ཀླད་རྙིང་། རང་ལྟ་མཆོག་འཛིན། རྨོངས་དད། རྨོངས་ཞེན། ལྐོག་གཡོ་ངན་བྱུས་སོགས་ཀྱི་ས་འོག་དར་ཐག་རྣམས་རྦད་དེ་རྩ་མེད་གཏོང་དགོས་པ་ལས། ད་དུང་ལྷ་བླའི་ལུང་བསྟན། ལྷ་ཕོག་ཀླུ་ཕོག་སོགས་སྔར་གཏམ་གྱི་དུས་ཚོད་སྐྱལ་སྡད་ན་དུས་ནམ་ཡང་གསར་གཏོད་དང་གཅིག་སྒྲིལ་ཡོང་མི་སྲིད། བྱ་སྔ་མ་ཤི་བའི་དཔེ་ལ་ལྟོས། འདབས་ཆགས་ཐམས་ཅད་དེའི་རྒྱུ། ཞེས་པ་ལས་མ་འདས་སོ།
བོད་ལ་ལོག་འདོད་མེད་ན་སྣ་ཐག་གི་བཟུང་ནས་དྲུད་འགྲོ་མཁན་ཡོད་བ་མ་རེད། རང་དབང་རེད། དམངས་གཙོ་རེད། འདོད་མོས་རེད། འོན་ཀྱང་། བཙན་བྱོལ་གཞུང་དམངས་ཀྱི་ལྟོ་གོས་ཡོང་ས་དེ་བསམ་བློ་གཏོང་དགོས་རྒྱུ་རེད། འཛམ་གླིང་མི་མང་གི་མདུན་ལ་བོད་གཞེས་ལུས་མི་མང་གི་དཀའ་ཐག་ཉམས་ཐག་གི་འཚོ་བ་དང་འཇིགས་སྐྲགས་དངངས་སྐྲག་གི་གནས་སྟངས་བཤད་ནས། བཙན་བྱོལ་པའི་ཉམས་ཐག་ལ་རོགས་རམ་རབ་དང་རིམ་པ་མང་བོ་ཐོབ་ནས་ཡོང་བ་ཡིན་པ། གྲོད་ཁོག་འགྲེང་ཡོང་དུས་བོད་ལ་ལོག་འདོད་མེད་ཚུལ་གྱི་སྤོམས་བཤད་རེ་དང་། རང་ཉིད་ལོགས་སུ་བུད་ནས་སྐྱིད་སྡུག་གི་སྡེ་ཁོངས་ནས་ཕྱིར་འབུད་འདོད་དེ་ཡ་མཚར་བ་ཞིག་རེད། འདི་གསལ་བོ་བཟོ་དགོས་བ་ཡོད། འགྲོ་ལམ་ཁ་ཁ། ལྟ་བ་ཁ་ཁ། འཚོ་བ་རོལ་སྟངས་ཁ་ཁ། དམིགས་ཡུལ་ཁ་ཁ་གྱུར་ཚར་བའི་རྗེས་ལ་བོད་པ་ཞེས་བའི་མིང་དེ་རྡོ་བརྐོས་བྱས་བྱུང་། རྩ་དོན་གཅིག་དང་འཐབ་རྩོད་གཅིག་ཡོང་ས་ཁོ་རང་ཡོད་བ་མ་རེད། ད་འུར་ཅི་ལྟར་རྒྱབ་ཀྱང་སྙིང་བོ་མི་འདུག་ག འདི་འདྲའི་སྒྲུང་མང་པོ་མང་པོ་ཡོད་བ་རེད།
རྟ་ནག་གི་སློབ་སྟོན་བྱས་པ་ཡག་པོ་རེད།
རྟ་ནག་གི་སློབ་སྟོན་བྱས་པ་ཡག་པོ་རེད།
ཧ་ཧ་ཧ་
བོད་བཙན་ཟོས་བྱས་པ་ནས་中國西藏ཀྲུང་གོའི་བོད་རེད། 中國西藏 ལབ་པས་ལོ་རྒྱུས་ནང་བོད་རྒྱ་ནག་གི་ཆ་ཤས་ཡིན་པ་སྟོན་མི་ཐུབ། ལོ་རྒྱུས་ནང་ཆ་ཤས་ཡིན་ན་中國西藏ཟེར་ནས་ལབ་དགོས་དོན་ཡོད་པ་མ་རེད། 中國西藏ཟེར་བ་འདི་ངས་བལྟས་ན་རྒྱ་ནག་གཞུང་ནོངས་ཡོད་པའི་རྟགས་རེད། འདི་ལྟར་བྲིས་ན་ཅི་གང་སྐྱོན་གི་མ་རེད། སོང་ཙང་ལས་འགུལ་སྤེལ་མཁན་ཚོས་རྒྱ་གཞུང་གི་ཚིག་བེད་སྤྱོད་ཀྱིས་བོད་ལ་རྒྱབ་སྐྱོར་ལས་འགུལ་སྤེལ་བ་ནི་དངོས་གནས་རླབས་ཆེན་རེད། རྗེས་སུ་ཡི་རངས་ཡོད། ཁོང་ཚོའི་གནང་སྟངས་དེ་རྩ་བ་ནས་ནོར་ཡོད་པ་མ་རེད།།
ཕྱི་སྡོད་བོད་མི་ཚོ་བོད་ལ་ལོག་མིན། དེ་གཏད་འགག་ཅིག་མརེད། བོད་མིར་ཤ་ཁྲག་རུས་གསུམ་གང་གིས་འདྲ་འབྲེལ་ཡོད་ན། བོད་དོན་ཐོག་རང་ལ་འགན་འཁྲི་ཞིག་ཡོད་པ་སེམས་ལ་ངེས་པ་བྱེད་དགོས་མ་ཟད། བོད་ཕྱི་ནང་གཉིས་ནས་འཕྱར་བ་གྲུ་འདེགས་ཀྱིས། གཅིག་ཕན་གཅིག་གྲོགས་ཀྱི་སྐྱིད་སྡུག་མཉམ་མྱོང་བྱེད་རྒྱུ་ནི། ཤ་རུས་ཁྲག་འབྲེལ་ཅན་གྱི་མི་རིགས་སྤྱིའི་རྒྱུན་སྲོལ་གནས་ལུགས་ཅན་ཞིག་རེད་འདོད །