རྡ་ས་ས་གནས་མང་གཙོ་ཚོགས་པའི་རྒྱུན་ལས་གསར་འདེམས། Posted on 2012-12-132012-12-13 By ཁ་བརྡ་ 8 Comments on རྡ་ས་ས་གནས་མང་གཙོ་ཚོགས་པའི་རྒྱུན་ལས་གསར་འདེམས། སྐབས་གསུམ་པའི་རྡ་ས་ས་གནས་བོད་ཀྱི་རྒྱལ་ཡོངས་མང་གཙོ་ཚོགས་པ་འོས་བསྡུ། བོད་ཀྱི་རྒྱལ་ཡོངས་མང་གཙོ་ཚོགས་པའི་སྐབས་དྲུག་པའི་དབུས་སྤྱི་ཁྱབ་རྒྱུན་ལས་འོས་འདེམས་ཀྱིས་ཟླ་དྲུག་གི་རྗེས་ཏེ། ཕྱི་ཟླ་༡༢ པའི་ཚེས་༡༣ ཉིན་བཞུགས་སྒར་རྡ་རམ་ས་ལའི་མེགྷ་ལོར་ས་གནས་སུ། རྡ་ས་ས་གནས་བོད་ཀྱི་རྒྱལ་ཡོངས་མང་གཙོ་ཚོགས་པའི་རྒྱུན་ལས་སྐབས་གསུམ་པ་འོས་བསྡུ་བྱས་པའི་མཛད་སྒོ་བསྡུས་ཏེ། ཕྱི་ཟླ་༡༢ པའི་ཚེས་༡༣ ཉིན་དངོས་སུ་རྡ་ས་ས་གནས་མང་གཙོ་ཚོགས་པའི་བྱུང་རབས་དང་རྒྱུན་ལས་གསར་པའི་གནས་རིམ་མཚན་གཞུང་འཁོད་པའི་གསར་འགྱུར་ཡིག་ཐོག་ནས་སྤེལ་ཡོད་པ་རེད། རྡ་ས་ས་གནས་བོད་ཀྱི་རྒྱལ་ཡོངས་མང་གཙོ་ཚོགས་པ་ནི་ཕྱི་ལོ་༡༩༩༨ ལོར་དབུ་བརྙེས་པ་དང་རྒྱུན་ལས་སྐབས་དང་པོའི་ཚོགས་གཙོ་ཚེ་གླིང་ཕྱག་མཛོད་ཐུབ་བསྟན་སྙན་གྲགས་ལགས་ཡིན་ཞིང་ས་གནས་རྒྱུན་ལས་མི་སྣ་བདུན་ལས་གྲུབ་ཡོད། དུས་ཡུན་གང་འཚམས་རིང་དབུས་ས་ཟུང་འབྲེལ་གྱིས་ལས་དོན་འཐུས་ཚང་བྱེད་ཐུབ་པ་བྱུང་སྟེ་ས་གནས་རྒྱུནས་ལས་ཀྱི་ལས་ཡུན་རིང་ཙམ་བྱུང་ཡོད། རྒྱུན་ལས་སྐབས་གཉིས་པ་ཕྱི་ལོ་༢༠༡༠ ཟླ་༣ པའི་ཚེས་༡༤ ཉིན་འོས་བསྡུའི་ལམ་ནས་གཏན་འཁེལ་བྱས་ཏེ། སྐབས་དེའི་ཚོགས་གཙོ་བསྟན་འཛིན་དབང་དགའ་ལགས་དང་ས་རྒྱུན་གྱི་ལས་ཁུར་མི་སྣ་དྲུག་ཡོད། ད་ཐེངས་སྐབས་གསུམ་པའི་ས་གནས་མང་གཙོ་ཚོགས་པའི་ཚོགས་གཙོ་བསང་ཆུ་འབྲུག་བྷེ་ལགས་དང་། ཚོགས་གཞོན་རྨེའུ་དཀོན་རྒྱམ། ཚོགས་གཞོན་སྤྲུལ་སྐུ་ངག་དབང་དགའ་ལྡན། དྲུང་ཆེ་རྨོག་རུ་ཤེས་རབ་རྡོ་རྗེ། རྩིས་པ་ཚེ་རིང་རྒྱལ། ཟུང་དྲུང་བསྟན་འཛིན་ཡོན་ཏན། འབྲེལ་མཐུད་པ་ངག་དབང་རིན་ཆེན། དཔལ་འབྱོར་དོ་དམ་པ་དགེ་འདུན་ཆོས་འཕེལ་བཅས་ས་གནས་རྒྱུན་ལས་བདུན་དང་ས་གནས་ཚོགས་མི་༢༥༡ ཡོད་པ་རེད། ས་གནས་རྒྱུན་ལས་ཀྱི་འོས་བསྡུ་ལེགས་གྲུབ་བྱུང་རྗེས། ཚོགས་གཙོས་སྣེ་འཁྲིད་པའི་སྐབས་གསུམ་པའི་ས་གནས་རྒྱུན་ལས་ཀྱིས། བོད་ཀྱི་རྒྱལ་ཡོངས་མང་གཙོ་ཚོགས་པའི་རྩ་ཁྲིམས་དང་སྒྲིག་སྲོལ། སྲིད་བྱུས་སྒྲགས་གཏམ་དང་རྩ་འཛིན་སྒྲིག་གཞི་སོགས་ཀྱི་ཁྱབ་ཁོངས་ནས་སྤྱི་ཚོགས་ནང་གཙོ་བོ་མང་གཙོའི་གོ་རྟོགས་སྤེལ་རྒྱུ་དང་རིག་གཞུང་གི་བགྲོ་གླེང་། མང་གཙོ་དང་མི་མང་གི་སྟོབས་ཤུགས་མཉམ་དུ་སྤུངས་ཐབས་སོགས་བརྗོད་གཞི་སྣ་ཚོགས་ཀྱི་ཐོག་ཡོངས་ཁྱབ་རྩོམ་འགྲན་བྱ་རྒྱུ་སོགས་ཀྱིས་མཚོན་པའི་ལས་དོན་འཐུས་ཚང་བྱ་རྒྱུར་དམ་བཅའ་དང་མོས་སེམས་ཆིག་སྒྲིལ་གྱི་རྣམ་པ་གསལ་པོར་མཚོན་པའི་གཏམ་བཤད་གཅིག་རྗེས་གཉིས་མཐུད་དུ་སྤེལ་ཡོད་པ་རེད། བོད་ཀྱི་རྒྱལ་ཡོངས་མང་གཙོ་ཚོགས་པ་ནས། གསར་འགྱུར།
ལ་ལ་ངོ་མ་བཟང་གི། གྲྭ་པ་གཉིས་ཀྱི་མཐའ་ནས་བསྐོར། ཕོ་གསར་རིང་ཐུང་ཚང་མའི་རྒྱབ་ནས་བསྐོར་ནས་བསྡད། དཀྱིལ་ན་ཨ་ཁུ་ཁྲོ་ཐུང་ལྟ་བའི་ཕོ་གསར་སྟག་འདྲ་པོ་གཉིས་བསྡད། རང་ང་རང་ང་པར་རྒྱབ་ནས་བསྡད་ཅི་ཕན། ད་ལས་ཀ་བྱེད་དགོས་བ་རེད། ལས་ཀ་འགོ་འཛིགས་མི་ཤེས་ན་རྡ་སའི་རི་སྒང་ལ་སོང་ནས་གི་རིང་ཤིག་ཐོབ་དང་སེམས་ལ་འཆར་རྒྱུ་ཡོངས་གི་རེད།
རྡ་ས་ས་གནས་བོད་ཀྱི་རྒྱལ་ཡོངས་མང་གཙོ་ཚོགས་པའི་སྐབས་གསུམ་པའི་གསར་འདེམས་བྱུང་བའི་རྒྱུན་ལས་ཡོངས་ལ་འཚམས་འདྲི་དང་འབྲེལ་ཁྱེད་རྣམས་ཀྱི་ལས་དོན་མཐའ་དག་ལམ་ལྷོང་དང་ལྷག་པར་མང་གཙོ་ནི་སྲིད་ཀྱི་ལྟ་གྲུབ་དང་ལམ་ལུགས་ཙམ་མ་ཡིན་པར་ཡར་ཐོན་མི་ཚེའི་མཐུན་མལ་ཞིག་ཡིན་པ་ངོ་སྤྲོད་དང་དེའི་བརྒྱུད་ལམ་ནས་བོད་མིའི་སྤྱི་ཚོགས་འདི་ཡང་དག་མང་གཙོའི་ལམ་བཟང་ལ་མཐུན་བསྐྱོད་ཐུབ་པར་ཁྱེད་རྣམས་ནས་རླབས་ཆེན་ཞབས་འདེགས་ཞུ་རྒྱུའི་རེ་སྨོན་བཅས།
རྡ་ས་ས་གནས་བོད་ཀྱི་རྒྱལ་ཡོངས་མང་གཙོ་ཚོགས་པའི་གསར་འདེམས་སྐབས་གསུམ་པའི་རྒྱུན་ལས་རྣམས་ལ་འཚམས་འདྲི་དང་འབྲེལ་ཁྱེད་རྣམས་ནས་བོད་སྤྱིའི་རྩ་དོན་ཐོག་བྱ་བ་གང་ལ་ཡང་ལམ་ལྷོང་ཡོང་བ་དང་ལྷག་མང་གཙོ་ནི་ཆབ་སྲིད་ཀྱི་ལྟ་གྲུབ་དང་ལམ་ལུགས་ཙམ་མ་ཡིན་པར་ཡར་ཐོན་མི་ཚེའི་མཐུན་ལམ་ཞིག་ཡིན་པ་བོད་མིར་ངོ་སྤྲོད་དང་དེའི་བརྒྱུད་ལམ་ནས་བོད་མིའི་སྤྱི་ཚོགས་འདི་བཞིན་ཡང་དག་མང་གཙོའི་ལམ་བཟང་ལ་མཐུན་བསྐྱོད་ཐུབ་པར་རླབས་ཆེན་ཞབས་འདེགས་ཞུ་རྒྱུར་རེ་སྨོན་བཅས།
བོད་རྒྱལ་ཡོངས་མང་གཙོ་ཚོགས་པའི་ས་གནས་རྒྱུན་ལས་གསར་འདེམས་གནང་བར་འཚམས་འདྲི་དང་འབྲེལ་བོད་མི་རིགས་ཀྱི་རྩ་དོན་ཐོག་ཏུ་ཕན་ནུས་ཐོན་པར་ཡོང་བའི་སྨོན་འདུན་དང་བཅས།
རྟེན་འབྲེལ་ཞུ་བ་མ་ཟད་རྣམ་པ་ལྷན་རྒྱས་ཀྱི་བྱ་བ་ལམ་འགྲོ་ཡོང་བར་སྨོན།
ཚོགས་གཙོ་གཞོན་གཙོས་རྒྱུན་ལས་ཡོངས་ལ་རྟེན་འབྲེལ་ཞུ། ལས་དོན་ལམ་ལྷོངས་ཡོང་བའི་སྨོན་འདུན་ཡོད།
ལས་དོན་གང་ཞིག་བསྒྲུབ་ཀྱང་སྔ་འདང་ཕྱི་འདང་བརྒྱག་ཤེས་དགོས་པ་གལ་ཆེ།
ལ་ལ་ངོ་མ་བཟང་གི། གྲྭ་པ་གཉིས་ཀྱི་མཐའ་ནས་བསྐོར། ཕོ་གསར་རིང་ཐུང་ཚང་མའི་རྒྱབ་ནས་བསྐོར་ནས་བསྡད། དཀྱིལ་ན་ཨ་ཁུ་ཁྲོ་ཐུང་ལྟ་བའི་ཕོ་གསར་སྟག་འདྲ་པོ་གཉིས་བསྡད། རང་ང་རང་ང་པར་རྒྱབ་ནས་བསྡད་ཅི་ཕན། ད་ལས་ཀ་བྱེད་དགོས་བ་རེད། ལས་ཀ་འགོ་འཛིགས་མི་ཤེས་ན་རྡ་སའི་རི་སྒང་ལ་སོང་ནས་གི་རིང་ཤིག་ཐོབ་དང་སེམས་ལ་འཆར་རྒྱུ་ཡོངས་གི་རེད།
འཚམས་འདྲི་བཀྲིས་བདེ་ལེགས་ཞུ། བྱ་བ་ལམ་ལྷོང་ཡོང་པར་སྨོན།