ཤར་ཕྱོགས་ཁུག་རྟ།
བུད་མེད་སྤངས་པའི་མཛད་པ་མི་བསྟེན་ལ།།
གཞན་གྱི་བུད་མེད་སྤྱོད་པའང་མི་དགྱེས་པའི།།
འཁོར་བའི་ལུགས་སུ་བྱས་པའི་ཆོས་གཞུང་གི།
སྟོན་པ་མ་ཧྰ་ངྷེ་ཝིར་གུས་བས་འདུད།།
སྐྱེ་བ་དུ་མར་ཁྱོ་གའི་བརྩེ་དུངས་ལ།།
གཅིག་ཏུ་འཐམས་པས་བྱིས་པའི་དུས་སྐབས་ནས།།
བརྩེ་བའི་བག་ཆགས་སད་པའི་ལྷ་མོ་སྟེ།།
གཞུང་བཟང་གཤིས་འཇམ་པཱ་ར་ཝ་ཏིར་འདུད།།
ཁྱེད་ཟུང་མཛའ་བརྩེའི་གཞན་དོན་རི་མོའི་སྒྲུང།།
ཡང་ཡང་མཇལ་བས་རྒྱ་གར་འཕགས་ཡུལ་གྱི།།
དམངས་ཁྲོད་རིག་གནས་མ་ལུས་མཇལ་བ་ཡི།།
དུངས་པའི་སེམས་ཚོར་དོ་དགོང་ལྷོག་ལྷོག་ལྡིང།།
ཉིན་ལྟར་དགོང་དྲོར་ལྷ་དབང་ཕྱུག་གི་རྣམ་ཐར་ལ་མཇལ་བཞིན་སྐབས་དེ་རིང་༢༠༡༢། ༡༢། ༡༣། དམིགས་བསལ་གྱི་ཚོར་བ་ཞིག་དང་སྦྲེལ་ཤར་མར་བགྱིས།།
ཐོག་མར་ཕྱི་རོལ་བྲམ་ཟེའི་རིགས་འཁྲུངས་ཤིང་།།
རིག་བྱེད་རྣམས་ལ་མཁས་པའི་མངའ་བརྙེས་པའི།།
མཐོ་བཙུན་གྲུབ་རྗེ་བདེ་བྱེད་བདག་པོ་གཉིས།།
བར་དུ་བཅོམ་ལྡན་ཐུབ་པའི་དབང་པོ་ཡི།།
བཀའ་དང་བསྟན་བཅོས་རེ་བཞིན་མཇལ་བས་ན།།
ངོ་མཚར་དང་ནི་དད་པའི་སེམས་གཡོས་བས།།
ཁེངས་དྲེགས་དང་ནི་འདོད་ཆགས་རབ་ཆེ་ལ།།
རང་ཉིད་རྒྱལ་ཞིང་གཞན་ཕམ་ལ་དགའ་བའི།།
ཕྱི་རོལ་ཀུན་གྱིས་ཆེས་ཆེར་བཀུར་བའི་ཡུལ།།
དབང་ཕྱུག་ཚངས་པ་བརྒྱ་བྱིན་ལ་སོགས་པར།།
རིམ་བཞིན་དད་པའི་འཁྱག་པ་ཡོངས་ཞི་བས།།
མཐའ་མ་ཐུབ་པའི་བསྟན་པའི་རྗེས་འབྲངས་ནས།།
ཕྱི་རོལ་ལྷ་ཆེན་གྲགས་པ་དེ་དག་གི།
སྒོ་གསུམ་བྱ་སྤྱོད་རེ་རེ་གསལ་སྟོན་གྱིས།།
ཐུབ་པའི་དབང་པོའི་གསང་གསུམ་མཛད་པ་དང་།།
བསྡུར་བས་ཐུབ་དབང་ཁྱད་པར་འཕགས་པ་ཡི།།
ཁྱད་པར་འཕགས་བསྟོད་ཞེས་པའི་གཞུང་ལུཊ་དང་།།
ལྷ་ལས་ཕུལ་བྱུང་ཞེས་པ་གཉིས་མཛད་ནས།།
ཚད་མའི་སྐྱེ་མཆོག་ཐུབ་པའི་དབང་པོ་ཡི།།
ངོ་མཚར་ཆེ་བའི་མཛད་གཙོ་རྣམ་དག་སྟེ།།
གཞན་ཕན་དང་ནི་སྙིང་རྗེ་ལྷག་ཆེ་ཞིང་།།
གཞན་གྱི་དོན་དུ་རང་སྲོག་ཡང་གཏོང་བའི།།
བློ་ཡུལ་ལས་འདས་ཕུལ་བྱུང་མཛད་པ་ཀུན།།
རིམ་བཞིན་བརྗོད་ཀྱིན་གུས་པས་ཕྱག་བགྱིས་ཡོད།།
ཤར་ཕྱོགས་ཁུག་རྟའི་མིང་ཅན་ཁྱོད་ཉིད་ཀྱིས།།
དགོས་པའི་ཚད་མའི་སྐྱེ་མཆོག་ཐུབ་དབང་དང་།།
སྔོན་རྗེས་བྱོན་པའི་སྐྱེ་ཆེན་དེ་དག་ལ།།
སྒོ་གསུམ་དད་པའི་ཕྱག་བྱ་མི་བགྱིས་པར།།
ཉོན་མོངས་གསུམ་གྱིས་ཡོངས་སུ་སྦགས་པ་ཡི།།
དབང་ཕྱུག་ལ་སོགས་ཕྱི་རོལ་ལྷ་རྣམས་ལ།།
དད་པའི་གུས་ཕྱག་བགྱིས་པའི་སྟངས་སྟབས་དེ།།
མཐོང་བས་བདག་ནི་ཧ་ཅང་དགོད་བྲོ་ཞིང་།།
ལས་ངན་བསམ་ནས་སྙིང་རྗེ་ཡང་ཡང་སྐྱེ།།
དེ་འདྲ་མ་གནང་ཤར་ཕྱོགས་ཁུག་རྟ་ལགས།།
རང་ཅག་འདི་ཕྱིའི་སྐྱབས་ཀྱི་དམ་པ་སྟེ།།
སྤྱན་རས་གཟིགས་དབང་བསྟན་འཛིན་རྒྱ་མཚོ་ཡིས།།
ཡང་ཡང་དོ་ནན་གསུངས་པའི་བཀའ་སློབ་ནང་།།
འཇིག་རྟེན་དྲེག་པའི་ལྷ་དང་ལྷ་མོ་རྣམས།།
ཚེ་འདིར་གྲོགས་བགྱིད་ནུས་པ་ཆུང་ཙམ་ལས།།
ཕྱི་མའི་ལམ་བཟང་སྟོན་ནུས་མེད་པས་ན།།
དེ་ཚོར་ཕྱག་བྱ་འོས་པ་མ་ཡིན་ཞེས།།
ཡང་ཡང་གསུང་པའི་བཀའ་སློབ་མ་ཐོས་སམ།
རང་ཉིད་འཁོར་བའི་བཙན་དུ་ཚུད་པ་ཡི།།
དབང་ཕྱུག་ལ་སོགས་འཇིག་རྟེན་ལྷ་དག་ནི།།
རང་ཉིད་ཕྱི་མར་གར་འགྲོ་མི་ཤེས་བཞིན།།
གཞན་དག་འཁོར་ལས་སྒྲོལ་བར་འདོད་ན་ནི།།
དགོད་མོ་བྲོ་ཞིང་རྟུག་དྲི་ཤོར་བར་ངེས།།
བདག་གཞན་མཉམ་བརྗེའི་ཆེད་དུ་མ་ཡིན་ལ།།
ཆགས་སྡང་འདོད་པ་འདུལ་ཕྱིར་མ་ཡིན་པའི།།
འཇིག་རྟེན་འདས་དང་མ་འདས་མི་གཙོ་བའི།།
ཁོ་བོས་གུས་བས་འདུད་སའི་བཟའ་ཚོ་འདིའི།།
མྱི་ཡི་འཚོ་བར་རྒྱུས་པའི་ལྷ་སྒྲུང་གིས།།
ནང་པ་ང་ལ་འཁོར་བ་ཐེངས་གཅིག་བསྟན།།
བདག་ནི་སྟོན་པ་གཞན་སྤངས་ནས། །
བཅོམ་ལྡན་ཁྱེད་ལ་སྐྱབས་སུ་མཆི། །
ཅི་ཕྱིར་ཞེས་ན་ཁྱོད་ཉིད་ལ། །
སྐྱོན་མི་མངའ་ལ་ཡོན་ཏན་ལྡན། །འདི་ཙམ་ཞིག་དྲན་ཡུལ་དུ་ལྷག་འདུག་པས་ནོར་ཡོད་ན། དག་བཅོས་གནང་རོགས།
ཕྱི་རོལ་མི་ཡི་གཙུག་གིས་ལྷ་རུ་བཀུར། །
འདོད་ལྡན་ཅན་གྱིས་འདོད་པའི་དངོས་གྲུབ་རེ། །
ཕྱི་ནང་འདི་ཡིན་མེད་པའི་ཤར་ཁུག་ལ། །
མཇེ་ནག་ཆེན་མོའི་བྱིན་རླབས་བསྩལ་ཏུ་གསོལ། །
ཆགས་བྲལ་སྟོན་པ་ཐུབ་དབང་ཁྱེད་ཉིད་དྲན་པའི་ཚེ།། ང་དང་འདྲ་བའི་ཆགས་ཅན་ལྷ་ལ་སུ་ཞིག་དད། ཁྱོ་གར་བརྩེ་བའི་མ་དང་ཆུང་མ་ཡོད་བཞིན་དུ།། ཁྱོ་གར་ཆགས་པའི་བུད་མེད་གཞན་ཞིག་དགོས་པ་མེད།། ཕོ་མོའི་འདོད་ཆགས་དུད་འགྲོ་ཚུན་ལ་ཡོད་པ་དེ།། ཧ་ལས་ཧོན་འཐོར་དགོས་པའི་གནས་ཤིག་ག་ལ་ཡིན།།
མ་ཧཱ་ངྷེ་ཝི།
པཱ་ར་ཝ་ཏི། མིང་འདི་གཉིས་ཏག་ཏག་ཅིག་ཨ་ཡིན་སྙམ།
སྟོན་པ་མ་ཧྰ་ངྷེ་ཝིར་གུས་བས་འདུད།། འདི་དང་། མ་ཧཱ་ངྷེ་ཝི།
པཱ་ར་ཝ་ཏི། མིང་འདི་གཉིས་ཏག་ཏག་ཅིག་ཨ་ཡིན་སྙམ།
དག་པར་འབྲི་ན། སྟོན་པ་མ་ཧཱ་དེ་བར་གུས་པས་འདུད།། ཅེས་དང་། པཱ་ར་ཝ་ཏི། ཞེས་པར་ པཱརྦཏཱི། རི་སྐྱེས་མ། ཞེས་སོ། རང་སྐད་ཀྱི་མིང་མཐའ་འདྲེན་ཚུལ་ལ་རྩི་བ་མེད་ན། གཞན་སྐད་ཀྱི་ཡི་གེའི་འགྲོ་སྟངས་ལ་ལྟ་ཅི། ཞེས་སོ།།
ཧིན་དྷུ་དང་ནང་ཆོས་གཉིས་ཐུགས་གནང་གཤིན་པོ་ཡོད་པ་འདྲ།
ནང་ཆོས་ནང་གི་བདུད་བཞི་ལས། ལྷའི་བུའི་བདུད་མཚན་གཞི་གཅིག་སུས་འཇོག་ཐུབ་བམ།
ཧིན་རྡུས་ནང་ཆོས་རང་གི་བུ་རུ་བཞེད།།
ནང་པས་ཧིན་རྡུ་རང་ལས་ཆུང་རབ་ཟེར།།
ཆེ་ཆུང་གཏམ་གྱི་རྩོད་རྙོག་གཡུག་བཞག་ནས།།
མྱི་དོན་གཙོ་བོར་བྱས་པའི་ལྷ་ཆེན་འདི།།
རྒྱ་གར་མི་ཡི་ཤ་གསེང་རུས་གསེང་ལ།།
ཅི་ལྟར་འཐིམས་པའི་ཚུལ་རྣམས་སུས་ཤོད་ནུས།།
གང་སྣང་འཕྲུལ་བ་ལྟ་བ་རྟེན་འབྱུང་སོགས།།
ལྷ་ཆེན་འདིས་ཀྱང་མ་རྟོགས་ཡོད་མིན་སྟེ།།
ལན་བརྒྱར་བཙུན་མོར་འཇིག་རྟེན་སྣང་ཚུལ་ཀུན།།
སྒྱུ་མར་གཟིགས་པ་གནད་ཆེའི་ལམ་སྟོན་གྱིས།།
རང་དང་མཉམ་སྦྱོར་བྱས་པའི་ཚུལ་དེ་རྨད།།
མྱི་ཡི་བློ་ལས་རབ་ཏུ་འདས་མིན་སྟེ།།
མྱི་ལ་དགོས་པ་ཁྱེད་ཀྱང་འཛིན་པ་སྟེ།།
མྱི་ཡི་རྩ་བ་མཛའ་བརྩེའི་ཁྱིམ་ཚང་ནས།།
མྱི་ཡི་སྤྱི་ཚོགས་གནས་ཚུལ་ལེགས་འདོམས་པ།།
མྱི་ལ་ཟུགས་པའི་ཚུལ་དེ་གང་ནས་བསླབས།།
ཡར་ཐོན་སྤྱི་ཚོགས་ནང་གི་རྙོག་དྲ་སྟེ།།
དཔལ་འབྱོར་བསླུ་བྲིད་འོག་གི་ལོག་གཡེམ་གྱིས།།
དེང་གི་སྤྱི་ཚོགས་མོག་པོར་བཟོ་བའི་དུས།།
ཁྱེད་ལ་བསྟེན་རྣམས་ལོག་གཡེམ་སྤངས་བ་འདི།།
སྤྱོད་པ་དམ་པ་མིན་ན་ཅི་ཞིག་ཡིན།།
གངྒ་ལྷ་མོས་དགའ་ནས་ཤི་རྒྱུ་ཟེར།།
དབྱངས་ཅན་ལྷ་མོས་ཟུར་མིག་ཡང་ཡང་འཕེན།།
ཡིན་ཡང་པཱརྦཏཱི་ཁོ་ན་ལས།།
ཁབ་ཏུ་མི་རོལ་སྤྱོད་པ་ཅི་ལྟར་རྙེད།།
འདི་ན་ང་འདྲའི་སྟོང་བ་རྟེན་འབྱུང་དང།།
གཞན་ཕན་སེམས་དཔའི་རྗེས་སུ་རློམ་པ་ཚོས།།
བཟའ་ཚོའི་བར་འཚིང་ཆུང་མ་རྐུ་བའི་ལས།།
ཉི་མ་དཀར་དཀར་འོག་ན་བག་མེད་པ།།
ཁྱེད་ཀྱི་རྗེས་འཇུག་རྣམས་དང་འགྲན་མ་ཡིན།།
༡ ལྷ་ཡི་བུ་ཡི་བདུད་ཅེས་པ་ལ་ལྔ་རུ་ཡོད་པ་སྟེ། གཟུགས་དང་སྒྲ། དྲི་དང་རོ། རེག་བྱ་དང་ལྔ་ལ་ཆགས་པའི་སེམས། ཕྱི་ཡི་ཡུལ་ལྔ་ལ་ཆགས་པའི་ཡིད་དམ་དུག་ལྔ་སྟེ། དེ་ཡང་རིམ་བཞིན། མཛེས་དགུ་གཟུགས་འདོད་མིག་གི་དུག་གམ་བདུད། སྙན་དགུ་སྒྲ་འདོད་རྣ་བའི་དུག་གམ་བདུད། ངད་དགུ་དྲི་འདོད་སྣ་ཡི་དུག་གམ་བདུད། འདའ་དགུ་རོ་འདོད་ལྕེ་ཡི་དུག་གམ་བདུད། འཇམ་དགུ་རེག་འདོད་ལུས་ཀྱི་དུག་གམ་བདུད་དང་བཅས་ལྔའོ།
༢ ལྷ་ཡི་བུ་ཡི་བདུད་ཅེས་པ་ནི། ལོངས་སྤྱོད་བདེ་བའི་བར་དུ་བཅད་ནས་ལྟུང་བ་ལ་བརྗོད་དོ།
༣ ལྷ་ཡི་བུ་ཡི་བདུད་ནི་ལྷ་ཡི་བུ་མོ་ཡིད་འཕྲོག་མས་གཞན་དབང་དུ་བསླུ་བའོ།
༤ ལྷ་ཡི་བུ་ཡི་བདུད་ནི། དགྲ་ཡི་ཆ་བྱད་དུ་ཡོང་པ་ལ་སྡང་ཞིང༌། གཉེན་གྱི་ཆ་བྱད་དུ་ཡོང་པ་ལ་ཆགས་ཤིང་ཞེན་པའི་བློའོ།
བན་དེ་བ་ལགས་ཀྱི་ལན་འདེབས་ལ་བཀའ་དྲིན་ཆེ། ༣ ལྷ་ཡི་བུ་ཡི་བདུད་ནི་ལྷ་ཡི་བུ་མོ་ཡིད་འཕྲོག་མས་གཞན་དབང་དུ་བསླུ་བའོ། །ཞེས་པ་འདི་ལ་བརྟགས་པ་བྱེད་བཞིན་ཡོད། དེ་ལྟར་ན་ཤར་ཁུག་ལགས་ལ་ལྷའི་བུའི་བདུད་བཞུགས་པ་འདྲ། ཧཧཧ།
ལྷ་ཆེན་པོ་ལ་མ་ཧཱ་དེ་བ་དང་། པཱརྦཏཱི་སྟེ་རི་སྐྱེས་མའོ་ཞེས་ཟེར། ཟེར།
ཀརྡོ་ལགས། རང་སེམས་བདུད་དུ་མ་ལངས་ན། བདུད་མཐེ་བོང་ཙམ་ཞིག་གང་ན་ཡོད། དེས་ན་བདུད་ཅེས་གང་ཟག་རང་མཚན་པ་ཞིག་འཚོལ་བ་ནི་ངལ་བའི་རྒྱུ་ཡིན་ནོ།།
དེ་ལྟར་ན་ལྷ་མ་སྲིན་སྡེ་བརྒྱད་ཅེས་པ་ལས་སོགས་དཔལ་མགོན་བདུན་ཅུ་མེད་པར་འདོད་དམ།
རང་སེམས་སངས་རྒྱས་སུ་རྟོགས་ན་ལྷ་ཞེས་བྱ་བའང་མེད།
ཐམས་ཅད་རང་གྲོལ་རང་ཞིག་ཏུ་སོང་ན་མེད་ཆོག་མོད།
ད་ལྟའི་སྐབས་སུ་འདི་འདྲ་ཉིན་མོའི་སྐར་མ་ལས་ཀྱང་དཀོན།
ལྟ་བ་ཁ་ལ་འཁྱེར། སྤྱོད་པ་གླུ་རུ་ལེན་མཁན་དེ་འདྲ་མང་པོ་ཡོད་འདུག
རང་སེམས་བདུད་དུ་མ་ལངས་ན། །
བདུད་ཞེས་བྱ་བ་མེད་གྱུར་ན། །
རང་སེམས་སངས་རྒྱས་མ་སོང་བར། །
སངས་རྒྱས་བྱ་བ་མེད་པར་ཐལ། །
བཅིང་བྱེདལས་དང་་ཉོན་མོང་བདུད།
རྣམས་སྨིན་གྱུར་བའི་ཕུང་བོའི་བདུད།
དབང་མེད་འཆི་བས་འཆི་བདག་བདུད།
དེ་སྤང་གེགས་བྱེད་རྣམས་གཡེང་ལ།
ལྷའི་བུའི་བདུད་ཅེས་འབོད་པ་ཡིན།
རྒྱ་གར་ཡུལ་དུ་བུད་མེད་རྣམས།
ལྷ་ཆེན་མཇེ་ནག་གཙུག་ཏུ་བཀུར།
ནུབ་ཕྱོགས་ཡུལ་དུ་དབྱིན་མོ་ཡི།
ཕྱུར་བ་བཞིན་དུ་ཕོ་མཚན་མུར།
ལ་དྭགས་པ་རྒན་པོ་ཧོན་ལོག་འདིས་སྟོན་པ་མ་ཧཱ་དེ་བར་གུས་པས་འདུད།། ཅེས་དང་། པཱ་ར་ཝ་ཏི། ཞེས་པར་ པཱརྦཏཱི། རི་སྐྱེས་མ། ཞེས་པ་མུན་སྤྲུལ་ཏེ། སྟོན་པ་ཁྱོད་ཀྱི་སྟོན་པ་མིན་ནམ།
དེ་ལས་ཀྱང་དག་པར་བྲིས་ན་མཧཱདེཝ་དང་པཱརྺཏི་ཞེས་འབྲི་དགོས་སོ།། མི་ཤེས་ན་ཁ་རོག་སྡོད་ཟེར་བ་ཞིག་ཡོད་ལ།
རང་གིས་རྩོམ་ཆག་ཅིག་ཀྱང་འབྲི་མི་ཤེས་པ་མི་གཞན་པ་ཡོན་ཏན་ཅན་ལ་ཁ་ཟེར་བ་འདི་ཆོས་ཚིག་བཤད་ན་ཕྲག་པ་དོག་ཟེར་བའོ།། ལོ་རྒན་དེ་འདྲ་ཆགས་འདུག་པས་ཕྲག་དོག་བྱེད་རྒྱུ་ཞོགས་ལ་མ་ཎི་བགྲང་ན་མི་ལེགས་སམ། ལ་དྭགས་པ་ལགས།
་་་་ དེ་ལས་ཀྱང་དག་པར་བྲིས་ན་མཧཱདེཝ་དང་པཱརྺཏི་ཞེས་འབྲི་དགོས་སོ།། ་་་ཟེར།
བུད་མེད་སྤངས་པའི་མཛད་པ་མི་བསྟེན་ལ།།
གཞན་གྱི་བུད་མེད་སྤྱོད་པའང་མི་དགྱེས་པའི།།
འཁོར་བའི་ལུགས་སུ་བྱས་པའི་ཆོས་གཞུང་གི།
སྟོན་པ་མ་ཧྰ་ངྷེ་ཝིར་གུས་བས་འདུད།།
འདི།
བུད་མེད་སྤངས་པའི་མཛད་པ་མ་བསྟན་ལ། །
གཞན་གྱི་བུད་མེད་སྤྱོད་པའང་མི་དགྱེས་པའི། །
ཁྱིམ་པའི་ལུགས་སུ་བྱས་པའི་ཆོས་ལུགས་ཀྱི། །
སྟོན་པ་མཧྰ་དེཝར་གུས་པས་འདུད། །
ཅེས་པ་ཞིག་མི་དགོས་སམ།