འབའ་སྲས།
མི་ནི་མི་ལ་སྐྲག་དགོས་འཇིག་རྟེ
མིའི་མགོ་མི་ཡིས་གཅོད་པའི་དུས་
རྫུན་དང་ཕྲ་མའི་ལྕགས་ཀྱི་མཚོན་
དྲང་བདེན་དབྱུག་པ་བཟུང་བས་རྒྱལ་
མིའི་ཁོག་མི་ཡིས་མི་ལོན་འཇིག་རྟ
རྡོ་ཁོག་ཆུ་ཡིས་མི་སིམས་དུས་
རང་ཉིད་རང་ལ་ཡིད་ཆེས་བྱེད་པ་མ་
གཞན་ལ་བློ་གཏད་མང་ན་རང་ཉིད་བོར་
བརྟག་དཔྱད་རིག་པས་མི་བརྡར་མི་ཡི
བདེན་ཞེས་ཡིད་ཆེས་སོར་མོ་སྙིང་
དགུན་བཅུ་ས་ལ་བཙུགས་པའི་མེ་ཏོག་
མཆོད་པའི་ལྷ་དར་འཐེན་པའི་ཚུལ་
བླ་མའི་ལུང་བསྟན་ཞིག་ལ་འཁྲུལ་བ་
མཁས་པས་ཅི་གསུང་ཐམས་ཅད་ཡང་དག་ཡི
ཚན་རིག་ཞིབ་འཇུག་བྱས་ལ་ནོར་བ་མེ
ཡིད་ཆེས་སྟོང་གི་མཐའ་མ་རང་ཉིད་
བོད་ཀྱི་ཡུལ་ལ་དགུན་བཅུ་མེ་ཏོག་
ཧྲང་ཧེར་ཉི་མ་གསུམ་ལྡན་ཤར་རོ་ཟེ
རྫུན་བཟོའི་རིགས་ལ་བཟང་ངན་མཚན་
དྲ་ཐོག་མཁས་དབང་ཚོ་ཡང་རིག་པ་
མཚན་གསུམ་ཨ་རིར་ཉི་མ་ཤར་ནས་འདུ
ཉིན་གསུམ་ཡོ་རོབ་མུན་པ་འཐིབས་
ཟེར་མཁན་འདི་ཡང་དཀོན་མཆོག་ལུང་
ཁ་སང་དེ་རིང་ཐམས་ཅད་སྐྲག་ནས་བསྡ
ཉིས་སྟོང་བཅུ་གཉིས་སྤྱི་ཚེས་བཅུ
དུས་ཚོད་བཅུ་གཉིས་སྐར་མ་བཅུ་གཉི
ས་སྒང་གོ་ལ་འཇིག་ཅེས་རྫུན་གཏམ་
རྒན་རྒོན་བདེ་བོའི་མལ་དུ་ཉལ་དུ་
ཕྱི་གླིང་མགོ་སེར་ཡུལ་ན་བཤད་ཚུ
ཉིས་སྟོང་བཅུ་གཉིས་སྤྱི་ཚེས་ཉེ
གོ་ལ་འཇིག་པའི་ཉིན་མ་ཡིན་ཅེས་
ཟླ་བའི་ཁྱིམ་དུ་འབྲོ་བའི་ཐབས་ཤེ
དགུན་བཅུར་མེ་ཏོག་འཁྲུངས་ལ་ཡ་
ལྷན་ཅིག་ཉི་མ་གསུམ་ཤར་དངངས་སྐྲ
རྫུན་གྱི་འཁོར་ལོ་བསྐོར་བའི་དུ
རྨོངས་པའི་དད་པ་ཅན་ལ་ཤིན་ཏུ་འཇི
༡༣/༡༢/༡༢
དགོས་པ་བཞི་ནི།
བོད་ནང་དགུན་དུས་མེ་ཏོག་སྐྱེ་རུ་ཆུགས། །
བོད་མིའི་ལ་རྒྱ་དབྱར་སྟོན་དཔྱིད་ལའང་དགོས། །
དགུན་གྱི་མེ་ཏོག་ཚོས་སྔོན་ཡིན་དུ་ཆུགས། །
བོད་ཀྱི་ཆབ་དཔལ་རིག་གསུམ་དཀར་གཙང་དགོས། །
མཚན་མོ་མེད་པའི་ཉིན་གསུམ་ཤར་ནའང་ཤར། །
ཆོལ་གསུམ་མི་རིགས་རྡོག་རྩ་གཅིག་སྒྲིག་དྲིལ་དགོས། །
ཉི་མ་མེད་པའི་མཚན་གསུམ་ནག་ཀྱང་ནག །
དད་པ་གསུམ་གྱིས་རེ་བའི་སྒྲོན་མེ་དགོས། །
རྨོངས་པའི་དད་པ་ཅན་ལ་ཤིན་ཏུ་འཇིག་༼འཇིགས་༽སོང་།།
ལྷ་དང་སྲུང་མ་ཟེར་བ་འདི་ཡང་རྟོག་བཟོ་རེད། །
ལས་འབྲས་ཟེར་བའི་རྫིག་པོ་འདི་ཡང་སྐྱག་རྫུན་རེད། །
མི་མགོ་མི་ཡིས་སྐོར་སྟངས་འདི་ཡང་རྫུན་མ་རེད། །
མདོར་ན་འདིར་སྣང་ཆོས་ཀུན་ཐམས་ཅད་བློ་གཏད་ཅི། །
འདྲེ་འདི་ངན་རེད་ཡ།
ལྷ་དང་སྲུང་མ་ཟེར་བ་འདི་ཡང་རྟོག་བཟོ་རེད། །
ལས་འབྲས་ཟེར་བའི་རྫིག་པོ་འདི་ཡང་སྐྱག་རྫུན་རེད། །
མི་མགོ་མི་ཡིས་སྐོར་སྟངས་འདི་ཡང་རྫུན་མ་རེད། །
མདོར་ན་འདིར་སྣང་ཆོས་ཀུན་ཐམས་ཅད་བློ་གཏད་ཅི། །
ལན་དུ།
ལྷ་དང་སྲུང་མ་ཟེར་བ་འདི་ཡང་དོས་གནས་འདུག །
ལས་འབྲས་ཟེར་བའི་དངོས་གཤིས་འདི་ཡང་དངོས་བདེན་རེད། །
མི་མགོ་མི་ཡིས་སྐོར་སྟངས་འདི་ཡང་ཧམ་པ་རེད། །
མདོར་ན་འདིར་སྣང་ཆོས་ཀུན་ཐམས་ཅད་ཤེས་ནས་སྤྱོད། །