སོག་མདའ།
ཀུན་དང་མཐུན་པའི་མི་ཞིག་གནང་ན་ཨ་རག་བཙན་པོ་མ་འཐུང་ལགས།།
ཁ་སེམས་མཐུན་པའི་སྐྱ་ཡ་འགྲོགས་ན་ཨ་རག་བཙན་པོ་མ་འཐུང་ལགས།།
གལ་ཆེན་དོན་ཆེན་བྱ་གཞག་སྒྲུབ་ན་ཨ་རག་བཙན་པོ་མ་འཐུང་ལགས།།
ངང་རྒྱུད་དྲང་མོའི་མི་གཤིས་དགོས་པས་ཨ་རག་བཙན་པོ་མ་འཐུང་ལགས།།
ཅ་ཅོ་མང་པའི་མི་གཞིར་འགྱུར་བས་་ཨ་རག་བཙན་པོ་མ་འཐུང་ལགས།།
ཆ་ཡོད་ཆ་མེད་གཉིས་ལ་འཚེ་བས་ཨ་རག་བཙན་པོ་མ་འཐུང་ལགས།།
ཇག་ཚོགས་ངན་པའི་སྤུན་དུ་ལོག་འགྲོ་ཨ་རག་བཙན་པོ་མ་འཐུང་ལགས།།
ཉ་ཉོག་ལབ་གླེང་དོན་མེད་བཤད་ཡོང་ཨ་རག་བཙན་པོ་མ་འཐུང་ལགས།།།
ཏ་ཐ་ག་ཐའི་བསྟན་ལ་ཞུགས་ནས་ཨ་རག་བཙན་པོ་མ་འཐུང་ལགས།།
ཐ་མལ་མི་བུའི་གྲལ་ཏུ་ཚུད་འགྲོ་ཨ་རག་བཙན་པོ་མ་འཐུང་ལགས།།
དུག་ནད་མཆིན་པའི་བྱེད་ལས་མཉམ་འགྲོ་ཨ་རག་བཙན་པོ་མ་འཐུང་ལགས།།
ན་ཚ་འདྲ་མིན་ངང་གིས་འཕེལ་ཡོང་ཨ་རག་བཙན་པོ་མ་འཐུང་ལགས།།
པ་ཕའི་ཞབས་འདྲེན་གླིང་ལ་བཞག་ཡོང་ཨ་རག་བཙན་པོ་མ་འཐུང་ལགས།།
ཕལ་ཆེར་མི་ཡིས་མཐོང་ཆུང་བྱེད་ཡོང་ཨ་རག་བཙན་པོ་མ་འཐུང་ལགས།།
བ་གླང་བཞིན་ཏུ་དྲན་པ་བརླགས་འགྲོ་ཨ་རག་བཙན་པོ་མ་འཐུང་ལགས།།
མ་ལོ་ཡིན་ཀྱང་ཡིད་ཆེས་བོར་འགྲོ་ཨ་རག་བཙན་པོ་མ་འཐུང་ལགས།།
ཙག་ཙིག་ལས་དོན་ཉུང་ཙམ་མི་འགྲུབ་ཨ་རག་བཙན་པོ་མ་འཐུང་ལགས།།
ཚད་འཛིན་མི་ཡི་རིན་ཐང་བོར་འགྲོ་ཨ་རག་བཙན་པོ་མ་འཐུང་ལགས།།
ཛ་དྲག་ཆེ་བའི་ནད་པར་ལོག་འགྲོ་ཨ་རག་བཙན་པོ་མ་འཐུང་ལགས།།
ཝ་མོ་བཞིན་དུ་སྡར་མ་ཆགས་འགྲོ་ཨ་རག་བཙན་པོ་མ་འཐུང་ལགས།།
ཞྭ་སེར་བསྟན་པའི་དགོན་ལ་ཞུགས་ན་ཨ་རག་བཙན་པོ་མ་འཐུང་ལགས།།
ཟ་མའི་དྲོ་བ་ལྕེ་ཡིས་མྱོང་ན་ཨ་རག་བཙན་པོ་མ་འཐུང་ལགས།།
འོ་མ་འདྲ་བའི་སེམས་ཁམས་མཁོ་བས་ཨ་རག་བཙན་པོ་མ་འཐུང་ལགས།།
ཡ་རབས་མི་ཡི་གཤིས་ལུགས་དགོས་པས་ཨ་རག་བཙན་པོ་མ་འཐུང་ལགས།།
རིན་ཆེན་མི་ལུས་དོན་ལྡན་བཟོ་ཆེད་ཨ་རག་བཙན་པོ་མ་འཐུང་ལགས།།
ལ་ལུང་མི་ཡུལ་གང་དུ་གནས་ཀྱང་ཨ་རག་བཙན་པོ་མ་འཐུང་ལགས།།
ཤིན་ཏུ་མཁོ་བའི་ལུས་འདི་སྲུང་དགོས་ཨ་རག་བཙན་པོ་མ་འཐུང་ལགས།།
ས་ཆེན་འདི་རུ་ཡུན་རིང་འཚོ་དགོས་ཨ་རག་བཙན་པོ་མ་འཐུང་ལགས།།
ཧ་ཅང་གལ་ཆེན་དོན་ཆེན་ངང་ནས་ཨ་རག་བཙན་པོ་མ་འཐུང་ལགས།།
ཨ་ཇོ་ཞིག་གི་སེམས་ཀྱི་གཏམ་ཡིན་ཨ་རག་བཙན་པོ་མ་འཐུང་ལགས།།
༢༠༡༢་༡༢་༡༦་རང་ཤག་ནས་བྲིས།།
འཐུང་ཚོད་ཅན་ལ་ཨ་རག་འདི།
ལུས་ཁམས་གསོའི་བདུད་རྩི་ཡིན།།
གཏམ་སྒོ་ཕྱེ་བའི་སྨྲ་སྒོ་ཡིན།
སྤོབས་པ་སྤྱད་པའི་དབའ་སྒོ་ཡིན།
མདོད་པ་འཕེལ་བའི་ཆགས་སྒོ་ཡིན།
འཐུང་ཚོད་ཡོད་ན་སྐྱིད་པོ་ཡིན།
མི་འཐུང་ཟེར་ན་དཀའ་མོ་རེད།
ཨུམ་་་་་་་་་་་་་་་་གནད་དུ་ཁེལ་བའི་གདམ་ངག་ཅིག་གསུངས་འདུག་མོད། ད་ཆང་འཐུང་དེ་ཚོར་གླགས་མི་ཁེལ་ཡ།
ཆང་གི་ཡོན་ཏན་ཞིག་ཡིག་རྙིང་ཞིག་ལས་ཇི་ལྟར་བྱུང་བ་ཞིན་དྲངས་པ།
ཆང་གྱི་མེས་པོ་བའ། གནམ་འཁུན་དིང་བས་བགྱི། ཆང་གྱི་ཕྱི་མོ་བ་ས་ཁུན་དིང་བས་བགྱི། ཕ་དང་ཡབ་ཀྱི་མཚན་ལྷ་ཆུ་རྔམ་བས་བགྱི། མ་དང་ཡུམ་གྱི་མཚན། རྨུ་ཆུ་དིང་བས་བགྱི། བཤོས་དང་ནམ་གྱི་སྲས། ཆང་སྲས་མཆེད་དགུར་བལྟམ། འབྲུ་བཅུད་གདར་སྦྱར་བས། ཞལ་ཟས་ཀུན་གྱི་མཆོག མཆུ་ལ་རག་པས་རང་རིག་གནམ་ཤེས་ཡོད། ལྕེ་ལ་རག་པས་གྲོ་དྲུག་དྲན་བ་སྐྱེ། ཁོང་དུ་བབ་པས་གདུང་བའི་མྱང་ངན་སྐྱེས། དཔྲལ་དུ་དྲོས་པས་ང་ཕོད་རློམ་སེམས་སྐྱེས། རིངས་པ་ཀུན་ཀུན་ཡང་དལ་འབྱོར་ཕུན་སུམ་ཚོགས། རྨུགས་པ་ཀུན་ཡང༌། སྨྲ་བའི་རྔོས་གྲུབ་ཐོབ། ཞལ་ངོ་ཆེ་བས་ཡུལ་དང་མཁར་ཡང་བྲའ། མི་སྟོང་རྟ་སྟོང་འདིས་ཟ་བར་འགྱུར། ཆང་ལས་ཡོན་ཏན་དེ་དྲ་སྟེ།