གཤམ་གྱི་མཆན་འདི་འཇམ་དབྱངས་ནོར་བུ་ལགས་ཀྱི་དྲ་རྒྱའི་ཐོག་ཏུ་འཁོད་འདུག
——————————————————————-
༄༅༎ དཔལ་ལྡན་༧མི་རྗེ་སྐུ་སྒེར་དྲུང་ཆེ་རྣམས་ཀྱི་༧ཞབས་དྲུང་དུ།
ཞུ་གསོལ་གུས་འབངས་ཕྱི་རྒྱལ་དུ་གནས་འཁོད་འགའ་ཞིག་གྲོས་ཀྱིས་གསོལ་བ་ཕུར་བཙུགས་སུ་འདེབས་ཏེ་ཞུ་བྱའི་སྙིང་པོར། དགོངས་མངའ་བཞིན་ཨ་རིར་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་བོད་སྐད་སྡེ་ཚན་གྱི་འགན་འཛིན་ང་ཕོད་འཇིགས་མེད་ལགས་ཉེ་ཆར་གློ་བུར་དུ་ལས་ཁུངས་ནས་ཕྱིར་འབུད་བཏང་པ་ནི་མ་མཐར་ཡང་བོད་ཀྱི་གསར་འགྱུར་ལས་རིགས་གོང་འཕེལ་གཏོང་རྒྱུར་གྱོང་གུན་ཆེན་པོ་ཐེབས་རྒྱུ་ཡིན་ན་གཤམ་འོག་གི་མི་སྣར་གོ་སྐོན་བསླབ་བྱ་ཞིག་གནང་ནས་ཤེས་ལྡན་པ་མྱུར་སྐྱོབས་གནང་བའི་སྐྱབས་འཇུག་ཐུགས་རྗེ་བརྩེ་བས་གཟིགས་པ་མཁྱེན་ཞེས་ཞུ་རྒྱུ་ཡིན། ལྷག་པར་དུ་གལ་ཆེ་བ་ཞིག་ལ་༧གོང་ས་མཆོག་གི་སྐུ་ཆའི་བདེ་འཇགས་ཆེད་དུ་མཇལ་ཁར་བཅར་མཁན་མི་སྣའི་རྒྱབ་ལྗོིངས་ཚུལ་ལུགས་དང་མཐུན་མིན་ཞིབ་འཇུག་ཟབ་ནན་གནང་བའི་རེད་བ་ཡོད།
ཞུ་དོན་གཙོ་བོར། ལོ་ཤས་གོང་དུ་ཨ་རིའི་གྲོས་ཚོགས་ནས་ཕྱི་སྲིད་ལས་ཁུངས་སུ་རྒྱ་ནག་གཙོས་སྲིད་དབང་སྒེར་སྤྱོད་སྲིད་གཞུང་ཁག་གིས་འཕྲིན་གཏོང་དྲ་གནས་ལ་བཀག་བསྡོམས་བྱེད་བཞིན་པ་དེར་འགོག་རྒོལ་བྱ་རྒྱུའི་ལས་གཞིའི་ཆེད་དུ་ཨ་སྒོར་ས་ཡ་བཅུ་སྤྲད་ནས་སྲིད་དབང་སྒེར་སྤྱོད་འོག་གི་མང་ཚོགས་ཚོར་རང་དབང་ཐོག་རྒྱལ་སྤྱིའི་གནས་ཚུལ་མཐོང་ཐོས་བྱེད་ཐུབ་པའི་ལས་འགན་སྤྲད་ཡོད་ཀྱང་ཕྱི་སྲིད་ལས་ཁུངས་ནས་རྒྱུ་མཚན་ཁ་ཤས་རྐྱེན་པས་ལས་གཞི་དེ་མ་གྲུབ་པར་ཕྱི་སྲིད་ཁང་ནས་དངུལ་ལོར་དེ་དག་གྲོས་སུ་ཕྱིར་སྤྲད། རྗེས་སུ་གྲོས་ཚོགས་ནས་ཨ་སྒོར་ས་ཡ་བཅུ་པོ་དེ་དག་BBG ལ་སྤྲད་ནས་གོང་གསལ་ལས་གཞི་དེ་སྒྲུབ་ཏུ་བཅུག་ Broadcasting Board of Governors (BBG) ནས་སྲིད་དབང་སྒེར་སྤྱོད་ཀྱི་ཡུལ་གྲུའི་ནང་རྒྱལ་སྤྱིའི་རང་དབང་གི་གསར་འགྱུར་དང་གཞུང་ཕྱོགས་དང་ལྟ་བ་མི་གཅིག་པའི་གནས་ཚུལ་སོགས་མི་མང་གི་མཐོང་ཐོད་ཡོང་བའི་ལས་གཞི་དེ་RFA དང་ IBB གཉིས་ལ་སྤྲོད་རྒྱུ་བྱས། ཡིན་ནའི་ BBG གི་ གཙོ་འཛིན་ Michael P. Meehan དང་ Victor H. Ashe གཉིས་པོ་ནི་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་འགན་འཛིན་རྒྱ་མོ་ Libby Liuདང་འབྲེལ་བ་ཟབ་པོ་ཆགས་ཡོད་པ་དང་། ལྷག་པར་དུ་ Michael P. Meehan དང་རྒྱ་མོ་གཉིས་པོ་ཕོ་མོའི་གབ་མཐུན་འབྲེལ་བ་དམ་ཟབ་ཡོད་པའི་གནས་ཚུལ་ནི་ཡོངས་གྲགས་ཀྱི་གསང་བ་ཞིག་ཡིན་པ་དེའི་སྐོར་ཤེས་འདོད་ན་VOA བོད་སྐད་སྡེ་ཚན་གྱི་ལས་བྱེད་ཚོར་དྲིས་ནའང་དེ་བས་གསལ་པོ་ཁྱེན་ཐུབ་རྒྱུ་རེད། དེར་བརྟེན་མཐར་ཨ་སྒོར་ས་ཡ་བཅུ་དེ་RFA གི་འགན་འཛིན་རྒྱ་མོ་Libby Liu ལ་ཐོབ་པ་མ་ཟད། སྟབས་འཁེལ་པ་ཡིན་རུང་ཅི་ཡིན་ཨ་སྒོར་ས་ཡ་གཅིག་ Michael P. Meehan གི་ཐེ་རྩའི་ནང་བཅུག་ཡོད་སྐད་འདུག
རྒྱ་མོ་ Libby Liu གི་ཀུན་སྤྱོད་མི་ལེགས་པའི་སྐོར་དུ་མ་ཤོད་སྲོལ་ཡོད་པ་ནས་དཔེ་མཚོན་ཞིག་བཤད་ན། རྒྱ་མོ་ལིའུ་ཡིས་དེ་སྔ་ san Francisco ས་གནས་གཞུང་གི་ཁྲིམས་ཁང་གི་ཁྲིམས་རྩོད་པ་བྱས་པའི་རིང་ལ་ཁྲིམས་རྩོད་པ་གཞན་ཞིག་དང་ཕོ་མོའི་འབྲེལ་བའི་གནས་ཚུལ་ཐོན་པ་དེ་ལས་རོགས་ཤིག་གིས་མཐོང་པར་བརྟེན། རྒྱ་མོ་ལིའུ་ཡིས་ལམ་སང་མགོ་བདེ་བྱས་ནས་ཁོས་ང་ལ་བཙན་དབང་བྱས་བྱུང་ཟེར་ཁྲིམས་ཁང་དུ་ཁ་མཆུ་བཙུགས་པའི་སྐོར་གྱི་གནས་ཚུལ་སྐབས་དེའི་གསར་འགྱུར་ཐོག་ཏུ་ཡང་བརྗོད་གཞི་ (Deputy DA in Office Whoopee Case to File Lawsuit Today) ཞེས་པ་བཀོད་འདུག་པས་ཞིབ་ཕྲ་གཟིགས་འདོད་ན་ དྲ་རྒྱ་འདིའི་སྒང་ལ་ཚང་མས་གཟིགས་པར་ཞུ།
http://www.sfgate.com/bayarea/matier-ross/article/Deputy-DA-in-Office-Whoopee-Case-to-File-Lawsuit-2974391.php
ཡང་རྒྱ་མོ་ Libby Liu ཡིས་ BBG ལས་བྱེད་པ་ Michael Meehan ཁྲིད་ནས་ Chicago་ དུ་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་མཇལ་ཁར་བསྐྱོད་པའི་སྐབས་མོས་སྨད་གཡོག་ཧ་ཅང་ཐུང་ཐུང་ཞིག་གྱོན་ནས་༧གོང་ས་མཆོག་གི་ཞབས་ལ། མོའི་རྐང་པའི་པུད་མོ་སྦྱར་ནས་པར་རྒྱབ་ཡོད་འདུག་པ་ (Dalai Lama Discusses BBG and Tibet with Meehan, Liu)ཞེས་པའི་བརྗོད་གཞིའི་གནས་ཚུལ་ཞིག་འདུག འདིའི་སྐོར་ཞིབ་ཕྲ་གཟིགས་ན་འདིར་སྣོན།
http://www.bbg.gov/press-release/dalai-lama-discusses-bbg-and-tibet-with-meehan-liu/ དྲ་གནས་དེ་དག་སྒང་གི་པར་ལ་གཟིགས་དང་དཔེ་སྲིད་ཀྱི་རེད་པས། གུས་ཞབས་མེད་པའི་མཇལ་འཕྲད་འདི་གོ་སྒྲིག་སུས་བྱས་པ་རས། ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་ཆའི་སྲུང་ཆའི་ཐད་ལ་དྲག་པོའི་མཚོན་ཆ་ཁོ་ན་མིན་པར་ཕྱོགས་ཡོངས་ཀྱི་བདེ་འཇགས་ལ་ཟབ་ནན་བྱེད་དགོས་པ་ཞིག་མ་ཡིན་ནམ། ༧གོང་ས་མཆོག་སྤྱིར་བཏང་གི་དབུ་ཁྲིད་ཞིག་དང་མི་འདྲ་བར་མ་མཐར་ཡང་འཛམ་གླིང་ནང་པ་ཡོངས་ཀྱི་དབུ་ཁྲིད་དང་དད་པ་ཞུ་སའི་ཆེས་བླ་ན་མེད་པའི་བླ་ཆེན་ཞིག་རེད། ཁོང་གི་འགྲམ་དུ་སྨད་ཚོང་མ་ཡོད་པའི་འདྲ་པར་ཞིག་ཕྱི་རྒྱལ་གསར་འགོད་པ་ཞིག་ལ་རག་ན་མཇུག་འབྲས་གང་འདྲ་ཡོང་སྲིད། དེའི་འགན་སུས་ཁྱེར་ཐུབ། !!!
Rfa ལས་ཁུངས་ནང་ཆ་མཚོན་ན་ཐོག་མར་རྒྱ་མོ་ལིའུ་ཁོ་མོ་ཡོང་ལུགས་ཡོང་སྟངས་མི་ཤེས་ཀྱང་དེ་སྔའི་rfa གི་འགན་འཛིན་ Richard Richter ལ་ཡང་རྒྱ་མོ་ལིའུ་ཡིས་གལ་སྲིད་ཁོ་མོ་གོ་གནས་སྤར་རྒྱུར་ Richard ཁྱོད་ཀྱི་བཀག་བསྡོམས་བྱས་ན་ཁྱོད་ཀྱི་ཁོ་མོར་(རྒྱ་མོ་ལིའུ་ལ་)ཆགས་སེམས་ཀྱིས་བཙན་བཤེས་བྱས་བྱུང་ཟེ་ཞུ་གཏུག་རྒྱག་རྒྱུའི་འཇིགས་སྣང་སྐུལ་ནས་མཐར་ Richard Richter རྒས་ཡོལ་དུ་འགྲོ་སྐབས་ཁོ་མོ་འགན་འཛིན་གྱི་ཚབ་ཏུ་མ་བསྐོ་ཐབས་མེད་ཆགས་པའི་སྐོར་གྱི་གནས་ཚུལ་ཞིག་གཤམ་འོག་ཏུ་གོ་རྒྱུ་ཡོད་ཀྱང་ར་སྤྲོད་དཔང་རྟགས་གསལ་པོ་ཞིག་མེད་ནའང་RFA ལས་བྱེད་རྣམས་ལ་དྲིས་ན་དེ་བས་གསལ་པོ་ཤེས་རྒྱུ་རེད། འདི་ལྟ་བུའི་སྐྱུག་དྲོ་བའི་ཁྲེལ་མེད་ཀྱི་ཀུན་སྤྱོད་ལྡན་པའི་རྒྱ་མོ་དེར་༧གོང་ས་མཆོག་གི་མཇལ་ཁ་ཡང་ཡང་ཞུ་བཅུག་ན་གལ་ཏེ་མོས་༧གོང་ས་མཆོག་ལ་མི་བདེན་རྫུན་སྒྲིག་གི་སྙོན་འཛུགས་དང་མཚན་སྨད་ཞུས་པའམ། ཡང་ན་བྱ་བྱེད་མང་བའི་རྒྱ་མོ་རང་ཉིད་དེ་སྔ་ཉི་ཧོང་གི་ཆོས་དཔོན་ཨ་ས་ཧ་ར་ལྟ་བུའི་ཁྲིམས་འགལ་གྱི་གནས་ཚུལ་འདྲ་ལྷག་ན་སླར་ཡང་རྒྱ་དམར་ཕྱོགས་ཀྱིས་འུར་རྒྱབ་ནས་བཤད་རྒྱུ་ཞིག་མི་ཡོང་ག་ལ་སྲིད།
དེ་ཡང་ལོ་རབས་དགུ་བཅུའི་འགོ་སྟོད་དུ་ཉི་ཧོང་ནང་མིང་ལ་ Shoko Asahara ཞེས་པའི་བདེན་པའི་ཆོས་ཉམས་ལེན་བྱེད་མཁན་ཡིན་ཟེར་མཁན་མིག་ལོང་བ་དེས་ཞུགས་སྒར་རྡ་རམ་ས་ལར་༧གོང་ས་མཆོག་མཇལ་ཁར་བཅར་ཡོད་པ་མ་ཟད། ༧གོང་ས་མཆོག་དང་ལྷན་དུ་སྐུ་པར་ཡང་མགྲོན་ཡོད། རྗེས་སུ་༡༩༩༥ལོར་ཉི་ཧོང་གི་རྒྱལ་ས་ཀྲོག་ཀོར་གྱི་ས་འོག་མེ་འཁོར་ནང་དུག་རྫས་ཀྱི་གནོད་སྐྱོན་བཏང་པའི་དོན་རྐྱེན་དེ་དང་ Shoko Asahara འབྲེལ་བ་ཡོད་པའི་གནས་ཚུལ་ཐོན་པ་དང་སྦྲགས་རྒྱ་དམར་དགའ་ཐག་ཆོད་ནས་༧གོང་ས་མཆོག་དང་ཨ་ས་ཧ་ར་གཉིས་འབྲེལ་བ་ཡོད་སྐོར་རྩོམ་ཡིག་སྤེལ་ནས་མཚན་སྨད་ཞུས་པ་མ་ཟད། ཐ་ན་རྒྱ་དམར་གྱིས་དེའི་སྐོར་གློག་བརྙན་ཡང་བཟོས་ནས་༧གོང་ས་མཆོག་ལ་མཚན་སྨད་ཞུས་པ་སྐུ་སྒེར་ཡིག་ཚང་དང་བཀའ་ཤག་དེ་བཞིན་སྤྱི་འཐུས་བཅས་ཀྱིས་བརྗེད་ཡོད་ཀྱི་མ་རེད། འདི་ལྟར་གནས་ཚུལ་བྱུང་ན་སུས་འགན་ཁུར་ཕོད།
༧གོང་ས་མཆོག་ནས་ཡིན་གཅིག་མིན་གཅིག་རྒྱ་མོ་ཞིག་ཁྲིད་ཤོག་ཅེས་གཤམ་འོག་ལ་བཀའ་བཏང་གནང་བ་རྩ་ནས་ཡིན་གྱི་མ་རེད། ཡང་ན་རྒྱ་མོ་དེའི་མཇལ་ཁ་གོ་སྒྲིག་སུས་བྱས་པ་ཡིན་ནམ། སླད་མཚན་སྨད་སོགས་བྱུང་སྲིད་པའི་རང་བཞིན་ལ་བསམ་བློ་དང་དོགས་ཟོན་བྱས་ཡོད་དམ།མི་རེ་གཉིས་ཀྱི་ལྐོག་ཟ་དང་ངོམ་གསོ་བྱེད་ཆེད་༧གོང་ས་མཆོག་བེད་སྤྱོད་བྱས་པ་མིན་ན་ཅི་ཡིན། ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་མཛད་འཕྲིན་སྔར་ལས་གོང་འཕེལ་འགྲོ་བ་དང་དུས་མཚུངས་མཇལ་ཁ་སོགས་གོ་སྒྲིག་ཞུ་མཁན་ཚོས་ངེས་པར་དུ་འགན་ཁུར་ཆེ་རུ་གཏོང་བ་དང་དོགས་ཟོན་ཆེར་སྐྱེད་བྱེད་དགོས་པ་རེད་དང་མ་རེད། འདིའི་ཐད་བདེ་སྲུང་ལས་ཁུངས་ནས་འགྲེལ་བརྗོད་ཇི་ལྟར་བྱ་རྒྱུ་ཡིན།
རྒྱ་མོ་ Libby Liu ནི་གང་བྱུང་གིས་དབང་ཆ་སྒེར་སྤྱོད་བྱེད་མཁན་ཡིན་པ་ཐ་ན་ཁོ་མོའི་གཅུང་མོའི་དགའ་གྲོགས་སམ་བཟའ་ཟླ་ John Estrala ཟེར་བ་དེ་ RFA ལས་ཁུངས་ནང་གསར་དུ་བཅུག་རྗེས་ RFA འཛིན་སྐྱོང་ལས་བྱེད་དཀྱུས་མ་དེ་ནས་མགྱོགས་མྱུར་ངང་འགན་འཛིན་གཞོན་པར་ཐད་བསྐོས་བྱས་པར་གླེང་གཞིར་གྱུར་ཡོད། ཡང་བསྐྱར་དྲན་གསོ་ཞིག་བྱས་ན་ཁོ་མོ་རྒན་འཛིན་བྱས་ནས་ཡུན་རིང་མ་སོང་བའི་ནང་བོད་སྐད་སྡེ་ཚན་གྱི་ལས་བྱེད་ཉུང་དུ་གཏོང་རྩིས་བྱས་པ་སྐལ་ལྡན་གྱིས་ཀྱང་གསལ་པོ་ཤེས་ཀྱི་ཡོད། བོད་སྐད་སྡེ་ཚན་ཉུང་དུ་བཏང་པ་ཡིན་ན་བོད་པ་ཁ་ཤས་ལས་ཀ་ཤོར་ཙམ་གྱི་གནད་དོན་སྟབས་བདེ་ཞིག་མིན་པར་འདི་ནི་བོད་པའི་སྨྲ་བརྗོད་རང་དབང་གི་སྲོག་རྩ་ཞིག་ཡིན་པ་ཚང་མས་མཁྱེན་གསལ་རེད། ད་རེས་སླར་ཡང་བོད་སྐད་སྡེ་ཚན་གོང་འཕེལ་འགྲོ་རྒྱུའི་རྩ་བ་བཅད་པ་དེ་དང་སྐལ་ལྡན་གྱི་ཁེ་ཕན་དང་བརྗེ་རེས་བྱས་པ་རེད། ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གསར་བཙུགས་བྱས་ནས་ད་བར་དུས་ཡུན་ལོ་བཅུ་དྲུག་ཙམ་འགྲོ་བ་དང་ང་ཚོ་ཡང་རླུང་འཕྲིན་འདི་ཉན་ནས་ལོ་དེ་ཙམ་སོང་བའི་མྱོང་བ་དངོས་ནས་བཤད་ན། ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་ཁྱད་ཆོས་གཙོ་བོ་ནི་དབུས་སྐད་དང་ཁམས་སྐད་ཨམ་སྐད་བཅས་ཆོལ་ཁ་གསུམ་གྱི་སྐད་གདྭངས་ཡོད་པ་དེ་རེད། ཉེ་ཆར་ང་ཕོད་འཇིགས་མེད་ལགས་ལས་ཁུངས་ནས་ཕྱིར་འབུད་བཏང་པ་ལས་འཕྲོས་པའི་གནད་དོན་འགའ་ཞིག་དྲ་གནས་ཐོག་བཀོད་པར། ང་ཕོད་འཇིགས་མེད་ཀྱིས་༧གོང་ས་མཆོག་གི་མཛད་འཕྲིན་སྐོར་རྒྱང་སྲིང་བྱེད་རྒྱུར་ཚོད་འཛིན་བྱས་པའི་སྐྱོན་འཛུགས་རེ་གཉིས་བྱས་འདུག་པ་ནི་ཧ་ཅང་གི་བདེན་པ་མ་རེད། ང་ཚོས་ཀྱང་རྒྱ་མི་ནང་བཞིན་རྫུན་གཏམ་དང་ཧམ་བཤད་བྱས་ན་འགྲིག་གམ།
ང་ཚོར་ཆ་མཚོན་ན་ནི་ཧ་ལམ་ཉིན་ལྟར་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཉན་མཁན་གྲས་ཡིན་པས་དཔང་པོ་བྱས་ནས་བཤད་རྒྱུ་ཡོད། དཔེ་ན་ཨེ་ཤ་ཡ་རང་དབང་རླུང་འཕྲིན་ཁང་གི་གསར་འགྱུར་དང་ལེ་ཚན་ཁག་གི་ནང་༧གོང་ས་མཆོག་གི་ཆིབས་བསྒྱུར་དང་མཛད་འཆར་ཡོད་དོ་ཅོག་འགོ་ནས་མཇུག་བར་ཉན་རྒྱུ་ཡོད། དེ་ཡིན་མིན་རླུང་འཕྲིན་ཁང་གི་སྒྲ་མཛོད་ནང་གཟིགས་པ་དང་ཉན་མཁན་ཡོངས་ལ་འདྲིས་ན་གསལ་པོ་རེད། ད་དུང་ལོ་ཤས་སྔོན་ནས་ད་བར་དུ་༧གོང་ས་སྐུ་ཕྲེང་༡༤་པ་མཆོག་གི་མཛད་རྣམ་གསར་པ་དེ་ཡང་ཧ་ཅང་གོ་བདེ་བའི་ངང་འཇག་ཀློག་མུ་མཐུད་གནང་མུས་རེད། དེས་མ་ཟད་ད་དུང་བཙན་བྱོལ་བོད་གཞུང་ཞེས་པ་སོགས་དམིགས་བསལ་ལེ་ཚན་སྣ་ཚོགས་ཤིག་འདེམས་ཁ་བྱས་ནས་གསན་རྒྱུ་འདུག ཨེ་ཤ་ཡ་རང་དབང་རླུང་འཕྲིན་ཁང་དེའི་སྐོར་རྒྱས་ཙམ་བཤད་ན་རླུང་འཕྲིན་ཁང་དེ་གསར་འཛུགས་བྱས་ནས་བཟུང་ད་ལྟའི་བར་ལོ་བཅུ་དྲུག་ཙམ་སོང་བ་འདིའི་རིང་ལ་རླུང་འཕྲིན་ཉན་རྒྱུ་ཡོད་པ་མ་ཟད། དྲ་རྒྱའི་ཐོག་ཉིན་ལྟར་གནས་ཚུལ་གསར་པ་ཀློག་རྒྱུ་ཡང་ཡོད་པ་དེ་ནི་བོད་ཡིག་ཐོག་གནས་ཚུལ་གསར་པ་བཀོད་མཁན་ཤུགས་ཆེ་ཤོས་དེ་རེད། སྐད་གདངས་ཐད་དབུས་སྐད་དང་ཨམ་སྐད་ཁམས་སྐད་བཅས་སྐད་གདངས་རིགས་གསུམ་ཡོད་པ་དེས་ཧ་ལམ་བོད་ཀྱི་ས་ཁྱོན་ཆོལ་ཁ་གསུམ་ལ་གོ་ཐུབ་པ་ནི་ངོ་མཚར་ཆེན་མོ་ཨེ་མ་རེད།
རླུང་འཕྲིན་དང་བརྙན་འཕྲིན་སོགས་གསར་འགྱུར་ལས་རིགས་ཀྱི་འགོ་ཁྲིད་ནི་ཚད་དང་ལྡན་པའི་ཕུལ་བྱུང་གི་བྱང་ཚད་ཡོད་པ་ཞིག་དགོས་ངེས་རེད། བྱང་ཚད་ཀྱི་མཚན་ཉིད་ནི་སྐྱེ་བོ་ཞིག་གི་ངོས་ནས་བརྗོད་ན་རང་དང་ཐོག་གཉུག་མ་ཉིད་ནས་ཡོད་པའི་བསམ་བློའི་འཁྱེར་བཟོ་དང་། ཤེས་སྟོབས། གོམས་གཤིས། གཤིས་ཀ་དེ་བཞིན་རིགས་གནས་སྒྱུ་རྩལ་ལ་སོགས་མྱུ་གུ་སྐྱེད་པར་བྱ་བའི་ས་བོན་ལྟ་བུ་དེས་ཆེས་རྩ་བར་བྱས་པའི་བྱང་ཚད་ཀྱི་རྨང་གཞིའི་ཐོག་གོམ་པ་རིམ་བགྲོད་ཀྱིས་འཚོ་བའི་ཁྲོད་ཀྱི་ཁོར་ཡུག་གི་ཕྱི་རྐྱེན་དང་། ནང་རྐྱེན་སོགས་རྟེན་འབྲེལ་སྣ་ཚོགས་ཀྱི་ཤུགས་རྐྱེན་ལས་གྲུབ་པའི་མི་རྣམས་ཀྱི་སེམས་ཁམས་དང་། གཟུགས་ཁམས། ཚན་རིག་རིག་གནས། སྐྱེ་ཁམས། རང་དབང་དམངས་གཙོའི་བསམ་བློ་སོགས་ཀྱི་ཤེས་བྱ་ཡོན་ལྡན་གྱི་བློའི་རྟོགས་པའི་བྱང་གོམས་ཀྱི་ཚད་དེ་ལ་བྱང་ཚད། ཅེས་བརྗོད་པ་དེ་ལའང་ས་བོན་མེས་འཚིག་པ་ལ་མྱུ་གུ་སྔོན་པོ་ཇི་ལྟར་སྐྱེ་བ་དང་། ས་ལུད་ཆུ་དང་གཡོག་བྱེད་མ་འཛོམས་ན། རྡོ་སྐམ་སྟེང་དུ་ལྗང་པ་ཇི་ལྟར་སྐྱེ་བའི་དཔེ་ལས་རྟོགས་པར་གྱུར་བ་སོགས་གང་ཙམ་བཤད་རྒྱུ་ཡོད་པས་ཡིག་རྫོབས་ཀྱིས་མ་བཤད་ན་དགའ། དེས་ན་བོད་དང་ལྷག་པར་དུ་བཙན་བྱོལ་བོད་མིའི་སྤྱི་ཚོགས་ཁྲོད་ཀྱི་གསར་འགྱུར་ལས་རིགས་ལ་ང་ཕོད་འཇིགས་མེད་ལྟ་བུའི་ཕུལ་བྱུང་གི་ཤེས་ལྡན་པ་འདི་འདྲ་བ་ཡོད་པ་ནི་དཔལ་དང་རྒྱན་ཞིག་རེད། ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་བོད་སྐད་སྡེ་ཚན་གྱི་ད་ལྟའི་སྤུད་ཚད་འདི་འདྲ་བྱུང་བ་དེ་ཡང་ལས་བྱེད་ཚོའི་ཤེས་ཚད་དང་འཇིགས་མེད་ལགས་ཀྱི་འགོ་ཁྲིད་ནུས་པ་དེས་བྱུང་བ་རེད། ཡིན་པ་ཡིན་ནའི་བློ་ཕམ་པ་ཞིག་ལ་ཉེ་ཆར་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་རྒྱ་མོ་དེ་དང་དེའི་ངན་འབྲེལ་མི་སྣས་ཁོང་ལས་ཁུངས་ནས་ཕྱིར་འབུད་བཏང་པའི་བྱ་སྤྱོད་འདི་ནི་དགྲ་དགའ་གཉེན་སྡུག་གི་བྱ་བ་ཞིག་མ་ཡིན་ནམ། བོད་ནང་གི་ལས་བྱེད་པ་དང་ཤེས་ལྡན་པ་ཚོས་བཙན་བྱོལ་ཕྱོགས་ལ་ཆེས་ཡིད་རངས་བྱེད་པ་གཅིག་ནི། དེ་སྔ་༧གོང་ས་མཆོག་ནས་ནམ་ཞིག་བོད་མིས་བོད་སྐྱོང་བའི་དུས་ལ་སླེབས་དུས་གཙོ་བོ་བོད་ནང་གི་ཤེས་ལྡན་པ་དང་ལས་ཀ་བྱེད་བཞིན་པའི་ལས་བྱེད་ཚོས་བོད་སྐྱོང་དགོས། ཅེས་བཀའ་རྩལ་གནང་པའི་དགོངས་གཞི་དེ་རེད། ད་ཆ་བཙན་བྱོལ་ནང་གི་མཐོ་རིམ་མི་སྣ་རེ་གཉིས་ཀྱིས་༧གོང་ས་མཆོག་གི་དགོངས་གཞི་དེར་གཏོར་ཤིག་གཏོང་བའི་དཔེ་མཚོན་ཞིག་ནི་ང་ཕོད་འཇིགས་མེད་ཀྱི་ནུས་པ་མེད་པ་བཟོས་པ་དེ་རེད། ཡང་མི་ལ་ལས་འཇིགས་མེད་ལགས་ལ་བོད་རང་བཙན་གྱི་ལྟ་བ་ཡོད་མ་རེད་ལ་དབུ་མའི་ལྟ་བ་ཡང་ཡོད་མ་རེད་གསུང་མཁན་ཡང་འདུག འཇིགས་མེད་ལགས་ལ་ཆབ་སྲིད་ཀྱི་ལྟ་བ་གང་དང་གང་ཞིག་ཡོད་དང་མེད་དེ་ཁོང་རང་ཉིད་ཀྱི་མ་གཏོག་གསལ་པོ་ཤེས་མཁན་སུ་ཡང་མེད། ཡིན་ན་ཡང་གལ་ཆེ་ཤོས་ནི་ཤེས་ལྡན་པ་ཁོང་ལ་བོད་དང་བོད་མི་རིགས་ལ་ཕུག་རྒྱང་རིང་པོར་ཕན་ཐོག་གི་ཕུགས་བསམ་ཡོད་པ་ད་ཕན་ཁོང་གི་ལས་དོན་དེ་ནས་ང་ཚོས་ཚིག་ཐག་བཅད་ནས་བཤད་ཆོག ང་ཚོ་ཡང་༧གོང་ས་མཆོག་གི་སློབ་མ་ཡིན་ལ་ཕ་ཚ་བུ་རྒྱུད་ཡོངས་ཀྱིས་བོད་རྒྱལ་ཁབ་ལ་བཅངས་པའི་དགའ་ཞེན་དང་ཞབས་ཞུ་མྱོང་བའི་སྤོབས་སེམས་ལྡན་པའི་བོད་མི་ཡིན། ཕྱི་རྒྱལ་གྱི་རྒྱལ་ཁོངས་པ་སེ་ཡོད་ཀྱང་༧གོང་ས་མཆོག་གི་འབངས་མི་སེར་ཡིན།
མདོར་བསྡུས་ན་སྐལ་ལྡན་བློ་གྲོས་ཟེར་བའི་གྲ་ལོག་དེ་ལ་དེ་སྔ་དགེ་རྒན་ཞིག་ཡོད་པ་ཁོང་གིས་ཞལ་བརྡ་བསླབ་བྱ་ཞིག་གནང་སྟེ་གཡངས་ས་ནས་རྟ་ཁ་འཐེན་རན་ཐག་ཆོད་པ་རེད། གལ་སྲིད་མ་ཤེས་མ་ཐོད་མདོག་གནང་ནས་སྣང་མེད་དུ་བཞག་ན་གྱོང་གུན་ཕོག་མཁན་ནི་བོད་སྤྱི་ལ་ཡིན་པ་མ་ཚད་གྲ་ལོག་སྐལ་ལྡན་གྱིས་དངོས་སྒྲུབ་མ་བྱུང་ནའང་ལག་མགོ་བློས་རོགས་ཟེར་དགོས་པ་ཞིག་ཡོང་རྒྱུ་ཏན་འཁེལ་བ་རེད། མནའ་བོའོ་གཏམ་དཔེར་ཟབ་ཟབ་མ་གནང་ན་ཆུ་ཆུང་ཆུང་གིས་ལུང་པ་ཆུས་འཁྱེར་ཟེར་བ་ལྟར་ཡོང་ཉེན་ལ་སེམས་ཚབ་ཆེ་བ་བཅས་དེ་དོན་དགོངས་མངའ་མཁྱེན།
ཕྱིར་སྡོད་གུས་འབངས་འགའ་ཞིག་ནས་གུས་ཕྱག་དང་བཅས་ཏེ།
གུས་ཕུལ།
གྲོགས་པོ་ཚོ། ད་སྐད་ཆ་འདི་ལ་ཐང་ཆད་པ་ཞིག་མེད་དམ། ལས་ཁུངས་ཤིག་གི་དཔོན་པོ་བརྗེས་པ་ནི་དམངས་གཙོའི་འགྲོ་སྟངས་ཤིག་རེད། ལོ་བཅུ་དྲུག་ཡིན་ན་ ཟམ་གདོང་རིན་པོ་ཆེའི་ཚོགས་གཙོ་དང་དེ་ནས་བཀའ་བློན་ཁྲི་པའི་དུས་ཡུན་གཉིས་ཀའི་ནང་ལ་ཡོད་པ་རེད། ང་ཕོད་ཡོད་ན་རླུང་འཕྲིན་ཁང་ཡོད་པ་དང་ཚགས་ཚུད་པ། ང་ཕོད་མེད་ན་རླུང་འཕྲིན་ཁང་མེད་པ་དང་ཚགས་མི་ཚུད་པ། འདི་འདྲའི་བསམ་བློ་མ་གཏོང་རོགས། དེ་ནས་ང་ཕོད་ལ་ཡོན་ཏན་མ་གཏོགས་སྐྱོན་མེད་པ་དེ་འདྲ་ཡང་མ་གསུངས་རོགས། ཁོང་གིས་ལས་བྱ་འདམས་པ་དེ་ཚོ་སྤུས་དག་པོ་རེད་ཅེས་མ་གསུངས་རོགས། ཨ་མདོའི་སྡེ་ཚན་དེ་ཡག་པོ་རེད། ཚང་མ་སློབ་གྲྭ་ཆེན་མོ་ཐོན་མྱོང་པ་མིན་ནའང་འགྲོ་མྱོང་བ་ཤ་སྟག་རེད། གཞན་ལས་བྱེད་མང་པོ་ཞིག་ནི་བོད་སྐད་ཤེས་པ་དེ་ཆ་རྐྱེན་ལྟ་བུ་ཆགས་པ་རེད། བོད་ཡིག་ཤེས་དགོས་ཀྱི་ཡོད་མ་རེད། ད་དུང་སྐྱོན་གཞན་དག་ཀྱང་ཡོད་པ་རེད། འོན་ཀྱང་སྐྱོན་ཡོད་པ་དེས་གྲུབ་འབྲས་ཡོད་པ་འགོག་མི་རུང་བ་རེད། ཨེ་ཤ་ཡ་རང་དབང་རླུང་འཕྲིན་གྱིས་བོད་ཀྱི་རྨོངས་གཉིད་སད་བཅུག་པ་དང་། འདི་མེད་ན་བོད་མི་རྣམས་ལྐུགས་པ་རེད་དེ་འདྲ་ཡང་མ་རེད། ང་ཚོ་ལ་གསར་འགྱུར་ལས་ཁུངས་མང་པོ་ཡོད་པ་རེད། དེ་ཚོ་ཚང་མ་ལ་གྲུབ་འབྲས་ཡོད་པ་རེད་མ་གཏོགས། འདི་གཅིག་པུ་ཅིག་ཅིག་ཡིན་པ་འདྲ་བོ། གཞན་དེ་ཚོ་གང་ཡང་མིན་པ་འདྲ་བོ་དེ་འདྲ་ཡང་མ་གསུངས། ང་ཕོད་ལ་ཤེས་བྱ་ཡོན་ཏན་ཡོད་ན་ གསེར་ས་ན་ཡོད་ན་འོད་གནམ་ན་ཡོད་པའི་དཔེ་རེད། མུ་མཐུད་ནས་འོད་འགྱེད་ཀྱི་རེད། ད་མ་འགྲིག་པ་དེ་གང་རེད་ཟེར་ན། ཉེན་རྟོག་པ་ལས་ཁུངས་ལ་ཡོང་ནས་འཁྲིད་ཕྱིན་པ་དེ་རེད། འདི་བོད་པའི་ཡ་རབས་དང་མི་མཐུན། འདི་དམངས་གཙོའི་ཡ་རབས་དང་མི་མཐུན་པ་རེད། ལས་ཀ་ནས་སྤུད་ན་སྤུད་པ་རེད། ད་ལ་བཀའ་དྲིན་བསམ་ཤེས་བྱས་ནས་འགྲོ་ཆོག་གི་རེད།
ད་བོད་གཞུང་གིས་འདི་ལ་འབྲེལ་བ་མེད་ཅེས་བཤད་སོང་། ད་འབྲེལ་བ་མེད་པ་ལ་ཆ་འཇོག་རྒྱུ་རང་རེད། འདོད་པ་མེད་པ་དང་རྩོད་པ་ཡོད་ན་ཨ་རི་རང་གི་ཁྲིམས་ཐོག་ནས་འདེད་དགོས་པ་རེད། ང་ཚོ་ལ་རྙོག་ཁྲ་ཐོལ་པ་འདི་དགོས་ཡག་མི་འདུག དངོས་གནས་དགོས་ཡ་མི་འདུག
གལ་ཆེ་ཤོས་དེ་རང་དབང་རླུང་འཕྲིན་འདི་ཡོད་ན་ཡག་པོ་རེད། མེད་ན་བོད་ཤི་འགྲོ་གི་ཡོད་པ་ལྟ་བུའི་སྐད་ཆ་མ་བཤད་རོགས། གསར་འགྱུར་དེ་ཚོའི་སྤུས་ཀ་ཡང་ཞན་པོ་འདུག
ཨེ་ཤ་ཡ་རང་དབང་རླུང་འཕྲིན་ཁང་ཡོད་ན་དེ་བས་ཡག་པ་དང་། ཡོད་པ་ནས་ཡར་རྒྱས་གཏོང་དགོས་པ་ཤུགས་ཆེན་པོ་འདུག གསར་འགྱུར་སྙན་སྒྲོན་པ་ཁག་ཅིག ཡིག་ངོ་ཆོད་ལ་མ་ཆོད་དང་། ཁ་དབ་བི་དིབ་བི་་་སྐད་ཀྱི་ཆ་རྐྱེན་མེད་པ་སོགས་དངོས་གནས་ཁྲལ་རང་རེད་ཤག ཉན་མཁན་ཡང་དཀའ་ལས་ཁག་དགོས་པ་བཟོ་གིས། རྗེས་མའི་འགན་འཛིན་སུས་བྱས་ཀྱང་དེ་ཚོ་ངེས་པར་སྒྱུར་བཅོས་གནང་རོགས་ཞུ།།
དོན་ངོ་མ་ང་བོད་རང་གི་ཁ་སངས་ནས་བཤད་ན་མ་གཏོགས་ཧ་གོ་ས་མ་རེད། རྩ་བའི་སྐལ་ལྡན་བློ་གྲོས་ཟེར་བའི་མི་ངན་དེ་དང་། དབུ་མའི་དོན་ལ་རྨོངས་ཤིང་ཚིག་གིས་འཁེངས་པའི་ཁྱི་སྨྱོན་ཁག་གཅིག་དང་ངན་པ་ལག་འབྲེལ་ཡོད་པ་ཀུན་ཤེས་རེད། དེ་ནས་སྐལ་ལྡན་བློ་གྲོས་ཨ་རིས་དུས་དབང་སྐབས་ཀྱི་བྱ་སྤྱོད་ལས་གསལ་པོ་ཤེས་ནུས།
ད་འདིའི་སྐོར་ལ་མཇུག་སྒྲིལ་ཚར་སོང་སྙམས་ནས། གཉིད་སྐྱིད་པོ་ཞིག་ཡོང་བཞིན་ཡོད་པའི་སྒང་ལ་གློ་བུར་དུ་རྣ་ཅོག་ནང་ལ་བུ་གྲོག་མ་འཛུལ་བ་བཞིན་ཡང་སྐྱར་སྔར་གྱི་རྙོག་དྲ་ཚང་མ་ཕྱིར་དྲང་འོངས།
སྐལ་ལྡན་བློ་གྲོས་ཀྱིས་མི་ཚེ་གཅིག་རྒྱལ་བ་རིན་པོ་ཆེར་ཞབས་ཕྱི་ཞུས་ནས་དཀའ་ལས་བྱས་པ་ཅན་སྐུ་ངོ་བློ་བཟང་དགའ་བ་ལགས་ཀྱི་རྐང་པ་ནས་དྲུད་བཞིན་པའི་སྟེང་། ད་ལྟ་སྐུ་སྒེར་བློ་བཟང་སྦྱིན་པ་ལགས་ཀྱི་རྐང་པ་དྲུད་བཞིན་འདུག། ཁོང་རྣམ་གཉིས་གཞན་བྲིང་དུ་འཇོག་མི་ཐུབ་པའི་བོད་མི་ལྷག་བསམ་ཅན་རེད།
དེར་བརྟེན། ང་ཚོ་ཚང་མས་སྐལ་ལྡན་བློ་གྲོས་ལ་དྭོགས་གཟོན་ཐོག་ཁོའི་སྐད་ཆར་དཔྱད་པ་བྱེད་པ་ལས། གང་བཤད་བདེན་པར་འཛིན་རྒྱུ་མེད།
རྩོམ་ཡིག་འདི་སུས་བྲིན་མིན་ཁ་གསལ་མི་འདུག་ལ་བཤད་སྟངས་ལ་ལྟས་པ་ཡིན་ན་ཕལ་ཆེར་སྒེར་གྱི་མཁོན་འཛིན་ཞིག་ལས་སྤྱིར་དོན་ཆེན་པོ་ཞིག་མེད་པ་ཡང་མངོན་གྱིན་འདུག །ཡིན་ཡང་རྒྱ་མོ་དེར་དོགས་གཞིན་ཅན་ཞིག་ཡིན་པ་ཤེས་དགོས། ང་ཕོད་འཇིགས་མེད་ཕུད་དགོས་དོན་དེ་ཡང་སྐལ་ལྡན་དང་རྒྱ་མོ་གཉིས་ལག་འབྲེལ་བཟོས་ཡོད་པ་ཡང་ཕྱོགས་མང་པོ་ནས་བདེན་དཔང་ཡོད་པ་རེད། དེ་མིན་དྲ་འབུ་དག་གི་མཆན་ཁ་ཤས་བྲིས་འདུག་པ་འདི་དག་ནི་རྒྱུན་ལྡན་ཡིན་པས་ཆ་འཇོག་དགོས་དོན་གང་ཡང་མི་འདུག །
ལས་ཁུངས་ཀྱི་འགན་འཛིན་བརྗེས་པ་དེ་ལ་རྒྱུ་མཚན་ཞིག་ཡོད་དགོས་རེད། དེ་མིན་ན་བརྗེ་ཆོག་ཆོག་མེད་པ་རེད། ལས་ཁུངས་གཅིག་གི་ནང་ནས་ཤི་རག་བར་དུ་ལས་ཀ་བྱས་ན་ཡང་འགྲིགས་གི་རེད། འདི་ངོ་མ་རྒྱུ་མཚན་མེད་པར་རྒྱ་མོ་དེས་དབང་ཆ་སྒེར་གཅོད་བྱས་པ་ཡིན་ན་ལས་སླ་པོར་འཇོག་རྒྱུ་ཡོད་པ་མ་རེད། མ་མཐའ་ཡང་ཁྲིམས་ཁང་ལ་གཏུག་དགོས། འབྱུང་རྐྱེན་རྩད་གཅོད་དགོས། དོ་སྣང་བྱས་ནས་ང་ཚོས་ཉན་དགོས།
་་་་་་་་་་་་་་་་་་་་་ ཕྱིར་སྡོད་གུས་འབངས་འགའ་ཞིག་ནས་གུས་ཕྱག་དང་བཅས་ཏེ།
གུས་ཕུལ།
་་་ཟེར་སྟངས་བལྟས་གཞན་ལ་སྨད་ཚོང་མཞེས་་བཤད་ཐུབ་ལ། རང་ཉིད་ཀྱི་མིང་སྨོས་ནས་འབྲི་མ་ཐུབ་འདིས་གང་མཚོན་ནམ། ཧཧཧ།
བོད་ནང་ལ་རྒྱ་མིས་བཙན་འཛུལ་བྱས་ཡོད་པའི་ཐོག་ལ་སྟོབས་ཆེན་ཨ་རིའི་ཡུལ་དུ་ཡང་རྒྱ་མི་འདི་འདྲས་ང་ཚོ་ལ་བརྙས་བཅོས་བྱེད་ཀྱིན་པ་འདི་ལས་སླ་བོར་འཇོག་མི་རུང་།
་་་་ ང་ཕོད་འཇིགས་མེད་ཀྱིས་༧གོང་ས་མཆོག་གི་མཛད་འཕྲིན་སྐོར་རྒྱང་སྲིང་བྱེད་རྒྱུར་ཚོད་འཛིན་བྱས་པའི་སྐྱོན་འཛུགས་རེ་གཉིས་བྱས་འདུག་པ་ནི་ཧ་ཅང་གི་བདེན་པ་མ་རེད། ང་ཚོས་ཀྱང་རྒྱ་མི་ནང་བཞིན་རྫུན་གཏམ་དང་ཧམ་བཤད་བྱས་ན་འགྲིག་གམ། ་་་་ཟེར།
ང་ནི་དྲང་པོར་བཤད་ན། ཕ་ང་ཕོད་ལ་ཡང་མི་དགའ། བུ་ང་ཕོད་ལ་ཡང་ང་དགའ་པོ་རང་མེད་དོ། །ག་ལེར་ཕེབས་ཅིག
ཡར་བཤད་མར་བཤད་ནས་ཕན་པ་མི་འདུག་ག གཙོ་བོ་གླེང་རྙོག་འབྱུང་སྟངས་ཀྱི་རིམ་པ་ངོ་འཕྲོད་ན་གནད་དོན་གང་ཡིན་ལྷང་ལ་འབུད་ཀི་རེད། དེ་དུས་དཀར་ནག་དབྱེ་འབྱེད་ཀྱང་ལས་སླ་ཀི་རེད།
ད་ལྟ་གསར་དུ་བསྐོས་མ་ཐག་པའི་ཨེ་ཤ་ཡའི་རླུང་འཕྲིན་ཁང་གི་འགན་འཛིན་བན་སྟོབས་ཀྱི་བུ་མོ་དང་སྐུ་སྒེར་དྲུང་ཟུར་བློ་སྦྱིན་གྱི་བུ་གཉིས་བཟླའི་འབྲེལ་བ་ཡོད་སྐད་ཐོས་པ་དང་། རྣམ་གྲཱའི་གྲ་ལོག་སྐལ་ལྡན་བློ་གྲོས་ཀྱི་སྐྱེས་དམན་ནི་སྐུ་སྒེར་དྲུང་ཆེ་ཁོང་གི་བུ་མོ་ཡིན་པ་གོ་རྒྱུ་འདུག བོད་ཀྱི་གཞོན་ལྷན་གྱི་ཚོགས་མིར་སྐལ་ལྡན་བློ་གྲོས་ཀྱིས་རྙོག་དྲཱ་བཟོས་པའང་ད་ལྟ་ང་ཚོས་དྲན་གྱི་འདུག ཁེངས་དྲེགས་གྱིས་མྱོས་པའི་མི་ངན་སྐལ་ལྡན་བློ་གྲོས་འདྲ་བར་ང་ཚོ་བོད་མི་ཚོས་ངེས་པར་དུ་བཟོ་བལྟ་བཟོ་རན་པ་འདྲ།
ཨེ་ཤེ་ཡ་རང་རླུང་འཕྲིན་ཁང་གི་འགན་འཛིན་ང་ཕོད་ལས་གནས་ནས་ཕྱིར་འབུད་བཏང་སོང་བའི་རྩོམ་ཡིག་མང་པོ་སྤེལ་འདུག འོན་ཀྱང་ཁོང་ག་རེ་བྱས་ནས་ཕྱིར་འབུད་བཏང་བའི་རྒྱུ་མཚན་གསལ་བོ་ཞིག་སྤེལ་མི་འདུག དེས་ན་འབྲེལ་ཡོད་ཞིག་གིས་དངོས་ཡོད་གནས་ཚུལ་ཁུངས་ལྡན་ཞིག་འབྲི་རྒྱུ་རེ་སྐུལ་ཞུ་བ་ལགས། གང་ཡིན་ཟེར་ན། གནས་ཚུལ་གསལ་བོ་མེད་པར་སྐྱོན་བརྗོད་བྱེད་རེས་ཞུས་ན བོད་ལ་གནོད་པ་ལས་ཕན་པ་ཞིག་མི་འདུག་སྙམ།
འཇམ་དབྱངས་ནོར་བུ་ལགས། ང་ནི་ཁྱེད་ཀྱི་བསམ་ཕོད་པ་དང་ཤོད་ཕོད་པའི་ལྟ་བ་ལ་དུས་རྒྱུན་རྒྱབ་སྐྱོར་བྱེད་མཁན་ཞིག་དང་ཁྱེད་ལ་སྐྱོན་བརྗོད་བྱེད་མཁན་ལ་ཁ་གཏད་བཅོག་མཁན་ཞིག་ཡིན། འོན་ཀྱང་ད་ཆ་ངས་ཁྱེད་ཀྱི་བསམ་བློ་ངོ་མ་དང་ཁྱེད་ཀྱི་བྱ་སྤྱོད་ངོ་མ་རྦད་དེ་རྒྱུས་ལོན་སོང། ད་རེས་ངག་ཕོད་འཇིགས་མེད་ལས་གནས་ནས་ཕུད་པ་དེ་གོ་སྐབས་བཟུང་ནས་བོད་གཞུང་དང་རྒྱལ་བ་རིན་པོ་ཆེ་ལ་ཐད་ཀར་སྐྱོན་བརྗོད་དང་ཁོན་འཛིན་བྱེད་ཐབས་བྱས་ཏེ་རྒྱ་ནག་གཞུང་གིས་འདོད་དོན་གྲུབ་པར་ཕྱ་གྲུ་མཉམ་འདེབས་བྱེད་ཀྱི་འདུག དེ་ནི་གཙོ་བོ་ཁྱེད་རང་དང་ཀརྨ་རྒྱ་མཚོའི་གཟའ་ཉི་མའི་གནད་དོན་གླེང་མོལ་དེའི་ནང་སྐད་ཆ་ཤོད་རྒྱུ་མེད་པ་བཟོས་པ་དེས་ཁྱེད་ནད་མ་ཐེགས་པ་རེད། ད་རེས་ངག་ཕོད་འཇིགས་མེད་ཀྱི་གནད་དོན་ཐོག་ནས་ཁྱེད་ཀྱི་བྱ་སྤྱོད་མང་པོ་ཞིག་ཧ་ཅང་གི་ཐལ་ཆ་ཆེ་དྲག་གི་འདུག གང་ལྟར་བོད་རང་དབང་ཟེར་ནའང་འདྲ་བོད་རང་བཙན་ཟེར་ནའང་འདྲ་དོན་སྙིང་པོ་དེ་བོད་ནང་དུ་རང་ལུས་མེ་སྲེགགཏོང་མཁན་བོད་མི་ཚང་མས་གཅིག་བསྒྲགས་ཀྱིས་རྒྱལ་བ་རིན་པོ་ཆེ་བོད་དུ་གདན་ཞུ་བྱ་དགོས་པའི་མངོན་འདོད་མཚོན་ཡོད་པ་ཡིན་ནའང་ཁྱེད་ནས་རྒྱལ་བ་རིན་པ་ཆེ་དང་བོད་གཞུང་གི་ཐོག་ལ་བྱེད་སྟངས་དེ་འདྲ་བྱས་ན་ཁྱེད་རང་རྒྱ་ནག་གཞུང་གི་མགྲིན་ཚབ་ངོ་མོ་དེ་ཆགས་པ་རེད། ད་ཆ་རྩོམ་ཡིག་དེས་ཧ་ལམ་ངག་ཕོད་འཇིགས་མེད་ལས་གནས་ནས་ཕུད་པ་དེ་རྒྱལ་རིན་པོ་ཆེ་དང་སྐུ་སྒེར་ཡིག་ཚང་གིས་བྱས་པ་ལྟ་བུ་ཤུགས་སུ་བཏོན་འདུག་པས། རྩོམ་བྲིས་མཁན་དང་དེ་ལ་རྒྱབ་སྐྱོར་བྱས་ཏེ་ལུང་འདྲེན་བྱེད་མཁན་དེ་ཚོས་ངག་ཕོད་འཇིགས་མེད་ལས་གནས་ནས་ཕུད་དགོས་པའི་རྒྱུ་མཚན་ཇི་ཡིན་མ་ཤེས་པར་རི་བོང་ཅལ་དྲོགས་བྱས་པ་ཙམ་རེད། ངག་ཕོད་འཇིགས་མེད་ན་རླུང་འཕྲིན་ཁང་དུ་ཁུངས་མི་འཁྱོལ་བ་ལྟ་བུ་བཤད་ན་ཐལ་ཆ་རེད། ང་རླུང་འཕྲིན་སྙན་མཁན་ཞིག་ཡིན་ཙང། ངག་འཕོད་འཇིགས་མེད་ཀྱི་ལས་གནས་བཟུང་བའི་རིང་ལ་རླུང་འཕྲིན་ལེ་ཚན་གྱི་སྤུས་ཚད་དང། མཐའ་ན་དྲ་རྒྱའི་ཐོག་གི་གསར་འགྱུར། དྲ་བརྙན་གྱི་སྤུས་ཚད། རྒྱང་བསྒྲགས་པའི་སྤུས་ཚད་ཧ་ཅང་གི་སྐྱོ་པོ་དང་ཞན་པོ་འདུག་པས། བོད་ཀྱི་རླུང་འཕྲིན་ཁང་གསུམ་གྱི་ནང་ནས་ཕྱོགས་ཡོངས་ཀྱི་སྤུས་ཚད་སྡུག་ཤོས་རེད་འདུག རྗེས་སུ་འགོ་ཁྲིད་གསར་པ་སུ་སླེབས་ཀྱང་དེ་ཚོར་ཁ་ཡོད་ལག་ཡོད་ཀྱིས་བསྒྱུར་བཅོས་དང་ཡར་རྒྱས་གཏོང་དགོས་ངེས་རེད་འདུག ལྟ་རྒྱལ་བ་རིན་པོ་ཆེ་དང་བོད་གཞུང་ལ་སྐྱོན་བརྗོད་དང་སྡང་ཟུག་བྱ་རྒྱུ་མང་དྲག་གི་འདུག ང་ཚོ་སྙི་ན་གི་འདུག་ག ཨེ་ཤ་རླུང་འཕྲིན་ཁང་གི་ལས་བྱེད་པ་དེ་ཚོ་ནི་གཞུང་གི་གླ་ཕོག་ལེན་བྱས་སྐྱིད་ཞིང་རྒྱག་པ་བྱས་བསྡད་པ་དང། ངག་འཕོད་འཇིགས་མེད་ནས་ལས་བྱེད་པ་དེ་ཚོར་རང་སྣང་གང་ཤར་དང་ཇུས་ཏོག་སྤུ་ཙམ་མ་བྱས་པར་སོང་ལས་བྱེད་པ་དེ་ཚོས་མཐའ་ཅིག་ཏུ་རྒྱབ་སྐྱོར་མ་བྱས་ན། རྗེས་སུ་འགོ་ཁྲིད་གསར་པས་བསྒྱུར་བཅོས་བཏང་ན་སོ་སོའི་ལྟོ་ཕོར་ཤོར་སོང་བསམ་པ་ཁོ་ན་ལས་འཇིགས་མེད་ལ་ཞེན་ཁོག་ཆེ་དྲག་པ་རྩ་བ་ནས་རེད་མི་འདུག
ཚང་མ་རྫུན་མ་རེད་ཤག་་་་་་་་་་་་་་་་་་་་་་་་
ཨེ་རླུང་ཚང་དང་འབྲེལ་བ་ཡོད་པའི་གནས་ཚུལ་ཆེན་པོ་གཉིས་འདུག
ཐོག་མ་རྙོག་དྲ་དེས་རྒྱལ་བ་རིན་པོ་ཆེའི་མཚན་སྙན་ལ་ནག་ཐིག་བྱུག་བཞིན་འདུག་ན་མགྱོགས་མྱུར་གསལ་པོ་བཟོ་དགོས། ཅིའི་ཕྱིར་རྒྱལ་བ་རིན་པོ་ཆེའི་མཚན་ཡང་སེ་རྙོག་དྲ་འདི་དང་འབྲེལ་བཞིན་ཡོད་དམ།
དེ་བཞིན་སྐལ་ལྡན་བློ་གྲོས་དང་རྒྱ་མོ་དེའི་འབྲེལ་བ་ལ་བསམ་འཆར་དང་ལྟ་ཚུལ་ལས་རང་སྐྱ་ཐོན་པའི་དཔང་རྟགས་དང་བདེན་ཚུགས་ཀྱི་གནས་ཚུལ་གསལ་པོ་འདོན་མཁན་ཉུང་། ཅིའི་ཕྱིར། དཔང་རྟགས་འདོན་རོགས།
ང་འཇིགས་ནི་་་་་སྐལ་བློ་དང་རྒྱ་མོ་དེས་ཁྱི་སྤྱང་རྔ་སྦྲེལ་ཕྱིར་བསྐྲད་པ་མིག་གིས་མཐོང་ངེས་པ་རྙེད་ཡོད་ན། ཁྱེད་ཅག་གིས་ཤེས་ཡོན་ཡོད་ཟེར་བ་མ་ཡིན་ནམ། ཁྲིམས་ལུགས་ཤེས་ཟེེར་བ་མ་ཡིན་ནམ། ད་དུང་འཇོན་ཐང་ཡོད་ཟེར་བ་མ་རེད་དམ། གང་ཟག་ལས་ཁྲིིམས་ཀྱི་དབང་བསྒྱུར་ལ་དད་གུས་ཆེ་བའི་ཁྱོད་ཚོས། ཨ་རིའི་ཁྲིམས་ལུགས་ལ་སྐྱབས་མ་བཙལ་བར། ཅིའི་ཕྱིར་སྐུ་་སྒེར་ལ་ཞུ་གཏུག་བྱས་པ་ཡིན། བོད་མི་རིགས་ལ་གློ་སེམས་དཀར་མཁན་རེ་ཡིན་ན། ༸གོང་ས་མཆོག་དང་བོད་གཞུང་ལ་གཞི་མེད་ཀྱི་ཉེས་འཛུགས་མ་བྱེད་རྩིས་མ་བྱེད་ཅིག
༸གོང་ས་མཆོག་དང་བོད་གཞུང་ནི། མི་རིགས་འདིའི་དགྲ་ལ་འཕྱར་ཡ་དང་ཡག་ཏུ་ངོམ་ཡ་ཡོད་ན་མེད་ན་དེ་ཡིན་པས། སྐུ་སྒེར་དང་བོད་གཞུང་གི་ཞབས་ལ་ཐ་གུ་མ་དྲངས་ཤིག
(རྔ་སྦྲེལ་གྱིས་ཕྱིར་) ཞེས་བཅོས་རོགས་
འཇམ་དབྱངས་ནོར་བུས་ད་བར་ནང་མཚང་འབྲུ་བ་དང་གཞུང་ཞབས་ཚོར་སྐྱོན་འདོན་འདྲ་བྱས་ཏེ། ཁ་ཤོབ་དང་སྨྱུག་རྩེ་བོད་མི་ལ་གཏོད་པ་ལས་བོད་དོན་ཆེད་བྱ་བ་བློ་ངོར་འཐད་པ་གཅིག་བྱས་པ་མཐོང་ཐོས་མ་བྱུང་བས། ཁོང་གིས་བཤད་ཚོད་ལ་ཚོད་འཛིན་བྱེད་དགོས་མིན་དཔྱད་དགོས་པའི་དོགས་གནས་རེད།
འཇམ་ནོར་གྱིས་རྩོམ་ཡིག་ནང་དུ་གནས་ཚུལ་འདྲ་མིན་བཤད་འདུག་ཀྱང་། ཁུངས་ལུང་ཡོད་པ་ཅང་མི་འདུག ཁུངས་ལུང་མེད་པའི་སྐད་ཤོད་མཁན་དེ་མི་གང་འདྲ་ཞིག་ཡོད་མེད་མི་ཤེས་ཀྱང་། ཁུངས་ལུང་མེད་པའི་སྐད་ཆ་ཉན་ན་གྱོང་དེ་ཉན་མཁན་ལ་ཕོག་ཉེན་ཡོད། ད་ལྟའི་ཆར་བོད་མི་རང་བསྲེགས་བྱས་ཏེ་རྒྱ་རྒོལ་འཐབ་རྩོད་སྔར་བས་ཇེ་ཆེར་འགྲོ་སྐབས་འདིར། འཇམ་ནོར་ནས་ཅི་ཡིན་འདི་ཡིན་མེད་པའི་རྩོམ་ཡིག་བོད་མའི་ཆིག་སྒྲིལ་ལ་གནོད་རྒྱུ་དང་། བསམ་བློའི་ཁ་ཕྱོགས་ཀྱང་བསྒྱུར་བཞིན་ཡོད། མ་ཟད་འཇམ་ནོར་རྩོམ་ཡིག་གི་སྙིང་དོན་ཞིག་ཨ་ཁུ་སྟོན་པ་མིང་ཅན་ཞིག་གིས་ China Tibet Online ༼རྒྱ་ནག་བོད་དྲ་རྒྱུན།༽ཞེས་པའི་ཐོག་བཀོད་འདུག http://eng1.tibet.cn/2010gd/xw/201211/t20121119_1797274.html
ང་ཕོད་འཇིག་མེད་ལས་ཀ་ནས་ཕུད་པ་ལ་ཧང་སོང་རྒྱུ་གང་ཡང་མེད་། ཡིན་ཡང་རྒྱུ་མཚན་ག་རེ་ཡིན་མིན་ངེས་པར་དུ་ཤེས་དགོས་འདུག་། rfaརླུང་འཕྲིན་འདི་ནི་དམིགས་ས་གཙོ་བོ་བོད་ནང་ལ་ཡིན་པ་བཞིན་འདས་དུས་འདིས་བོད་ནང་ལ་འགྱུར་བ་མང་པོ་གཏོང་ཡོད་། བོད་སྐད་དང་འབྲེལ་བའི་རླུང་འཕྲིན་ནང་ནས་བོད་ནང་ལ་ནུས་པ་ཆེ་ཤོས་RFAའདི་གཅིག་པུ་རེད་། RFAའདི་ནི་བོད་མིའི་རྩ་དོན་དང་འབྲེལ་བ་ཆེ་ཤོས་ཀྱི་རླུང་འཕྲིན་ཞིག་ཡིན་། རླུང་འཕྲིན་འདིའི་མགོ་གཙོ་ནི་དེ་བཞིན་གལ་གནད་ཆེན་པོ་ཡིན་ལ་བོད་པའི་ནང་ལ་ལས་གནས་མཐོ་བའི་ལས་ཀ་ཞིག་ཡིན་། ང་ཕོད་འཇིག་མེད་ལས་གནས་འདི་འདྲ་ཞིག་ལ་ལས་དཀའ་བྱས་ནས་ལོ་བཅུ་དྲུག་སོང་མཐར་གསལ་བཤད་མི་ནུས་པའི་རྒྱུ་མཚན་འགའ་ཞིག་ལ་བརྟེན་ནས་ཕྱིར་ཕུད་བྱས་ཡོད་། དེར་བརྟེན་རྒྱུ་མཚན་མེད་པའི་བསམ་ཚུལ་མང་པོ་ཞིག་བཤད་རེས་བྱས་ཏེ་ཨ་རིའི་མཐུན་མིགཅིག་གིས་གཙོས་མི་མང་པོས་ང་ཚོའི་སྲིད་སྐྱོང་ནས་ཟུང་བའི་ལས་བྱེད་མང་པོ་ཞིག་ལ་ཁྲིམས་དང་མང་གཙོ་གང་དང་མི་མཐུན་པའི་ལས་ཀ་བྱེད་གི་ཡོད་པའི་དོགས་གཞི་ཡོད་ཚུལ་བཤད་ཡོད་། དེ་ནི་རྒྱ་མི་ལ་དགོས་རྒྱུ་དང་ང་ཚོ་ལ་མི་དགོས་རྒྱུ་དེ་ཡིན་། ང་ཚོ་ལ་གནས་ཚུལ་དེའི་སྐོར་འགན་ཆེན་པོ་ཡོ་པས་སྣང་མེད་གཡུག་ན་མི་འགྲིག་། གནས་ཚུལ་འདི་བོད་ཕྱི་ནང་གཉིས་ཀའི་མིས་གོ་བ་མ་ཚད་སེམས་ནང་ལ་བདེ་པོ་མེད་པའི་གནས་ཚུལ་ཞིག་ཡིན་། ད་ནི་ང་ཚོས་འདིའི་སྐོར་ལ་འདི་འགྲིག་དང་འདི་མ་འགྲིག་ཟེར་བ་ཞིག་བཤད་མ་ཐུབ་ན་མ་འགྲིག་པའི་ས་ལ་སླེབ་ཡོད་། ང་ཕོད་འཇིག་མེད་ག་རེད་བྱས་ནས་ཕྱིར་ཕུད་བྱས་པའི་རྒྱུ་མཚན་ཤེས་དགོས་། དེ་ནི་ང་ཕོད་འཇིག་ལ་རྒྱབ་སྐྱོར་བྱས་པ་མིན་། ང་ཚོའི་སྲིད་སྐྱོང་གཙོས་པའི་ཕུལ་བྱུང་གི་མི་སྣ་མང་པོ་ཞིག་ལ་ཞ་མོ་ནག་པོ་གཡོག་རྩིས་བྱས་པ་དེ་གཙང་སེལ་བཟོ་ཆེད་ཡིན་། དེ་མིན་སྒེར་གྱི་ནད་ཡིན་ན་འདྲ་རྒྱ་མིའི་རྒྱུག་ཁྱི་ཡིན་ན་འདྲ་དག་མ་དག་རུང་མི་རུང་པའི་སྐད་ཆ་མང་པོ་ཞིག་འདི་དང་འབྲེལ་བ་བཟོས་ནས་བཤད་གི་འདུག་། ཚང་མས་འགན་ལེན་རོགས་གནང་།།
པདྨ་རྡོ་རྗེས་སྐད་ཆ་དེ་ག་རང་རེད། སྐལ་ལྡན་བློ་གྲོས་དང་རྒྱ་མོ་གཉིས་ཀྱིས་༧གོང་ས་མཆོག་མན་ཆོད་ནག་པོ་བཟོ་བས་སྲིད་ཇུས་ཤིག་ཡིན་པ་འདྲ། གནད་དོན་འདི་གསར་བོར་མ་ཆགས་ན་དགྲ་དགའ་གཉེན་སྡུག་གིས་བྱ་སྤྱོད་ཚབ་ཆེན་ཞིག་རེད་འདོད། མི་མང་པོ་ཞིག་གིས་རྒྱ་ནག་གིས་གཡོ་འཕྲུལ་ཞིག་ཡིན་པར་ཚོད་དཔོག་བྱེད་ཀྱིན་འདུག །དེ་ཡིན་ན་དངོས་གནས་ལྐོག་གཡོ་དང་ལྐོག་ཇུས་དེ་རིགས་ལྷང་ལ་ཕུད་དགོས་རེད། དེ་མིན་ཨ་རིའི་གྲོས་ཚོགས་མན་ཆད་ནས་ང་ཚོའི་སྲིད་སྐྱོང་དང་སྒྲིག་འཛུགས་ལ་དོགས་པ་ཟ་བ་དེ་ཐབས་སྐྱོ་བོ་རེད། གལ་སྲིད་གནད་དོན་འདི་གསར་བོར་བཟོས་ན་འཛམ་གླིང་གི་མདུན་ནས་རྒྱ་ནག་གིས་ལྐོག་དངུལ་བེད་སྤྱོད་ཀྱི་སྐྱོན་མཚང་རྣམས་ཕྱི་རྡོལ་ཐུབ་ཀྱི་རེད།
མགོ་བོ་ཡོད་ཀྱང་ཀླད་པ་མེད་པའི་དྲ་འབུ་སེམས་ཤུགས་ཅན་ཚོས་ཉོན། མ་གཞི་ནས་འཇམ་དབྱངས་ནོར་བུ་མིང་ཅན་འདི་བཙན་བྱོལ་བོད་གཞུང་གི་ལངས་ཕྱོགས་དང་བྱ་བྱེད་ཐད་ལ་ཡིད་ཚིམས་ཀྱིན་མེད་པ་གསལ་བོ་རེད། ལྷག་པར་ལམ་དབུ་མ་ལ་འདོད་པ་མེད་པའང་གསལ་བོ་ཡིན་པ་མ་ཟད། ཁ་བཤད་གཉིས་མེད་ཀྱི་དགག་སྒྲུབ་བྱེད་ཀྱིན་ཡོད་པ་རེད། རྒྱུ་མཚན་འདི་དང་འབྲེལ་ནས་ད་ཐེངས་འཇམ་དབྱངས་ནོར་བུ་ལ་ཁ་རྡུང་གཏོང་མཁན་ཚོར་ངོ་རྒོལ་མཐའ་གཅིག་ཏུ་བྱེད་རྒྱུ་ཡིན། དྲ་འབུ་ཚོས་ཁྱེད་ཚོ་ལ་འཇམ་དབྱངས་ནོར་བུས་༧གོང་ས་མཆོག་ལ་ངན་བཤད་བྱེད་ཀྱིན་ཡོད་པའི་རྒྱུ་མཚན་འདྲེན་རྒྱུ་ཡོད་ན། ཁ་ནང་ལ་ཐལ་བ་བཏབ་ཡོད་བ་མ་རེད། རྒྱུ་མཚན་ཤོད་དང་གླེང་མོལ་བྱེད་སའི་ཁ་བརྡ་དྲ་བ་ནམ་ཡང་ཡོད་ཡོད་པ་རེད། འདི་གཅིག་ཡིན།
ང་རང་ལ་རྒྱ་མོ་འདིའི་འགྲོ་འདུག་གནས་མལ་ལ་དོགས་པ་ཞེ་དྲགས་ཡོད། དེ་ག་ནང་བཞིན་སྐལ་ལདན་བློ་གྲོས་འབོད་པ་ལའང་རྣམ་རྟོགས་ཞེ་དྲགས་སྐྱེས་བྱུང་། རྒྱ་མོ་འདི་༧གོང་ས་མཆོག་ལ་མཇལ་ཁར་བཅར་བ་འདི་དངོས་ནས་ཡག་པོ་མི་འདུག མཇལ་བཅར་ལ་འབྲེལ་གཏུག་བྱེད་མཁན་སུ་རེད་ལབ་པའི་དྲིས་ལན། སྐལ་ལྡན་བློ་གྲོས་འབོད་པས་འདེབས་དགོས་བ་རེད། དངོས་ནས་ཡིན། ཁ་བཤད་གཉིས་མེད་རླུང་འཕྲིན་ཁང་འདི་ལ་གཟབ་གཟབ་བྱས་ནས་རྟོགས་ཞིབ་བྱེད་དགོས་བ་རེད། རླུང་འཕྲིན་ཁང་འདིའི་ལས་བྱེད་ཚོས་ཁ་ཞེ་དྲགས་གྲགས་ཐུབ་ཀྱིན་མི་འདུག་ག གནད་དོན་ཡོད་པའི་རྟགས་རེད།
གང་ལྟར་གཙོ་བོ་རླུང་འཕྲིན་ཁང་འདི་ཡོད་ན་ཡོད་གོ་མི་ཆོད་ལ་མེད་ན་མེད་གོ་མི་ཆོད་སྟབས། བྱུང་ན་རྒྱུན་འཛིན་མ་བྱུང་ན་གཡུག་བཞག་ན་འགྲིག་གི་རེད། གནད་དོན་འདིའི་སྒང་ན་ཉོག་དྲ་ཞེ་དྲགས་འདུག་བསམ་པ་དྲན་བྱུང་། ང་ཕོད་འཇིགས་མེད་ཀྱང་ཡ་རབས་ཚད་ལྡན་གཞུང་དྲང་ཞིག་ཡིན་མིན་བཤད་མི་ཤེས། གཙོ་བོ་དེ་ང་ཚོས་༧གོང་ས་མཆོག་མཚན་སྙན་གྲགས་ལ་སྲུང་སྐྱོབས་བྱེད་དགོས་བ་འདི་དོན་གྱི་གཙོ་བོ་ཡིན། རྒྱ་རྒྱ་མོ་འདི་འདྲ་རྗེས་ཕྱོགས་༧གོང་ས་མཆོག་གི་སྐུ་མདུན་ལ་བཅར་ཁོ་རང་འཇུག་རྒྱུ་ཡོད་བ་མ་རེད། རླུང་འཕྲིན་ཁང་འདིའི་ལས་བྱེད་རྣམས་པ་ཚོས་ཀྱང་ཁ་དྲང་གྲགས་ནས་རྒྱ་མོ་འདིའི་གསང་བ་ཕྱི་ལ་བསྒྲགས་དགོས་བ་རེད། རང་ཉིད་ཀྱི་གླ་ཕོགས་ཁོ་ན་བསམ་ནས་མ་ཤེས་མ་རིག་མདོག་མདོག་བྱས་ན་ཞབས་འདྲེན་རེད།
འཇམ་དབྱངས་ནོར་བུའི་དྲ་དམག་འདི་ལ་སླེབས་འདུག ང་ཕོད་ཀྱི་ལས་ཀ་ཤོར་བ་མཚམས་རེར་བཀའ་ཤག་དང་སྐུ་སྒེར་ཡིག་ཚང་ཡིན་རབས་ཟེར། སྐབས་རེར་རྒྱ་ནག་གཞུང་གི་སྡུག་ལག་བསྲིངས་རབས་ཟེར། དེ་ན་ལོ་འདི་དག་ལ་རྒྱ་ནག་གཞུང་གིས་ང་ཕོད་ཁྱིམ་ཚང་འདི་བསྟོད་བསྟོད་ཞིག་བོད་པ་ཞིག་བསྟོད་མྱོང་མེད་ཅེས་ན་མ་ཆོག་པ་མི་འདུག ང་ཕོད་རྒན་རྒན་གཉིས་སྔ་ཕྱིར་འདས་ཁར་རྒྱ་ནག་གི་རྒྱལ་དར་ཚུན་ཆད་མར་ཕབས་འདུག དེར་མ་ཟད་ཤུལ་ལུས་ཁྱིམ་མི་ལ་སེམས་གསོའི་འཚམས་འདྲི་རུ་མགོ་ཧུའུ་ཅན་ཐོ་དང་ཝན་ཇ་ཕོ་ཚུན་ཆད་ནས་མེ་ཏོག་དང་ལེགས་སྐྱེས་འཁྱེར་ནས་སླེབས་འདུག སྐབས་དེར་འཇིགས་མེད་ཁོ་རང་པེ་ཅིན་ནས་ལོ་ཕྱེད་ལྷག་བསྡད་པ་ཚང་མས་ཤེས་གསལ་རེད། འདི་ཚང་མས་དྲ་རྒྱ་རྒྱུད་ནས་མཐོང་ཡོད་ཤག་རེད། འཇམ་ནོར་གྱིས་བཤད་པ་ལྟར་ང་ཕོད་གློ་བུར་དུ་རྒྱ་གཞུང་གིས་ཇི་ལྟར་མར་ཕབས་་པ་རེད་དམ། གཞན་ཅན་ཁ་ནང་ལ་འཁོར། སེམས་ཁ་ཐང་ལ་འཁོར་ཞེས་བའི་དཔེ་ལྟར་འདས་བའི་ཟླ་ཤས་རིང་བྱང་ཨ་རིའི་ཁུལ་དུ་བོད་རང་བཙན་ཁས་འཁྱེར་བ་མང་དག་ཅིག་གིས་འཇོན་ཐན་དང་སློབ་སྦྱོང་ཡོད་ན་རྒོལ་སའི་རྒྱ་ནག་གཞུང་མི་རྒོལ་བར་ངོ་དེབ་དང་དྲ་རྒྱའི་བརྒྱུད་ལམ་འདྲ་མིན་ནས་བཙན་བྱོལ་སྒྲིག་འཛུགས་ལ་བསྐྱོད་བརྗོད་ཉེས་འཛུགས་དང། དམའ་འབེབས། ཁྱད་གསོད་བྱས་ཏེ། ཐ་ན་བོད་གཞུང་གིས་ཚོད་མ་བཟུང་ན་ཨ་རིའི་གཞུང་ལ་ཁ་མཆུ་བརྒྱབས་ནས་གཞུང་གི་རོགས་བསྐྱོར་ཚུན་ཆད་གཅོད་ཐབས་བྱེད་རྒྱུ་ཡིན་པའི་སྐོར་མང་པོ་བྲིས་འདུག འདིའི་སྐོར་བལྟ་མཁན་ཡོད་ན་རང་བཙན་མཐུན་ཚོགས་ཞེས་བའི་ངོ་དེབ་སྟེང་གཟིགས་དང་། འདི་ཚང་མ་རྒྱ་གཞུང་ལ་དགོས་བའི་ལག་ཆ་རེད་མ་གཏོགས་གཞན་སུ་ལ་མཁོ། ང་རང་བསྡོད་སའི་ན་གནས་འདིར་འདིའི་རིགས་ཀྱི་དཀྲོགས་གཏམ་དང་མི་ལ་སྐུལ་སློངས་བྱེད་མཁན་ནང་བཀྲས་མཐོང་གི་གཉེན་འབྲེལ་མང་པོ་འདུག། ང་རང་ལོ་སྔོན་མ་བཀྲས་མཐོང་ལ་འོས་བླུགས་མཁན་ཞིག་ཡིན། འོན་ཀྱང་ད་ལྟ་སྐབས་དེར་ཁོང་ལ་རྒྱབ་བསྐྱོར་ཤུགས་ཆེན་བྱེད་མཁན་དག་གི་ནང་ད་ལྟའི་སྲིད་སྐྱོང་གི་སྒང་ནས་སྐྱོན་ཞིག་བཙལ་ནས་མ་བརྙེད་པར་བསྡོད་མཁན་རྐྱང་འདུག།་བཀྲས་མཐོང་ཁོ་རང་སྒེར་ལ་འདི་དག་དང་འབྲེལ་བ་འདུག་ཟེར་གྱིན་མེད། ཡིན་ནའང་ད་ལྟའི་བོད་ནང་གི་གནས་སྟངས་ལ་བསམ་ན་ཕན་ཚུན་རྡིག་ར་བསྐུལ་རེ་བྱས་ནས་མཐར་བོད་མིའི་སྒྲིག་འཛུགས་ཀྱི་སྒང་ལ་ཆག་སྒོ་བསློངས་བའི་དུས་ཞིག་ཡིན་ནམ།
ཁ་ས་ཁ་བརྡ་དང་འཇམ་དབྱངས་ནོར་བུའི་དྲ་བ་སོགས་ཀྱི་ནང་དུ་ང་ཕོད་འཇིགས་མེད་ལས་ཤོར་སྐོར་ལ་དཔྱད་རླབས་འཕྱུར་བཞིན་པའི་སྐབས་སུ་rfaནང་ཁུལ་གྱི་བོད་པ་རྒྱུས་ཅན་མང་པོ་ཞིག་མི་སྨྲ་བའི་བརྟུལ་བཞུགས་བཟུང་ནས་སྤྲིན་པ་གཡོ་ཚུལ་དང་རླུང་བུ་ལྡེབས་ཕྱོགས་ལ་བལྟས་ནས་བསྡད། ད་ལྟ་ཆུ་ཁོལ་ནས་དྲོད་འཇགས་བཞིན་པའི་སྐབས་སུ་ལག་པའི་རྨ་ཤུལ་ལ་སེན་འདྲེད་བྱེད་པ་བཞིན་ང་ཕོད་སླར་ཡང་གླེང་བ་འདི་ཡང་རང་ཁེ་གཞན་ཕམ་གྱི་ལས་ཁུངས་ནང་གི་འཐབ་རྩོད་ཞིག་ལས་གང་ཡང་མ་ཡིན་པར་འདོད།
ཧཧཧཧཧཧཧཧཧཧ གོང་གི་ང་ཕོད་འཇིགས་མེད་ལ་བསྟོད་པར་བྱེད་མཁན་དེའི་ནང་དོན་
འབྲི་སྟངས་དང་ཞིབ་ཚགས་ཆེ་བ་ལ་བལྟས་ན། ཕྱི་སྡོད་བོད་མི་རླུང་འཕྲིན་ཉན་པ་པོ་ཞིག་རྩ་ནས་རེད་མི་འདུག ཨེ་རླུང་ཁང་གི་ལས་བྱེད་པ་ཞིག་ཡིན་པ་ཁོ་ཐག་གི་ཆོད་འདུག ཀློག་པ་པོ་ཚོ་དོ་སྣང་བྱུང་ཡོད་ན་མ་གཏོགས་ཕྱི་མི་ཞིག་གིས་ནང་གི་གནས་ཚུལ་ཞིབ་ཅིང་ཕྲ་བ་གསལ་གསལ་ཤེས་ཀྱི་རེད་དམ། འོན་ཀྱང་སོ་སོའི་འགོ་ཁྲིད་ལ་ངོ་དགའ་བྱེད་པ་ཡག་པོ་རེད་མོས་ཡག་པོ་ཡིན་རབ་རྒྱུ་མཚན་ཆེན་པོ་རང་མི་འདུག་ལ་དཔངས་རྟགས་ཀྱང་ཅི་གང་མི་འདུག ཁྱེད་ཀྱི་སྙན་ཞུ་ཡིན་ནའང་འདོད།་ཞུ་གཏུགས་ཡིན་ནའང་འདོད་ཕུལ་ས་ནོར་འདུག རྒྱལ་བ་རིན་པོ་ཆེ་དང་སྐུ་སྒེར་ཡིག་ཚང་མ་རེད། ཡི་གེའི་ནང་དོན་ཚང་མ་རྒྱ་མོ་དྲང་པོ་མེད་རབ་དང་གཤིས་སྤྱོད་ངན་པ་ཡོད་རབ་སྐོར་བྲིས་འདུག་ཀྱང་རྒྱལ་བ་རིན་པོ་ཆེ་ལ་ང་ཕོད་འཇིགས་མེད་ལས་གནས་སུ་བཅུག་རོགས་རོགས་པ་བྱེད་རོགས་ཟེར་བ་ཡིན་ནམ། གང་ལྟར་ཁ་བདེ་ཡང་སྐྱབས་འཇུག་དང་རེ་བ་ཞུ་ས་རྒྱལ་བ་རིན་པོ་ཆེ་མ་གཏོགས་མེད་དུས་རྒྱལ་བ་རིན་པོ་ཆེར་སེམས་འཁུར་ཡོད་དོགས་བྱས་པ་མ་གཏོགས་དོན་ལ་ཟུར་ཟ་དང་མཚན་དམད་ཞུས་ན་སྐྱབས་འཇུག་གནང་སྟངས་བྲལ་བ་རེད། ཁྱེད་རང་གི་ཟུར་ཟ་དེ་འཇམ་དབྱངས་ནོར་བུ་དང། དོད་རྒྱལ་བསྟེན་མཁན། རྒྱ་མིའི་ཕོག་ཟན་སོགས་མི་རེ་གཉིས་ཀྱི་སེམས་ལ་ཐད་ཡོང། བོད་མི་རྒྱ་ཆ་༩༩ སེམས་ལ་ཐད་ཀྱི་མ་རེད།
ང་ཕོ་མི་སྒེར་གྱི་ལས་ཤོར་གནད་དོན་མིང་དུ་བསྙད་ཡོད་ན་ཡང་དོན་དུ་༧གོང་ས་མཆོག་དང་བོད་གཞུང་འབེན་ལ་བཟུང་ནས་ཚིག་མཚོན་གྱི་མདའ་མོ་འཕེན་བརྩིས་བྱེད་དོན་ཅི་རེད། གོ་སྐབས་ནམ་ཡོད་བཙལ་ནས་གདོང་ནས་མིན་རུང་ཟུར་ནས་ཁབ་གཙགས་འབིགས་གཙགས་རེ་བྱེད་ཨེ་ཐུབ་ལ་སྒུག་ནས་སྡོད་རྩིས་བྱེད་པའི་གྲལ་རེད།
མ་རེད་ཟེར་ན་འབྲེལ་མེད་དོན་མེད་ཀྱི་ཚིག་ཉོག་མང་པོ་འདི་འདྲ་ཞིག་འདིར་ཤོད་དོན་ག་རེ་རེད།
ལོ་རབས་དགུ་བཅུའི་ནང་འཇའ་ཕན་ས་འོག་མེ་འཁོར་ལ་དུག་རྫས་ཤོར་པའི་ཉེས་མིང་ཅན་ཨ་ས་ཧ་ར་ཟེར་པ་༧གོང་ས་མཆོག་ལ་མཇལ་འཕྲད་གནང་བའི་མ་ཟད་སྐུ་པར་ལྷན་དུ་སྒྲོན་པའི་སྐོར་དང་། ཡང་།
ཨེ་རླུང་ཁང་གི་རྒྱ་མོ་དེས་སྨད་གཡོག་ཐུང་ཐུང་གོན་ནས་༧གོང་ས་མཆོག་གི་ཞབས་དང་པུས་མོ་གཤིབས་ནས་ལྷན་དུ་པར་བརྒྱབས་དུ་བཅུག་པ་སོགས་ཀྱི་གནས་ཚུལ་འདི་དང་འདི་འདྲའི་ཚིག་ལྷག་མ་རྣམས་སྐབས་འདིར་འབྲེལ་མེད་དོན་གཞན་མིན་ན་རྐང་བཙུགས་ནས་བཅུག་དོན་ག་རེ་རེད། ཤོད་ས་མནའ་མ་དང་ཉན་མཁན་བུ་མོ་རེད་པས།
ལྷག་པར་དུ་ཞུ་ཡིག་འདི་ཆེད་དུ་སྐུ་སྒེར་དྲུང་ཆེར་ཕུལ་དོན་གཞན་མེད་པ་རེད།
བྱང་ཚད་ཀྱི་མཚན་ཉིད་དེ་མཐོང་དུས་ང་གད་མོས་རྒྱལ་སོང་།
འཇམ་དབྱངས་ནོར་བུ་ལགས་ཀྱི་དྲ་ནང་དུ་གོང་གི་ཡི་གེ་དེའི་ཐོག་ཏུ་མཚོ་མོ་ཞེས་པའི་མིང་ཐོག་ནས་བྲིས་པའི་མཆན་རིང་པོ་གཞན་ཞིག་འདུག གཙོ་བོ་ང་ཕོད་ཀྱི་འཇོན་རབས་དང་སྐལ་ལྡན་གྱི་མུག་རབས་ཤ་སྟག་རེད། ཚིག་གི་སྦྱོར་བ་ལ་བལྟས་པ་ཙམ་གྱིས་rfaནང་དུ་ཡིག་སྒྱུར་ཕྱག་ལས་གནང་མཁན་ག་གེ་མོས་བྲིས་པ་ཡིན་པ་གསལ་གྱི་འདུག ཚིག་གི་འགྲོས་མང་པོ་བོད་ཡིག་ལྟར་མ་བསྡད་པར་ཡིག་རིགས་གཞན་གྱི་འདུལ་ལྟར་ཕྱིན་འདུག ཡིན་ནའང་མིང་འདོན་མེད། གང་ལྟར་གང་ལ་རྩོད་ཀྱི་ཡོད་ཀྱང་བོད་སྤྱི་དོན་དེ་སྒེར་དོན་གྱི་ཐོག་ཏུ་འཇོག་རོགས་ཟེར་རྒྱུ་དང་། ང་ཕོད་བུ་དང་འབྲེལ་བའི་ལྟོ་ཕོར་བསྲུང་བའི་ཆེད་དུ་གོང་ས་མཆོག་དང་སྲིད་སྐྱོང་རྣམ་གཉིས་ཀྱི་གཟི་བརྗིད་ལ་རྨ་མ་མཛད་རོགས་ཞུ་འདོད་དོ།
གོང་ལ་ཁ་ཤས་ཀྱིས་བདེན་པ་དང་རྒྱུ་མཚན། དངོས་ཡོད་སོགས་ཁྱེར་ཤོག་ཟེར་བ་འདི་ཡག་པོ་རེད། བསམ་ཚུལ་དང་རྣམ་རྟོག་ལས་བཤད་རྒྱུ་མེད་པའི་ཁ་བརྡ་བ་ང་ཚོ་ཤིན་དུ་ནས་སེམས་པ་སྐྱོ། བསམ་ཚུལ་དང་རྣམ་རྟོག་མ་གཏོགས་བཤད་རྒྱུ་མེད་པའི་གོང་གི་མཆན་པོ་རྣམས་རབ་བྱུང་ན། སྔོན་ལ་སློབ་གྲྭར་ཕེབས། དེ་མིན་ཤེས་བྱ་མང་ཙམ་གཟིགས་ནས། དང་པོ་གནས་ཚུལ་ཡག་པོ་གོ་ཚོད་པ་བགྱིད་རོགས། འཇམ་དབྱངས་ནོར་བུ་ལ་ཡང་སྐྱོན་འདི་རང་ཞུགས་འདུག། ག་དུས་ཡིན་ནའང་། བསམ་ཚུལ་ཤ་སྟག།
གལ་ཏེ་ཁྲིམས་ཁང་ལ་གཏུགས་པ་ཡིན་ན། གནས་ཚུལ་གང་ཡང་ཐག་ཆོད་ཡོང་ས་མ་རེད།
སྐལ་ལྡན་བློ་གྲོས་མི་སྡུག་ཅག་རེད་ཙམ་ཟེར་བ་མ་གཏོགས་ཚད་གཏུགས་ས་ཡོད་པའི་དཔང་རྟགས་བཏོན་ནས་ནག་ཉེས་རྒྱུ་མ་ཕུ་དེད་བྱ་ཡུལ་མིན་འདུག། སུ་གཅིག་ལ་ཡང་ཁོས་ཁྲིམས་འདི་འགལ། ནག་ཉེས་འདི་བྱས་ཟེར་བའི་དཔང་རྟགས་འདོན་རྒྱུ་མིན་འདུག
ང་ཕོད་འཇིགས་མེད་གནས་དབྱུང་བཏང་བ་དང་འབྲེལ་བའི་དཔང་རྟགས་རྡོག་རྡོག་འཚོལ་རོགས།
ཁྲིམས་ཁང་ནང་ལ་ཕྱིན་ན། ཁགཏད་ཀྱི་ཁྲིམས་རྩོད་པས།
Objection your honor, it is irrelevant, the plaintiff failed to provide evidence ཟེར་གྱི་རེད། ཚང་མ་ཆུ་ལ་གཡུག་རྒྱུ་རེད།
ཁྱོད་ལྟོས་དང་། བོད་གཞུང་དང་རྒྱ་མོ་གཉིས་ཐུག་འཕྲད་བྱས་པ་འདི་ཁྲིམས་འགལ་མ་རེད། རྒྱལ་བ་རིན་པོ་ཆེ་དང་རྒྱ་མོ་གཉིས་འབྲེལ་བ་བྱས་པ་འདི་ཡང་ཁྲིམས་འགལ་མ་རེད། སྐལ་ལྡན་བློ་གྲོས་ཀྱིས་རྒྱ་མོ་གང་སར་ཁྲིད་པ་དེ་ཁྲིམས་འགལ་མ་རེད། ད་ག་རེ་བྱེད་ཀ། ད་སྡུག་སྐད་གང་རྒྱག་གི་ཡོད་ཟེར་ན་ལན་ཇི་ལྟར་སྤྲོད་དམ།
འདིས་མ་ཟད། བོད་གཞུང་གིས་རྒྱ་མོ་ལ་ཨེ་རླུང་ཚང་གི་འགོ་པ་དང་ལས་བྱེད་འགའ་ཤས་ཡག་པོ་མིན་འདུག། བོད་གཞུང་ལ་སྐྱོན་འཛུགས་ཤ་སྟག་བྱེད་བཞིན་འདུག། དེ་ལ་སྒྱུར་བ་གཏོང་རོགས་ཟེར། དེ་ནས་ཨེ་རླུང་ཚང་གིས་འགོ་པས་ང་ཕོད་གནས་དབྱུང་བཏང་བ་འདི་ཡང་ཁྲིམས་འགལ་མ་རེད། སུའི་ཁྲིམས་འགལ་བ་རས།
ཨེ་རླུང་ཚང་བཙུགས་དགོས་པ་འདི་ཡང་ཐོག་མ་ནས་བོད་གཞུང་ལ་རྒྱབ་སྐྱོར་ཆེད་བཙུགས་པ་རེད། ད་སྡུག་སྐད་གང་རྒྱབ་ཀྱི་ཡོད་ཟེར་ན། ཁྱོད་ཅི་བྱེད།
བྱས་ཙང་དང་པོ་དཔང་རྟགས་ཚོལ་དགོས། དེ་མིན་མེ་མདའ་ཉོས་ནས་ཨེ་རླུང་ཁང་ལ་འགྲོ་དགོས། བར་ལ་རྣམ་རྟོག་ཤ་སྟག་ལ་མགོ་འཐོམས་ན་རྩ་བ་ནས་དོན་ལག་ཏུ་མི་ཡོང་།
ནོར་བཅོས།
དེ་མིན་མེ་མདའ་ཉོས་ནས་ཨེ་རླུང་ཁང་ལ་འགྲོ་དགོས། ཟེར་བ་འདི། དེ་མིན་མེ་མདའ་ལས་ཚ་བའི་ཁྲིམས་རྩོད་པ་གཡར་ནས་ཁྲིམས་ཁང་ལ་འགྲོ་དགོས་ཅེས་པར་སྒྱུར་རོགས།
ངོ་དེབ་སྟེང་དབྱིན་ཡིག་འབྲི་མཁན་རྣམས་དང་བསྡུར་ན་བོད་ཡིག་གི་མཆན་འགོད་མཁན་དག་ཉུང་མཐར་ཡང་མི་སྒེར་བ་ཅིག་ལས་གཞུང་གཙིགས་སུ་འཛིན་པ་དང་ང་ཕོད་གཅིག་བུའི་ལྟོ་ཕོར་ལས་རྒྱ་ཆེའི་བོད་མི་དམངས་ཀྱི་ཁེ་ཕན་ལ་བལྟ་མཁན་རྐྱང་རེད་འདུག དེར་དངོས་ནས་གུས་བརྩི་ཡོད། གང་ཡིན་ཟེར་ན་འཇམ་ནོར་གྱི་ཉེས་འཛུགས་ཡིག་རྙོག་དེ་་དྲ་ཐོག་ལ་སླེབས་རྗེས་རི་བོང་ཅལ་འདྲོགས་ཀྱི་དཔེ་ལྟར་བོད་གཞུང་ལ་སྐྱོན་འཛུགས་བྱེད་ས་ཞིག་བརྙེད་དུས་འཚངས་ཁ་ཤིག་ཤིག་གིས་ཧང་སངས་མདོག་དང་ཧོན་འཐོར་མདོག་གིས་ཆུ་ཚོད་ཉེར་བཞིའི་རིང་མཆན་འགོད་མཁན་ཉིས་བརྒྱ་ལྷག་སླེབས་འདུག འདི་ཚང་མ་དབྱིན་ཡིག་ནང་ཡིན་ཙང་བོད་པའི་གནས་སྟངས་ཤེས་མཁན་དང་མི་ཤེས་མཁན་ཚང་མས་མཐོང་གི་ཡོད་པ་རེད། དེར་བརྟེན་རྒྱ་ནག་ལ་དཀའ་ལས་རྒྱག་མ་དགོས་བར་༧གོང་ས་མཆོག་ལ་མཚན་སྨོད་ཞུ་སའི་བརྗོད་བྱ་གསར་བ་རྒྱུ་ཆ་སྣ་འཛོམས་ཞིག་རེགས་པ་རེད། ༢༠༠༨་ལ་ཞི་རྒོལ་ཆེན་མོ་བྱུང་བ་ནས་ཕྱིའི་རྒྱལ་ཁབ་ཁག་ཏུ་བསྡོད་པ་བོད་པ་ཚོར་གཉེན་འཕྲད་ལ་འགྲོ་རྒྱུར་ཐོངས་མཆན་མ་རེགས་པ་དང་། རེགས་ཀྱང་ཕ་ཡུལ་ནས་འགྲོ་འདུག་གཟབ་གཟབ་བྱེད་དགོས་བའི་ཉེན་ཁ་རིམས་པར་ཕྲད་བཞིན་པ་གོ་རྒྱུ་འདུག་ཀྱང་། ང་ཚོའི་རང་བཙན་འཐབ་རྩོད་པ་གྲགས་ཅན་འཇམ་ནོར་འཇམ་ཅག་ཅག་གིས་ལྷ་སར་སོང་ནས་ལྷོལ་ལྷོལ་བྱུང་འདུག་པ་གོ་རྒྱུ་འདུག སྔོན་ཆད་འཇམ་ནོར་གྱིས་བཅར་འདྲི་ཁ་ཤས་སུ་ངས་རྒྱ་མི་གཅིག་སོད་ན་གཅིག་དང་གཉིས་སོད་ན་གཉིས་ཡིན། རང་བཙན་གཙང་མའི་སྒོ་ནས་འཐབ་རྩོད་བྱས་ན་རྒྱ་མིར་མ་ཕྲད་པ་མ་གཏོགས་ཅིག་བྱེད་རྒྱུ་ཡིན་མདོག་མདོག་ཐེངས་འགར་བཤད་སོང་།྄ དེང་སང་བོད་ལ་བལྟ་སྐོར་ལ་སོང་རྗེས་ཁ་གཏོང་ས་དང་སྐྱོན་འཛུགས་ས་བཙན་བྱོལ་གཞུང་དང་༧སྐྱབས་མགོན་རིན་པོ་ཆེ་ཡིན་དོན་ཅི་བྱུང་བ་རེད། གོང་གི་རྩོམ་ཡིག་འདི་དབྱིན་ཡིག་ནང་འདི་ལས་རྒྱས་བ་བྲིས་འདུག྄ དེའི་ནང་༧གོང་ས་མཆོག་གིས་བོད་རྒྱ་ཁོངས་ཡིན་པ་གསུངས་ཚུལ་བྲིས་འདུག ད་དུང་སྔོན་ཆད་རྡ་ས་ནས་དམངས་གཙོ་ཚགས་པར་གྱི་རྩོམ་སྒྲིག་པའི་འགན་འཁུར་རབས་བཤད་འདུག འོན་ཀྱང་ཉེ་འཆར་བསང་ཆུ་འབྲུག་བྷེ་ཟེར་བ་ཞིག་གིས་བོད་ནང་གི་རྩོམ་པ་པོའི་སྐོར་དང་ཞོགས་དུངས་ཀྱི་སྐོར་འདྲི་སྐབས་ཁོས་བོད་ཡིག་ཐེབས་ཆག་ཅིག་ཀློག་ཐུབ་ཙམ་མ་གཏོགས་ཡག་པ་ཤེས་ཀྱིན་མེད་ཟེར། ད་ཁོའི་སྐད་ཆ་གང་དེ་བདེན་པར་བརྩི་དགོས་སམ། མིའི་སྤྱི་ཚོགས་ཚང་མ་འདྲ་མཉམ་མིན་ནའང་སྤྱི་ཚོགས་ལ་ལར་མིས་རྫུན་ཅི་ཙམ་བཤད་ན་དེ་ཙམ་གྱིས་མཁས་དབང་དང་ཕུལ་བྱུང་བའི་ཆོ་ལོ་འདོགས་རྒྱུར་དགའ་བ་འདི་ང་ཚོ་བོད་པའི་སྤྱི་ཚོགས་ཀྱི་གྲུབ་ཆ་གཅིག་ཡིན་པར་སེམས།
འཚོ་མོ་ཡིན་ན་ཆོག །དེ་བཞིན་འཇམ་ནོར་ཡིན་ན་ཡང་ཆོག །མི་འདི་ཚོའི་མག་མོག་དང་རབ་རུབ་ཀྱིས་འོག་ནས་དམིགས་ཡུལ་དང་གོ་སྐབས་ངེས་ཅན་རེ་བཟུང་སྟེ་སྨྱུག་རྩེ་ནང་དུ་ཕྱོགས་ནས་༧གོང་ས་མཆོག་གི་དབུས་རང་རེའི་གནད་ཡོད་མི་སྣར་ནག་པོ་བཟོ་འདོད་ཀྱིས་ངན་ཇུས་བཤམས་པ་ཉུང་ཉུང་ཁྱོན་ནས་མིན། ད་དུང་གོང་གསལ་དྲྭ་ཐག་དེའི་ནང་༧གོང་ས་མཆོག་གི་སྐུ་པར་དེར་མ་འོས་པ་སྟོན་གང་ཐུབས་ཀྱིས་འུར་ཤོད་ལུང་པ་གང་བཟོས་འདུག་པར་ངས་ཡང་ཞིབ་མཇལ་ཞིག་བྱས་པ་ཡིན། ཡིན་ཡང་དེ་འདྲ་མ་འོས་པ་ཞིག་གང་མི་འདུག་ལ་དུས་རྒྱུན་ལྡན་༧གོང་ས་ཡིད་བཞིན་ནོར་བུ་མཆོག་ནས་སྐྱེ་བོ་མཆོག་དམན་སུ་འདྲ་ཞིག་ལ་མཇལ་ཁ་གནང་ན་ཁོང་གིས་ཐུགས་བརྩེ་ཆེན་པོའི་གདུལ་བྱ་འམ་དད་ལྡན་དག་གི་རེ་བ་བསྐོངས་ནས་གཅེས་སྤྲས་དང་བྱམས་སྐྱོང་གནང་བཞིན་པར་འཛམ་གླིང་འདིའི་མིག་ལྡན་སྐྱེ་བོ་ཀུན་གྱིས་མཁྱེན་གསལ་རེད། རྒྱུ་མཚན་དེར་བརྟེན་ནས་ཁྱེད་ཚོས་༧གོང་ས་མཆོག་ལ་དུས་ནམ་ཡང་ནག་པོ་བཟོ་རེ་མ་བཅངས་ཤིག །དེ་མིན་རྒྱལ་མོ་དེའི་བྱ་སྤྱོད་གང་ཡིན་མིན་དང་ང་ཕོད་དང་འབྲེལ་བས་གཏམ་ཉོག་གནས་ཚུལ་ཁ་ཁར་ཡིན་པའི་ཉ་ཉུང་མཉམ་བསྲེ་དགོས་དོན་མི་འདུག །
གོང་གི་རྩོམ་ཡིག་འདི་ཕུང་བཀྲུག་ཐལ་བའི་ཡོག་མགོ་ཞིག་གིས་བྲིས་ཡོད་པ་གསལ་གསལ་ཐིང་ཐིང་རེད། ཨེ་རླུང་ཚང་གི་གནད་དོན་དེ་ནང་ཁུལ་འཐབ་རྩོད་ཀྱི་གནད་དོན་ཡིན་པ་ཤེས་བཞིན་དུ་གོང་ས་མཆོག་དང་སྐུ་སྒེར་ཡིག་ཚང་། བཙན་བྱོལ་སྒྲིག་འཛུགས་རྣམས་ལ་སྨྱོན་འཛུག་བྱེད་དོན་ཅི་རེད། གོང་དུ་དྲ་གྲོགས་ཤིག་གིས་བཤད་པ་ལྟར་བཀྲེས་མཐོང་ལ་རྒྱབ་སྐྱོར་བྱེད་མཁན་ཁག་ཅིག་ནས་སྲིད་སྐྱོང་ལ་ཞེ་མཁོན་བཅང་ནས། ཚིག་པ་འདྲེ་ལ་ཟ་་་་རྡུང་རྒྱུ་རྔ་གོག་རྡུང་ཞེས་པའི་དཔེ་ལྟར་བྱེད་ཀྱི་མེད་དམ་སྙམ། དེ་ཡིན་ན་ངོ་མ་མིིག་རྒྱང་མེད་པའི་བྱ་སྤྱོད་ཐབས་སྡུག་ཅིག་རེད།
རང་དབང་རླུང་འཕྲིན་ཁང་མ་ཡིན་ཏེ་་་་་་་་་་་་
གཞན་ནས་གནས་ནས་དབྱུང་པའི་ཕྱིར་་་་་
མ་ཞི་གསར་འགྱུར་གྱི་གོ་གནས་དང་གནས་ཚད་དེ་དག་གང་ཡིན་ཡང་མི་རིགས་དེ་དང་མི་རིགས་དེཡི་གཞུང་གི་ལྟ་གྲུབ་དང་
མ་འགལ་བ་ཞིག་གོས་པས་་་་་ དེ་ན་རྒྱུ་མཚན་ངོ་མ་གང་ཤེས་མ་སོངངང
རང་དབང་ཁང་གི་རླུང་འཕྲིན་གཙོ་འཛིན་གནང་མཁན་དང་གསར་འགྱུར་བཤད་མཁན་དེ་ཚོས་གནས་ཚུལ་དེ་རང་དབང་རླུང་
འཕྲིན་ཁང་ནས་ག་རེ་བྱས་ནས་སྒྲགས་ཀྱི་ཡོད་པ་མ་རེ་
གསར་འགྱུར་ཁང་གི་གསར་འགྱུར་སྦས་ན་དེ་ལ་གཞུང་འཛིན་པའི་བཀའ་རྒྱ་དང་རྡོ་དམ་ཡོད་པ་ཕལ་ཆེར་ངེས་སོ་་་་་་་
དེ་ན་རྡ་རམ་ས་ལ་དང་བློ་བཟང་སེང་གེ་ སྔོན་གྱི་ཀ་བློན་གཟུར་པ་བཅས་ཀུན་གྱི་དམིགས་ཡུལ་དེ་ད་ཕལ་ཆེར་འགྲུབ་པ་ཡིན་འགྲོ་་་་་་་་་ བློ་འཕམ་པ་ཞིག་ལ་གྲ་ལོག་ཞིག་དང་རྒྱ་མོ་ཞིག་གི་ལག་བྲེལ་འོག་་་ ང་འཕོད་འགྲོ་དགོས་པ་དེ་ཅུང་ཡ་ང་བ་ལ་ང་ཚོད་མ་རེད་་་་ ད་ཡིན་ན་ང་འཕོད་ཀྱི་གོ་སར་ལས་འཁུངས་དེ་ག་རང་ནས་ཡིན་པ་ཞིག་གི་འགན་ཞེས་ན་ཉམས་ཉུང་དང་གང་ལ་བསམ་ན་ལེགས་པོ་འདུག་གོ་་་་་་་ དཔེར་ན་ཀརྨ་རྡོར་རྗེ་ལྟ་བུ་བཀོད་ན་མི་ལེགས་སམ་་་་་་་་་་་་་་་
ཨེ་ཤ་ཡ་རང་དབང་རླུང་འཕྲིན་ནི་གསར་འགྱུར་རང་དབང་མེད་པའི་ལུང་པ་ཁག་ནང་རྒྱལ་སྤྱིའི་དངོས་ཡོད་གསར་འགྱུར་གོ་ཐུབ་ཆེད་ཨ་རིའི་གཞུང་ནས་བཙུགས་པ་ཞིག་ཡིན་པ་དང་། ཨ་རིའི་གྲོས་ཚོགས་ཀྱི་བཏང་འཛིན་འོག་ལ་ཡོད་རབས་འདུག དེས་ན་གནད་དོན་དེ་གལ་སྲིད་གཞུང་ཞིག་དང་འབྲེལ་བ་ཡོད་ན་ཨ་རིའི་གཞུང་ལ་འབྲེལ་བ་ཡོད་པ་ལས་བཙན་བྱོལ་སྒྲིག་འཛུགས་ལ་འབྲེལ་བ་མེད་པ་གསལ་པོ་རེད།
དྲ་འབུ་ཚོ་ཚང་མ་རང་ཕྱོགས་ལ་དགའ་བཞིན་གཞན་ཕྱོགས་ལ་སྡང་བའི་ཤེས་ཡོན་གྱི་ཚད་མ་ལོང་བ་ཤ་སྟག་རེད་འདུག ལས་བྱེད་ཞིག་ལས་གནས་གོ་རྗེས་བྱས་ཚེ་འགྲོ་ལུགས་ཡིན་ཀྱང་གནས་དབྱུང་བྱས་ཚེ་རྒྱུ་མཚན་ངེས་པར་དགོས་པ་རེད། རྒྱུ་མཚན་ཆེད་བསྒྲགས་བྱས་ཏེ་ཕྱིར་འབུད་བྱས་ཚེ་ཚང་མའི་བློ་ཁ་རྫོགས་ལ་ཡིད་ཚིམས་པ་ཞིག་ཡོང་རྒྱུ་རེད། རྒྱུ་མཚན་གསལ་ལ་མི་གསལ་ཙམ་དུ་མ་ཟད། ནོར་འཁྲུལ་འགྲེལ་བརྗོད་མེད་པར་ཕྱིར་སྤུད་བྱས་པ་ནི་ལུགས་དང་མི་མཐུན་པ་ཆགས་རྐྱེན་རྙོགས་གཞི་ཡོང་རྐྱེན་ཆགས་པ་རེད་དེ་ཚོར་བསམ་ཏེ་དཀར་པོ་དཀར་འདོན་ཐུབ་པ་དང་ནག་པོ་ནག་འདོན་ཐུབ་ཐབས་སུ་དྲ་སྟེང་འདིར་ཡོང་ན་ཕོ་ཁྱོ་ཁ་དེ་ལ་ཟེར། ཕྱོཌ་རིས་དང་རང་མཁེའི་རྗེས་སུ་ཞུགས་ན་ཁྱི་ལས་ལོས་སོ།
དྲ་འབུ་ཚོ་ཚང་མ་རང་ཕྱོགས་ལ་དགའ་བཞིན་གཞན་ཕྱོགས་ལ་སྡང་བའི་ཤེས་ཡོན་གྱི་ཚད་མ་ལོང་བ་ཤ་སྟག་རེད་འདུག ལས་བྱེད་ཞིག་ལས་གནས་གོ་རྗེས་བྱས་ཚེ་འགྲོ་ལུགས་ཡིན་ཀྱང་གནས་དབྱུང་བྱས་ཚེ་རྒྱུ་མཚན་ངེས་པར་དགོས་པ་རེད། རྒྱུ་མཚན་ཆེད་བསྒྲགས་བྱས་ཏེ་ཕྱིར་འབུད་བྱས་ཚེ་ཚང་མའི་བློ་ཁ་རྫོགས་ལ་ཡིད་ཚིམས་པ་ཞིག་ཡོང་རྒྱུ་རེད། རྒྱུ་མཚན་གསལ་ལ་མི་གསལ་ཙམ་དུ་མ་ཟད། ནོར་འཁྲུལ་འགྲེལ་བརྗོད་མེད་པར་ཕྱིར་སྤུད་བྱས་པ་ནི་ལུགས་དང་མི་མཐུན་པ་ཆགས་རྐྱེན་རྙོགས་གཞི་ཡོང་རྐྱེན་ཆགས་པ་རེད་དེ་ཚོར་བསམ་ཏེ་དཀར་པོ་དཀར་འདོན་ཐུབ་པ་དང་ནག་པོ་ནག་འདོན་ཐུབ་ཐབས་སུ་དྲ་སྟེང་འདིར་ཡོང་ན་ཕོ་ཁྱོ་ཁ་དེ་ལ་ཟེར། ཕྱོཌ་རིས་དང་རང་མཁེའི་རྗེས་སུ་ཞུགས་ན་ཁྱི་ལས་ལོས་སོ།
དྲ་འབུ་ཚོ་ཚང་མ་རང་ཕྱོགས་ལ་དགའ་བཞིན་གཞན་ཕྱོགས་ལ་སྡང་བའི་ཤེས་ཡོན་གྱི་ཚད་མ་ལོང་བ་ཤ་སྟག་རེད་འདུག ལས་བྱེད་ཞིག་ལས་གནས་གོ་རྗེས་བྱས་ཚེ་འགྲོ་ལུགས་ཡིན་ཀྱང་གནས་དབྱུང་བྱས་ཚེ་རྒྱུ་མཚན་ངེས་པར་དགོས་པ་རེད། རྒྱུ་མཚན་ཆེད་བསྒྲགས་བྱས་ཏེ་ཕྱིར་འབུད་བྱས་ཚེ་ཚང་མའི་བློ་ཁ་རྫོགས་ལ་ཡིད་ཚིམས་པ་ཞིག་ཡོང་རྒྱུ་རེད། རྒྱུ་མཚན་གསལ་ལ་མི་གསལ་ཙམ་དུ་མ་ཟད། ནོར་འཁྲུལ་འགྲེལ་བརྗོད་མེད་པར་ཕྱིར་སྤུད་བྱས་པ་ནི་ལུགས་དང་མི་མཐུན་པ་ཆགས་རྐྱེན་རྙོགས་གཞི་ཡོང་རྐྱེན་ཆགས་པ་རེད་དེ་ཚོར་བསམ་ཏེ་དཀར་པོ་དཀར་འདོན་ཐུབ་པ་དང་ནག་པོ་ནག་འདོན་ཐུབ་ཐབས་སུ་དྲ་སྟེང་འདིར་ཡོང་ན་ཕོ་ཁྱོ་ཁ་དེ་ལ་ཟེར། ཕྱོཌ་རིས་དང་རང་མཁེའི་རྗེས་སུ་ཞུགས་ན་ཁྱི་ལས་ལོས་སོ།
དྲ་འབུ་ཚོ་ཚང་མ་རང་ཕྱོགས་ལ་དགའ་བཞིན་གཞན་ཕྱོགས་ལ་སྡང་བའི་ཤེས་ཡོན་གྱི་ཚད་མ་ལོང་བ་ཤ་སྟག་རེད་འདུག ལས་བྱེད་ཞིག་ལས་གནས་གོ་རྗེས་བྱས་ཚེ་འགྲོ་ལུགས་ཡིན་ཀྱང་གནས་དབྱུང་བྱས་ཚེ་རྒྱུ་མཚན་ངེས་པར་དགོས་པ་རེད། རྒྱུ་མཚན་ཆེད་བསྒྲགས་བྱས་ཏེ་ཕྱིར་འབུད་བྱས་ཚེ་ཚང་མའི་བློ་ཁ་རྫོགས་ལ་ཡིད་ཚིམས་པ་ཞིག་ཡོང་རྒྱུ་རེད། རྒྱུ་མཚན་གསལ་ལ་མི་གསལ་ཙམ་དུ་མ་ཟད། ནོར་འཁྲུལ་འགྲེལ་བརྗོད་མེད་པར་ཕྱིར་སྤུད་བྱས་པ་ནི་ལུགས་དང་མི་མཐུན་པ་ཆགས་རྐྱེན་རྙོགས་གཞི་ཡོང་རྐྱེན་ཆགས་པ་རེད་དེ་ཚོར་བསམ་ཏེ་དཀར་པོ་དཀར་འདོན་ཐུབ་པ་དང་ནག་པོ་ནག་འདོན་ཐུབ་ཐབས་སུ་དྲ་སྟེང་འདིར་ཡོང་ན་ཕོ་ཁྱོ་ཁ་དེ་ལ་ཟེར། ཕྱོཌ་རིས་དང་རང་མཁེའི་རྗེས་སུ་ཞུགས་ན་ཁྱི་ལས་ལོས་སོ།
གླིང་གཞི་བྲིས་མཁན་ནས་་བསམ་བཞིན་དུ།
བོད་མི་ཆོས་ཀྱི་དབུ་འཁྲིད་ལ་བསྟོད་པའི་ཚུལ་གྱིས་སྨད་པ་དང་ཞེན་ཁོག་ཡོད་བཟློག་གིས་འབྲེལ་མེད་གསར་འགྱུར་སྲེད་ནས་བྲིས་པའི་བསམ་ཚུལ་བྲིས་འདུག་པ་ལེགས་པར་བཏགས་དགོས་འདུག།། །། དཔེ་ན་ Blog tittle ལ་་་་་་་་་་་PROTECT KUNDUN, FREE RFA ཞེས་འབྲིས་འདུག།
སྲིད་ཀྱི་དབུ་འཁྲིད་ལ་དེ་མཚུངས།
གཞན་ཡང་མི་འགའ་འདུག།། །།
དེ་ཡང་མི་གེར་གཞིག་གི་ལས་ཀ་ཤོར་བའི་རྒྱབ་ཚར་ལངས་པ་ཡིན་ན་ཁོང་ལ་ Amrican Labour Law ཐོག་ནས་ལམ་སྟོན་གནང་བ་ཡིན་ན་དགའ་བསུ་ཞུ་འོས་པ་ཞིག་ཡིན། ཁོང་ཉེ་མེད་གནས་དབྱུངས་གཏོང་བ་ཡིན་ན་ཁྱེད་ཤེས་ལྟན་མཚོས་ ཨ་རིའི་ཁྲིམས་ལུགས་སོགས་གང་ཡང་མི་ཤེས་མཁན་འཇིགས་མེད་ལགས་ལ་རོག་སྐྱོབས་གནང་བ་ཡིན་ན་ཤིན་ཏུ་ལེགས་པ་ལས་མི་འདོད་བརྗོད་ཚིགས་ངན་གང་ནས་འོང་ཤེས།། དེ་མིན་མཆན་བསྐྱོན་མཁན་དུ་མས་རང་གི་བསམ་ཚུལ་ཁོ་ནས་སྐྱོན་བརྗོད་ཁུང་མེད་དུ་མ་བཀོད་པ་ལས་ཁུང་ཡོད་ནནནནནནནནན གཅིག་ བཀོད་ རོག་ གནས་ ཞུ་བཞིན་ཡོད།། །།
ཨ་རི་ཁྲིམས་ལྟན་གྱི་ལུང་པ་ཞིག་ཡིན་སྟབས་ མགོན་ཡོད་ LAWSUIT བྱེད་ནས་ལས་ཕྱིར་ལེན་ཐུབ་ཀྱི་ཡོད། ཡིན་ཡང་བདེན་པ་ཡོད་བཞེས་དྲ་རོག་དུ་མས་བྲིས་པ་ལྟར་མིན་པ་བདེན་བསྡར་ཁུང་བསྐྱེད་ཐུབ་པ་དགོས་པ་རེད།།
མི་སོ་སོའི་བསྐྱོན་ལས་ལས་ཀ་ཤོར་ཡོད་ན་ཁྲིམས་བསྟུགས་སོགས་ཇི་ཙམ་བྱ་ཀྱང་དོན་གྱི་འབྲས་བུ་དཀོན་པོ་ཡིན།། དེ་ལས་རང་མཚང་སྟོན་མི་དགོས་ན་ལེགས་པར་འདུ་ཤེས་འཇོག་གི་ཡོད།། གང་ལྟར་འཇིགས་མེད་ལགས་ལ་རགས་ལུད་པ་ལས་ང་ཚོས་བསམ་ཚད་བཤོས་ནས་བསྡན་ན་ལས་མེད་འགྱོངས་མེད་ཀྱང་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་།། །།
འཇིགས་མེད་ལགས་བློོ་སྦྱོང་ཚིགས་བརྒྱད་མའི་ནང་གི་
བདག་ལ་གཞན་གྱིས་ཕྲག་དོག་གིས། གཤེ་སྐུར་ལ་སོགས་མི་རིགས་པའི།
གྱོང་ཁ་རང་གི་ལེན་པ་དང་། རྒྱལ་ཁ་གཞན་ལ་དབུལ་བར་ཤོག།།
ཞེས་པ་ལྟར་ཆོས་ཀྱི་ཉམས་ལེན་གནང་ནས་བཞུགས་པར་ལས་མེད་ཚོས་ཅི་བྱེད་་་་ དེབ་བྲིས་ནས་ཚོང་རྒྱབ་མཁན་ལ་ཁེས་བཟང་ཐོབ་ངེས་ཡིན་རིན་མེད་ཁྱབ་སྒྲགས་འགྲོ་བའི་ཕྱིར་ རོ།།།།།།།།།།།།།།།།།།།།།།།།།།།།།།།།།།།།།།།།།།།།།།།
དྲ་གྲོགས་ཚོ་གནས་ཚུལ་ངོ་མ་འདི་འདོད།
༡་ འཇམ་དབྱངས་ནོར་བུ་གི་བཙན་བྱོལ་བོད་གཞུང་དང་སྐུ་མདུན་ལ་ཟུར་བཟའ་བྱེད་དགོས་དོན་དེ་སྔོན་ཨེ་ཤ་ཡེ་རང་དབང་རླུང་འཕྲིན་ཁང་གི་ལས་བྱེད་རྐམ་རྒྱལ་མཚོ་ཡི་རེ་གཟའ་ཉི་མིའི་གཏམ་གླེང་དེ་རྒོ་རྒྱབ་ཚར་བ་རེད། དེ་རྐྱེན་གྱི་འཇའ་དབྱངས་ནོར་བུ་ལག་ནས་ལས་ཀ་ཤོར་བ་རེད། རེ་གཟའ་ཉི་མིའི་གཏམ་གླེང་ནང་བོད་གཞུང་དང་སྐུ་མདུན་ལ་སྐྱོན་བརྫོད་བྱེས་བ་དེ་དངོས་ཡོད་རེད། རྐྱེན་དེ་བྱེས་ན་རྒྱ་རི་བློ་གྲོས་རྒྱལ་མཚན་ཁོངས་ཁྲོ་ག་ཚོད་ལངས་བྱུང། ཅང་མ་འགོར་བར་རེ་གཟའ་མིའི་གཏམ་གླེང་རྒོ་རྒྱབ་ཚར་བ་རེད།
༢་ འཇའ་དབྱངས་ནོར་བུ་སྐལ་ལྡན་བློ་གྲོས་ལ་འཁོན་འཛིང་བྱེད་དགོས་བ་དེ་རྒྱུ་མཚན་གཉིས་ཡོད་གྱི་རེད་བསམས། གཅིག་དེ་ལོ་སྔོན་མ་རྒྱལ་ས་ལྦ་ཞོན་གྲོན་དུ་དུས་འཁོར་དབང་ཆེན་སྐབས་སྐལ་ལྡན་བློ་གྲོས་ཀྱི་བོད་གྱི་གཞོན་ནུ་ལྷན་ཚོགས་ཚོགས་གཙོ་གཙོའི་ཚོགས་མི་མང་པོ་ཚོགས་ཁང་ནས་ཕྱི་ལ་ཕུད་པ་དེ་རེད་འདོད། གཉིས་པ་དེ་སྐལ་ལྡན་བློ་གྲོས་ཀྱི་ང་ཕོད་འཇིགས་མེད་ལ་འབྲེལ་བ་གཅིག་ཀྱང་མ་བྱེད་པར་འཐད་གར་སྒང་གི་འགན་འཛིན་རྒྱ་མོ་དེ་ལ་འབྲེལ་བ་བྱེད་ནས་ལས་དོན་སྒྲུབས་ཀྱི་ཡོད་པ་རེད། ད་དུང་འགན་འཛིན་རྒྱ་མོ་དེ་རྡ་རམ་ས་ལར་དང་ལོན་ཀྲོན་དང་ཆུ་ཁ་གོར་སོགས་སུ་འཁྲིད་ནས་སྐུ་མདུན་ལ་འཇལ་ཀ་ཞུ་མཁན་དེ་སྐལ་ལྡན་བློ་གྲོས་ཡིན་པས་རེད། གནས་ཚུལ་གཞན་ཡོད་སྲིད་གྱང་དེ་ནི་སྒེར་དོན་རེད་འདོད།
༣་ འཇའ་དབྱངས་ནོར་བུ་ང་ཕོད་ལ་རྒྱབ་སྐྱོར་བྱེད་དགོས་དོན་འདི་རེད་འདོད། ལོ་ངོ་བཅུ་དྲུག་རིང་འཇའ་དབྱངས་ནོར་བུ་གཙོས་མི་འགའ་ཤས་ཞིག་གི་རང་སྒེར་དང་སྤྱི་ཡི་ལས་ཀ་གཅིག་ཀྱང་མ་བྱེས་བར་རྩོམ་ཡིག་རེར་བྲིས་ནས་གྲོད་ཁོག་ཨེ་ཤ་ཡ་རང་དབང་རླུང་འཕྲིན་ཁང་ལ་ཅོལ་ནས་བསྡད་པ་རེད། དེ་ལ་ང་ཕོད་གྱི་འགྲིག་མིན་གྱི་སྐད་ཆ་གཅིག་ཀྱང་མ་བཤད་པར་ཁོང་ཚོས་གང་འདོད་ལྟར་གཞག་པ་རེད། ད་དུང་མང་པོ་ཞུ་རྒྱུ་ཡོད་འོན་ཀྱང་དུས་ཚོད་གྱི་དབང་གི་འདི་ནས་འཇོག་གི་ཡིན། རྗེས་མ་དྲ་གྲོགས་ཚོས་ཉན་འདོད་ཡོད་ན་གནས་ཚུལ་གསལ་པོ་བཤད་ངེས་ཡིན།
རྒྱལ་གཅེས་དཔའ་བོ་དཔའ་མོ་རྣམས་ལ་གུས་འདུད་ཞུ། དྲ་གྲོགས་ཚོར་རྣམ་པ་ཚོས་ཨ་རིའི་བོད་སྐད་རླུང་འཕྲིན་ཁང་གི་ཟླ་བ་༡༢པའི་ཚེས་༡༢ཉིན་གྱི་བོད་སྐད་གསར་འགྱུར་གྱི་དྲ་རྒྱར་གཟིགས་དང་། ཁ་བྱང་ལ་ “རང་སྲེག་ལམ་ལྷོང་མ་བྱུང་བ་ཚོ་ཆུ་ལ་ལྕེབས།” རང་སྲེག་ལམ་ལྷོང་མ་བྱུང་བ་ཚོ་ཆུ་ལ་ལྕེབས། 12.12.2012
བོད་མདོ་ཁམས་འབྲི་རུ་ས་ཁུལ་དུ་སྤྱི་ལོ་༢༠༡༢ལོར་དམ་དྲག་ཆེན་པོ་བྱས་རྐྱེན་ཐ་ན་བོད་མི་གསུམ་གྱིས་རང་ལུས་མེར་བསྲེགས་བཏང་བའི་གནས་ཚུལ་ཞིབ་ཕྲ་ཡང་དུས་ཐོག་ཏུ་ཕྱི་བསྒྲགས་བྱ་ཐུབ་མེད་པའི་གནས་ཚུལ་བྱུང་ཡོད། དེ་རིང་བསྐྱར་དུ་གནས་ཚུལ་ཐོན་པ་ལྟར་ན། འབྲི་རུ་རྫོང་ཁོངས་ཀྱི་བན་དཀར་ས་ཆ་ནས་བོད་མི་བདུན་གྱིས་དུས་མཉམ་དུ་རང་ལུས་མེར་བསྲེགས་གཏོང་རྩིས་བྱས་པ་དེ་ས་གནས་ཉེན་རྟོག་པས་ཤེས་རྟོགས་བྱུང་སྟེ་དེའི་ཁྲོད་ནས་བོད་མི་གཉིས་འཛིན་བཟུང་བྱས་པ་དང་། བོད་མི་གཞན་ལྔ་དེ་ཆུ་ལ་ལྕེབས་ཡོད། ཡིན་ན་ཡང་ས་གནས་དེ་རུ་དམ་དྲག་སྔར་ལས་ཇེ་ཆེར་བཏང་ཡོད་པས་ད་ལྟའི་ཆར་བོད་མི་དེ་ཚོའི་མཚན་དང་ཆུ་ལ་མཆོངས་པའི་བོད་མི་ཚོའི་ཤི་གསོན་སོགས་ཤེས་རྟོགས་ཐུབ་ཀྱིན་མེད་པའི་སྐོར་ཚེ་རིང་སྐྱིད་ཀྱིས་སྙན་སྒྲོན་ཞུ་རྒྱུ་རེད།རང་སྲེག་ལམ་ལྷོང་མ་བྱུང་བ་ཚོ་ཆུ་ལ་ལྕེབས། ཞེས་པའི་གོང་གི་གསར་འགྱུར་འདིར་ཉན་རྗེས་དང་ཁ་བྱང་འདི་མཐོང་རྗེས་ང་རང་ལ་བཟོད་བརླག་བྲལ་པའི་སེམས་སྡུག་དྲག་པོ་སྐྱེས་སོང་། བཅར་འདྲིའི་ནང་དོན་གང་ཡིན་ཤེས་མ་སོང་། ཧ་ལམ་བོད་ནང་གི་ས་ཆ་ཞིག་བརྩད་གཅོད་བྱེད་བཞིན་པ་འདྲ། འབྲེལ་མེད་དོན་གཞན་དང་ཉི་མ་ཕུད་ཐབས་ཀྱི་གསར་འགྱུར་འདི་དག་སྣར་གཟན་གྱིན་འདུག རྒྱ་ནག་གཞུང་གིས་བོད་མིས་མེར་བསྲེགས་བཏང་བ་དེར་ངན་སྨོས་ཅི་ཙམ་བྱས་ཀྱང་ཆོག་མོད། བོད་པ་ཚོས་རྒྱལ་གཅེས་དཔའ་བོ་དཔའ་མོ་རྣམ་པར་འདི་ལྟར་དམའ་འབབ་དང་མཐོང་ཆུང་བྱེད་མི་རུང་། གསར་འགྱུར་འདིའི་མགོ་ནས་མཇུག་བར་རྒྱ་ནག་ལ་ངོ་རྒོལ་མཚོན་ཆེད་རྒྱལ་གཅེས་དཔའ་བོ་དཔའ་མོ་་ཁག་ཅིག་གིས་རང་ལུས་མེར་བསྲེགས་གཏོང་རྒྱུར་རྒྱ་ནག་གིས་བཀག་འགོག་བྱེད་ཐུབ་ཡོད་ཀྱང་རང་སྲོག་ཕང་མེད་ཀྱི་ཆུར་མཆོངས་ནས་རང་སྲོག་དོར་དེ་རྒྱ་ནག་ལ་ངོ་རྒོལ་བྱས་འདུག་པ་ནི་ཚེ་སྲོག་བློས་གཏོང་གིས་རྒྱ་གཞུང་ལ་ངོ་རྒོལ་བྱེད་པའི་ཐབས་ལམ་གཞན་ཞིག་རེད་ཅེས་བཤད་ཡོད་ན་ཅི་མ་རུང་། རང་སྲེག་ལམ་ལྷོང་མ་བྱུང་བ་ཚོ་ཆུ་ལ་ལྕེབས། ཞེས་པའི་ཁ་བྱང་འདིས་རྒྱལ་གཅེས་དཔའ་བོ་འདི་རྣམས་སྡར་མ་ཁྱུ་གཅིག་ཏུ་བཟོས་མི་འདུག་གམ། དངོས་ནས་གསར་འགྱུར་བཤད་མཁན་འདི་ཚོས་སེམས་སུ་ཅི་ཞིག་དྲན་བཞིན་ཡོད་དམ། དྲ་གྲོགས་ཚོས་དགོངས་ཚུལ་ཞིག་གསུངས་རོགས་ཞུ། ཨ་དང་ཨེ་རླུང་འཕྲིན་གསར་ཁང་གཉིས་ལ་དོན་དམ་གྱི་གད་བརྡར་ཐེངས་གཅིག་བྱེད་རན་རེད། མ་རེད་དམ་ཁོ་ཚོས་རྩ་བ་ནས་ནོར་འཁྲུལ་ཁས་ལེན་བྱེད་ཀྱིན་མི་འདུག་པ་མ་ཟད། ཤེས་ཚད་རྩ་བ་ནས་འདང་གིན་མི་འདུག གཞན་ཡང་ཨེ་རླུང་ཁང་གི་ཟླ་འདིའི་ཚེས་༡༤ཉིན་གྱི་ཨམ་སྐད་གསར་འགྱུར་ལ་ཉོན་དང་རྡ་སའི་ཆབ་སྲིད་བཙོན་མ་ཟུར་བའི་སྒྲིག་འཛུགས་ཀྱི་ཚོགས་གཞོན་ཀླུ་མཁར་བྱམས་དང་གསར་འགྱུར་བཅར་འདྲི་མཁན་སྟག་ལྷ་རྒྱལ་གཉིས་ཀྱིས་དྲི་བ་དྲིས་ལན་ལ་ཉོན་དང་ཀླུ་བྱམས་རང་ངོ་ཚ་ཡ་མི་འདུག་གམ་ད་དུང་འཇོམས་རབ་ཅིག་ལབ་ནས་བསྡད་འདུག མི་ལ་ལབ་ཡ་ཡོད་པ་མ་རེད་རང་ད་ལྟ་སྣེ་ཁྲིད་པ་རེད། ཕོ་རབ་ཡིན་ན་ལས་ཤོག་དང་ལས་ག་འདུག་ལ་དུས་ཚོད་ཡང་རན་པོ་འཚམས་པོ་ཡོད་པའི་སྟེང་། སྟབས་ཡག་ནས་ཁྱེད་རང་སྣེ་ཁྲིད་པ་དང་ལས་ཀྱི་སྣེ་མོ་བ་གཉིས་ཀར་གྱུར་འདུག རྟ་ཕོ་རྒྱུགས་རྩལ་ཡོད་ན་བྱང་ཐང་སྟོང་བ་རེད། གྲོགས་པོ་ལོངས་ཤོག་དང་སང་ཉིན་རང་གི་རྗེས་སུ་མཐའ་གཅིག་ཏུ་འགྲེངས་རྒྱུ་ཡིན། དེ་མིན་བླ་རྒན་གྱིས་འཇོན་གི་མི་འདུག་ཅེས་ལབ་ནས་མ་འདུག་རོགས། ད་རང་ལས་ཀྱི་སྣེ་མོ་ན་བསྡད་ཡོད་པས་དཔའ་བོ་ལག་རྡུམ་དང་མཁས་པ་ལྕེ་སྐུགས་མ་གནང་རོགས་གནང་། སྐྱེས་དམན་བློས་མི་ཐོངས་ན་སྟོང་གཏམ་བཤད་ནས་ཅི་ཕན་རྐུབ་ཟིམ་ཤོག ད་དུང་དགུ་བཅུ་གསུམ་གྱི་སྐོར་མཛོད་སྟོང་བར་གྱུར་ཡོད་པའི་གནས་ཚུལ་ཞིག་ཀྱང་ཐོས་རྒྱུ་འདུག་ན་ལྟད་མོ་སྟོན་ཤོག་ཨང་། དེའི་སྟེང་བཅར་འདྲི་དེར་ཉོན་དང་སྟག་ལ་རྒྱལ་ཟེར་བ་དེས་བཅར་འདྲི་བྱེད་སྟངས་ལ་བལྟས་དང་ཤེས་འདོགས་ཀྱིས་ཀླུ་བྱམས་ལ་བཅར་འདྲི་ཚུལ་གྱིས་རང་གི་རྨོངས་བློར་འཆར་ཚུལ་ཉ་ཉོག་རྐྱང་ལབ་ནས་ཚར་སོང་། ཤེས་ཡོན་པ་ཡིན་ཟེར་མཁན་ཡིག་ནོར་རྐྱང་འཔྲི་མཁན་ཀརྨ་མཁས་གྲུབ་ཟེར་བ་ཁོ་ཚོས་༧གོང་ས་མཆོག་ལ་དགག་པ་རྒྱག་ས་དང་རང་གཞུང་ལ་ཁ་གཏོང་ས། བོད་ཕྱི་ནང་བར་ལ་དབྱེན་དཀྲིགས་རྐྱང་བྱེད་སར་གྱུར་མི་འདུག་གམ། བཅར་འདྲི་འདི་བོད་ནང་གི་སྐུ་ལུས་མཆོད་མེར་སྒྲོན་བའི་དགེ་སྐྱོན་སྐོར་བཤད་རྒྱུ་ཡིན་ཟེར་བས། སྐྱོན་གང་ཡོད་ལ་ཚང་མས་ཉན་དགོས་དུས་དྲ་བདག་ལ་མཆན་འདི་བསད་ནས་ངའི་སྨྲ་བརྗོད་ཀྱི་ཐོབ་ཐང་མ་འཕྲོག་ཞུ་རྒྱུ་ཡིན། ཨེ་རླུང་ཁང་གསར་འགྱུར་འགོད་ས་རེད་མ་གཏོགས་ང་ཚོས་ལས་འགུལ་བཀོད་སྒྲིག་ཁང་དང་དབྱེན་སྦྱོར་ཁང་མ་རེད། དེ་བས་ངག་ཕོད་བུས་ཨེ་རླུང་ཁང་འདི་དེ་འདྲ་ཞིག་ཏུ་བསྒྱུར་ཟིན་དུ། ཁོས་རྗེས་འཇུག་པ་ཚོས་རྒྱུ་སྐྱོང་གི་ཡོད་པས། ངན་པ་གཙང་ཕྱག་བྱེད་མ་ཐུབ་པ་ཡིན་ན། མི་ངན་དཔུང་སྒྲིག་ཁྱུ་གཅིག་ད་དུང་ལྷག་ཡོད་སྟབས། ༧གོང་ས་མཆོག་དང་རང་གཞུང་སྣང་མེད་དུ་བཏང་སྟེ་བོད་ཕྱི་ནང་བར་ལ་དབྱེན་དཀྲིགས་དང་རང་ལྟ་མཆོག་འཛིན་རྒྱུན་མཐུད་རྒྱུའི་རྟགས་དང་མཚན་མ་གང་མང་སྟོན་བཞིན་མི་འདུག་གམ། མི་ངན་གཙང་ཕྱག་བྱེད་མི་ཐུབ་པ་ཡིན་ན་དུས་རབས་༢༡ནི་བརྡ་འཕྲིན་གྱི་དུས་རབས་ཡིན་པས་ཨེ་རླུང་ཁང་སྒོ་བརྒྱབ་པ་ཡིན་ན་ཡང་བོད་ཕྱི་ནང་གི་གསར་འགྱུར་འཁོར་རྒྱུགས་ལ་ཅོང་རག་གི་མ་རེད། བོད་གཞུང་དྲ་བ་དང་ངོ་དེབ་སོགས་བརྒྱུད་ལམ་འདྲ་མིན་ཡོད་པ་རེད། དེ་བས་བོད་པའི་སྤྱི་ཚོགས་ཀྱིས་ཨ་རི་གཞུང་གི་འབྲེལ་ཡོད་ལ་སྙན་ཞུ་ཕུལ་ནས་རླུང་འཕྲིན་ཁང་གི་ལས་བྱེད་ཤེས་བྱ་ཚད་ལྡན་ཡོད་མཁན་བོད་དོན་ལ་བློ་དཀར་ཡིན་པ་བསྡུ་ལེན་བྱེད་མི་ཐུབ་ན་སྒོ་བརྒྱག་དགོས་པ་རེད། ཨེ་རླུང་ཁང་གི་ལྟོ་གཟན་འདི་ཚོས་བྱེད་ཉེས་ལ་ལྟོས་དང། ཁ་སང་གནས་ཚུལ་འཇགས་ནས་འགྲོ་བཞིན་པར་སླར་གསོས་ཀྱིས་དེ་རིང་རྒྱ་གཞུང་ལས་སྡུག་པར་སྐུ་སྒེར་ཡིག་ཚང་ལ་སྙན་ཞུ་འདྲ་ཕུལ་བའི་ཟོལ་གྱི་སུ་ལ་རྒྱག་གཏམ་དང་སྡུག་ར་སྐུལ་བཞིན་ཡོད་པ་རེད། ཕ་རོ་ཟ་རྒྱུ་ཚོ། ཨེ་རླུང་ཁང་གི་གསར་གནས་ལས་ག་བྱེད་མཁན་རང་ཚོ་སྐྱག་གཟན་ཁྱུ་གཅིག་རེད། དྲ་བདག་གིས་མཆན་འདི་མི་གསོད་པར་རེ་ཞུ་བ་ཡིན།
ཨེ་རླུང་ཚང་གི་གནས་ཚུལ་འདིའི་ནང་ལ་ང་རང་སུ་གཅིག་ལ་ཕྱོགས་མེད། དྲང་པོའི་དཀར་ཐིག་འདེད་ནས་བདེན་པ་འཚོལ་བཞིན་ཡོད། དེའི་རིང་ལ་གནས་ཚུལ་ཁ་ཤས་གསལ་པོ་བྱུང་། རིམ་བཞིན་བཀོད་རྒྱུར།
ཀ༽། ང་ཕོད་འཇིགས་མེད་ལ་རྒྱབ་སྐྱོར་བྱེད་མཁན་གྱི་མཆན་པོ་དེ་དག་བོད་ཡིག་གི་ཆུ་ཚད་མཐོན་པོ་འདུག
ཁ༽དེ་ལས་ལྡོག་ཏེ། བློ་བཟང་སེང་གེ་དང་སྐལ་ལྡན་བློ་གྲོས་དག་འབུད་བྱེད་མཁན་གྱི་མཆན་པོ་རྣམས་ཀྱི་བོད་ཡིག་ཅུང་ཞན་པོ་འདུག
ག༽བློི་བཟང་སེང་གེ་དང་བཙན་བྱོལ་བོད་གཞུང་གི་མགྲིན་ཚབ་བྱེད་མཁན་ཚོས་འཇམ་དབྱངས་ནོར་བུར་སྐྱོན་གཙོ་བོ་བཏོན་པ་ལས། རྒྱ་མོ་ལེའུ་ཡི་བྱེད་སྟངས་ལ་དག་འཐེར་མི་བྱེད།
གོང་གི་གནས་ཚུལ་འདི་དངོས་ཡོད་ཡིན་པས་གཟིགས་པར་འཚལ།
ཟོམ་སྡང་ལྐལ་ལྡན་བློ་ལོག་འཇམ་གཅིན་དང་། ཤ་ཁུག་རྒྱ་མོ་ལ་སོགས་བོད་སྲིན་རྣམས།
བསམ་སྦྱོར་ངན་པའི་རྒྱ་འདྲེར་མི་སྐྱེ་པར། ཆོས་ལྡན་བོད་ཀྱི་ཞབས་འོག་ཚུད་པར་ཤོག
སྙོག་དྲ་དེ་བོད་ཆེན་པོས་སྙོག་དྲ་གང་ཡང་མ་རེད་་་དེ་ལས་ཁུང་ཅིག་གིས་སྙོག་དྲ་མི་གཉིས་གིས་སྙོག་དྲ་རེད་
གྲོགས་པོ་རྣམས་དེ་ཆེན་པོ་གང་ཡང་བྱེད་དགོས་མ་རེད་
མི་ངན་ཁ་ཤས་ཀྱིས་སྤྱི་ཚོགས་ནང་སྙོག་དྲ་འཚོལ་ནས་འགྲོ་གི་ཡོད་རེད་། དངོས་གནས་བྱེད་ན་་ང་ཕོད་འཇིག་མེད་དང་
བཀའ་ལྡན་བློ་གྲོས་གཉིས་ཀྱིས་གནས་ཚུལ་རེད། ལས་ཁུང་ནང་ཁུལ་དེ་འདྲ་ག་ཚད་སྙོག་དྲ་ཡོང་གི་ཡོད་་རེད་་དེ་ལ་ང་ཚོས་སྐད་ཆ་ལབ་པའི་ཐོབ་ཐང་ཡོད་མ་རེད་་གང་ཡིན་ཟེར་ན་ང་ཚོས་ལས་དེ་ལ་ལས་ཀ་བྱེད་གི་ཡོད་མ་རེད་དེ་་བྱེད་ནས་སུ་གང་ལ་ཐོབ་ཐང་ཡོད་མ་རེད་མ་ཚད་འཇམ་དབྱངས་ནོར་བུ་ཟེར་བའི་མི་ངན་ཁྱེད་འདྲ་པོ་རྒྱ་གར་དང་བལ་ཡུལ་ཐུག་བྱུང་ན་དམར་གསོད་གཏང་གི་ཡིན་སངས་རྒྱས་བསྟན་པའི་དོན་དུ་། ་་བླ་མ་མཁྱེན་ནོ་