འདུས་བྱུང་ཕུན་ཚོགས་ཚེ་རིང་།
དེ་ཡང་མཆོད་པར་ཕུལ།
བཤད་མི་ཤེས་པའི་ཉིན་མོ་དང་། མཚན་མོ་འབྲེལ་ནས།
དུ་བ་རེ་རེས་མཁའ་ལ་འཕྱུར་སྐབས།
མིག་ཆུ་དང་། དབུགས་རིང་འགྲོགས་ནས།
དཔའ་བོ་དང་། དཔའ་མོ་ཚོར་སྨོན་ལམ་རེ་འདོན།
གངས་ལྗོངས་ཀྱི་རི་མཐོ་དེ་ནས།
མིའི་རིགས་ཀྱི་ལོ་རྒྱུས་ནང་།
གཏམ་རྒྱུད་དང་། ཟིན་བྲིས་གཅིག་བཞག་སོང་།
འཛམ་གླིང་གི་སྣེ་མོ་གཞན་ཞིག་ནས།
མི་རྣམས་ཀྱིས་ལྟ་ཙམ་ཡང་མི་བྱེད་དུས།
མི་རྣམས་ཀྱི་གླེང་ཙམ་ཡང་མི་བྱེད་དུས།
ངས་རང་ཉིད་ཀྱི་ཤ་ཁྲག་འབྲེལ་བར་འཕངས་སེམས་ཤིག་དེ་བས་སྐྱེས་མྱོང་།ཁྱེད་ཚོར་དབང་བ་གཅིག་པོ་དེ་ལུས་དང་། སེམས་ཡིན།
དེ་ཡང་མཆོད་པར་ཕུལ་སོང་།
མི་རྣམས་ཀྱིས་ལྟ་ཙམ་ཡང་མི་བྱེད་
མི་རྣམས་ཀྱི་གླེང་ཙམ་ཡང་མི་བྱེད
ངས་རང་ཉིད་ཀྱི་ཤ་ཁྲག་འབྲེལ་བར་འ
དེ་ཡང་མཆོད་པར་ཕུལ་སོང་།
ངག་ཆད་ཡུན་རིང་བྱས་ནས།
མཐའ་མཇུག་ཞལ་ཆེམ་གཉིས་བཞག་སོང་།
བཅུ་གཅིག་ཟླ་བའི་ཚེས་ཤར་དང་། མཉམ་དུ།
གསར་བརྗེ་ཞིག་ལ་སྔོན་བསུ་བྱེད།
དཔའ་བོ་དཔའ་མོའི་ཞལ་ཆེམ་གཉིས་དེ
ཡུན་རིང་མི་འགོར་འགྲུབ་ལ་ཉེས་བའ
གངས་ལྗོངས་ཡུལ་ལ་ཤར་ལ་འོང་བ་ཆོས
༢༠༡༢་༡༡་༡༦ཉིན།
ངོ་མཚར་ཆེ་ཞིང་དོན་སྙིང་ལྡན།