རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཐུན་རིན་རྫོང་ཉེན་རྟོག་ཕྱོགས་ཀྱིས་རང་བསྲེག་གཏོང་འདོད་ཀྱང་དམིགས་ཡུལ་མ་འགྲུབ་པའི་གྱོད་གཞི་ཞིག་རྩད་ཆོད་པ། སྤེལ་དུས། 2012-12-18 10:39:28 རྡེབ་ཚད། 105 ཡོང་ཁུངས། མཚོ་སྔོན་གསར་འགྱུར་དྲ་བ།
ཉེ་ལམ་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཐུན་རིན་རྫོང་ཉེན་རྟོག་ཕྱོགས་ཀྱིས་རང་བསྲེག་གཏོང་འདོད་ཀྱང་དམིགས་ཡུལ་མ་འགྲུབ་པའི་གྱོད་གཞི་ཞིག་རྩད་ཆོད། ད་ལོའི་ཟླ་བཅུ་གཅིག་པའི་ཚེས་བཅུ་དགུ་ཉིན། ཐུན་རིན་རྫོང་ཉེན་རྟོག་ཕྱོགས་ལ་མང་ཚོགས་ཀྱིས་ཡར་ཞུ་བྱས་པ་ལྟར་ན། རོང་བོ་གྲོང་བརྡལ་གྱི་མགྲོན་ཁང་ཞིག་གི་ཁང་བའི་ནང་དུ་རླངས་སྣུམ་བླུགས་ཡོད་པའི་འགྱིག་ཟོ་དང་མ་རྨོག་སོགས་དངོས་རྫས་བཞག་ཡོད་པ་རྙེད། ཉེན་རྟོག་ཕྱོགས་ཀྱིས་མྱུར་དུ་བྱེད་ཐབས་དངོས་སྤྱད་དེ། དུས་ཐོག་ཏུ་རང་བསྲེག་གཏོང་རྩིས་ཡོད་པའི་མི་སྣ་འཛིན་བཟུང་བྱས་པ་མ་ཟད། རང་བསྲེག་གཏོང་བར་ངན་སྐུལ་བྱས་པའི་དོགས་ཡོད་ཉེས་ཅན་ཞིག་འཛིན་བཟུང་བྱས།
ཉེན་རྟོག་པས་རྟོག་དཔྱོད་བྱས་ནས་རྒྱུས་ལོན་བྱུང་བ་ལྟར་ན། རང་བསྲེག་གཏོང་བར་ངན་སྐུལ་བྱས་པའི་ཉེས་ཅན་དེ་ཉིས་སྟོང་ལྔ་ལོའི་ཟླ་དྲུག་པར་ཁྲིམས་དང་འགལ་ནས་རྒྱ་གར་དུ་སོང་སྟེ། ཏཱ་ལའི་ཚོགས་ཁག་གིས་བསྒྲུབས་པའི་སློབ་གྲྭ་ནས་སློབ་སྦྱོང་བྱས་པ་དང་། ཉིས་སྟོང་བཅུ་གཅིག་ལོའི་ཟླ་དགུ་བར་ཕྱིར་ཐུན་རིན་དུ་ལོག ཉིས་སྟོང་བཅུ་གཉིས་པའི་ཟླ་དྲུག་པ་དང་ཟླ་བདུན་པའི་ནང་དུ། ཉེས་ཅན་དེས་ཐེངས་མང་པོར་རང་བསྲེག་གཏོང་འདོད་པའི་མི་སྣ་དེར“ རང་བསྲེག་གཏོང་མཁན་ནི་མི་རིགས་ཀྱི་དཔའ་བོ་ཡིན”ཞེས་པ་སོགས་ཀྱི་འཆལ་གཏམ་བསྒྲགས་པ་དང་། ཉེས་ཅན་དེས་རྒྱ་གར་དུ་ཡོད་སྐབས། དུས་རྒྱུན་དུ་ས་དེའི“བོད་ན་གཞོན་ཚོགས་པ”དང་མཉམ་དུ“བོད་རང་བཙན”བྱེད་པའི་དོན་དག་ལ་གྲོས་བསྡུར་བྱས་པ་མ་ཟད་རང་བསྲེག་གཏོང་བའི་ངན་སྐུལ་བྱས། ཉེན་རྟོག་ཕྱོགས་ནས་ཤེས་པའི་གནས་ཚུལ་ལྟར་ན། ཉེ་ལམ་ཉེས་ཅན་དེ་སྔ་གཞུག་ཏུ་ཐེངས་བཞིར་རང་སྲོག་བཏང་བའི་མི་སྣའི་འདས་མཆོད་དུ་ཞུགས་པ་མ་ཟད། ད་རུང་ཡུལ་དངོས་ནས“ རང་བསྲེག་གཏོང་བ་ནི་མི་རིགས་ཀྱི་དཔའ་བོ་ཡིན”ཞེས་པའི་ངན་སྐུལ་རང་བཞིན་གྱི་འཆལ་གཏམ་བསྒྲགས། ད་ལྟ་ཉེན་རྟོག་ཕྱོགས་ཀྱིས་ཉེས་ཅན་དེ་འཛིན་བཟུང་བྱས་ཡོད།
ཉེན་རྟོག་ཕྱོགས་ཀྱིས་བསྟན་དོན། གྱོད་གཞི་དེ་རྩད་གཅོད་ཤུགས་སྔར་ལས་ཇེ་ཆེར་བཏང་ནས། གྱོད་གཞིའི་དོན་དངོས་རྩ་བ་ནས་ཐག་གཅོད་རྒྱུ་ཡིན་པ་དང་། ཉེས་མེད་མང་ཚོགས་ལ་ངན་སྐུལ་བཏང་ནས་ཚེ་སྲོག་ལ་གནོད་པ་གཏོང་བའི་ནག་ཉེས་བྱ་སྤྱོད་ལ་ཁྲིམས་ལྟར་རྡུང་རྡེག་ནན་མོ་གཏོང་རྒྱུ་ཡིན་ཟེར།
ལོ་ཙཱ། བདེ་སྐྱིད་འཚོ།
ཟ་འདྲེ་དེ་ཚོས་འུར་རྒྱབ་པ་ལས་དངོས་ཡོད་མི་འདྲ་ཞིག་གཏན་ནས་མེད་ལ་མི་དེ་འདྲ་ཞིག་རྩ་བ་ནས་ཁོ་ཚོས་ལག་སོན་བྱུང་ཐབས་མེད་པ་ཞིག་ཡིན།
ར་བཤའ་ནས་ལུ་འདར་བཅུག་གི་ཡོད་པ་རེད་གཅིག་བྱས་ན། གཅིག་བྱས་ན་འུར་ཐུགས་པའི་བྱེད་ཐབས་ཞིག་ཡིན་པ་འདྲ་་་་་་་
རྒྱལ་དོན་དུ་རང་སྲོག་གཏོག་བ་དཔའ་བོ་རེད་ཟེར་བ། ངན་སྐུལ་གང་ནས་ཡིན ། དེ་ནི་བདེན་པ་རེད། གནས་ལུགས་རེད། དོན་དངོས་རེད། རྒྱ་རྒན་དམར་ཕྱོགས་ཚོགས་པས་ཀྱང་དམར་གཞུང་འཛུགས་སྐབས་ལུས་སྲོག་བཏང་མཁན་ཚོརརྗེས་དྲན་དང་་དཔའ་པོའི་ཆོ་ལོ་སྤྲད་པ་མ་རེད་དམ།
ང་ལ་གྲོགས་པོ་རྒྱ་མི་ཤེས་ཡོན་ཅན་ཞིག་ཡོད། ཁོང་ཕྱི་ལོག་ན་ཡོད་པ་རེད། ནམ་རྒྱུན་བོད་དོན་སྐོར་ལ་དོ་སྣང་ཆེན་པོ་རེད། ཁོང་གིས་ད་ཐེངས་ཐེ་ཚོམ་གང་ཡང་མེད་པའི་ཐོག་ནས། ༸རྒྱལ་བ་རིན་པོ་ཆེའི་མཛད་འཕྲིན་ལ་ཟུར་ཟ་དང་མ་འདོད་པ་བྱེད་མཁན་ཁག་ཅིག་གིས་རང་སྲེག་འདི་རྙོག་འཛིང་ཚ་བོ་བཟོ་བཞིན་ཡོད་པ་རེད་ཟེར། ད་དུང་བོད་ནང་དཀྲོགས་གཏམ་ཁྱབ་བཞིན་པ་དག་ཁོང་ཚོར་ཏན་ཏན་འབྲེལ་བ་ཡོད་པ་རེད་ཅེས་བརྗོད་བྱུང།
ངས་ཧང་སངས་པའི་རྣམ་འགྱུར་ཙམ་ཡང་མ་བསྟན་པར། ཁྱེད་རྒྱ་རིགས་ཤིག་ཡིན་པའི་ཆ་ནས་ཀྲུང་གུང་ལ་ཞེན་ཁོག་ཡོད་པ་ཅི་ཁག་ཅེས་རྩེད་མོ་ཞུས་སྐབས། ཁོང་གིས་ཡང་བསྐྱར་ནན་ཏན་ཆེན་པོས། ༸ཏཱ་ལའི་བླ་མས་དབུ་མའི་ལམ་གྱི་སྲིད་བྱུས་བཏོན་པ་ནས་བོད་ནང་ཕྱི་ལོག་ནས་དཀྲོགས་གཏམ་གེགས་རྐྱེན་གཏོང་མཁན་རིམ་པར་བྱུང་ཡོད་ཟེར། ཁོང་ཚོས་ད་ལྟའི་གནས་བབ་འདིར་རྒྱ་ནག་གཞུང་དང་༧གོང་ས་མཆོག་གི་བར་དོན་འབྲས་གང་ཡང་མེད་པ་བཟོས་ཏེ། འཐབ་རྩོད་ཀྱི་ལངས་ཕྱོགས་ལ་འགྱུར་བ་གཏོང་རྒྱུ་དེ་དམིགས་ཡུལ་ལ་འཛིན་གྱི་ཡོད་པ་རེད་ཟེར། དེར་ཁྱེད་ཚོས་གཟབ་ནན་གྱིས་ཁ་གཏད་གཅོག་དགོས་པ་དང། ཁོང་ཚོས་མིག་རྒྱང་ཐུང་བའི་རྐྱེན་ངན་ལམ་དུ་ལྷོང་པ་ཡིན་ན། མ་འོངས་པར་བོད་ནང་གི་བོད་མི་ཚོའི་གནས་བབ་ད་དུང་ཇེ་སྡུག་ཏུ་འགྲོ་ངེས་པ་དང། རྒྱ་བོད་མི་རིགས་གཉིས་ཀྱི་བར་མཛའ་མཐུན་ཡོང་དཀའ་བས། མཇུག་འབྲས་ཞེད་སྣང་ཚ་བོ་ཡོང་གི་རེད་ཅེས་གསུངས་སོང།།
ཁུག་རྟ་འདི་ཤར་རྒྱ་ནག་གི་ཕོ་ཉ་ཞིག་རེད་ཅེས་དྲ་གྲོགས་ཞིག་གིས་བཤད་སོང་ད་ཐེ་ཚོམས་ཆེ་རུ་འགྲོ་སོང
དེང་སང་ད་རྒྱ་མིའི་སོ་པ་ཟེར་བའི་མི་མགོ་གཅོག་སྟངས་དེ་བེད་སྤྱོད་ཡོད་ས་མ་རེད། དེ་ལས་ཐབས་གཞན་པ་ཞིག་གིས་ངའི་གཉའ་གཅོག་ཨེ་ཐུབ་ལྟོས་དང། གཅིག་བྱས་ན་་་་ཉི་མ་ནུབ་ནས་ཤར་ཏེ་ངའི་རྐང་འོག་གི་རྐང་གཉིས་ཚོས་ངའི་གཉའ་གཅོག་ཐུབ་ན་ཐང། ཧཧཧཧཧ
ཤར་ཁུག་གིས་ག་དུས་ཡིན་ནའང་བོད་དོན་རྩོད་དུས་རྒྱ་ནག་གི་རྩ་ཁྲིམས་དང་མི་འགལ་བར་རྩོད་དགོས་ཟེར་བ་འདི་ལ་ལྟོས་དང།
རྒྱ་ནག་གིས་ཀྱང་རྒྱལ་ཁམས་ཀྱི་ཁྲིམས་དང་འགལ་བ་བྱེད་མཁན་དེ་ཚོར་བརྡུང་རྡེག་ཚ་ནན་གཏོང་གི་ཡིན་ཟེར་ག་དུས་ཡིན་ནའང།
རྒྱ་ནག་འདི་ཁྲིམས་ལ་བརྩི་སྲུང་བྱེད་མཁ་་ཞིག་དང་དམངས་ལ་ཁྲིམས་གཏུག་བྱེད་རྒྱུའི་རང་དབང་ཆ་ཚང་ཡོད་དམ།
དེ་མེད་ན་ཾཁྲིམས་དང་མི་འགལ་བར་བྱེད་དགོས་ཟེར་བ་དེ་དོན་དུ་རྒྱ་ནག་གཞུང་ལ་ཕོག་ཐུག་མི་འགྲོ་བ་བྱེད་དགོས་ཟེར་བ་དང་གཅིག་པ་རེད།
ཤར་ཁུག་ལགས་ཀྱིས་རྒྱའི་རྩ་ཁྲིམས་གླེང་གིན་པའི་གནད་ནི། ཁོང་ནི་རྒྱའི་རྩ་ཁྲིམས་ནང་མི་རིགས་གཅིག་ལ་ཐོབ་ཐང་དང་། དབང་ཚད་ཅི་འདྲ་ཞིག་ཡོད་པ་མཁྱེན་པའི་ཐོག་ནས། རྒྱའི་རྩ་ཁྲིམས་ནང་གསལ་བའི་མི་རིགས་ཤིག་ལ་དབང་བའི་ཐོབ་ཐང་རྣམས་མངོན་འགྱུར་ཡོང་བ་ཐོག་མའི་བསྒྲུབ་བྱ་འཛིན་མཁན་གྱི་ལྟ་གྲུབ་སྐྱོང་མཁན་ཞིག་ལས། ཁོང་ནི་རྒྱ་ནག་གི་ཉུལ་མ་ཞིག་ཡིན་པའི་དོགས་པ་སྐྱེས་མི་ཐུབ་གི
དྲང་མོ་བཤད་ན་མི་མི་དགའ།
དབྱུག་པ་ཕྱར་ན་ཁྱིི་མི་དགའ།།
ཟེར་བ་དེ་དངོས་གནས་རེད།
ཁོང་ཚོ་ལ་དཔང་རྟགས་རག་ཡོད་ཟེར་བ་དེ་དཔའ་བོ་རེད་ཟེར་བ་དང་འདས་མཆོད་དུ་འགྲོ་བ་དེ་ཚོ་རེད། རྒྱ་གཞུང་འདིས་ང་ཚོ་བོད་དང་སོག་པོ། ཤིན་ཅང་། ཧྭ་ལོང་ཀོང་དང།་ རྒྱ་ནག་དམངས་གཙོ་དོན་གཉེར་ཅན་སོགས་ཀྱི་ཐོག་ཚད་ལས་བརྒལ་བའི་ཧམ་བཤད་བྱེད་བཞིན་པ་ནི་འཛམ་གླིང་ཀུན་ལ་ཕྱི་གསལ་ནང་གསལ་རེད། འོན་ཀྱང་ཚོང་པ་དེ་ཚོས་དངུལ་གྱི་ཁེ་ཕན་ལ་བསམ་ནས་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་དུ་གཏོང་བཞིན་ཡོད་མོད་འདི་ལྟར་ཡུན་རིང་གནས་མི་ཐུབ། ད་བར་རྒྱ་གཞུང་གི་ཧམ་བཤད་ལམ་འགྲོ་རྒྱུགས་ཡོད་མོད་ད་ལྟ་ལྡོག་ཕྱོགས་ཀྱི་ནུས་པ་ཐོན་བཞིན་པ་འདི་རྒྱ་རྒན་འདིས་བླུན་དྲགས་ནས་ད་དུང་ཧ་གོ་གི་མི་འདུག།
སྟོན་རྒྱུ་མེད་པའི་རྒྱ་མི་ཤེས་ཡོན་ཅན་ཞིག་ངོ་ཤེས་པའི་སྒྲུང་ཞིག་བཤད་ནས་དམིགས་ཡུལ་གང་ཞིག་ཡིན། སྔོན་མ་བོད་པ་ཚོས་རྩིས་པ་ལུང་ཤར་བདུད་བློན་སྤྲེ་ཤུའི་སྐྱེ་བ་ཡིན་པའི་སྐད་ཆ་ཞིག་མི་མང་ཀྱི་དབུས་སུ་དབྱུགས་ཏེ་མིག་གཉིས་དབྱུངས་ ད་དུས་རབ་ཉེར་གཅིག་པའི་ནང་ཡང་དེ་འདྲ་ཡོང་ཉེན་མཐོང་། རྒྱ་མིས་བཤད་ཟེར་བར་ང་ཚོས་ཡིད་ཆེས་མི་ཉན།
བོད་ཀྱི་གཞོན་ནུ་ཚོགས་པ་དང་ཚོགས་སྡེ་གཞན་དག་གིས་བོད་གཞུང་དང་མཉམ་འབྲེལ་གྱིས། དོན་དངོས་སུ་མི་དེ་འདྲ་ཞིག་ཡོད་མེད་དང་། ཁོང་ཚོས་བཤད་པ་ལྟར་ས་གནས་དེ་གའི་མི་ཞིག་རྒྱ་གར་ཡོང་མིན་དང་ག་དུས་ཡོང་མིན། ཕྱིར་ག་དུས་ལོག་མིན། གཞོན་ལྷན་ནང་ཞུགས་མྱོང་མིན་སོགས་རྩད་གཅོད་གཏིང་གསལ་ཅིག་བྱས་ནས། ད་ཐེངས་རྒྱ་ནག་གི་ཧམ་བཤད་དེ་ཚོར་རྣག་ཐོག་ཁབ་བཙེེགས་ཀྱི་ལན་ཞིག་རྒྱག་དགོས་རེད། ངས་བལྟས་ན་ཁོང་ཚོའི་བཤད་པའི་མི་དེ་འདྲ་ཞིག་རྩ་བ་ཉིད་ནས་ཡོད་རྒྱུ་མ་རེད།
ཤར་ཕྱོགས་དམར་པོའི་ཀླད་ཅན། ཐན་བྱ་ཁུག་རྟ་སླེབས་འདུག སྐད་ངན་རེ་རེ་བརྒྱབ་དུས། ལྟས་ངན་གནས་ཚུལ་མང་པོ། ལག་དམར་རྒྱ་དམར་ཞེ་ཚིག ཉིན་མཚན་བསམ་བློ་བཏང་དྲགས་ནས། མཚན་མོའི་གཉིད་ཀྱང་ཁུག་རྟ་ཡལ། དུས་མཐའ་མའི་ཁུག་རྟའི་ཐག་གཅོད་ལ། རྒྱ་ནག་པོའི་འོག་ན་མགོ་བོ་སྒུར།