ཀླུ་སྨྱོན།།
རི་སྐེད་དུ་རྒྱུ་བའི་སྤྲིན་པ་བཞིན།
མཐོ་དམན་གྱི་ངེས་པ་ཡེ་ནས་བྲལ།
ཉི་འོད་ཀྱི་མཛེས་པ་ལས་རང་ཉིད་ཀྱི་སྒེག་ཉམས་དེ་སྟོན་ཞིང་།
བསིལ་རླུང་གི་རམ་འདེགས་ལས་རང་ཉིད་ཀྱི་འགྲུལ་བཞུད་རྩོམ།
ཆུང་གྲོགས་ཚོའི་འོ་འཛིན་དྲག་ཏུ་རྒྱས་པའི་ལོ་ཟླ་དེ་དག་བསམས་མི་ཕོད་ཅིང་།
དགོན་ཆེན་ཚོའི་ཅོང་སྒྲ་འཕུར་བའི་ས་སྲོད་དེ་ཚོ་ཡང་དྲན་མི་སྤོབས།
ཧི་མ་ལ་ཡ་རྡོག་པས་མནན་ཏེ་སྐྱེས་ཕོ་རབ་ཅིག་གི་རྣམ་ཐར་སྐྱོང་དུས་དང་།
རྒྱ་གར་ལྷོ་རླུང་གིས་གཟན་ཤམ་སྐྱོད་བཞིན་ཉིན་རེར་སྙན་ངག་རེ་བྲིས་པའི་ཉི་མ་དེ་དག
འབྲུག་མོ་ཞིག་གིས་སེམས་པ་བརྐུས་པའི་གནས་སྐོར་གྱི་ཟིན་ཐོ་ཆུང་ཆུང་དེ་ཚོ་ཡང་།
དེ་རིང་བྱིས་དུས་ཀྱི་རྩེད་ར་བཞིན་མི་མངོན་ལོ་ཟླའི་ཀློང་དུ་ཐིམ་ཚར་ཞིང་།
རྫོགས་རྒྱུ་མེད་པའི་སྐྲ་དཀར་གྱི་སྐྱེ་འཕེལ་དང་།
འཛད་རྒྱུ་མེད་པའི་བསམ་གཞིག་གི་རྩོམ་ཡིག་འདི་དག་ལས།
ང་ལ་ཅི་ཡང་ལྷག་མ་སོང་།
ངོ་མ་ཅི་ཡང་ལྷག་མ་སོང་།
ནམ་གུང་ཆུ་ཚོད་བཞི་བར་གཉིད་ཡོང་ཆེད་བྲིས།
ཨ་ཁུ་འདི་པ་ད་ལམ་གནས་སྐོར་བྱས་པ་དང། འབྲུག་མོ་ཉི་ཧོང་བུ་མོ་བཙུན་མ་ལང་ཚོ་མ་དེ་དག་གིས་ཁ་ཡ་མ་བྱས་པ་དེ་ཡིས་ངོ་ཐོག་ངེས་འབྱུང་རྣལ་མ་ཞིག་སྐྱེས་ཡིན་ས་རེད།
མི་ཚེ་ནི་སྐར་མདའ་ཙམ།
གྲུབ་འབྲས་ནི་ཆུ་བཤིག་ཙམ།
རེ་བ་ནི་ཆེ་ན་ཡང།
ཐོབ་རྒྱུ་ནི་རུས་སྦལ་སྤུ།
སེམས་པ་ནི་ཕྱི་རུ་ཕྱོགས།
ལུས་པོ་ནི་ནང་དུ་རྒས།
མི་ཆུང་ནི་ཐང་དཀྱིལ་དུ།
གར་འགྲོ་ནི་ཆ་མ་ཚལ།
ཁྱེད་རང་གི་བསབ་མི་ཕོབས་པའི་ལས་འདི་དག་ཁྱེད་རིང་ཁྱེད་དུ་ཡིན་བ་དགིས་ལ་ངའི་ཅིང་བསམ་བཞིན་ཡོད་ཁྱཉད་རང་གི་དྲན་ན་དིན་ཆེན་པོ་ཡོད་སྨོས་ཀྱི་དགོས་ཞེས་ངའི་བཤད་ཤེས་པས་་་་
བཅས་བཅོས་བྲལ་བའི་སྨྱུག་གཤིས་ཀྱི་ལམ་དུ་མུ་འཐུད་བུད།
དྲོད་འཁོལ་བའི་ཕ་ཁྱིམ་བཞག་ནས། ས་རི་ལུང་མང་པོ་རྡོག་པས་མནན། ཁྱོད་དམ་བཅའ་དམ་པའི་ཆོས་ལ་བཞག ཡུལ་ཚ་ལུང་འབྱོར་བའི་གསར་འབྱོར་ཞིག གོས་དམར་པོའི་འོག་ནས་མགོ་བོ་བཏེགས། སྐྱེས་ཁ་འབྲས་མཚར་བའི་འབྲུག་མོ་དེ། སེམས་དྲན་ཐེངས་རེ་ལ་དྲན་པ་བརྒྱལ། དུུས་ད་ལྟ་ད་དུང་ཁུངས་མེད་པའི། མི་འཁྱམས་པོ་ཆགས་པ་སྙིང་རེ་རྗེ།
འོ། འབྲུག་མོས་འོག་འདེགས་རྒྱག་ཤེས་ལེ་མ། སྔོན་མ་ཀུན་མཁྱེན་ཞྭ་དམར་རིན་པོ་ཆེའི་ལྡི་ལིའི་ཆོས་ཚོགས་ལ་བསྡད་དུས། འབྲུག་མོ་འགའ་ཡོང་གི་རེད། ཁོང་ཚོ་ལྡི་ལི་སློབ་ཆེན་གྱི་སློབ་མ་རེད། ཐེངས་འགའ་ཤས་ཤིག་འཛེགས་པ་ཡིན། ཆོ་གྲོ་ལོ་གང་མེད། ངོ་མ་ཡིན། ཁོང་ཚོར་དགའ་པོའི་རྣམ་འགྱུར་བསྟན་ན། ངོ་ནག་སྟོན། ཁ་ནས་མུ་ཤི་གྲངས་ཀྱི་རེད། མཚན་མོ་ཁང་པོ་ནང་ལ་སོང་། ཚུར་ཟིན། ཁ་སྐྱལ་ན། དགའ་ཐག་ཆོད་འགྲོ་ལེ་རེད།