སོག་མདའ་ནས།།
ཀ་ཁའི་རིག་གནས་སློབ་ལ་བརྩོན་པ་ཡ
ཀ་དག་རང་ལུགས་བཙན་པའི་མི་རིགས་ཞ
ཀ་བ་བཞིན་དུ་འགྱུར་མེད་བརྟན་པ་ཡ
ཀ་རྡོ་རྨང་གཞི་བརྟན་དགོས་སྤུན་ཟ
ཁ་ཚིག་ཙམ་གྱི་དོན་ལ་མི་གནས་པའི།
ཁ་ཁོག་མེད་པའི་སྒོ་ནས་ལས་འགན་ཞི
ཁ་བ་ཅན་གྱི་ཆེད་དུ་བརྩོན་དགོས་པ
ཁ་བཤད་ཝུ་བའི་མི་ཕན་སྤུན་ཟླ་ཚོ།
ག་ས་གང་དུ་བཀྲམས་པའི་མི་རིགས་འད
ག་ལེར་གཞན་གྱི་མི་བུ་འགྱུར་ཉེན་
ག་ཚོད་རང་གིས་རང་ལ་གང་ཐུབ་ཀྱིས།
གངས་རིའི་ལ་རྒྱ་ཉར་རོགས་སྤུན་ཟླ
ང་ཚོ་ཡོད་པའི་བཙན་པའི་སྐུ་མཁར་ད
ང་ཚོས་རང་གི་བདག་སྐྱོང་བྱེད་པ་ད
ང་དང་ཁྱེད་ལ་བབས་པའི་འོས་འགན་རེ
ང་རྒྱལ་མགོ་བོ་ཆོག་དང་སྤུན་ཟླ་ཚ
ཅ་ལག་གཞན་གྱི་བཙོང་པའི་དོན་དག་ལ
ཅ་ཅོ་མང་པོས་ལུང་བ་བཀང་བ་ཡིས།།
ཅ་དངོས་ངོ་མ་རང་ས་རང་ཡུལ་ནས།།
ཅི་དགོས་བེད་སྤྱོད་གནང་རོགས་་སྤ
ཆ་ལུགས་རང་ལ་འདི་འདྲ་ཡོད་བཞིན་ད
ཆ་མེད་གཞན་ལ་གཡབ་རྒྱུགས་བྱས་ནས་
ཆ་ཡོད་རང་གི་སྲོད་རྒྱུན་སྤས་དག་
ཆ་ཆུང་སེམས་་ཀྱི་འཚོས་དང་སྤུན་ཟ
ཇ་ཆང་འཐུང་དབང་མེད་པའི་སྐལ་བ་འད
ཇ་ངན་གཅིག་ངན་སྤྲད་པའི་དུས་ཚོད་
ཇ་ཆང་འཐུང་ནས་སྐྱིད་ཉལ་བྱེད་དུས
ཇ་ཕོར་མཉམ་ཏུ་ཟུང་ཅིག་སྤུན་ཟླ་ཚ
ཉ་མོ་ཆུ་ལ་་གནས་པ་ལས་ཀྱི་གྲུབ།།
ཉ་འཛིན་རྒན་པའི་ལྕགས་ཀྱུ་ཁྱེར་ན
ཉ་ཆུང་སྙིང་རྗེ་མེད་པར་ཧམ་བཟས་བ
ཉ་རིགས་མཉམ་ཏུ་ལངས་དགོས་སྤུན་ཟླ
ཏ་ལྟའི་རང་ས་རང་ཡུལ་ངོ་མ་ནས།།
ཏ་ལེན་ཁུར་ནས་འགྲོ་བའི་འབྲོག་པ་
ཏ་ཡིག་དབྱངས་ཡིག་བཞི་བོ་སློབ་སྦ
ཏ་ཐའི་བསྟན་པ་ཤེས་དགོས་སྤུན་ཟླ་
ཐ་སྙད་སྐད་ཀྱི་ཕྱུགས་པའི་མི་རིག
ཐ་ཚིག་ལ་རྒྱ་ཡོད་པའི་འབངས་མི་རེ
ཐ་མལ་དོན་མེད་མི་ཚེ་མ་འདས་བར།།
ཐ་ཐོས་རིག་པ་སློབ་ཅིག་སྤུན་ཟླ་ཚ
ད་ཆ་དུས་ཚོད་ངོ་མའི་ཛ་དྲག་རེད།།
ད་ལོ་སངས་ལོ་འགོར་འགྱངས་བྱེད་ཁོ
ད་ལྟ་རང་ནས་རང་གི་ཕ་སྐད་བརྩོན།།
ད་དགོས་དེ་རིང་སྒྲུབ་ཞིག་སྤུན་ག
ན་བའི་ནད་རིགས་དེང་སང་ཧ་ཅང་མང་།
ན་ཚ་ན་བའི་མི་ཚད་སྲོག་ལ་རྔམ།།
ན་གདོན་སྔར་ནས་་རང་ལ་་མི་འབྱུང་
ན་གསོ་འཕྲོད་བསྟེན་བྱོས་དང་སྤུན
པ་ལགས་དགུང་ལོ་བགྲེས་པའི་ཞལ་གསུ
པ་ནི་ཕ་ཡུལ་ཕྱིར་ལ་་ཕེབས་འདོད་འ
པ་ཕ་ཕུ་ནུའི་སླར་ཡང་མཇལ་འདོད་འད
པ་ལགས་གདན་འདེྲན་བྱོས་དང་སྤུན་ཟ
ཕ་ཡུལ་རི་ནས་བཞག་ནས་རྒྱང་ལ་བཞུད
ཕ་སྐད་ལབ་ས་མ་ལོན་ལོ་དགུ་འགོར།།
ཕ་མའི་བཀའ་གསུང་མ་ཐོས་མིག་ཆུ་བཞ
ཕ་ས་མགྱོགས་པོ་ལོག་འགྲོ་སྤུན་ཟླ
བ་མོ་འབྲི་མོ་གཉིས་པོ་ཁ་ཁ་རེད།།
བ་གླང་གཡག་རྒོད་གཉིས་པོ་སོ་སོ་ར
བ་ཕྱུགས་དུད་འགྲོ་ཡིན་པ་མཚུངས་མ
བ་གླང་འབྲི་གཡག་་མ་བརྗེ་སྤུན་ཟླ
མ་ཡི་རིགས་ནས་སྐྱེས་པ་འདྲ་འདྲ་ཡ
མ་ཡི་རུས་རྒྱུད་དེད་ན་་སོ་སོ་ཡི
མ་ཡུམ་རང་བདག་རང་གི་གཉོར་དགོས་པ
མ་ཉམས་་བོད་ཡུལ་སྐྱོང་དགོས་སྤུན
ཙ་རིའི་གནས་འཁོར་འགྲོ་བ་བོད་ཀྱི
ཙ་གྲང་དཀའ་ཐུབ་བཟོད་པ་བོད་ཀྱི་མ
ཙ་ཙག་ཟང་ཟིང་ནོར་གྱི་བསླུ་བཞིན་
ཙ་ཚའི་རིགས་པ་སྒྲིམ་དང་སྤུན་ཟླ་
ཚ་བའི་ལུང་ན་བཞུགས་པའི་བུ་སྤུན་
ཚ་དྲོད་མི་བདེ་བཞུགས་པ་ཤེས་མོད་
ཚ་གྲང་སྙོམས་པའི་རང་ས་ཕྱུགས་མོ་
ཚ་བོ་མཉམ་ཏུ་འཛོམས་ཡོང་སྤུན་ཟླ་
ཛ་ཏི་སྨན་ནི་བོད་ཀྱི་གསོ་སྨན་རེ
ཛ་དྲག་ནད་པ་ཐོན་དུས་བཀོལ་ལ་རེམ།
ཛ་རིའི་སྤང་གི་མེ་ཏོག་སྣ་བརྒྱ་ད
ཛ་བ་་བོད་པའི་ཡིན་ནོ་སྤུན་ཟླ་ཚོ
ཝ་བ་ཝོབ་བེ་བསམ་གཞིགས་མ་གནང་བར།
ཝུ་བ་བཞིན་ཏུ་དབུགས་ཀྱིས་ཁེངས་ན
ཝ་མོ་ལྟར་གྱི་རྡར་མ་ཆགས་འགྲོ་བའ
ཝ་རིགས་འདུ་ཤེས་མ་འཛིན་སྤུན་ཟླ་
ཞ་སེར་བསྟན་དང་རིས་མེད་ཆོས་རྒྱུ
ཞ་མོ་བཞིན་དུ་གཙུག་གི་རྒྱན་ལ་མཆ
ཞ་ངན་གཞན་རིགས་མགོ་ལ་བསྐོན་དུས་
ཞ་བོ་བཞིན་དུ་ལོག་འགྲོ་སྤུན་ཟླ་
ཟ་མ་ཟ་ན་བོད་ཀྱི་བོད་ཟས་ཟོ།།
ཟ་ཚོད་ཟིན་ན་ཕོ་བའི་ལུས་ཁམས་བདེ
ཟ་རིགས་ཚལ་རིགས་མང་པ་རྒྱ་ཡ་ཟས།།
ཟ་ཅང་མང་ན་གནོད་ཡོང་སྤུན་ཟླ་ཚོ།
འ་འུར་འདུ་འཛི་ཆེ་བའི་དེང་གི་དུ
འུར་གྱིས་སྒོར་ལ་ཕྱོགས་པའི་ད་བར
འ་དང་འུ་ཐུག་ངང་ནས་སྒོར་གྱིས་ཉོ
འགྱུར་མེད་རང་ཚུགས་ཟིན་དགོས་སྤུ
ཡ་རབས་གཤིས་ཀྱི་ཕྱུགས་པའི་མི་རི
ཡ་མཚན་གོ་ལའི་ཁྱོན་ནས་འཚོ་དགོས་
ཡ་ལགས་ཙམ་གྱིས་དོན་གོ་མི་ཆོད་པས
ཡ་ཆུང་སེམས་པ་བཟང་དགོས་སྤུན་ཟླ་
རྭ་བ་གངས་རིའི་བསྐོར་བའི་བོད་ཀྱ
ར་ལུག་ནོར་གྱི་ཁེངས་པའི་ཞིང་ཁམས
ར་རྩེ་རྣོ་ངར་ཅན་གྱི་་འོག་ཏུ་ཚུ
རང་རིགས་་མཐུན་སྒྲིལ་གྱིས་དང་སྤ
ལ་རྒྱའི་གླུ་ཞིག་ལེན་པའི་དུས་ལ་
ལ་ལུང་གང་ན་བཞུགས་པའི་ཕུ་ནུ་་ཚོ
ལ་མོ་བྲེལ་བྲེལ་ངང་ནས་་འབད་དགོས
ལ་གྱེན་འཛེགས་ལྟར་མ་གནང་སྤུན་ཟླ
ཤ་ཚའི་སྙིང་ནས་མཆེད་པའི་སྙིང་གཏ
ཤ་ཆུ་རྡོལ་བ་ལྟ་བའི་རང་སེམས་ནས།
ཤར་མར་བྲིས་པ་ཡིན་པའི་སྤུན་ཟླ་ད
ཤ་ཞེན་སྙིང་ལ་ཉར་ཡོད་སྤུན་ཟླ་ཚོ
ས་ཆེན་འདི་ནས་ཡུན་རིང་འཚོ་བའི་ཆ
ས་ཐོག་གནས་པའི་ཀུན་དང་མཐུན་དགོས
ས་ཡུལ་་སྐྱིད་པོ་རང་གིས་ལུང་པ་ན
ས་རྩོད་ཆུ་རྩོད་མ་གནང་སྤུན་ཟླ་ཚ
ཧ་ཅང་གལ་ཆེན་དོན་ཆེན་ངང་རང་གིས།
ཧ་ཧོ་ཚིག་གི་སྐྱོ་སེམས་ཙམ་མིན་པ
ཧ་ལོ་དུག་བཞིན་རང་ལ་གནོད་པ་ཡི།
ཧང་སངས་བྱ་ངན་དོར་དང་སྤུན་ཟླ་ཚོ
ཨ་ཇོ་བཤད་པའི་དོན་གྱི་གནས་ལུགས་
ཨ་རོགས་ཚང་མའི་ཐེངས་གཅིག་གཟིགས་
ཨ་མདོ་ཡུལ་ནས་ཡོང་བའི་སོག་འཁྱམས
ཨ་མཚར་མང་མང་གླེང་བ་དོན་གོ་ཡོད།
༢༠༡༢་༡༢་༢༥་ཉིན་རང་ཤག་ནས་ཚར།།
ཀ་རྩོམ་ལམ་ནས་སྙིང་གཏམ་གླེང་ན་ཡང་། །
ཁ་བ་ཅན་གྱིས་གོ་བ་མི་ནུས་པས། །
ག་ལེར་ཇ་ཆང་ཞིམ་པོ་འཐུང་ཞོར་ལ། །
ང་འདྲའི་མ་ཎི་འདོན་ནས་སྡོད་ལ་ཤོག །