མུན་པའི་སྲང་རས་གྱོན་ནས།
སྐར་ཚོགས་ཀྱི་མིག་ཟུང་སྒྲིབ་པའི་མཆོད་མེར་བལྟས།
ཕྱོགས་བཞི་མཚམས་བརྒྱད་ནས་བཞད་ཀྱིན་པའི་འོད་ཀྱི་མེ་ཏོག
སྐྱེས་ཆེན་སུ་ཞིག་གི་ཕྱག་རྗེས་ལས་འཚེར་བ་དང་འདྲ་བར།
ཚོར་བས་མི་ཟིན་པའི་ཚོར་བ་མང་པོ་ཞིག
དད་པའི་མིག་ཟུང་གི་མཆི་མར་གྱུར་ཞིང་།
རེ་བའི་ལག་ཟུང་གི་སྒྲོན་མེར་སྣང་ཡང།
ཁ་མི་གྲགས་པའི་རྩིག་ངོས་ཀྱི་སྐུ་འདྲ་དེས།
མི་རབས་མང་པོ་ཞིག་ལ་སེམས་གསོའི་སྐད་ཆ་མ་བཤད་ལ།
ཞལ་མི་འཛུམ་པའི་མེ་ལོང་གི་གཟུགས་བརྙན་དེས་ཀྱང་།
དུས་ཡུན་རིང་པོ་ཞིག་ལ་བརྩེ་བའི་ལག་བརྡ་བསྟན་མ་བྱུང།
ཡང་སྙིང་འོད་སྣང་ནི་མིག་གོང་གི་གྲིབ་གཟུགས་རབ་རིབ་ཅིག་རེད་ལ།
མཆོད་མེ་ནི་སེམས་ཁོང་གི་སྣང་བརྙན་མག་མོག་ཅིག་རེད།ཁེར་རྐྱང་གི་ཁ་དབུགས་མཐུག་པོར་ཆགས་ཤིང།
མྱ་ངན་གྱི་རླུང་བུ་གྲང་མོར་རྒྱུ་བའི་དོ་དགོང།
མུན་པ་འཐིབས་པའི་ཁང་ཆུང་འདི་ལ།
རྨི་ལམ་སྦྲུམ་པའི་མཛེས་སྡུག་གི་འོད་ཟེར་ཞིག་ཨེ་འཕྲོ་སྙམ།
ལྷིང་འཇགས་ཀྱི་མཚན་ལྗོངས་འདིར།
འོད་ཀྱི་གོང་བུར་འཐིམ་པའི་ཉམ་ཆུང་གི་ཚེ་སྲོག་དག་ལ།
མཐའ་མཇུག་གི་རང་དབང་ཐོབ་པའི་སྨོན་ལམ་ཞིག་རྒྱབ་ཆོག་ཆོག་ཡིན་མོད།
མུན་པའི་ཟོལ་གྱིས་འཐིབ་འོངས་བའི་ཐེ་ཚོམ་ཞིག་གིས།
ལྷ་འདྲེ་སུ་ཞིག་ལ་སྐྱབས་སུ་འགྲོ་དགོས་མིན་ཤེས་མ་སོང་ལ།
བདེན་རྫུན་གང་ཞིག་ལ་ཡིད་ཆེས་དགོས་མིན་ཡང་རྟོགས་མ་བྱུང།
མུན་པར་འཁྱུད་པའི་རྣམ་ཤེས་དེ་ཚོ་དངོས་ནས་སྙིང་རེ་རྗེ་ཨང།
མུན་པ་དང་འོད་སྣང་གཉིས་འདྲེས་མཚམས་སུ་ལངས་དུས།
རང་ལ་མི་དབང་བའི་ལག་པ་ཐུང་ཐུང་འདི་མཁའ་རུ་བརྐྱངས་ནས།
སྐྲ་ལོ་འདི་རླུང་གིས་ཕྱོགས་སུ་བཅུག་ཆོག་པའི་ཡུལ་གྲུ་དེ་གང་ན་ཡོད་དམ་སྙམ་ལ།
རང་ལ་མི་མ་བདག་པའི་མགོ་བོ་ཆུང་ཆུང་འདི་གནམ་ལ་བཏེགས་ཏེ།
ཀི་སོས་རི་ལུང་དཀྲོགས་སུ་བཅུག་ཆོག་པའི་དུས་ཚོད་དེ་ནམ་ཞིག་ཡིན་ནམ་བསམ།
འོད་སྣང་གི་ཚུལ་དུ་ཤར་ཡོང་བའི་མུན་པས་བཤད་ན།
མུན་པ་འདིའི་རྒྱབ་ན་འོད་སྣང་གི་དག་ཞིང་ཞིག་ཡོད་ཟེར།
མུན་པའི་ཟོལ་གྱིས་འཐིབ་འོངས་བའི་འོང་སྣང་གིས་སྨྲས་ན།
འོད་ཟེར་འདིའི་གཞུགས་ན་མུན་པའི་འཇིག་རྟེན་ཞིག་ཀྱང་ཡོད་ཟེར།
གང་ལྟར་མུན་པ་འདིའི་འཐིབ་སྟངས་ལས།
ངས་སུ་ཞིག་གི་ངོ་གདོང་གི་གཉེར་མ་མཐོང་ལ།
འོད་ཟེར་འདིའི་མཆེད་ཚུལ་ལས།
གང་ཞིག་གི་མིག་གོང་གི་མཆི་མ་ཡང་རིག་མ་བྱུང།
༢༠༡༢།༡༢།༩
ཕྱོགས་བཞི་མཚམས་བརྒྱད་ནས་བཞད་ཀྱ
སྐྱེས་ཆེན་སུ་ཞིག་གི་ཕྱག་རྗེས་ལ
ཚོར་བས་མི་ཟིན་པའི་ཚོར་བ་མང་པོ་
དད་པའི་མིག་ཟུང་གི་མཆི་མར་གྱུར་
རེ་བའི་ལག་ཟུང་གི་སྒྲོན་མེར་སྣང
ཁ་མི་གྲགས་པའི་རྩིག་ངོས་ཀྱི་སྐུ
མི་རབས་མང་པོ་ཞིག་ལ་སེམས་གསོའི་
ཞལ་མི་འཛུམ་པའི་མེ་ལོང་གི་གཟུགས
དུས་ཡུན་རིང་པོ་ཞིག་ལ་བརྩེ་བའི་
ཡང་སྙིང་འོད་སྣང་ནི་མིག་གོང་གི་
མཆོད་མེ་ནི་སེམས་ཁོང་གི་སྣང་བརྙ
མྱ་ངན་གྱི་རླུང་བུ་གྲང་མོར་རྒྱུ
མུན་པ་འཐིབས་པའི་ཁང་ཆུང་འདི་ལ།
རྨི་ལམ་སྦྲུམ་པའི་མཛེས་སྡུག་གི་
ལྷིང་འཇགས་ཀྱི་མཚན་ལྗོངས་འདིར།
འོད་ཀྱི་གོང་བུར་འཐིམ་པའི་ཉམ་ཆུ
མཐའ་མཇུག་གི་རང་དབང་ཐོབ་པའི་སྨོ
མུན་པའི་ཟོལ་གྱིས་འཐིབ་འོངས་བའི
ལྷ་འདྲེ་སུ་ཞིག་ལ་སྐྱབས་སུ་འགྲོ
བདེན་རྫུན་གང་ཞིག་ལ་ཡིད་ཆེས་དགོ
མུན་པར་འཁྱུད་པའི་རྣམ་ཤེས་དེ་ཚོ
མུན་པ་དང་འོད་སྣང་གཉིས་འདྲེས་མཚ
རང་ལ་མི་དབང་བའི་ལག་པ་ཐུང་ཐུང་འ
སྐྲ་ལོ་འདི་རླུང་གིས་ཕྱོགས་སུ་བ
རང་ལ་མི་མ་བདག་པའི་མགོ་བོ་ཆུང་
ཀི་སོས་རི་ལུང་དཀྲོགས་སུ་བཅུག་
འོད་སྣང་གི་ཚུལ་དུ་ཤར་ཡོང་བའི་
མུན་པ་འདིའི་རྒྱབ་ན་འོད་སྣང་གི་
མུན་པའི་ཟོལ་གྱིས་འཐིབ་འོངས་བའི
འོད་ཟེར་འདིའི་གཞུགས་ན་མུན་པའི་
གང་ལྟར་མུན་པ་འདིའི་འཐིབ་སྟངས་ལ
ངས་སུ་ཞིག་གི་ངོ་གདོང་གི་གཉེར་མ
འོད་ཟེར་འདིའི་མཆེད་ཚུལ་ལས།
གང་ཞིག་གི་མིག་གོང་གི་མཆི་མ་ཡང་
༢༠༡༢།༡༢།༩