སྤྲིན་པས་དེ་རིང་ཉི་མར་མལ་ཐུལ་བཀབ་ན
དགུན་ཁ་ནི་ཇི་འདྲའི་གདུག་རྩུབ་ཅན་ཞིག་རེད
དྲོད་ཁོལ་ལ་རེ་བའི་མི་ཚོགས་ཀྱི་གྲུ་ཁ་ནས
ལོ་མ་མེད་པའི་ཤིང་སྡོང་དང་ཁ་དོག་ཡལ་བའི་རྩྭ་ཉག་དག་ཏུ
དབྱངས་རྟ་ཆགས་པའི་ལོ་རྒྱུས་བཀོད་རུང
ཉི་མ་མེད་ན་གོན་པར་ནང་མ་དགོས་པ་འདྲ
སེམས་ཁམས་སུ་འཐིབས་པའི་གནམ་རབ་རིབ
ཨུ་ཚུགས་ཀྱི་ཀློང་ནས་གསོན་ཏེ
གྲང་རག་ལ་འཐབ་པའི་ངང་ཚུལ་འདི་ལའང
ཉི་མ་མེད་ན་གོན་པར་ནང་མ་དགོས་པ་འདྲ
དེབ་ངོགས་སུ་འཛུམ་གཅིག་ཀྱང་མ་རྙེད་རུང
རྐང་ལམ་གྱི་རྡོ་གཅལ་ནར་མོས
སྨྲེ་ངག་གི་རྡུལ་ཕྲན་དག་རླུང་ལ་སྤུར་སོང
ཉི་མ་མེད་ན་གོན་པར་ནང་མ་དགོས་པ་འདྲ
2012/12/27གནམ་ངོ་རུབ།