རས་པ།
ངས་མཚན་མོ་རེ་རེར
ཟླ་འོད་དང
ཡང་ན སྐར་འོད་ལ་མིག་ཟུང་ཅེར་ཏེ
རྩྭ་ཐང་གི་དྲི་བསུང་བརྗེད་པར་འཁང་ར་བྱེད་ཀྱི་ཡོད
ངས་ཇི་ལྟར་སྤྲོ་སྐྱིད་ལྡན་པའི་བྱིས་དུས་སླར་གསོ་བྱེད་ཐུབ་བམ
རྩྭ་ཐང་ན་མེ་ཕུང་སྐོར་བྲོའི་ཚབ་ཏུ་བེམ་པོར་སྐོར་ཡོད
རྟ་མཆོག་གི་བང་འགྲོས་ཡལ་ཏེ་འཕྲུལ་རྟའི་འཚང་ཁ་ཆེ
དྲི་བསུང་གང་དུ་ཡོད་དམ སྦྲ་ནག་གང་དུ་ཡོད་དམ
ངས་ཉིན་མ་རེ་རེར
རང་ཉིད་ཕ་ཡུལ་དང་རྒྱང་ཐག་རིང་བར་ངེས་ཤེས་སྐྱེས
ཐ་ན མེ་ལྕེ་ལྷམ་ལྷམ་ཁྲོད་ཀྱི་འབོད་སྒྲ་གོ་ཡང
ང་ལ་ཟ་མ་ཟ་བའི་འདུན་པ་ཆད་མ་བྱུང
ད་དུང་ཕ་ཡུལ་དུ་སྤྲོ་སྣང་ཡོད་པར་བསམ
བོད ང་ནི་ལེ་དབར་སྟོང་ཕྲག་གིས་ཁྱོད་དང་གྱེས་ཡོད
དུས་རྟག་ཏུ
ངས་གཞི་རྒྱ་ཆེ་བའི་བསམ་བློ་ཅི་ཡང་གཏོང་ཐུབ་ཀྱི་མི་འདུག
སྐྱོ་སྣང་གཅིག་པུར་བརྟེན་ནས
ང་ལ་ཞེན་ཆགས་ཡོད་པ་ཤེས་ཡོད
༢༠༡༢།༡༢།༢༩ དགོང་མོ།
ངས་ཐོག་མར་རས་པ་ལ་གདེང་འཇོག་སླེབས་སྟངས་ནི་གཞས་ཚིག་ཅིག་ལས་ཡིན། གོང་གི་སྙན་ངག་འདིའི་རིགས་ལ་དགའ་མོས་ཡོད་ཀྱང་། ང་ལ་མཚོན་ན་ཁྱེད་ཀྱི་མགོ་བོ་གཅོད་པར་བྱེད་ཟེར་ཡང་ཅང་གོ་རྒྱུ་ཁག་པོ་ཡིན། གང་ལྟར་རས་པས་དེབ་ཅིག་ཐོས་འཛིན་དུ་དྲངས་པ་དྲན་ཚོད་ནི། ཆབ་སྲིད་ཀྱི་རས་པའི་ངོ་བོ་དེ་ཡིན་པས་མཐོང་འདོད་ཧ་ཅང་ཆེ།
གཞོན་ནུ་དང་ཚེ་སྐྱིད་སྒྲོལ་མ།
ཟླ་བཞི་བར་ཁུ་བྱུག་གྲགས་ནས། །
སྤང་སེར་བོར་མེ་ཏོག་བཞད་དུས། །
ཟོག་ཁྲ་ཁྲ་རི་ལ་དེད་ལེ། །
ན་མེ་ཏོག་གཞུང་ལ་བཀྲམ་མེ། །
རི་མཐོན་པོ་ཞིག་གི་སྒང་ནས། །
ཕྱོགས་ཡར་མར་རྒྱང་ལྟ་བྱས་ན། །
ཟླ་བཞི་བ་ས་སྔོ་གནམ་སྔོ། །
སེམས་གངས་དཀར་དགའ་སྤྲོས་ཁེངས་སོང༌། །
མར་འཁོར་རེ་ས་ལ་བསྡད་ལེ། །
དངུལ་དཀར་བོའི་རྭ་ཙེ་བླངས་ངེ། །
ས་སྟོང་འཁོར་མེ་བཅའ་བརྒྱབ་བེ། །
དུ་ཡར་འཐེན་ཡར་ལ་འཐེན་ན། །
ལྷ་ལྷ་མོ་གན་ན་གནོད་ཐལ། །
དུ་མར་འཐེན་མར་ལ་འཐེན་ན། །
ཀླུ་ཀླུ་མོར་དུ་བས་གནོད་ཐལ། །
དུ་བར་འཐེན་བར་ལ་འཐེན་ན། །
རླུང་བསེར་བུས་དུ་སྐེད་གཅོད་ཀི །
རྟགས་རྟེན་འབྲེལ་འདི་ལ་བལྟས་ན། །
རོགས་ས་ལ་བར་ཆད་ཆེ་གི །
སེམས་འཁྲུགས་ནས་རྦ་རླབས་འཕྱུར་འཕྱུར། །
དགོང་ཕྱི་དྲོའི་དགོང་གྱིབ་གོན་དུས། །
ཟོག་ཁྲ་ཁྲ་རི་ནས་བསྡུས་ཏེ། །
ཕྱིར་འཁོར་རེ་ཡུལ་ལ་ཡོང་ང༌། །
ཡུལ་དྲིན་ཆེན་ཕ་ལོ་མ་ལོས། །
ཨ་ལོ་ལོ་ཨེ་དཀའ་ཟེར་རེ། །
ཇ་འོ་ཇ་མངར་མོ་ལྡུད་ཀི །
ཟས་སྦྲང་དཀར་རྩམ་པ་སྟེར་གི །
ཇ་མངར་མོ་ཧུབ་གང་མ་འཐུངས། །
ཟས་རྩམ་པ་ཁམ་གང་མ་ཟོས། །
ངས་རྟ་ར་གོང་མའི་ནང་ནས། །
རྟ་རྐྱང་དམར་གཡུ་ལོ་བཟུང་ངེ། །
སྒ་ལྷུ་བཞི་རྒྱབ་ལ་བསྟད་ལེ། །
སྲབ་ཕྲ་ཅན་མགོ་ལ་བསྐོན་ནས། །
ས་ཁ་ཐག་རིང་མོ་བརྒྱུད་ལེ། །
རོགས་ཆུང་ལོ་གཟས་ནས་བསྙེགས་ན། །
ཁྲ་ཆིལ་ལེ་སྐར་མའི་གཞུང་ལ། །
རོགས་ཚང་གི་སྒོ་ཁར་ཐོན་ཐལ། །
མཁར་སྐྱ་མོར་དཀྲིས་གསུམ་བརྒྱབ་བ། །
ངའི་རོགས་ཀི་ཕ་མ་གཉིས་ལ། །
ང་རོགས་ལོར་ཐུག་རྒྱུ་ཟེར་ན། །
ཐུག་མི་ཉན་ཁ་བརྡ་ཡོད་ཀི །
ས་ཐག་རིང་འགྲུལ་བར་འཛེམ་རྒྱུ། །
ཕ་བླ་མས་ལུང་བསྟན་ཡོད་ཟེར། །
སེམས་སྐྱ་མོ་ཐང་ལ་ལྷུང་ཐལ། །
ནམ་གུང་གི་གུང་དཀྱིལ་འཛུར་དུས། །
མཁར་གྲུ་བཞིའི་མཁར་ཁ་འགོས་ཏེ། །
མགོ་ཁང་བའི་སྐར་ཁུང་ནང་ནས། །
མགོ་གཟུར་རེ་རྣ་ཡིས་ཉན་ན། །
རོགས་ཆུང་ལོ་ལུག་རྟིང་འབའ་འབའ། །
སེམས་བསམ་པས་བཟོད་ཐབས་མེད་ཀི །
འཇབ་འཇབ་ནས་མར་ལ་བབས་བེ། །
གོག་གོག་ནས་རོགས་ས་བཏུད་ལེ། །
རོགས་ཆུང་ལོའི་སྔས་མགོར་སོང་ངེ༌། །
ཕར་འཁོར་རེ་འཚམས་འདྲི་བྱས་ན། །
ཕྱིར་འཁོར་རེ་ལན་ཞིག་མེད་ཀི །
ལན་འདེབས་འདོད་མེད་ནི་ཆེ་ཡིན།
ལན་འདེབས་པའི་འདོད་པ་མེད་པ་མིན་འགྲོ་ཡིན་ཡང་མྱི་རྐྱང་ཁྱེད་ཀྱིས་ཨུ་ཚུགས་ལ་རག་ལད་པ་རེད།