ཀླུ་སྨྱོན།
ཨ་རིའི་སྲང་ལམ་གང་སར་མེ་མདའི་ཚོང་ཁང་མཐོང་རྒྱུ་ཡོད་ཅིང་།
ཚོང་ཁང་དེ་ཚོའི་ནང་དུ་འཛུལ་ཐེངས་རེ་རེར།
མིག་ལམ་དུ་སྣང་ཡོང་བའི་མེ་མདའ་སྟེ།
སྦག་སྦག་མེ་མདའ། ལག་ཁྱེར་མེ་མདའ། རྒྱང་འཕེན་མེ་མདའ།
ཧོབ་སྟེ་བལྟས་ན་དམག་མིའི་གོ་མཛོད་ཅིག་དང་ཡོངས་སུ་འདྲ།
མེ་མདའི་ཚོང་ཁང་དེ་དག་གི་ཕྱི་ལོགས་སུ།
བུད་མེད་དང་བྱིས་པ། གནས་སྡོད་པ་དང་ཡུལ་སྐོར་སོགས་སོས་དལ་བག་ཡངས་སུ་རྒྱུ་ཞིང་།
ཚོང་ཁང་དེའི་གཡས་གཡོན་དུ་ཟ་ཁང་དང་ཇ་ཁང་སོགས་སུ་མི་ཚོགས་ཀྱི་འདུ་འཛི་འཁྲིགས།
ལན་རེར་ཉེན་རྟོག་པའི་རླངས་འཁོར་དང་མེ་གསོད་རུ་ཁག་གི་རླངས་འཁོར་སོགས་བསླེབས་ཡོང་ཞིང་།
དེ་ནི་མེ་མདའི་དོན་རྐྱེན་མིན་ན་རླངས་འཁོར་བརྡབས་སྐྱོན་གྱི་ཆག་སྒོ་ཡིན་སྲིད་ཅིང་།
སྐབས་རེར་ཉལ་ཐ་ནག་འཚོང་མཁན་དང་སྨད་འཚོང་མའི་ཉེས་དོན་ཡང་ཡིན་ཆོག
ལོ་རེར་ཨ་རིའི་མི་སེར་བཞི་ཁྲིའི་གཡས་གཡོན་མེ་མདའི་དོན་རྐྱེན་གྱིས་འཆི་བཞིན་ཡོད་ཅིང་།
དེ་ལས་མང་བར་དོན་མེད་མེ་མདའ་ཕོག་ནས་དབང་པོ་སྐྱོན་ཅན་ཆགས་ཀིན་ཡོད།
ཨ་རི་ནི་དམངས་གཙོའི་རྒྱལ་ཁབ་ཅིག་ཡིན་པས།
མི་ཚང་མར་རང་ལུས་སྲུང་སྐྱོབ་ཀྱི་ཐོབ་ཐང་ཡོད་ལ།
ཨ་རི་ནི་དྲག་ཤུལ་གྱི་རྒྱལ་ཁབ་ཅིག་ཡིན་པས།
མི་མང་པོར་རང་ལུས་སྲུང་སྤྱད་ཀྱི་མེ་མདའ་རེ་ཡོད།
མེ་མདའ་ཐུང་མདའ་ཅིག་ལ་རིན་གོང་ག་ཚོད་ཙམ་ཡིན་ནམ། ཚོད་རྩིས་བྱས་ན་
ཨ་རི་བ་མི་གསུམ་ནས་གཅིག་ལ་་རང་སྲུང་མེ་མདའ་ཡོད་ཟེར་བ་བདེན་པ་ཡིན་ནམ།
བདེན་གི་ཀླུ་སྨྱོན་ལགས། ཁྱེད་ནི་དེངས་རབས་རྩོམ་པ་པོ་ཁྲོད་ནས་ང་རང་ཆེ་དགའ་ཤོས་དེ་ཡིན། ངས་ཉིན་རེ་འཚོ་བའི་ཁྲོད་ནས་་ཀླུ་སྨྱོན་གྱི་རྩོམ་ནི་ངལ་གསོ་བྱེད་རྒུ་ཆང་བསིལ་མ་དང་ད་དུང་གད་སྙིགས་ཞེས་པའི་རྩོམ་དེབ་དེ་ནམ་མཇལ་ཡོང་བསམ་གྱིན་ཆགས་ལྡན་སྐྱེ་བོ་ཞིག་གིས་མཛེས་མ་ཞིག་ལ་སྒུག་པ་ནང་བཞིན་གྱུར་ཡོད་།
ཨ་སྒོར་སུམ་བརྒྱ་ལྔ་བཅུ་ནས་ཉིས་སྟོང་ཡར་མར་འདྲ་མིན་འདུག ལན་འདི་དོན་ཡོད་ལ་ཡིན།
ད་ལོ་བོད་ནང་བླ་མ་དགེ་འདུན་པས། བསླབ་བྱ་གནང་བ་ལ་བརྟེན་ནས་བོད་རིགས་མང་པོས་ལག་གྲི་མང་པོ་མེར་བསྲེགས་བཏང་བའི་འདྲ་པར་མཐོང་བྱུང་བས་དགའ་བ་སྒོམ་བཞིན་ཡོད་ལགས། ང་ཚོ་བོད་པ་ནང་པས་ཨ་རི་ཀླ་ཀློའི་ལྟ་དཔྱོད་ལ་མིག་དཔེ་བལྟས་ནས་མེ་མདའ་ཉོ་ཚོང་རིགས་གཏན་ནས་མི་འོངས་བའི་རེ་བ་ཡོད་དོ། །
ཨ་རི་རང་དབང་ཆེ་ཆེ་ས་ནས་རང་དབང་སྲུང་སྤྱད་མེ་མདའ་རེ་དགོས་ན། བོད་ལ་བྱུང་ན། མི་རེ་ངོ་རེ་ལ་དྲུག་སྒྱགས་རེ་མེད་དུ་མི་རུང་བ་ཞིག་མ་རེད་ནེ། ང་ཚོས་ཡང་ང་ཚོའི་རང་དབང་ཨ་རི་ལྟར་སྲུང་དགོས་བ་རེད། ཡིན་ན་ཡང་།
དེ་ནི་བོད་ལ་བདེ་སྐྱིད་ཀྱི་ཉི་མ་མ་ཤར་བར་དུ་དགོས་བ་ཞིག་རེད་ཞེ་ཞུ་བ་ལས་གཞན་གང་ཡང་མིན། ཨ་རིའི་བོད་པས་བོད་ནང་ལ་རེ་རེ་སྐུར་ཐུབ་ན་ཡག་པོ་ཡོད་པ་མ་རེད་པེ། ཨ་རི་ཞིག་ན་སྤུན་ཟིག་ཡོད་ན་དེ་གཏོམ། རང་དབང་སྲུང་ཐབས་ཞིག་ཡོད་ན་སྲུང་འདོད་ཡོད་ཀི་ཡ།
ནང་གསོད་ཁྲག་གི་འཁོར་ལོ་འདིར་ཡང་བསྐྱར་སྐོར་བའི་དུས་ཚོད་ཤིག
ནང་གི་གློ་སྙིང་མཆན་གསུམ་ལ་རྨ་ཁ་བཟོས་པའི་དེང་རབས་ཤིག
ནང་གི་རྒྱལ་གཅེས་བོད་མི་ཚོས་ཤི་ལམ་འཚོལ་བའི་དེང་རབས་ཤིག
ནང་སྙིང་མེད་པའི་མི་བུ་ཚོའི་དགྲ་རྐུབ་བལྡགས་པའི་དེང་རབས་ཤིག
མེ་མདའ་ལག་ཏུ་ལེན་པ་ལ་ཤི་ཐག་ཆོད་པའི་བློ་ཞིག་དགོས།
རང་ཉིད་རང་ཤི་རྒྱབ་པ་ལ་ཁྱག་ཐབས་མེད་པའི་སྡུག་ཞིག་དགོས།
ཕ་རོལ་དམར་གསོད་བྱེད་པ་ལ་བཟོད་ཐབས་མེད་པའི་མཐོང་ཆུང་དགོས།
རང་མེད་གཞན་མེད་བྱེད་པ་ལ་དམར་ཡག་སྟག་གི་དཔའ་སྙིང་དགོས།།
གྲི་དང་མེ་མདའ།
གྲི་དང་མེ་མདའ་བཟོས་པས་རིགས་ངན་གྲག །
གྲི་དང་མེ་མདའ་འཆང་དགོས་འུ་ཐུག་རྟགས། །
གྲི་དང་མེ་མདའ་རྒྱན་འཆང་ཀླད་མེད་ཉིད། །
གྲི་དང་མེ་མདའ་བེད་སྤྱད་རང་གཤིས་ཉམས། །
ཨ་རི་བ་ལ་མེ་མདའ་མང་།
ཨ་རི་བ་ལ་སྨྱོན་པ་མང་།
ཁ་ནས་གཟབ་གཟབ་མ་བྱས་ན་།
ལག་ནས་མེ་མདའ་འཕེན་ཡོང་ང་།
དགྲ་ལ་འཐབ་དགོས་པའི་མི་རིགས་ཤིག མཚོན་ཆ་ལ་མི་དགའ་བ། དངོས་གནས། དགོད་བྲོ་བ་ཞིག་མ་རེད་དམ །
ཨ་རི་བ་ལ་ཅིའི་ཕྱིར་མེ་མདའ་ཉར་ཆོག་པའི་རང་དབང་ཡོད་པ་རེད་དམ། རྒྱ་གར་གྱི་རྫི་བོ་རྣམས་ཀྱིས་ཀྱང་ཆོག་མཆན་ཞུས་ཚེ་མེ་མདའ་ཉར་ཆོག་གི་འདུག
ཀླུ་སྨྱོན་ལགས་ཀྱིས་བོད་མི་ཚོ་དགའ་ངེས་པའི་བརྗོད་གཞི་འདི་འདྲའི་ཡག་པོ་ཞིག་འདམས་འདུག ད་འདི་སྙན་ངག་ཙམ་མ་ཡིན་པར་དཔྱད་ཞིབ་ཏོག་ཙམ་གནང་ནས། ཨ་རི་བ་མེ་མདའ་ལ་དགའ་བའི་ལོ་རྒྱུས་སོགས་ཅུང་ཞིབ་ཚགས་ཤིག་བྲིས་ན་ཡག་ག་ལ། དེ་མིན་སྙན་ངག་དང་སྙན་ངག་བྲིས་ནས་དུས་ཚོད་འཕྲོ་བརླག་འདྲ་ཞིག་མ་རེད་དམ།