ཀླུ་སྨྱོན།
ཨ་ར་ཅན། གསེར་སོ་ཅན། རྨ་ཤུལ་ཅན། སྐྲ་རིང་ཅན། གཙགས་རིས་ཅན། ཐ་མག་ཅན། དམ་བི་ཅན།
མཆུ་རྩི་ཅན། དྲི་ཞིམ་ཅན། མུ་ཏིག་ཅན། ཕ་ལམ་ཅན། ཟུར་མིག་ཅན། བོད་ལྭ་ཅན། ནུབ་ལྭ་ཅན།
རོལ་དབྱངས་ཟ་ཟི། གློག་འོད་རབ་རིབ། དུ་ཞགས་འཕྱུར་འཕྱུར། ཆང་དྲི་འཐུལ་འཐུལ། རྐང་སྒྲ་རྡིག་རྡིག
གཞས་མ་འཁྱར་འཁྱོར། གཞས་ཚིག་ཐན་ཐུན། དམ་བུ་སིལ་སིལ། ཝུ་བ་སབ་སོབ། དུད་སྣེ་ཐར་ཐོར།
སྐེད་པ་ལྡེམ་ལྡེམ། ཆགས་མིག་ལང་ལིང་། ལག་པ་འཇུ་ཙམ། རྐང་པ་འཁྱོར་ཙམ། འཕོང་ཚོས་གཡུག་ཙམ།
ལང་ཚོ་རྒྱས། ཆགས་པ་འཕེལ། ཚ་བ་འཕར། སྙིང་རྩ་གཡུག འདོམ་རྩ་དྲོས། གསང་རྩ་ལྡིང་། མྱོས་ཤིང་འདར།
མི་ཚེ་སྐྱིད། དུས་ཚོད་བརྗེད། ངལ་དུབ་སངས། ལྟོགས་སྣང་ཞི། སྐོམ་གདུང་བསལ། ཆགས་སྲེད་ཡལ། ནམ་གུང་ཡོལ། སྐར་མ་ཤར། སྲང་ལམ་དབེན། ཁྱི་སྐད་སྙན། མཚན་གཅིག་རྫོགས།
ལོ་རྒན་ཁྱོད་འདྲ་མོ་འགྱོ་ས་ཟིག་ཡིན་ནི་མ་རེད། དུས་རྫོགས་ཚར་རེད། འགྱོ་འི་མ་འདུག། ཡིན་གཅིག་མིན་གཅིག་འགྱོ་འི་ཡིན་ཟེར་ན། སྙིང་སྡུག་དང་འགྲུལ་ནས་འགྱོ་དགོས་བ་རེད། དེ་མིན་སྙན་ངག་རྫུན་མ་རེ་འབྲི་འདོད་སྐྱེས་བ་ལས། འཇིག་རྟེན་དེའི་སྐྱིད་སྙིང་ལ་འཛུལ་མ་ཐུབ་པར། ལྕང་མའི་ནག་ན་སྨྱུག་མའི་མདའ་འི་ལོག་འགྱོ་འི་རེད། མཚན་ཚོགས་ཀི་དགོས་བ་དང་མིགས་ཡུལ་ཡོངས་སུ་མ་རེག་པར་། ཐང་ཆད་ལུས་རྔུལ་ནས་ནང་ལ་ཕྱིར། མཇེ་མགོ་དབྱུག་གི་དབྱུག་གི་རང་གི་ཁང་སྟོང་ནང་ལ་ལོག་ཡོང་བྱུང་གི་རེད་ལོ།
འཆར་སྣང་གི་མཚན་ཚོགས། འདི་ནི། ཀླུ་སྨྱོན་གྱི་སྙན་རྩོམ་སྙན་ཤོས་གཉིས་པར་འཇོག་ཐུབ་པ་འདུག་གོ །
ཁྱེད་ཀྱིས་དུས་བབ་དྲ་ཚིགས་སུ་རྩོམ་ཆག་རོ་འདྲ་བ། བསམ་བློ་འབུ་འདྲ་བ། ཁ་ཕྱོགས་ཁྱི་འདྲ་བ་ཞིག་བྲིས་འདུག་པ་མ„ཐོང་བས་ཧ་ཅང་བློ་ཕམ་བྱུང། ཉིད་ཀྱི་སྙན་རྩོམ་ལ་ཅུང་དགའ་བོ་ཡོད། འོན་ཀྱང་ཁྱེད་ཀྱིས་ཆབ་སྲིད་ཤེས་ཀྱི་མི་འདུག་ལ་མི་ཤེས་པའི་གློའུ་བཤད་མ་བྱེད། ངས་སེམས་ནས་ཁ་དམྱལ་བ་རྡོ་རྗེ་གདན་ལ་སྐྱེ་གི་ཆུག་བསམ་སོང།
སྙན་ངག་མཁན་གྱི་སྙུག་རྩེ་ན།།
ཅི་ཡང་སྙན་པས་ཅི་ཡང་རྒྱན།།
སླད་མར་ཚོར་བས་དྲངས་པ་གང་།།
ཁ་བརྡའི་དྲྭ་བར་འཇོག་རྒྱུ་འཚལ།།
རག་གིས་བཟི། སྐྱུག་པ་བོ། སྐྱག་པ་ཛིར། རྡོག་སྣ་ཐོགས། འདྲེད་དག་ཤོར། ཁ་ནས་གང་བྱུང་བཤད། མིག་གིས་ཞར་ལྟས་བྱེད། རྐང་པ་ཕར་ཚུར་འཁྱོར། ལག་པས་གང་སར་སྙོབ། སྐེ་རག་མ་ཁྲོལ། ལྷམ་གོག་མ་ཕུད། ཉལ་ཆས་མ་གྱོན། མགོ་ཡུལ་འཁོར། ཞེ་མེར་ལང་། ཁོང་ཁྲོ་ལང་། ལག་པ་ཟ། ཁུ་ཚུར་བཞུས། རྨ་ཁ་བཟོས། གཤེ་གཤེ་བཏང་།
མཚན་ལྗོངས་རྫོགས། ནམ་མགོ་གསལ། ཆུང་མས་ཁྲོས། སྒོར་མོ་རྫོགས། འགྱོད་པ་སྐྱེས།
མི་བདེན་པའི་མཆན་དེ་བཀླགས་ནས་གད་མོ་ཤོར་སོང་། དམྱལ་བ་རྡོ་རྗེ་གདན་ལ་སྐྱེ་གི་ཆུགས་བསམ་སོང་། གྲོགས་པོ་ཁ་རྒོད་ཅིག་རེད།
སྙན་ངག་དེ་སྙན་པོ་འདུག་ཡིན་ཡང་མཚན་ཚོགས་དེ་བོད་ཀྱི་བླ་གྲྭ་ཚོ་འགྲོ་ས་ཞིག་འེ་ཡིན་ནམ་་་་་་
ཨ་ཁུ་ཁ་བྲོ། ཉིད་ཀྱི་དུས་བབ་དྲ་ངོའི་རྩོམ་དེ་ཕྱིར་བསྡུ་གནང་རོགས། ཨ་ཁུ་ཁ་བྲོ། ཐུགས་རྗེས་གཟིགས།
ཨ་ཁུ་ཁ་བྲོ། ཉིད་ཀྱི་དུས་བབ་དྲ་ངོའི་རྩོམ་དེ་ཕྱིར་བསྡུ་གནང་རོགས། ཨ་ཁུ་ཁ་བྲོ། ཐུགས་རྗེས་གཟིགས།
བོད་རྩོམ་པ་པོ་རྒན་གྲས་ཡིན་ཟེར་མཁན་དག་གིས་ལོ་ཉི་ཤུ་ལྷག་ལ་བྲིས་པའི་རྩོམ་ཡིག་དག་ནི་འདི་འདྲ་ཙམ་རེད་ཡ། ཨ་ལ་ལ་ལ་་་་་
ཨ་ཁུ་ཀླུ་སྨྱོན་ལགས། ཉེ་ཆར་ཁྱེད་ཀྱིས་དུབ་བབ་དྲ་རྒྱ་ནང་༧གོང་ས་མཆོག་བོད་མིའི་ལུག་རྫི་ཡག་པོ་ཞིག་རེད་ཅེས་རྩོམ་ཡིག་མི་མཐོང་གྱུར་དོན་ཅི་ཡིན། རྩོམ་སྒྲིག་པས་བསུབ་བ་རེད་དམ། མི་གཞན་གྱིས་བཙན་དབང་གིས་མེད་པ་བཟོ་བ་ཡིན་ནམ། ཡང་ན་ཁྱེད་རང་ཆབ་སྲིད་ཀྱི་སློབ་སྦྱོང་མེད་པས་ནོར་འཁྲུལ་ཡིན་པར་ངོས་འཛིན་བྱས་ནས་ཕྱིར་མཐེན་གནང་བ་གང་ཡིན་གསལ་བཤད་ཐུང་ཙམ་བྱས་ན་ལེགས། ངེད་རང་མཚོན་ན་ཁྱེད་རང་རྩོམ་ཡིག་སྤེལ་དུས་མང་ཆེ་བ་ཀློག་གི་ཡོད། དྲང་མོ་བཤད་ན་ཁྱེད་རང་གི་རྩོམ་ཡིག་ཁ་ཤས་སྙན་མོ་འདུག དོན་དག་ཆེ་མ་མཐོང་། ཉེ་ཆར་ཁྱེད་ཀྱིས་དུབ་བབ་དྲ་རྒྱ་ནང་༧གོང་ས་མཆོག་བོད་མིའི་ལུག་རྫི་ཡག་པོ་ཞིག་རེད་ཅེས་རྩོམ་ཡིག་དེ་ཚིག་ཁ་ཤས་རྣོན་པོ་དང་སྙན་ཆ་ལྡན་ཡང་དོན་ལ་ཆབ་སྲིད་ལ་ཉམས་མྱོང་མེད་པ་དང་སློབ་སྦྱོང་མེད་པར་སེམས་ཤུགས་ཁོ་ནས་བྲིས་པ་ཞིག་མཐོང་སོང་། དགོངས་པ་མ་ཚོམ་ང་རང་སེམས་ནས་གང་དྲན་པ་དེ་ཁ་ཐུག་བཤད་པ་ཡིན།
བོད་ཀྱི་རྩོམ་པ་པོ་ཡ་རབས་ཞིག་ལ་མཚོན་ན། རང་ཉིད་ཐོག་མར་སློབ་སྦྱོང་གང་ལེགས་བྱས། དེ་རྗེས་ལ་རང་ཉིད་གང་བྱས་པ་དང་།གང་ཤེས་པ་སོགས་ལ་ཉམས་མྱོང་བསགས་ཏེ་སྤྱི་ཚོགས་ལ་ནུས་པ་ལྡན་ཞིང་ཕན་པ་སྒྲུབ་ནུས་པའི་ཁ་ཕྱོགས་འགྱུར་གནང་བ་མཛད་པ་དེ་ཧ་ཅང་གལ་ཆེ་བར་འདོད། ང་ཚོ་བོད་པ་མང་པོ་ཞིག་སུམ་རྟགས་དག་གསུམ་དང་སྙན་ངག་ཏོག་ཙམ་ཤེས་དུས་རང་ཉིད་གང་དྲན་པ་དེ་སྤྱི་ཚོགས་ལ་དཀྲམ་པ་ན་ཕན་གྱི་འདུག་གམ། གནོད་ཀྱི་འདུག་དཔྱད་གཞི་ཞིག་རེད། ལྷག་པར་བོད་ཀྱི་ཆབ་སྲིད་སྒང་ལ་སྐད་ཆ་བཤད་དུས་རང་ཉིད་ཀྱི་རྩོམ་ཡིག་གི་རྗོད་བྱེད་ཚིག་དང་བརྗོད་བྱ་དོན་གཉིས་ཀ་ནས་གཟབ་གཟབ་བྱས་ནས་འབྲི་རྒྱུ་ཧ་ཅང་གལ་ཆེན་ཞིག་ཡིན་པར་འདོད། མི་ཤེས་ན་ཤེས་ཁུལ། མ་རིག་ན་རིག་ཁུལ་བྱས་ནས་འདྲ་མིན་བྲིས་ན་རྒྱ་གཞུང་མཁོ་བའི་ལག་ཆ་ཞིག་ཏུ་མི་འགྱུར་བའི་ངེས་མི་འདུག་པས་ཚང་མས་གཟབ་གཟབ་གནང་རྒྱུ་རེ་སྐུལ་ཙམ་ལགས།
རང་གྲོལ་ལགས། ངའི་མིང་དང་ཁྱེད་ཀྱི་མཚན་གཉིས་གཅིག་ཡིན་པར་འདུག་པས་ད་ཅི་བྱེད་ན་བཟང་།
རང་གྲོལ་ལགས། ང་གཉིས་མིང་གཅིག་པ་ཡིན་པ་དེར་ངའི་བསམ་ཚུལ་བྱས་ན། ཁ་བརྡ་དྲ་བ་ནང་སུ་སྔོན་ལ་མཆན་བྲིས་ཡོད་ན་དེའི་མིང་རང་འཇགས་འཇོག་རྒྱུ་དང་། རྗེས་སུ་མཆན་བྲིས་མཁན་དེས་མིང་བརྗེད་པོ་རྒྱབ་ན་ལེགས་བསམ། དེ་ལ་ཁྱེད་ཀྱིས་མོས་མཐུན་བྱེད་ཐུབ་བམ།
རངགྲོལ་ལགས་དེ་ཡག་པོ་རེད་ཁྱོད་ཀྱི་མིང་འདི་བེད་སྤྱོད་བྱས་པའི་དྲ་ཚིགས་ཀྱི་ཟིན་བྲིས་ཐོག་མ་དེ་གང་དུ་ཡོད་སྟོན་རོགས་ཞུ། བདག་གི་མིང་འདི་བསུབ་ཆོག ཐུགས་རྗེ་ཆེ།
རང་གྲོལ་ལགས། ངས་ཕྱི་ལོ་ ༢༠༡༡ ཕྱི་ཟླ་ ༧ ཡས་མས་ཞིག་ནས་མཆན་ཏོག་ཙམ་རེ་བྲིས་ཡོད། ཁྱེད་འདི་ལ་ཡིད་ཆེས་ན་ངས་མཆན་བྲིས་པ་རྣམས་འཚོལ་བའི་ངལ་བ་མི་བསྟེན། ཡིད་མི་ཆེས་ན་ད་ལྟ་ཁོམ་ལོང་མེད་པས་ཉིན་ཁ་ཤས་རྗེས་ལ་ངས་མཆན་རྣམས་ལོ་དང་ཟླ་བ་དུས་ཚོད་སོགས་གསལ་བར་ཁྱེད་ལ་ཕུལ་ངེས་ཡིན་ལགས། ཁྱེད་རང་དེ་སྔོན་ལ་ཕལ་ཆེ་མཆན་བྲིས་པ་མ་མཐོང་ཡང་གལ་སྲིད་ཁྱེད་རང་དེ་སྔོན་ནས་མཆན་བྲིས་ཡོད་ན་ངས་ཀྱང་དེ་བཞིན་དུ་དང་ལེན་བྱེད་་ངེས་ལགས། ཐུགས་རྗེ་ཆེ།
རང་གྲོལ་ལགས། སྤྱིར་ངས་མིང་འདི་བེད་སྤྱོད་བྱས་ནས་ལོ་བཞི་འགོར་ཡོད། ཁྱོད་ཀྱིས་མཐོང་ཡོད་ན་སྔོན་ཧི་མ་ལ་ཡི་ཟིན་བྲིས་ནང་ལ་མིང་འདི་སྤྱད་ནསརྩོམ་ཡིག་མང་པོ་བྲིས་ཡོད། དེའི་རྗེས་སུ་མཚོ་སྔོན་པོ་ཟིན་བྲིས་སུ་ཡང་མིང་འདི་སྤྱད་པ་ཡིན་ཉིས་སྟོང་བཅུའི་ལོ་མགོ་ཞིག་ནས་ཁ་བརྡ་འདིར་མཆན་ཐ་འཐོར་རེ་བྲིས་པ་ཡིན། ན་ནིང་རྡོ་གདན་དུས་དབང་ནས་ང་རང་ཕ་ཡུལ་དུ་ཕྱིན་པ་ཡིན་༢༠༡༢པའི་སྤྱི་ཟླ་༡༠་ནང་ཕྱིར་སླེབས་ནས་དྲ་ཚིགས་འདིར་མཆན་རེ་བྲིས་པ་ཡིན། གང་ལྟར་མིང་འདི་བསུབ་དགོས་ན་དྲ་ཚིགས་ཁ་ཤས་ཞིག་གི་ངའི་མིང་དེ་དག་ཡང་བསུབ་དགོས་པར་འདུག་པས་ང་རང་ལ་དཀའ་ངལ་ཞིག་འདུག ཟླ་སྔོན་མ་གཉིས་ཀའི་ནང་ལ་ཚེ་སྲོག་སོགས་ལ་ཡང་མཆན་མང་པོ་བྲིས་ཡོད། ནམ་རྒྱུན་ཕལ་ཆེར་ཉིན་ལྟར་མ་མཐའ་མཆན་གཅིག་གཉིས་རེ་བྲི་བཞིན་ཡོད། འོན་ཀྱང་ཁྱེད་རང་མིང་འདི་ལ་ཧ་ཅང་གི་ཐུགས་དགྱེས་པོ་ཡོད་པ་ང་རང་གིས་འཚོར་ཐུབ་པས་དེ་རིང་ནས་མིང་འདི་ཉིད་ཁྱེད་ལ་ལོ་གསར་བའི་ལེགས་སྐྱེས་ཞིག་གི་ཚུལ་དུ་ཕུལ་བ་ཡིན། མིང་འདིའི་འོག་ནས་ཁྱོད་ཀྱིས་རྩོམ་ཡིག་གང་མང་ཞིག་སྤེལ་ཐུབ་པའི་རེ་བ་ཡོད། བདེ་མོ་བྱོས། ངའི་དྲ་གྲོགས་ལེགས་བཤད་གཙོ་བྱས་པའི་གནམ། ་ཀརྡོ། བན་དེ་བ། བོན་པོ་སོགས་ཁྱེད་རྣམས་ཀྱིས་མུ་མཐུད་དུ་རྩོམ་ཡིག་གང་མང་འབྲི་བའི་རེ་བ་ཡོད། དེ་རིང་ནས་བཟུང་རང་གྲོལ་ང་ཁ་བརྡའི་དྲ་ཚིགས་ཀྱི་འཇིག་རྟེན་འདི་ན་མེད།
རང་གྲོལ་ལགས་ལ་ཐུགས་རྗེ་ཆེ་ལན་བརྒྱ་ཞུ་བ་ཡིན།