རྩོམ་རིག

Comments (14) on “ལོ་སར་བཀྲ་ཤིས་བདེ་ལེགས། སྐྱོ་བྲག་དགའ་དབང་།”

  1. ལོ་གསར་པ་འདིའི་ནང་དུ་དྲྭ་འབུ་ཡོངས་ལ་ཁ་ཆག་སྣ་རལ་དང་། དེ་མིན་སྐྱེ་འགྲོ་ཡོངས་ལ་ནད་མེད་ཚེ་རིང་ཡོང་བ་ཤོག །

  2. ལོ་གསར་ལ། ཀརྨ་ཨོ་རྒྱན་འཕྲིན་ལས་དང་ཀརྨ་མཐའ་ཡས་རྡོ་རྗེ་གཉིས་ལ་བཀྲ་ཤིས་བདེ་ལེགས་ཞུ། ངའི་བཀྲ་ཤིས་བདེ་ལེགས་ནི་སྐྱོ་བྲག་དགའ་དབང་ནས་གསུངས་པ་ལྟར་ཚེ་ཇེ་ཐུང་དུ་འགྲོ་བར་མི་སྨོན་པར། ཚེ་རིང་སྙུན་གཞི་མེད་པར་སྨོན་འདུན་ཞུ།

  3. ༢༠༡༣ ལ་རྟེན་འབྲེལ་གྱི་སྨོན་ལམ་ཞུ།

    01-01-2013
    ཁ་སང་ཉིས་སྟོང་བཅུ་གཉིས་བསགས་པའི་ཁུར་པོ་ལྕི་མོ་རྒྱབ་ཏུ་སྐྱུར།།
    སང་ཉིན་རྐང་ལམ་གསར་པར་བདེ་སྐྱིད་ཤར་བའི་རེ་སྨོན་དུང་བའི་སྦྱོར།།
    ཉིས་སྟོང་བཅུ་གསུམ་ཚེས་པར་དགའ་སྟོན་དུས་ཀྱི་ཉིན་མོ་དེ་ནས་བཟུང་།།
    མ་བཅོས་དུང་བའི་སྙིང་ཉེ་ཀུན་ལ་དགའ་བའི་སྙིང་ནས་རྟེན་འབྲེལ་ཡོད།།

    ཁ་སང་སྐྱུར་བའི་ལོ་རྙིང་དེ་ཡིས་ང་ཚོའི་གདོང་ལ་གཉེར་རིས་བརྐོས།།
    དེ་རིང་ཤར་བའི་གནམ་ལོ་དེ་ཡིས་མ་འོངས་བདེ་སྐྱིད་བསྐྲུན་པར་སྨོན།།
    ཉིན་དང་ཟླ་བའི་ལོ་ཕྲེང་རྩིས་ཀྱིན་འཇིག་རྟེན་ཁ་གཡང་འཁོར་བར་ཤོག།
    ང་ཚོའི་མདུན་སྐྱོད་གསར་པ་དེ་ལ་གུ་ཡངས་མངོན་པར་བཀྲ་ཤིས་སྨོན།།

    ལོ་རྙིང་བརྒལ་བའི་རྐང་ཤུལ་དེ་ནས་ང་ཚོས་བསགས་པའི་ཁུར་པོ་ལྕི།།
    དེ་རིང་རྐང་ལམ་གསར་པ་དེ་ལ་དགའ་བའི་འཛུམ་མདངས་རྒྱས་པར་སྨོན།།
    ཕྱི་ནང་འབྱུང་བཞིའི་མ་འཁྲུགས་པ་ལ་ནང་ཚང་དྲོད་སྐྱིད་འཛོམས་པར་ཤོག།
    མཐོ་སྒང་གདོང་དམར་གཞིས་བྱེས་དེ་ཀུན་ལྷན་གཅིག་སྦྲ་ཁྱིམ་འཁོར་བར་སྨོན།།

    ཁ་སང་ལོ་དེར་ཕྱི་མིག་བྱས་ན་གདོང་གི་གཉེར་རིས་སླར་ཡང་འཁོར།།
    གནམ་ལོ་གསར་པའི་འཁྲུ་ཆུ་བཀྲུས་ནས་བཅུ་དྲུག་ལང་ཚོ་རྒྱས་པར་སྨོན།།
    མདུན་སྐྱོད་གསར་པའི་རྐང་ལམ་དེ་ལ་དགྲ་བགེགས་བར་ཆད་མེད་པར་ཤོག།
    གངས་དཀར་ར་བས་ཡུལ་ལྗོངས་དེ་ལ་དགའ་བའི་གླུ་དབྱངས་དགྱེས་པར་སྨོན།།

    འདས་སོང་ལོ་དེར་བརྙས་བཅོས་མིན་ཡང་ངལ་བས་མིག་ཆུའི་མཚོ་མོ་རྒྱས།།
    གནམ་གསར་ལོ་ལ་གཡམ་རྒྱུགས་མིན་པས་སྡུག་བསྔལ་སྒྲ་ཡང་མ་ཐོས་ཤོག།
    མ་བཅོས་དུང་བའི་སྙིང་གིས་འདུན་པ་གནམ་ལོ་གསར་པའི་འདིའི་ནང་སྨོན།།
    རུས་རིགས་གཅིག་པའི་མིང་སྲིང་ཀུན་ལ་ཅི་འདོད་ཕྱྭ་གཡང་འཁོར་བར་ཤོག།

    ཁ་སང་བསགས་པའི་ཉམས་མྱོང་དེ་ཡིས་དེ་རིང་བཀོད་སྤྱོད་མ་ནོར་དགོས།།
    སང་ཉིན་གཞོལ་བའི་རྐང་ལམ་དེ་ལ་བདུད་བགེགས་མེད་པའི་བཀྲ་ཤིས་ཤོག།
    མདུན་སྐྱོད་གསར་པའི་ཡར་སྟོད་ནང་ལ་གདོང་དམར་ཆིག་སྒྲིལ་ཡོང་བར་སྨོན།།
    ཆོལ་གསུམ་མི་རིགས་མཐུན་འབྲེལ་དེ་ཡིས་འདུན་པའི་ཉ་གང་རྒྱས་པར་ཤོག།

    གནམ་ལོ་གསར་པར་རེ་སྨོན་དེ་རྣམས་མྱུར་དུ་ཡིད་བཞིན་འགྲུབ་པར་ཤོག།
    ལོ་མང་བསགས་པའི་གདོང་གི་གཉེར་རིས་སྟོང་ལོ་གསར་པར་སེལ་བར་ཤོག།
    བཅུ་དྲུག་ལང་ཚོའི་ཞལ་རིས་རྒྱས་ནས་གཞིས་བྱེས་ལྷན་འཛོམས་མྱུར་སྨོན་ཤོག།
    ལག་པ་གཉིས་དེ་ཐལ་མོ་སྦྱར་ནས་གནམ་ལོ་གསར་པར་རྟེན་འབྲེལ་གསོལ།།

  4. བོད་པ་ཚོ་སྨྱོ་རྒྱུ་ཞེ་དྲགས་མ་གནང་ན་ཡག་ག འདི་ནི་ཡེ་ཤུའི་ལོ་གསར་རེད། ད་དུང་སྨྱོ་མཆོངས་བྱེད་ཚོད་མ་ཟིན་ན་ང་ཚོའི་ལོ་གསར་དེ་ཉིན་སྐར་བཞིན་འགྱུར་ཡོང་། བསམ་དཀར་གྱི་ཚིག་ཡིན།

  5. ལོ་གསར་སུའི་ཡིན་ན་ཡིན། །ལོ་རྙིང་པ་ནི་ཐལ་སོང་། །ལོ་གསར་པ་ནི་ཚེས་སོང་། །༢༠༡༢ནི་ཐལ་སོང་། །༢༠༡༣་ནི་ཚེས་སོང་། །༢༠༡༣་གྱི་ལོ་འགོ་ནི། །དུས་ཁ་སང་གསར་དུ་ཚེས་པ་རེད། །ལོ་གསར་དུ་ཚེས་པར་ལོ་གསར་ཟེར། །དེ་ལ་ལོ་གསར་མི་ཟེར་ན། །དེ་ལས་གཞན་པའི་ལོ་གསར་ཞིག། །ཁྱོད་བོད་པའི་ལུགས་ལ་ཡོད་རེ་ཀན། །

  6. གཡུ་འབྲུག་དཀར་པོ་རང་རེད། གཡུ་འབྲུག་ཟེར་ག་འདྲ་ཞིག་ལ་འབོད་ཀྱི་ཡོད་ཤེས་མེད་པ་འདྲ། གཡུ་འབྲུག་དང་དཀར་པོ། ཧཧཧཧཧཧ

  7. རྒྱ་མཚོ་དང་ལྷོ་ཕྱོགས་ཟེར་བ་ག་འདྲ་ཞིག་ལ་བོད་ཀྱི་ཡོད་མི་ཤེས་པ་འདྲ། ལྷོ་ཕྱོགས་རྒྱ་མཚོ་ཟེར། དེ་བས་ལྷོ་ཕྱོགས་ཀྱི་རྒྱ་མཚོ་ཟེར་ན་ག་འདྲ་ཡོང་། ཧ་ཧ་ཧ་ཧ་

  8. བདག་གི་མིང་དུ་གཡུ་འབྲུག་དཀར་པོ་ཞེས་འདོགས་དགོས་པའི་རྒྱུ་མཚན་མདོར་བསྡུས་ཤིག་ཞུ་ན། མི་རྣམས་ཀྱིས་གནམ་སྟོང་ནས་འུར་སྒྲ་ལྡིར་ལྡིར་གྱི་སྒྲ་སྐད་ཆེན་པོ་ཞིག་གོ་རྒྱུ་ཡོད་པ་དེ་འབྲུག་གི་སྐད་ཡིན་པར་འདོད་ཅིང་། དེ་ལ་གཡུ་འབྲུག་ཅེས་པའི་མིང་གིས་འབོད་པར་བྱེད། དེ་ལྟ་བུའི་འུར་སྒྲ་འདི་ནི་དོན་དམ་པར་ན་གདགས་སྲིབས་ཀྱི་སྤྲིན་པ་གཉིས་ཕན་ཚུན་ཐུག་ཕྲད་བྱུང་བ་ལ་བརྟེན་ནས་བྱུང་བའི་སྒྲ་སྐད་ཡིན་པར་ནང་པའི་རིག་གཞུང་དང་ཚན་རིག་པ་ཀུན་ཞལ་མཐུན། དེས་ན་བདག་ཀྱང་ཁ་བརྡའི་ནང་དུ་མི་རྣམས་ཀྱིས་གཡུ་འབྲུག་གི་མིང་གིས་བསྙད་པའི་འུར་སྒྲ་ལྟ་བུ་ཞིག་སྒྲོག་པར་འདོད་ལ། གོང་དུ་ཞུས་པ་ལྟར་གཡུ་འབྲུག་ཅེས་པ་ནི་དོན་ལ་སྤྲིན་པ་ཡིན་ཞིང་། སྤྲིན་པ་ལ་དཀར་ནག་གཉིས་སུ་ཡོད་པས་ཁོ་བོ་སྤྲིན་པ་དཀར་པོར་བྱེད་འདོད་པས་ཁོ་བོའི་མིང་དུ་དེ་ལྟར་ཐོགས་པ་ལགས་སོ། །

  9. ཁ་བརྡ་དོ་དམ་པ་དང་དྲ་གྲོགས་ཡོངས་ལ་ཞུ་རྒྱུར་ཨ་ཕྱི་ཆོས་སྒྲོན་ཞེས་པ་དེས་གུས་པའི་རྩོམ་འདིའི་ནང་བརྐུས་བཤུས་བྱས་འདུག ༢༠༡༣ ལ་རྟེན་འབྲེལ་སྨོན་ལས་ཞུ་ཞེས་པ་དེ་རེད། གཅིག་བྱས་ན་ཁོས་མི་དཀར་ལ་ཞྭ་ནག་བཀོན་ཡ་བསམ་ངན་ཡོད་ན་ཆོག གུས་པ་སྨྱུག་མིང་ས་འཛིན་དཀར་པོ་དང་དངོས་མིང་ཨ་མཚེ་ཟེར་གྱི་ཡོད། ངོ་དེབ་མིང་ལ་antse Snowland རེད། གུས་པའི་ས་འཛིན་དཀར་པོའི་དྲ་ཚིགས་ལ་གཟིགས་ན་མཁྱེན་ངེས། http://www.sazinkarpo.com ལ་གཟིགས་རོགས། གུས་པའི་རྩོམ་དེ་ཡག་ཉེས་གང་ཡོད་མི་ཤེས་ཀྱང་རང་གི་རྩོམ་དེ་རང་གིས་འགན་ཁུར་གྱིན་ཡོད།

  10. ཨོ་དེ་ནས་དུང་འབྲུག་ཅེས་བཏགས་ན་ཡག་ག་མེད་འགྲོ གཡུའི་མདོག་སྔོ་ལྗང་ཡིན་པས་དཀར་པོ་འགྱུར་ཐབས་བྲལ། ལྷོ་ཕྱོགས་དང་རྒྱ་མཚོའི་བར་གྱི་འབྲེལ་སྒྲ་བསྡུས་མ་བསྡུས་ཙམ་ལས་འགལ་བ་ཁྱོན་ནས་མི་འདུག་ལགས། ཧཧཧཧཧོཧོཧོཧོཧོ

  11. ༢༠༡༣ ལ་རྟེན་འབྲེལ་སྨོན་ལམ་ཞུ། ཞེས་བཅོས་རོགས།

  12. ཨ་ཕྱི་ཆོས་སྒྲོན་ཞུ་བ་འབྲི་གུང་བཀའ་བརྒྱུད་ཀྱི་སྲུང་མའི་གྲས་ཀྱི་ལྷ་མོ་གཙོ་བོ་ཞིག་མ་རེད་བས། རྐུན་མ་དེས་ཁོང་གི་མཚན་བེད་སྤྱད་པ་མ་ཟད་ད་དུང་མི་གཞན་གྱི་རྩོམ་རྐུ་བཞིན་སྡོད་དང་། མ་ཤིས་པའི་མཚན་མ་འབྱུང་ཡོང་།

Leave a Reply

Your email address will not be published. Required fields are marked *