སྙིང་ཉེ་མ།
ཆ་མེད་རྒྱུས་མེད་པའི་ས་མཐའི་རི་གྲོང་འདི་རུ་ངོ་མི་ཤེས་པའི་མགོ་སེར་འགའ་རེར།
དབྱིན་་སྐད་ཐར་ཐོར་རེས་བརྡ་སྦྱོར་ལ་འབད་ན།
ཁྱོད་དྲན་པའི་སྙིང་གཏམ་དར་སྐུད་ལ་བརྒྱུས་ཡོད།
སྐྱ་ཐང་ཐང་གི་ནུབ་མཐའི་དུད་རྨིག་གྲོང་ན།
ཕ་ཡུལ་རྨིག་པོའི་རྩ་ཐང་གི་སེར་ཆེན་མི་འདུག
སྙིང་ཉེ་མ།
སྐྱ་རེངས་ཀྱི་ཅོང་བརྡ་གྲགས་ནས།
མི་ཚོས་གྲོག་མ་ཚང་ནས་རྡོལ་བ་བཞིན།
མདུར་རྒྱུག་གིས་ལས་ལ་ཞུགས།
མི་དེ་ཚོས་བྱེའུའི་ཅོ་ཀའི་འབུ་སྡིག་འདོན་ས་ན།
ཕ་སྐད་དྭངས་མའི་བཞིན་མདངས་མི་འདུག
སྙིང་ཉེ་མ།
བརྗིད་པའི་ཁང་རྩེགས་མཁའ་དབྱིངས་ན་མཐོ་ཡང་།
སྤྲ་ནག་གྲུ་བཞིའི་དྲོད་ཁོལ་མི་འདུག
ཟས་རིགས་ཇ་ཆང་གི་ལོངས་སྤྱོད་མོད་ནའང་།
འོ་ཇ་དཀར་པོའི་མངར་ཁ་མི་འདུག
་་་་་་་་་་་༢༠༡༣/༡/༡ལ་འཁྱམས་པོས།
དགོངས་དག་་་་་
དུད་རྨིག—དུད་སྨུག་དང་་་་
རྨིག་པོའི——-སྨུག་པོའི་་་་
ཇ་ཆང—-ཤ་ཆང་ལ་བཅོས་རོགས།