རེབ་ཐོག་མདའ།
རིགས་མཐུན་བུ་མོ་ཞིག་སྙིང་ལ་སྒོམ་ནས།།
བརྕེ་བའི་སྣེ་མོ་དེ་འཁྱག་གིས་བསྡམས་སོང་།།
ཕྱི་རོལ་བུ་མོ་ཡི་དུངས་བ་གསོན་པོ།།
སེམས་ཀྱི་ནང་རོལ་ལ་དལ་གྱིས་སླེབས་སོང་།།
གངས་རིའི་སྒྲོལ་མ་ཞིག་མིག་གིས་འཚོས་ཀྱང་།།
ཆོལ་གསུམ་བུ་མོ་ཚོར་སེམས་རེ་འཁྲེང་ཡང་།།
ཕྱི་རོལ་བུ་མོ་འདིའི་བརྕེ་བ་འདི་ལས།།
རིགས་མཐུན་བུ་མོ་ཚོ་ཚོར་གྱི་མི་འདུག།
གངས་རིའི་ལས་དབང་དེ་སེམས་ལ་དྲན་ན།།
བློ་སེམས་གཏོད་ས་དེ་བོད་ཀྱི་བུ་མོ།།
ཕུགས་རྒྱང་རིང་བོ་ཞིག་བསམ་གྱིན་གྱིན།།
རིགས་རྒྱུད་གཙང་མ་ཞིག་སྤེལ་དགོས་བསམ་གི།
ལོ་དང་ཟླ་བ་ཡི་དཀར་ངོགས་འདི་ནས།།
གསར་འབྱོར་རྙིང་འབྱོར་གྱི་ཚོགས་སྤྱི་འདི་ནས།།
རྒྱང་རིང་བུ་མོ་དེའི་བརྕེ་བ་དེ་ལས།།
གངས་རིའི་བུ་མོ་ཚོའི་སེམས་དེ་མ་མཐོང་།།
ཡག་དང་མོ་སྒོ་དེ་ཁོ་མོར་འཛོམས་ཀི།
གཤིས་ཀ་དྲང་མོ་ཡང་ཁོ་མོར་ལྡན་གི།།
འོན་ཀྱང་རིགས་རུས་དེ་གཅིག་པ་མིན་དུས།།
སེམས་པའི་ཟབ་ས་དེ་ཅུང་ཙམ་འཁྱག་གི།
སྨད་ཀྱི་ཨ་མདོ་ཡི་བུ་མོ་ཞིག་ལ།།
སེམས་གཏམ་དྲང་མོ་ཞིག་ངག་ནས་ཤོར་ཡང་།།
སེམས་དང་སེམས་པ་གཉིས་འདྲིས་རྒྱུ་མེད་དུས།།
བརྕེ་བ་དྲོན་མོ་དེ་ལྷོད་དགོས་བྱུང་ཐལ།།
ཁམས་ཀྱི་ན་ཆུང་མར་ཁ་ཞིག་བརླགས་ཡིན།།
ཡུལ་གཅིག་སྤུན་མཆེད་ཚོའི་དབང་ཤུགས་བཙན་གི།།
དབུས་ཀྱི་གྲོགས་མོ་ལ་གྲོགས་ཤིག་བསྒྲིགས་ཡིན།།
ཕོ་ཉམས་དོད་པོ་དེའི་རྗེས་སུ་བསྙེགས་ཐལ།།
བྱེས་ཀྱི་བུ་མོ་དེ་བློ་ལ་འབབ་ཡང་།།
རྒྱུ་དང་འབྱོར་བ་ཡི་རྒྱབ་རྟེན་ང་མེད།།
ཨ་རི་བུ་མོ་ཞིག་ཐུག་རྒྱུ་བྱུང་ཡང་།།
མི་རབས་ཚ་རྒྱུད་དག་སེམས་ལ་ཐོགས་ཀི།
རྒྱུ་དང་འབྱོར་བ་ལ་ཞེ་རེ་ཐོགས་ན།།
ནུབ་ཕྱོགས་ཨ་རི་ཡི་མྱི་ལ་ཡོད་ཀི།
ཞག་གཅིག་ཉལ་རོགས་ལ་རེ་དགོས་མི་འདུག།
ཁ་པར་ཐེངས་གཅིག་གི་འགྲོ་སོང་རེད་འདུག།
དུངས་བ་གསོན་པོ་ཞིག་སྙིང་ལ་སྦྲུམ་ཡོད།།
བརྕེ་བ་དྲོན་མོ་ཞིག་སེམས་ལ་བྲིས་ཡོད།།
མི་ཚེ་ཀྱོག་ཀྱོག་གི་ནང་རོལ་འདི་ནས།།
བརྕེ་བའི་རིན་ཐང་དེ་རྟོགས་ནི་ཡོད་ན།།
ཆོལ་ཁ་ཕྱོགས་རིས་དེ་བདག་གིས་དོར་ཡོད།།
གདོང་གི་སྐྱི་པགས་དེའི་ཡག་རྩོག་མི་གླེང་།།
ཀ་ཁ་སུམ་ཅུ་ལ་དུངས་ཞེན་ཡོད་ན།།
རྩ་བའི་བླ་མ་ལ་དད་འདུན་གཙང་ན།།
དཀར་བོ་དུང་མདོག་གི་བརྕེ་བ་དྲོན་མོ།།
དམར་མོ་སྙིང་ཆུང་གི་དཀྱིལ་ན་ཡོད་པ།།
འཇིག་རྟེན་དཀར་ངོགས་ནས་མ་བྲལ་བར་དུ།།
གཞིས་ཁྱིམ་དྲོན་མོ་དེ་འཁྱག་གི་མི་འཇུག།
སྙིང་གཏམ་འཆད་ས་དེ་བོད་མོ་ཡིན་ན།།
སེམས་པའི་རེ་བ་དེ་འགྲུབ་སོང་སྙམ་ཡོད།།
བརྕེ་བ་སྤྲོད་ས་དེ་རིགས་མཐུན་ཡིན་ན།།
ཚེ་འདིར་འགྱོད་པ་ཡང་སྐྱེ་དགོས་མི་འདུག།།
འོན་ཀྱང་ལས་སྐལ་ཀྱི་སྣེ་མོ་འདི་ན།།
སྙིང་གཏམ་གླེང་མཁན་དེ་ཕྱི་ཡིས་བུ་མོ།།
བརྕེ་བ་སྤྲོད་མཁན་དེ་ཕྱི་ཡིས་བུ་མོ།།
ཕྱི་ཡི་བུ་མོ་ལས་བདག་ལ་མ་ཐོབ།།
ཕྱི་ཡི་བུ་མོ་དེའི་དུངས་སེམས་ཆུ་བོ།།
གངས་རིའི་བུ་ཆུང་གི་ཁོག་ལ་བབས་དུས།།
གངས་རིའི་བུ་མོ་ལ་སེམས་རེ་ཐོགས་ཀྱང་།།
སྡུག་གི་རྨ་ཁ་ཞིག་འཇོག་འདོད་མི་འདུག།།
ཕྱི ༢༠༡༣ ཟླ ༡ ཚེས ༢་ཉིན་ཀྱི་མཚན་མོར་ཕྱི་རོལ་ཀྱི་ན་ཆུང་མའི་སེམས་གཏམ་དེའི་རྗེས་སུ།
རེབ་ཁྱེད་ཁའི་ཁ་བཤད་སྙན་མོ་ཞེ་དྲག་བྱུང་། གནའ་མྱི་ཞིག་གི་ཚོར་བ་སྟེར་ཐལ།
་་་་་་་་་་ ་་་་་་་་་་་་་་
གཏམ་སྙན་མོ་བདེན་པ་ཅན་རེད།
རོགས་མ་རྙེད་སྡུག་གི་གཏམ་རེད།
ལས་འཇོན་པོ་བོང་གོག་འདྲ་བོ།
དེ་མིན་ན་གསར་འབྱོར་མི་སོས།།
རྒྱུ་ཆེན་པོ་ཀླུ་བདག་འདྲ་བོ།།
དེ་མིན་ན་བྱེས་མོ་མི་ཁུག།
ཁ་སྙན་མོ་དབྱིན་ཇེ་འདྲ་བོ།།
དེ་མིན་ན་དབུས་མོ་འཁོར།།
ཁ་བདེ་མོ་ཚོང་པ་འདྲ་བོ།།
དེ་མིན་ན་ཨམ་མོ་མི་ཆགས།།
ཁ་རྫིག་པོ་ཁ་ཆེ་འདྲ་བོ།།
དེ་མིན་ན་ཁམས་མོ་མི་དགའ།།
སྤྱིར་རང་ལ་ལྟ་ཚུལ་མེད་ན།
བོད་མོ་ལ་རེ་བ་མེད་ཐལ།།
ལས་དབྱིན་མོ་ཞིག་ལ་བཅོལ་ནས།།
སེམས་བོད་མོར་འཁྲེང་གི་མ་འདུག།
ཁ་སང་དེ་རིང་རྩོམ་ཡག་པོ་འབྲི་བཞིན་འདུག
ད་དུང་གང་མང་མང་།