ཁྲིམས་ལུགས་སློབ་མ། བློ་བཟང་གྲགས་པ།
ན་ཟླ་ཚོ
ང་བཟི་སོང་།
ཁྲག་རྣག་གིས་གཏོད་བའི་མཁར་གྲོང་དུ
བང་སོ་ཁྲི་སྟོང་གི་བྲང་ཁོག་ན་་་་་ང་བཟི་སོང་།
ན་ཟླ་ཚོ
མཐོ་སྒང་གི་གཟི་འོད་འབྲེག་ཏེ
འུར་དོད་ཀྱིས་རི་ཀླུང་བཀང་དུས་་་་ང་བཟི་སོང་།
ན་ཟླ་ཚོ
མེ་མདའ་ཁྲི་སྟོང་གི་སོ་ཁའི་འོག་ཏུ
སྡུག་བསྔལ་གྱིས་ཁོར་ལོ་བསྐོར་དུས་་་་་་་ང་བཟི་སོང་།
ན་ཟླ་ཚོ
ཚེ་སྲོག་དེ་མཆོད་མེ་འབུལ་ཡང་།
འཇིག་རྟེན་ལ་སྙིང་རྗེ་ཟད་དུས་་་་་་་ང་བཟི་སོང་།
ན་ཟླ་ཚོ
ང་བཟི་སོང་་་་ང་བཟི་སོང་་་་་་ང་བཟི་སོང་་་་་
རྣམ་ཤེས་ཁྲི་ཕྲག་གིས་བར་དོ་བཀང་ཞིང་
འཆི་བ་ཚོར་འགྲོ་ས་མེད་བའི་ཞིང་ཁམས་དེར
རྣ་བས་མི་ཐོས་བའི་ཀི་སྒྲགས་དང་།
སེམས་པས་མི་ཚོར་བའི་ངུ་ངག་
ད་དུང་སུས་ཀྱང་ཨ་ལན་མེད་པའི་འབོད་སྒྲགས་སོགས
རི་སུལ་གྱི་རྐང་ལམ་བསྙེགས་ཏེ
ཐག་རིང་ཐག་རིང་ལ་སོང་ནས་་་་ཐག་རིང་ཐག་རིང་སར་བརླགས་དུས་་་
ང་སླར་ཡང་བཟི་སོང་་་་་ཇེ་མཐུག་ཏུ་བཟི་སོང་་
ན་ཟླ་ཚོ་་་་་་ང་བཟི་སོང་་་་ང་བཟི་སོང་་་་་
བོད་སྐད་ཡིག་སྐད་འདྲ་མ་འདྲེས།།
རང་མོས་ཡུལ་སྲོལ་གཙབས་མ་རལ།།
ར་བཟིའི་རིག་པ་ཡ་མ་ཟུང་།།
ཚར་ཐེངས་གཅིག་ལ་བཀླགས་པ་ཡིན།
རང་མོས་སྙན་ངག་གི་སྤྱི་ཁོག་གཏོད་ས་དེ་ཡག་པོ་རེད། ཡིན་ན་ཡང་ཚིག་གི་སྡེབ་སྦྱོར་དང་ཐ་ན་ཕྲད་ཀྱི་འཇུག་སྟངས་ཙམ་མི་ངེས་མཁན་ཞིག་གིས་དུས་ནམ་ཡང་སྙན་ངག་གསར་བ་འདི་ལག་རྩལ་ལ་ཆུབ་དཀའ་ངེས།