འབྲུག་ཞགས་སྟོང་གི་རང་སྐད་སྒྲོ
མུན་ནག་མཚན་མོ་ས་རྩ་རུབ་ཞིང་
ཆུ་ཆེན་འཕྱུར་ཞིང་ས་གཞི་གཡོས་
ཚེ་སྲོག་གྲངས་མེད་འཇིགས་སྐྲག་ངོ
རྒྱ་མཚོའི་་མཚོ་ཡོམ་ངར་གྱིས་སྐྱ
ཐོག་བརྩེགས་མཐོ་པོ་དགུང་ལ་སྙེ
སྣ་མང་རླངས་འཁོར་ཁྲི་ཕྲག་མང་པོ་
འཇིགས་རུང་མཚོ་ཡོམ་ཆེན་པོ་འཕྱུ
སྐད་ཆེནའཇིག་པའི་ས་གཞི་ཁེངས་ཞི
ཕ་ཁྱིམ་ཕྱུགས་མོ་གཡང་ར་བཅོམ་ཞི
ཕ་མའི་སེམས་ཀྱི་གཅེས་ལོ་འཕྲོག་
ཡོད་ཚད་ས་དང་རྡུལ་པ་་བཏུམས་པའི་
སྒྱོགས་ཆེན་མེ་མདའི་ཆར་ཆེན་སྙི
མེ་ཤུགས་འཕུར་མདེའི་དུག་གིས་
ཁྱོད་ཤི་ང་གསོན་འཐབ་རྩོད་ཁྲོད་
ཡོད་ཚད་རང་གིས་རང་ཉིད་བརླགས་པའི
འདུག་གནས་རྒྱུ་སྐར་གོ་ལ་འདི་ལ་
བཞེས་པའི་བཅུད་ཟས་སྣུམ་ཤ་ཅན་དང་
འགྲོ་བ་མི་ཡི་གང་ནས་ཁྱེར་ཡོང་རྣ
ཕྱག་ཟུང་འགྲམ་པ་ལག་པའི་སྐྱོར་
བྱམས་དང་བརྩེ་བའི་ཐུགས་རྒྱུད་དྭ
བག་ལ་ཕེབས་པའི་ངང་རྒྱུད་གཤིས་
གཅིག་ཡུལ་གཅིག་གིས་བཙན་གྱིས་འཕྲ
འགྲིག་མཐུན་དུང་གི་ཟླ་བ་ཚེས་པའི
སྲུང་ན་རང་ཡུལ་གཞི་ཁྱིམ་གོ་ལའི་
འཆམ་ན་ཚེ་་སྲོག་ཡོད་དོ་ཅོག་ལ་ཞི
མ་འོངས་ཕན་པའི་རེ་བཞག་སྟོང་གིས་
རང་གཞན་འགྲོ་བ་སྤྱི་ལ་ཕན་པའི་ཚོ
གླིང་བཞིའི་ཞིང་གི་ཁྱོན་ན་བཞུ
གཅིག་འབྲེལ་གོ་ལའི་ཁྱིམ་ན་བཞུ
སྔོན་སོང་ལོ་རྒྱུས་བདེན་ལ་བཞག་
ཀུན་གྱི་ཁྱིམ་གཅིག་འདུ་ཤེས་བཞག་
༢༠༡༣་༡་༧་ཉིན་རང་ཤག་ནས་བྲིས
སྙན་གང་ཡག་པོ་བྲིས་འདུག། གོ་རྒྱུ་ཡང་ཡག་པོ་འདུག། འོན་ཀྱང་འདི་དག་ནོར་ཤོར་བ་ཡིན་ནམ་ཆེད་དུ་བྲིས་པ་ཡིན། ༼མེ་ཤུགས་འཕུར་མདེའི་དུག་གིས་མདའ་མོའི་མི་ཡུལ་གཤེན་གྱི་བཤས་ར་བསྒྱུར།༽ ཡང་ན་འདི་འདྲ་ཡིན་ནམ། མེ་ཤུགས་འཕུར་མདེའི་དུག་གིས་མདའ་མོའི་མི་ཡུལ་གཤིན་གྱི་བཤས་རར་བསྒྱུར། ལན་ཞིག་ཡོད་པ་ཞུ།
གུང་ཁྲན་གྱི་འཆམ་མཐུན་འདི་རང་དབང་ལུང་བ་ནས་སྒྲོག་གིན་མ་འདུག
རྩོམ་སྙན་མོ་བྱུང་། ཐུགས་རྗེ་ཆེ། གོ་རྒྱུ་འདུག གུས་ནི་སོག་མདའ་ལ་ཡི་རངས་བསྔགས་བརྗོད་ཡོད།།
དགོངས་དག་ཞུ།གཤེན་མ་རེད་གཤིན་ལ་བཅོས་རོགས།གྲོགས་པོ་ལགས་བོན་པོ་ལགས་བཅོས་བ་་ཡག་ཐ།