_རྩོམ་བྱང་འདི་ཧོར་འཇིགས་ཀྱི་གཏམ་ཞིག་གཡར་བ་ཡིན།
སྔོན་གླེང་།
གྲལ་མགོ་ནས་ཁ་མར་འཁོར་དེ་མི་དམངས་ལ་མཛུབ་ཁྲིད་བྱེད་མཁན་གྱི་སློབ་སྟོན་པ་ཞིག་ལ་ཆ་མཚོན་ན། འབྱུང་འགྱུར་ཐད་ཁ་ཕྱོགས་བའི་བསམ་སྤྱོད་ཡོད་མཁན་ཞིག་ཡིན་དགོས་ལ། རང་ཉིད་ཀྱིས་བསྒྲུབས་མ་ཐུབ་པའམ་འགྲུབ་མ་སོང་བའི་ནོར་འཁྲུལ་སྟེང་གི་དཀའ་གནད་གཞིར་བཞག་ཐོག བདེན་པ་ར་སྤྲོད་ཀྱིས་བཀའ་མོལ་གནང་ཐུབ་པའི་ཀུན་སློང་གཙང་མ་ཁྱེར་མཁན་ཞིག་ཡིན་དགོས། འོན་ཀྱང་། འདས་བོའི་མི་ལོ་ལྔ་བཅུའི་ནང་བཙན་བྱོལ་བོད་ཀྱི་སྲིད་དོན་པ་དང་ཤེས་ཡོན་པ་ཚོས། མི་དམངས་ཀྱི་མདུན་ནས་ཁ་མར་འཁོར་ཏེ་རྫིག་གཏམ་གྱི་ཞོར་དུ་རང་ཉིད་ཀྱི་མཛད་རྗེས་ངོམས་སོ་བྱེད་སྤྲོ་བ་ལས། ཀུ་ཡངས་ཀྱི་བློ་རྒྱ་བསྐྱེད་དེ་རང་སྐྱོན་ངོས་ལེན་བྱེད་མཁན་སུ་ཞིག་བྱུང་མྱོང་ངམ། སེམས་གཏིང་ནས་ཤ་ཚ་མོ་ཞིག་མིན་ཚེ། ཁ་དབང་ཆེ་ཆུང་དང་ཁེ་གྱོང་ལ་བློ་གོམས་པའི་ལངས་ཤོར་བ་ཚོས་གཅིག་རྒྱབ་གཉིས་སྐྱོར་གྱིས་རྫུན་ཁུག་ནང་ནས་ཀྱང་གནས་ལུགས་རེ་བཏོན་ཡོང་གི་རེད།
བྱི་གྲལ་དུ་ཚུད་དུས་མཆེ་བ་གཙིགས་བྱ་གྲལ་དུ་ལྷུང་སྐབས་གཤོག་ཟུང་ངོམས་བཞིན་པའི་ཡུལ་གྱར་བོད་མི་ཚོར། ལངས་ཕྱོགས་གསལ་ཐག་གཅོད་ཅིག་མེད་པའི་རྒྱུ་མཚན་ཡང་། མི་ལོ་ལྔ་བཅུའི་རིང་གི་བཙན་བྱོལ་བོད་ཀྱི་དཀའ་གནད་དག་ཕྱི་གསལ་ནང་གསལ་བཟོ་མཁན་ཞིག་ད་སྔ་བྱུང་མ་མྱོང་བའི་བྱ་བྱེད་ལ་བརྟེན། བོད་སྤྱི་བའི་རྩ་དོན་འདིའི་འགག་རྐྱེན་ཡང་དག་ཞིག་ངོས་འཛིན་བྱེད་ཐབས་དཀའ་བའི་གནས་སུ་སྐྱེལ་བའམ་ལྷུང་བཞིན་པ་རེད། ནམ་རྒྱུན་གྲལ་མགོ་ནས་ཁ་ཐུར་འཁོར་རྗེས་བཀའ་མོལ་གཅིག་རང་ཡར་བསྐོར་མར་བསྐོར་གྱིས་རྒྱ་གཞུང་འདི་ཇེ་མཁྲེགས་དང་། སེམས་ཁམས་དམར་རོ་ཡིན་པའི་སྒེར་གཅོད་པ་ཚོའི་གནས་ལུགས་འགྲོ་སའི་ཨུ་ཁུང་འགག་བསྡད་ཡོད་ཚུལ་རྐྱང་ལབ་བསྡད་པ་ཙམ་གྱིས་ཅི་ཡང་མི་འགྲུབ་ལ། གང་ཡང་ཤོད་མེད་པ་ནང་ལྟར་བོད་མང་ཚོགས་ལ་གོ་བརྡ་ཅི་ཡང་འཕྲོད་མེད་སྟབས།རབ་རིབ་སབ་སུབ་གྱི་བཀའ་མོལ་ལ་ཁྲོད་མི་མང་གཞུང་དྲང་ཚོའི་རང་ཚུགས་འཆོར་ཞིང་ཅི་བྱ་གཏོད་མེད་དུ་འགྱུར་བཞིན་པ་རེད། པེ་ཅིན་མཁར་གྱི་དབང་འཛིན་པ་ཚོའི་མགོ་བོ་ཅི་ལྟར་མཁྲེགས་ཀྱང་རུང་། འགྲོ་ལུགས་འདུག་སྟངས་ཅི་འདྲའི་རྫོབ་ཀྱང་ཆོག འདུལ་དཀའ་བའི་རྒྱུ་རྐྱེན་མཁྲེགས་པོ་དང་རྗོབ་པོ་ཡིན་པའི་ཆ་ཁོ་ནར་ངན་ཁག་དཀྲིས་ནས་འགྲེལ་བརྗོད་བྱས་ཚེ། ལག་ཡ་གཅིག་གིས་ཐལ་སྒྲ་འབྱུང་ཚུལ་རིག་པས་སྒྲུབ་དཀའ་བ་དེ་བཞིན། རང་སྟེང་གི་ཆད་སྐྱོན་གླེང་མི་ཐུབ་པའི་སློབ་སྟོན་པ་ཚོའི་སྐེ་ཡི་སྲུང་འཁོར་དེ་སེམས་ཀྱི་རྫུན་ཁུག་དང་ཆ་འདྲ་བས་ན། མི་ལོ་བཅུ་ལ་སྲིད་ཁྲི་བཞུགས་བའི་ཟམ་གདོང་བླ་མས་རང་སྟེང་གི་མ་འཇོན་ས།མ་འཐུས་ས་གཞིར་བཞག་ཐོག་མི་མང་ལ་སློབ་སྟོན་བྱེད་འོས་བ་རེད་མ་གཏོགས། ཕ་རོལ་པོ་འདུལ་ཐབས་ཀྱི་རྟགས་རིག་གི་བློའི་ཁྱེར་ཕྱོགས་སྟེང་ནས་མི་མང་ལ་བཀའ་མོལ་གསུངས་ལུགས་ཁོ་བོའི་ཡིད་དུ་གཏན་ནས་འཐད་མ་སོང་།
ཟམ་གདོང་བླ་མ་དྲང་ལམ་ལ་འབུད་རྒྱུར་རེ་བས་བལྟས་ཡོད།
༼མཁས་བོས་གསུངས་ན་ཅི་ཡང་བདེན།༽གཏམ་འདི་སུན་རེག་བར་དུ་གོ་མྱོང་ན་ཡང་ད་བར་དུ་བསྟན་དོན་ཐད་བསམས་གཞིགས་བྱས་མ་མྱོང་མོད། དེ་རིང་གཞི་ནས་གཏམ་འདི་བརྒྱུད་དེ་བོད་མང་ཚོགས་ཀྱི་དཀའ་ངལ་འབའ་ཞིག་ལ་བསམ་བློ་རིམ་གྱིས་འཁོར་ནས་སླེབས་སོང་། བོད་ཀྱི་ཤེས་ཡོན་པ་མཁས་བའི་མིང་ཐོགས་མཁན་ཚོ་དངོས་ཡོད་ཀྱི་གནས་སྟངས་ལ་ལོག་འགྲེལ་རྒྱག་མཁས་བའམ་ལོག་སྒྲུབ་བྱེད་དགའ་བའི་ཆ་ནས། བདེན་པ་རྗུན་པར་བཏང་བའམ་རྫུན་པ་བདེན་པར་སྒྲུབ་པའི་སྣོག་ལས་གང་མང་བྱུང་མྱོང་བའི་རྒྱུ་མཚན་ལ་བརྟེན། མི་མང་ཉམས་ཐག་ཚོ་འུ་ཐུག་ཏེ་གཏམ་འདི་འདྲ་སྤེལ་བ་གདོན་མི་ཟའོ།
ལྟ་ཚུལ་མི་འདྲ་བ་དང་མོས་བ་སོ་སོར་ཡོད་ཆོག་པའི་རྐྱེན་གྱིས་མཁས་མིང་འཛིན་པ་ཚོའི་རིན་ཐང་ཡང་དེ་ལྟར་འཇལ་འདོད་པས། མཁས་དབང་ཟམ་གདོང་བླ་མའི་ལྟ་གྲུབ་ཀྱི་ཆ་ལ་ཁོ་བོས་གདེངས་འཇོག་ཚད་མཐོ་བོ་དང་རིན་ཆེན་དོན་ཅན་དུ་བལྟས་ནས་ཡོང་བ་ཡིན། འོན་ཀྱང་། ད་ལྟ་བར་དུ་ཟམ་གདོང་བླ་མས་བདེན་པའི་ཨུ་ཚུགས་ལག་ལེན་ལ་འཁེལ་མ་ཐུབ་པའི་རྒྱུ་མཚན་ཐད་བཀའ་མོལ་སྣ་གཅིག་ཀྱང་གསུངས་མ་མྱོང་ཡང་། དུས་ནམ་ཞིག་ལ་ཟམ་གདོང་བླ་མས་རང་ཉིད་ཀྱི་ལྟ་གྲུབ་ལ་བློ་གདེང་འཁེལ་མ་ཐུབ་པའི་རྒྱུ་མཚན་འགྲེལ་བརྗོད་བྱེད་སྲིད་དམ། བོད་སྤྱི་བའི་བདེན་དོན་མཐའ་སེལ་བར་བདེན་པའི་ཨུ་ཚུགས་ཀྱི་ཐབས་ལམ་རྨང་གཞིར་བྱས་འཚེ་མེད་ཞུ་བ་ལག་བསྟར་བྱེད་རྒྱུ་ལས།ཐབས་ལམ་གཞན་ཞིག་ད་སྔ་བྱུང་མ་མྱོང་ལ། སླད་ཀྱང་འབྱུང་མི་སྲིད་པ་ཁ་ཚོན་བཅད་ནས་བདེན་པའི་ཨུ་ཚུགས་ཀྱི་ལྟ་གྲུབ་འདས་ལོག་བྱེད་པར་རེ་བས་བལྟས་ཡོད་དེ། ཟམ་གདོང་བླ་མས་རང་ཉིད་ཀྱི་དམིགས་བྱ་ལེགས་འགྲུབ་བྱུང་མ་ཐུབ་པའི་རྒྱུ་མཚན་ཅི་ཡང་མི་གླེང་ཁར། སུས་ཀྱང་དགག་མི་ཐུབ་པའི་བློ་རིག་བསྐྱེད་དེ་བོད་དམངས་ཚོགས་ཀྱི་ཁ་ལ་འདམ་འབྱར་བྱེད་བཞིན་འདུག་སེམས་པའི་བསྐྱེད་རིམ་ཁྲོད་། ཟམ་གདོང་བླ་མ།༼ཐོམ་བུ་ཁྱེར་ནས་ནགས་ལ་འགྲོ་མཁན༽གྱི་གྲལ་དུ་འཇོག་གིན་ཡོད། འདི་ལྟར་ཁ་ཕྱིན་ཅུ་ལོག་མཁན་ཚོས་རང་ཉིད་ཀྱི་མ་འཇོན་ས་དང་མ་འཐུས་བའི་རིགས་སྤ་གསང་ཅི་ཐུབ་ཀྱིས་མི་མང་ལ་ལམ་སྟོན་བྱས་ཚེ། འཕེལ་རྒྱས་ཀྱི་རྨང་གཞི་གཏོར་སོང་བས་ན་བོད་སྤྱི་བའི་རྩ་དོན་སྟེང་གི་འགག་རྡོ་གཅིག་ཐོག་གཉིས་བརྩེགས་ཀྱི་བང་རིམ་ཞིག་ཆགས་བཞིན་པ་རེད། བཙན་བྱོལ་བོད་ཀྱི་ལངས་ཕྱོགས་རེ་རེ་བཞིན་འདི་ལྟར་མཐའ་སྣེ་གང་རུང་ལ་སླེབས་རེག་བར་དུ་ཉམས་རྨས་སུ་འགྲོ་བཞིན་པའི་རྩ་བ་ཅི་ཞིག་གིས་ལེན་པ་ཡིན་ནམ། བོད་རྒྱ་གཉིས་ཕན་གྱི་ལྟ་གྲུབ་གཞིར་བཞག་ཐོག་བོད་རྒྱ་ཞི་མོལ་བྱས་ཀྱང་ཆོགབདེན་དོན་གཞིར་བཟུང་གིས་འཚེ་མེད་ཞི་བའི་འཐབ་རྩོད་ལབ་ཀྱང་རུང་། མདོར་དེད་ན་བདེན་པ་ལ་ཨུ་ཚུགས་རྒྱག་རྒྱུ་ལས་ཐབས་གཞན་མེད་སྟབས། རྗེ་གྰན་རྡིའི་རང་ལུགས་ཁ་ལ་ཁྱེར་ནས་བོད་མང་ཚོགས་ཀྱི་གཉའ་གཅོག་མཁན་ཞིག་ལ་ཆ་མཚོན་ན། དོན་ཐོག་ནས་ལག་ལེན་ལ་འདེབས་མ་ཐུབ་པའི་རྒྱུ་རྐྱེན་རྐང་གཅིག་ཀྱང་མི་སྨྲ་བར་རྟུལ་ཞུགས་འཛིན་པ་ནི། རྗེ་གྰན་རྡིའི་རང་ལུགས་འདི་བོད་སྤྱི་ཚོགས་ནང་ཉམས་རྨས་སུ་འགྲོ་བའི་གོད་ཆགས་ཀྱི་ལས་བརྩམས་པ་རང་རེད། དེར་བརྟེན་འདས་བའི་དུས་ཚོད་ནང་མི་མང་གི་རྒྱབ་དཔུང་མ་རེག་བའི་དཀའ་ངལ་ཡིན་ཀྱང་ཆོག རང་སྟེང་ནས་བློ་གདེང་འཁེལ་མ་ཐུབ་པའི་རྒྱུ་མཚན་གང་དེ་རྣམས་ཕྱི་གསལ་ནང་གསལ་བརྒྱུད། བདེན་པའི་ཨུ་ཚུགས་ཀྱི་ལྟ་གྲུབ་འདི་བོད་སྤྱི་ཚོགས་ནང་སླར་གསོན་ཐུབ་པའི་ཆེད། ཟམ་གདོང་བླ་མ་དྲང་ལམ་དུ་འབུད་པར་རེ་བས་བལྟས་བ་ཡིན།
འགྲན་རྩོད་དང་མཚུངས་བསྡུར་ཆེད་དམིགས་བྱེད་དགོས།
གང་ཞིག་ནས་ལྟོ་གོས་ཕུད་རྗེས་བདེ་ས་སྐྱིད་ས་ཞིག་ཏུ་ཡུབ་དེ་འགུལ་བསྐྱོད་བྱེད་མི་འདོད་པ་འདི། སེམས་ཅན་སྤྱིའི་ཤ་ཁྲག་ལ་ཐུམ་པའི་སྒྱིད་ལུག་གི་ངང་ཚུལ་རེད། འབུ་སྲིན་གྲོག་མ་ཡན་ནས་གཅིག་ལ་གཅིག་འགྲན་གྱིས་འདུར་རྒྱུགས་བྱེད་པ་འདི། བརྩོན་འགྲུས་ཀྱི་རྟ་ཕོ་ལ་མཚུངས་བསྡུར་དང་འགྲན་རྩོད་ཀྱི་ལྕག་གིས་སྐུལ་ཏེ་འོང་བ་ལགས།
འཇིག་རྟེན་སྲིད་པའི་འཁོར་བ་ལས་གྲོལ་འདོད་ལྟར་སློབ་གྲའི་འཁོར་ཡུག་དུ་བཟང་ངན་ཤན་འབྱེད་བྱེད་ཀྱི་ཐབས་ལམ་ཞིག་ཀྱང་སྤེལ་མི་ཆོག་པའི་དགག་ཞིག་དར་ཚེ། བྱིས་བ་བཙས་མ་ཐག་ནས་སེམས་ཀྱི་འཁྱེར་སོ་དེ་འདུལ་དགོས་བའི་ལམ་སྲོལ་ཞིག་འབྱུང་སྲིད་ལ། བྱིས་བ་ཡིན་རུང་སྡོམ་པ་སྲུང་དགོས་བའི་འདོད་ཚུལ་ཞིག་ཀྱང་སླེབས་སྲིད་པས། བོད་མི་རིགས་ཀྱིས་གླིང་ན་དཀོན་པའི་གསར་གཏོད་ཞིག་བྱེད་རྒྱུ་ཡིན་པ་འདྲ། འཛམ་གླིང་ཟླུམ་པོ་འདིའི་ཕྱོགས་གང་ལ་མྱུལ་ཡང་སློབ་གྲའི་འཁོར་ཡུག་ན་རང་ཉིད་གནས་བཅའ་སའི་རྒྱལ་ཁབ་གྱི་ལོ་རྒྱུས་རྟིང་མ་བཞག་ནས་སློབ་གསོའི་རིམ་པ་ཞིག་སྤེལ་བཞིན་ཡོད་ལ། དེ་ནི་དགོས་དབང་དང་བསམ་བཞིན་དུ་མི་རིགས་དང་རྒྱལ་ཁབ་དེའི་ཆེད་དུ་བརྩེ་འདང་བསྐྱེད་པའི་དགོས་འདུན་ལ་བལྟ་བཞིན་ཡོད། དེར་བརྟེན་བཙན་བྱོལ་བོད་ཀྱི་སློབ་ཕྲུག་དག་ལ་རང་རུས་རྒྱལ་ཁབ་ཀྱི་ལོ་རྒྱུས་གཞིར་བཟུང་ཐོག མི་རིགས་དང་རྒྱལ་ཁབ་བར་འགྲན་རྩོད་དང་མཚུངས་བསྡུར་གྱི་བསམ་ཕྱོགས་ཆེད་དམིགས་བྱེད་དགོས་བའི་མ་ཟད། མ་འོངས་བར་ཆོས་ཞེན་ཁོ་ན་མ་ཡིན་པར་རྒྱལ་ཞེན་གྱི་བསམ་བློའི་འཁྱེར་སོ་ཡོད་མཁན། མ་འོངས་བོད་ཀྱི་སོན་རྩ་དག་གཞན་དྲིང་མི་འཇོག་མཁན་རེ་བསྐྱེད་སྲིང་བྱེད་དགོས་བ་ཡིན། ཤ་ཞེན་རུས་ཞེན་གྱི་སེམས་པས་ཀུན་ནས་སྐུལ་དེ་བོད་མི་རིགས་ཀྱི་ལས་ལ་བྲེལ་བཞིན་པའི་དགེ་རྒན་རྣམས་པ་ལྷན་རྒྱས་ནས་ཀྱང་། རང་ཉིད་ཀྱི་ལྟ་གོས་ཕུད་དགོས་བ་གཞིར་བཞག་ན་ཧུན་སྒོར་ལྔ་སྟོང་ཙམ་ཞིག་ཡོང་འབབ་དེ་ཅིས་ཀྱང་མེད་དུ་མི་རུང་མོད། ཟམ་གདོང་བླ་མས་གླ་ཕོགས་སྤྲད་པའི་གཡོག་ལས་ཞིག་ལ་མཚུངས་སྡུར་གྱིས་དགེ་སློབ་བར་གྱི་འདུ་ཤེས་ལ་རྨ་བཟོས་བའི་མ་ཟད། དགེ་རྒན་ལ་སློབ་ཕྲུག་གིས་གུས་བརྩི་བྱེད་དགོས་མིན་ཀྱང་ཐེ་ཚོམས་སྐྱེས་ཆོག་པའི་དོགས་བློ་ཞིག་བསྐྲུན་བཞིན་པ་རེད། བཙན་བྱོལ་བོད་ཀྱི་ད་ལྟའི་དགེ་རྒན་རྣམས་པ་ལྷན་རྒྱས་ལ་ཁོ་བོས་ལྷག་བསམ་དཀར་བོས་གུས་བརྩི་བྱེད་དོན་ནི། བཙན་བྱོལ་བོད་ཀྱི་འཁོར་ཡུག་ཀུན་པོ་ཞིབ་ལྟ་རེ་བྱས་ཡོང་དུས་སྔོན་ཆད་ཡིད་སྨོན་སྐྱེས་སའི་ཤེས་ཡོན་པ་འགའ་རེ། བོད་མང་ཚོགས་བཞིན་ས་མཐའ་ནས་ས་མཐར་འཁྱམས་སྟེ་སྟོབས་ལྡན་རྒྱལ་ཁབ་དག་ན། མི་རིགས་གཞན་ལ་ཀ་ཁ་སློབ་པའི་ཚུལ་ལ་བལྟས་ན། ཅིས་ཀྱང་དགོད་སྤྲོ་ལ་ངུ་ཤོར་བའི་གནས་སྟངས་ཞིག་ཡིན་སྟབས། ཧིན་སྒོར་ལྔ་སྟོང་གི་ལྟོ་གོས་ཕུད་དགོས་བའི་རང་གཞུང་གི་དགེ་རྒན་ལྷན་རྒྱས་ལ་ཁོ་བོ་ཡིད་སྨོན་ཞིག་གཏིང་ནས་སྐྱེས་སོང་། རྒྱུ་མཚན་འདི་རིགས་ལ་བརྟེན་ཟམ་གདོང་བླ་མས་ཁ་ཚད་ཡོད་ནས་ཚིག་ཚོད་མེད་ཀྱི་གཏམ་བཤད་པ་འདི། ཟམ་གདོང་བླ་མས་༼སྟ་རེ་འཁྱེར་ནས་ཆུ་བཅུ་རུ་སོང་བའི་༽གནས་སྟངས་རེད། ང་ཚོ་ལྕི་ཡང་འཇལ་བྱེད་ཀྱི་ལྗིད་འདེགས་ལྟ་བུའི་གཡོ་གཟུར་མེད་པ་ཞིག་བྱེད་མི་ཐུབ་རུང་། བཟང་ལ་བཟང་བསྟོད་བྱེད་ཐུབ་པའི་བློ་སྤོབས་ཞིག་ཡོད་ལས་ཆེ་ཨང་།
ཚང་མ་བཀླགས་ཚར། དགོངས་ཚུལ་ཡག་པོ་འདུག། སྟ་རེེ་འཁྱེར་ནས་ཆུ་བཅུ་རུ་སོང་བའི་གཏམ་བརྒྱུད་དེ་སྙན་མོ་ཞེ་དྲག་འདུག།
མཁས་དབང་ཟམ་གདོང་རིན་པོ་ཆེ་ཡི་མཛད་པ་ཕྲིན་ལས་ལ་གནོད་པ་མ་བྱེད། རྒྱུ་མཚན་མེད་པར་སློབ་དཔོན་མཆོག་ལ་ངན་སྐུལ་བྱད་ན་ཉེས་བ་ཆེ་པོ་བྱུང་རྒྱུ་རེད།
ཚང་མ་ལ་སྨྲ་རྗོད་རང་དབང་ཡོད་ཙང་སུས་འགོག་ཐུབ། མུ་མཐུད་འབྲི་རོགས དུས་ཚོད་མ་འཁྱོལ་མཁན་ང་ལྟ་བུ་མང་པོ་ཞིག་གིས་ཀློག་སྲིད།
རང་རེའི་སྤྱི་ཚོགས་འདིར་ཟམ་་གདོང་བླ་མ་འདྲ་བོ་ཞིག་བཙན་འབྱོར་འདིར་དཀོན་མོད། ཁོང་སྐུ་རྐྱང་ཡིན་ཙང་ཁོང་གིས་ཕྱག་ལས་གནང་རིང་ལ་བཙན་འབྱོར་གཞུང་ལ་དཔལ་འབྱོར་དོ་ཕོག་བྱུང་མྱོང་སྔོན་སོང་གི་བཀའ་ཁྲི་གཞན་ནང་བཞིན་མ་བྱུང་བ་མངོན་གསལ་རེད། འོན་ཀྱང་ཁ་ཤེས་སྣང་བ་འགྲོ་ཡི་མ་རེད། དེ་སྒེར་དོན་མ་གྲུབ་མ་ཐོབ་ཙང་རེད།
སྤྱིར་དོལ་འདྲེའི་ཚོགས་ཁག་དང་རྒྱ་དམར་གྱིས་རྒྱུག་ཁྱི་སུ་ཡིན་རུང་། ༧གོང་ས་མཆོག་དང་ཟམ་གདོང་རིན་པོ་ཆེ་རྣམ་གཉིས་ལ་ངན་སྨྲས་གང་བྱས་རུང་སོ་སོའི་ལས་འགན་ཡིན་པས་དེར་བཀག་དགོས་ཆེར་མ་མཐོང་། ཡིན་ཡང་མི་ངན་གསེར་འབྲུག་མིང་ཅན་དང་། ནག་ཐར་སྐྱིད་ དེ་བཞིན་མངའ་རིག་འཕྲིན་ལས་དང་མིག་མི་འཛིན་ཅན་སོགས་ལོག་སྤྱོད་ཤོག་ཁག་འདི་ཚོས་ཁ་བརྡ་དྲ་བ་དང་དུས་བབ་དྲ་བ་སོགས་བེད་ལོག་སྤྱད་ནས་བོད་རིགས་ནང་ཁུལ་མཐུན་འབྲེལ་གོང་བུར་གཏོར་འདོད་ཀྱིས་ངན་སེམས་འདིར་བསམ་ཡོད་བོད་མི་ཀུན་གྱི་ངེས་པར་དུ་མཁྱེན་དགོས། དེ་མིན་༧གོང་ས་མཆོག་དང་ཟམ་གདོང་རྣམ་གཉིས་ལ་ནི་དུག་སྦྲང་གྱིས་སོ་བཏབ་པའི་ན་ཟུག་ཙམ་ཡང་བཟོ་མི་ཐུབ་མོད། བོད་རིགས་བསམ་མེད་རེ་ཟུང་ཀྱི་གཡམ་རྒྱུག་མི་བཟོ་བས་ངེས་པ་མེད་པས་དྲན་བསྐུལ་ཙམ་ཡིན།
བསམ་ཚུལ་ཡག་སྡུག་གཉིས་ག་བྱུང་ཆོག་པས་གང་འདོད་ཀྱིས། ཟམ་གདོང་བླ་མའི་མཛད་འཕྲིན་རྒྱས་ཐུབ་པའི་སྨོན་འདུན་སྔར་ཡང་ཞུས་མྱོང་ལ། མུ་མཐུད་ནས་ཞུ་བཞིན་ཡོད་སྟབས། ཟམ་གདོང་བླ་མས་མཛད་པ་འཕྲིན་ལས་བསྐྱངས་འདོད་ཡོད་ན། ཁོ་བོ་དག་གིས་སྐད་ཆ་ཚིག་རེ་གཉིས་ཀྱིས་གནོད་ཀྱང་མི་སྲིད་ལ། གནོད་ཡང་མི་རུང་ངོ།
འཇམ་གཅེས་མིང་ཅན་འདི། ཟམ་གདོང་བླ་མ་གླེང་ཙམ་ནས་ངུ་རྒྱུ་ཞིག་བཙུར་ནས་ཡོང་མཁན་ཞིག་ཡིན། དེར་བརྟེན་མི་བདེ་ས། མི་སྐྱིད་ས། མི་འདོད་པའི་རིགས་ཡོད་ན་གནས་ལུགས་རེ་བཤད་ཐུབ་པའི་རེ་བ་ཡོད། དེ་མིན་སྡུག་སྐད་ཅི་ལྟར་རྒྱབ་རུང་རང་སེམས་ན་ཉེས་བ་མེད་ན་གཤིན་ཕྲེང་ནས་འཇིགས་སྐྲགས་མྱང་དགོས་དོན་ཡོད་བ་མ་རེད། དེ་ཙམ་ལགས།
ཧ་ཧ་ཧ་་་ངས་མི་ངན་ཁྱོད་ཚོར་གནས་ལུགས་དུས་མ་ཡང་བཤད་མི་འདོད། ངས་གང་བཤད་པ་དག་ནི་རང་རིགས་ལ་དུང་ཞེན་ཡོད་པའི་མི་བུ་དག་ལ་བཤད་པ་ཡིན། ཟམ་གདོང་བླ་མས་མཛད་འཕྲིན་ལ་ཁྱོད་ཀྱིས་སྨོན་ལམ་དགོས་དོན་ཡོད་པ་མ་རེད། ཤེས་པ་རང་བཞིན་གནས་པ་དང་། ཕྱོགས་རིས་གདོན་གྱིས་ཟིན་བོང་རྒན་མི་གཟུགས་ཅན་ཁྱོད་དང་ཁྱོད་ཀྱིས་ཕྱོགས་གཏོགས་ཚོ་ཡིན་ན་མ་གཏོགས། དེ་མིན་ཁོང་གིས་མཛད་འཕྲིན་ལ་ཡིད་རངས་མེད་མཁན་སུ་ཡང་ཡོད་པ་མ་རེད། དེ་ཙམ་ཡིན།
དོལ་རྒྱལ་ཚོགས་པ་དང་གུང་ཁྲན་ཏང་གཉིས་ཀྱིས་ཟམ་གདོང་བླ་རྒན་ལ་གནོད་པ་བྱེད་མི་སྲིད་པ་རེད། གང་ཡིན་ཟེར་ན་བླ་རྒན་རང་ཉིད་ཀྱིས་ས་ར་མཐོ་སློབ་ཏུ་གཏམ་བཤད་སྤེལ་སྐབས་ངས་བོད་བསྟན་སྲིད་ལ་བསམ་ནས་མི་ཚེར་ལས་ཀ་ལས་མ་མྱོང་ལ། དེའི་ཕྱོགས་ལ་བསམ་བློ་ཡང་བཏང་མྱོང་མེད་པས་ཁྱེད་ཚོས་ང་ལ་ལག་རྟགས་སྤྲད་པ་དེ་ནོར་བ་རེད། འོ་ན་ངས་ལས་ཀ་གང་གི་ཆེད་དུ་བྱས་པ་ཡིན་ཟེར་ན་དོལ་རྒྱལ་གྱི་རྒྱུད་པ་སྤེལ་མཁན་གཙོ་བོ་ཁྲི་བྱང་བླ་རྒན་གྱི་དགོངས་པ་བསྒྲུབས་པ་ཡིན་ཅེས་བཤད་པ་དང་གཅིག གཉིས་པའི་ཆ་ནས་བཤད་ན་བོད་པ་རང་བཙན་བརྩོད་མཁན་གཞོན་ལྷན་སོགས་ལ་དགྲ་བོ་དངོས་སུ་བརྩིས་ནས་རྒྱ་དམར་གྱི་སྲིད་བྱུས་ཀྱིས་ནང་དུ་བོད་འདུག་དགོས་པ་ལས་བོད་རང་ཉིད་ལ་དབང་བའི་རྒྱལ་ཁབ་མི་དགོས་ཞེས་ཡང་ཡང་ལབ་ཀྱིན་ཡོད་པ་འདི་དག་གིས་ཤེས་ནུས་སོ།
སྐྱག་འབུ་འཇམ་གཅེས་ཟེར་བ་འདིས་ནམ་ཡང་ཁོ་རང་མི་འཇོན་པ་དང་འབྲི་མི་ཤེས་མ་གཏོགས་།གལ་སྲིད་ཤེས་ཚེ་དྲ་རྩོམ་འབྲི་མཁན་རེ་ལ་ཕྲག་དོག་གིས་དགག་ལན་རེ་འབྲི་ཐག་གིས་ཆོད།ཡིན་ཡང་སྟབས་ལེགས་ནས་རྩོམ་མི་ཤེས་བས་སྐྱག་དྲི་གང་སར་ཐུལ་ཡོང་གི་ཡོད།གཅིག་བྱས་ན་ཁོ་རང་ཤུགས་ལྡན་དང་རྒྱ་འབུ་ཡིན་སྲིད།རྒྱུ་མཚན་ནི་བོད་གཞུང་ལ་ཤ་ཚ་མདོག་གིས་ལམ་ཁ་གཞན་ལ་ཁྲིད་ཐབས་བྱེད་ཀྱི་ཡོད།སྤྱིར་སྐྱག་འབུ་འཇམ་གཅེས་འདྲ་བོ་ལ་ཁ་ཡ་མ་བྱས་ཚེ་ཁོ་ཡོང་གི་མ་རེད།གལ་སྲིད་ཁྱོད་ཚོ་ཡིད་མི་ཆེས་ཚེ་ཁྱེད་ཚོས་གཟིགས་དང་།དྲ་རྩོམ་ཆབ་སྲིད་སྐོར་ཡོད་ཚད་ལ་ཁོས་སྐྱག་དྲི་ཐུལ་ཡོད།ཡིན་ཡང་འབྲི་མཁན་ཚོས་ཁ་ཡ་མ་བྱས་བས་ཁོ་ནུས་མེད་དུ་གྱུར་ཡོད། སྤྱིར་སྐྱོན་ལ་མཛུབ་མོ་མ་བཙུགས་པས་སྟབས་ཀྱིས་ང་ཚོ་བོད་མི་རིགས་འདི་འདི་འདྲའི་གནས་སྟངས་ལླྷུང་བ་རེད།སྐུ་ངོ་བཤད་པ་བདེན་ནོ་ཟེར་ཡ་མང་དྲགས་པས་སྐྱོན་གྱིས་འབྲས་བུ་རང་ཡུལ་ཤོར་བ་རེད།
བྱུང་ན་་བརྗོད་དོན་དང་འབྲེལ་བའི་བསམ་ཚུལ་གང་ཡོད་ལ་དགའ་བསུ་དང་ཨ་ལན་སྟེར་རྒྱུ་ཡིན། དེ་མིན་ཉ་ཉོག་གང་མང་བསྲེས་ནས་ཡོང་ན་དགའ་བསུ་བྱེད་འདོད་མེད། དེ་ལུགས་ཀྱིས།
༰རྒྱལ་བའི་ཐུགས་སྲས་ཟམ་གདོང་བླ་མ། །
ཆོས་སྲིད་མཁས་པ་ཟམ་གདོང་བླ་མ། །
བཙན་བྱོལ་ཕ་རྒན་ཟམ་གདོང་བླ་མ། །
ཁྱོད་ལས་ལྷག་ཅིག་བཀའ་ཁྲི་སུ་ཡོང་། །
ཧ་ཧ་ཧ་་་་རྗོད་དོན་དང་འབྲེལ་བའི་བསམ་ཚུལ་གང་ཡོད་ལ་དགའ་བསུ་དང་ཨ་ལན་སྟེར་རྒྱུ་ཡིན་་ཟེར་་་ཁྱོད་ཀྱིས་དགའ་བསུ་སྟེར་ན་ག་རེ་ཧ་ལས་དགོས་སམ། སྐྱག་ཕྲུག་ཧམ་ཤད་ཚ་ཐག་ཆོད་པ་རེད། ད་དུང་དྲ་འབུ་རིན་ཆེན་ཟེར་མཁན་ཞིག་གིས་སྡུག་སྐད་འདོན་བཞག་འདུག །སྙིང་རྗེ་ཁྱོད་ཀྱིས་ད་དུ་ར་ཟོས་མེད་དམ། ག་རེ་བཤད་ཀྱིན་ཡོད་པ་རེད་ང་ལ་ཡ་ལན་མ་བྱེད་ཟེར་ཞོར་དུ་སོ་སོའི་སྡུག་སྐད་ཅིའི་ཕྱིར་འདོན་པ་ཡིན་ནམ། སུའི་ཨུ་ཚུགས་དང་ཡང་ན་བཙན་དབང་བཏང་སོང་ཁྱོད་ལ། མདོར་བསྡུས་ནས་བཤད་ན་མི་ངན་ཁྱོད་ཚོ་ལྟ་བུའི་ཟམ་གདོང་པན་ཆེན་གྱིས་མཚན་སྙན་དང་མཛད་འཕྲིན་ལ་ཕྲག་དོག་མེ་ལྕེའི་ཕུང་པོ་ག་ཚོད་འབར་རུང་དེ་ནི་སོ་སོའི་རང་མདོག་ངན་པ་དེ་ཕྱིར་རུ་མངོན་བྱེད་ཙམ་ལས་གང་མེད་པ་ས་རིས་ཐང་གསལ་རེད། ད་དུང་སྐྱག་འབུ་རིགས་ཞེན་དཀར་པོ་ཡིན་ན་དེའི་ཟམ་གདོང་ལ་སྐྱོན་ཡག་པོ་ཞིག་འཛུག་འདུག །ཧ་ཧ་ཧ་དྲ་གྲོགས་ཚ་གཟིགས་དང་བླ་མིའི་བཀའ་བསྒྲུབས་པ་རེད་ཟེར་ནས་བཤད་འདུག ། སྐྱབས་རྗེ་ཁྲི་བྱང་རྡོ་རྗེ་འཆང་གིས་བཀའ་བསྒྲུབས་པ་དེ་ནི་འོས་པ་རེད་ལ་དེ་ཟམ་གདོང་བླ་མའི་གཟི་བརྗིད་རེད། བཤད་མི་ཤེས་ན་ཁ་ཚུམ་ཤིག །སྙིང་རྗེ་ཁྱོད་ཚོ། ༧གོང་ས་མཆོག་གི་དྲུང་ནས་དབང་ལུང་གང་མང་ཞུ་མྱོང་མཁན་ཞིག་ཡིན་ཕྱིན་སྐྱབས་རྗེ་ཁྲི་བྱང་རིན་པོ་ཆེ་ནི་སོ་སོའི་བརྒྱུད་པའི་བླ་མ་ཆགས་ཟིན་པ་མ་ཤེས་པར་བོང་རྒན་མི་གཟུགས་ཅན་ཁྱོད་ཚོ་ཁག་མེད།།
ཡག་
ཧི་ཧམ་བཤད་ཡོད་འཇམ་གཅེས་སྐྱག་འབུ་འདི་ཡང་ཁ་དེ་གང་དྲག ༧གོང་ས་༧མཆོག་གི་སྐུ་མདུན་ནས་ཆོས་ཞུ་མཁན་ཚང་མས་ཁྲི་བྱང་གི་ཁ་ལ་ཉན་དགོས་ན་ཁྱོད་ཚོ་ཚང་མ་ཤུགས་ལྡན་སྟེན་དགོས་རེད། ཤུགས་ལྡན་གྱི་གཙོ་བོ་ཁྲི་བྱང་ཟེར་བའི་བླ་རྒན་དེ་མ་རེད་པས། ད་དུང་རྩ་བའི་བླ་མའི་བཀའ་སྒྲུབ་པ་རེད་ཡིན་ན་ཅིག་ཧིན་ཁྱོད་ཀྱི་མགོ་བོ་དེ་ཡིན་འགྲོ་མི་ལོ་བཅུ་ལ་གྲུབ་འབྲས་མེད་པའི་མགོ་དཀར་དེ་ལ་ག་རི་བསྟོད་རྒྱུ་ཡོད། དེ་བས་ཁ་རོག་སྡོད་ཅིག་ཀྱེ།
ཆོ་མེད་རང་རེད།འཇམ་གཅེས་ཁྱོད་ཉོན།ཟམ་གདོང་རིན་པོ་ཆེ་ཚང་གི་་བྱ་བ་རླབས་ཆེན་ལ་བསྟོད་པ་བྱེད་དགོས་བ་ཡོད་ན་བཤད་རོག བཤད་ཡ་གེ་མེད་ན་རྒྱ་འབུ་རེད།རྒྱ་གུང་ཁྲན་གྱི་དྲ་འབུ་སུ་ཡིན་གསེལ་བོ་འདུག མི་གཞན་ཡི་བསམ་ཚུལ་ལ་འཐད་པ་མེད་ན་མི་ཐད་པའི་རྒྱུ་མཚན་ཤོད། གནས་ལུགས་མི་བཤད་ལབ་ནས་མགོ་རུལ་དུ་ཐོན་ཡོང་གི་འདུག་ག། རྙོག་དྲ་བཟོ་འདོད་ཡོད་རྒྱུ་མཚན་གང་ཡང་མེད་ལབ་ན་ག་རེ་མཚོན་ཀྱིན་ཡོད་པ་རེད་ཟེར་ན།སྐྱགས་འབུ་འཇམ་གཅེས་ངས་གུང་ཁྲན་ཏང་གི་བཀའ་འགྲུབ་ན་འགྲིག་གི་ཡོད།འདོད་པ་ཚིམས་སོང་ཟེར་ཀྱི་ཡོད་པ་མི་འགྲོ།མི་ཚང་མ་སྐྱགས་འབུ་ཡིན་ན་འཇམ་གཅེས་གུང་ཁྲན་ཏང་གི་ཁྱི་ཕྲུག ཟམ་གདོང་རིན་པོ་ཆེ་་དགའ་མདོ་སྟོན་ནས་རྒྱ་གུང་ཁྲན་ཚང་གི་ལས་ཀ་བྱེད་མཁན་འཇམ་གཅེས་རེད་འདུག
དྲ་གྲོགས་ནག་ཐར་ལགས། དོན་མེད་མུ་ཅོར་སྨྲ་མཁན་ལ་ཁ་ཡ་བྱེད་དགོས་པ་མ་རེད། སྐྱག་པར་ལག་པ་རེག་ན་སྐྱག་དྲི་ཁ་རྒྱུ་ནི་ཆོས་ཉིད་ལ་སོང་བས་བསྐོར་ནས་ཕེབས་རྒྱུ་དེ་གལ་ཆེན་རེད།
ཟམ་གདོང་བླ་མས་རྒྱ་གར་རྒས་པོའི་ལྟ་གྲུབ་ཀྱི་རྗེས་འཇུག་པ་ཡིན་མདོག་སྨྲས་པ་ལ་གནས་དུས་གང་ཟག་གང་གི་ཆ་ནས་ཀྱང་རྒྱ་གར་རྒས་པོ་དང་མཚུངས་བསྡུར་མི་ནུས་པས་བླར་རྒན་བདེ་ས་དང་སྐྱིད་སར་འཇོག་རྒྱུའི་རེ་བ་ཡོད། ལར་ནས་ཆོས་ལུགས་མི་སྣ་དེ་ཚོ་སུ་ཡིན་ཡང་ཆབ་སྲིད་སྡིང་ཆའི་སྟེང་དུ་བཙན་གྱི་འདྲུད་ཡོང་ན་དུས་རབས་དང་མི་རབས་ཀྱིས་ནམ་ཡང་ངོས་ལེན་བྱེད་མི་སྲིད་ལ།་སྟོན་པས་འདུལ་བའི་གཞུང་ལུགས་ནང་འགག་བྱ་མཛད་ཡོད་པ་རེད། བྱས་ཙང་བོད་དང་བོད་མི་རིགས་ཀྱི་འདས་པའི་བྱུང་རབས་ནང་ཆོས་ལུགས་མི་སྣ་ཚོས་ཆབ་སྲིད་ལ་ལག་པ་བསྐྱངས་དྲག་པའི་མཇུག་འབྲས་ཉམས་མྱོང་ངེས་ཅན་བསགས་ཡོད་པས་བླ་མ་བླ་མའི་གནས་ལ་འཇོག་རྒྱུ་དེ་ཆོས་འཇིག་གཉིས་ཀའི་ངོས་ནས་དགེ་ཕན་ཆེན་པོ་ཡོད་པར་བརྟེན་དགོངས་བཞེས་གནང་རྒྱུའི་རེ་བ་ཡོད།
དེ་ལས་སྟ་རེ་འཁྱེར་ནས་ཆུ་བཅུ་རུ་སོང་བའི་གཏམ་བརྒྱུད་དེ་བཙན་བྱོལ་དགེ་སློབ་ལ་ཕན་ཐོགས་ངེས་ཅན་ལྡན་འདུག་ལ། བླར་རྒན་ང་རྒྱལ་གྱིས་མྱོས་ནས་སྣང་གནས་མི་མཐུན་པའི་གཏམ་བཤད་དེ་ཚོར་འགག་བྱ་བྱེད་རྒྱུ་དེ་སྨྱུག་ཐོགས་པའི་དོན་གོ་ཆོད་འདུག་པས་མུ་མཐུད་ནས་ཡིན་ད།
བླ་རྒན་ཁོང་ལ་ནམ་ཡང་དགའ
དྲ་གྲོགས་གསེར་འབྲུག་ལགས་འདིར་ཕེབས་པ་དགའ་ནས་ཡོད།
༡༽སྤྱིར་སྐུ་ཉིད་ཀྱི་འདོད་པ་ལྟར་འཇིག་རྟེན་སྲིད་པའི་ལས་དོན་འདི་འཇིག་རྟེན་པས་བསྐྱངས། ཆོས་བས་ཆོས་ཀྱི་གདུལ་བྱ་མཛད་བཞིན་པའི་ལས་ལ་ཁོ་བོ་ཤིན་ཏུ་སྤྲོ་ཞིང་ཡིད་སེམས་འཐད་ནས་ཡོད་དེ། སྐལ་མེད་སར་སྐེ་སྲིང་ནས་ཡོང་མཁན་ཕྱིན་ཅི་ལོག་ཁག་ཅིག་གི་སེམས་རྒྱུད་ཀྱི་ཞེན་ཆགས་དེ་གཙང་ཕྱག་བྱེད་དགོས་ལ། བསྒྲུབས་མ་ཐུབ་པ་དང་འགྲུབ་མ་སོང་བའི་ལས་རིགས་དག་ཕྱི་གསལ་ནང་གསལ་བཟོ་མ་ཐུབ་ཚེ། འཇིག་རྟེན་སྲིད་པའི་ལས་ཀྱི་ལམ་སྣེ་གང་མང་ཞིག་དམ་འབྱར་བྱས་ནས་བསྙེགས་མི་ཐུབ་ལ། གཡུག་མི་རུང་བའི་གནས་སུ་སྐྱེལ་ཡོད་བ་རེད། དཔེར་ན། བདེན་པའི་ཨུ་ཚུགས་ཀྱི་ལྟ་གྲུབ་ལ་བོད་མི་མང་གིས་ལག་པ་འཆངས་འདོད་ཀྱང་ལག་ལ་བཟུང་ན་རལ་འགྲོ་བའི་ཚད་དུ་སྐྱེལ་ཡོད་བ་རེད། དེར་བརྟེན་རེ་ཞིག་མི་སྨྲ་བའི་རྟུལ་ཞུགས་འཛིན་མཁན་གྱི་ངག་ལྐུགས་མེད་ན། ཁོ་བོས་རེ་བས་བལྟས་ཡོད།
༢༽ད་ལྟའི་དུས་སུའང་ཚན་རིག་གི་གནས་ལུགས་ཀྱང་གུས་བརྩི་བྱེད་འདོད་མེད་མཁན་ཞིག་ནས་མ་འོངས་ལམ་སྟོན་བྱས་ཚེ། བོད་མང་ཚོགས་ཀྱིས་ཕྱི་མིའི་ཡུལ་ནས་མ་གཏོགས་དབུགས་གཏོང་ལེན་བྱེད་མི་ཆོག་པའི་ཁྲིམས་ལུགས་ཞིག་ཀྱང་མི་བཟོ་བའི་ངེས་བ་མི་འདུག་ལ། སློབ་མཚམས་བཞག་ནས་ཤར་གངས་རིའི་འདབས་ཀྱི་བྲག་ཕུག་ནང་སྐོང་ནས་སྡུག་སྒོམས་བྱས་ན་ཡ་རབས་བཟང་སྤྱོད་ལ་བལྟ་མཁན་རེ་ཡང་འབྱུང་སྲིད་པ་འདྲ་ཞིག་འདུག ཞེ་སྣང་འདྲ་མི་འདུག་གམ།
དམ་བཅའ་གཉིས་ཅན་ཞིག་གིས་བོད་བསྟན་སྲིད་གཉིས་སྲུང་ཐུབ་ནི་མ་རེད། ང་ཚོ་ལ་སྐུ་རབས་མང་པོ་ལ་སྐུ་ལས་བརྒྱབས་བའི་བདེན་དཔང་ཡོད། ད་འགྲིགས་སོང་།
བླ་མ་དང་གྲྭ་བའི་ནང་ན་བོད་རྒྱལ་ཁབ་ཀྱི་དབུ་ཁྲིད་བྱེད་འདོད་ཡོད་ན། བླ་ལོག་དང་གྲྭ་ལོག་བྱས་ནས་ཕེབས་ཤོག་དང་དགའ་བསུ་ཡོད། དེ་མིན་མཛུག་དཀྱིས་གཅིག་གི་ནང་ལ། མཛུ་གུ་གཉིས་འཇུག་ཐུབ་ནི་མ་རེད། བདེ་མོ་བྱོས།
མཁས་དབང་ཟམ་གདོང་རིན་པོ་ཆེའི་གསུང་དེ་བཀླགས་པ་ཡིན། མཁས་པས་བཤད་ན་ཅི་ཡང་བདེན་ཞེས་པ་དེ་དངོས་གནས་ར་འཕྲོད་གསལ་པོ་བྱུང་སོང་། ལྷག་པར་དུ་དེང་རབས་ཀྱི་དགེ་རྒན་དང་སློབ་ཕྲུག་བར་གྱི་བརྩེ་སེམས་དང་། དགེ་རྒན་དང་སློབ་ཕྲུག་དབར་འདུ་ཤེས་འཛིན་སྟངས་མི་ཉུང་བ་ཞིག་མཁས་དབང་ཁོང་གིས་གསུངས་པ་ད་ག་རང་རེད། དེ་མིག་མདུན་གྱི་དོན་དངོས་རེད་མ་གཏོགས་རྟོགས་བཟོ་བྱས་པའི་རིག་པའི་གཞུང་ལུགས་གཅིག་མ་རེད། ནག་མཐར་སྐྱིད་ལགས། ཁྱེད་རང་རྩོམ་ཡིག་ལ་དོན་སྙིང་དེ་ཙམ་མི་འདུག་ལ་བསམ་བློ་གསར་པ་དེ་བས་ཀྱང་མི་འདུག དེར་བརྟེན་རྩོམ་ཡིག་ཞིག་སྤེལ་བར་ངེས་པར་དུ་བསམ་བློ་གསར་པ་དང་རང་ཚུགས་ཡོད་པའི་རྣམ་པ་ཏོག་ཙམ་འདོན་དགོས་པར་འདོད། དེ་བཞིན་དུ་ཁྱོད་རང་གིས་བཙན་བྱོལ་སྤྱི་ཚོགས་ནང་ཆོལ་ཁའི་ཞེན་ཁོག་ཁོ་ནས་འཁེངས་པའི་ཧོར་འཇིགས་ཀྱི་གཏམ་འཆལ་ཞིག་གཡར་ནས་ཟམ་གདོང་བླ་མར་སྙོན་པ་ནི་ཡ་མཚར་རང་རེད།
བཀྲ་མི་ཤིས་པའི་ལྟས་ངན་རྫབ་དོང་བླ་མས་ཡང་ཤེས་ཡོན་ཅན་དང་དགེ་རྒན་རྣམ་པར་མཐོང་ཆུང་ཁྱད་གསོད་བྱས་པར་མཐའ་གཅིག་ཏུ་ངོ་རྒོལ་ཡོད། གྲྭ་སར་དགེ་རྒན་ཚོས་སློབ་མར་གཅར་རྡུང་བྱེད་ཆོག་གྱང་སློབ་གྲའི་དགེ་རྒན་ཚོར་སློབ་མར་གཅར་རྡུང་བྱེད་པའི་ཐོབ་ཐང་མེད། ད་དུང་སློབ་ཕྲུག་ཚོར་འགྲན་རྩོད་ཀྱི་བསམ་བློ་ཡོད་མི་རུང་ཟེར། ངོ་ཚ་མེད་པའི་སྐད་ཆ་རང་རེད། རྫབ་དོང་བླ་མ་ཁྱེད་རང་གྲྭ་ཕྲུག་སྙིང་རྗེ་བོ་རེ་བཙལ་ནས་བརླ་འཛགས་བྱེད་རྒྱུ་མ་གཏོག་གཞན་པ་ཁྱེད་རང་ལ་ཇུས་གཏོགས་མེད།།
ཧུ་ཧུ་ཧུ་་་་བཙན་པོའི་བུ་འབོད་པ་ལགས།
༡༽ ཁ་ཚ་ཟས་ན་ཁ་ཚ་བའི་སྒང་ལ་རྐུབ་ཡང་ཚ་ཡི་འདུག་གམ། འདིའི་མིང་ལ་ད་སྡུག་གྱོང་ལབ་ཡ་གཅིག་ཡོད་པ་དེ་ག་རང་རེད། དོན་མེད་དུ་མི་ལ་བརྙས་མོལ་བྱེད་ཀྱིན་ཡོད་བ་རེད་མ་གཏོགས། དོན་དམ་དུ་གཏམ་འདི་ཅི་ལྟར་བྱུང་མིན་ཀྱང་མགོ་ཚོས་ཡོད་པ་མ་རེད། དེར་བརྟེན་ངའི་བསམ་ཚུལ་འདི་ཁྱོད་དང་ཁྱོད་ལྟ་བུ་དག་གིས་རྟོགས་དཀའ་ལ། རང་ཚུགས་ལ་མི་ལྟ་བར་རོམ་མདུང་བཟུང་ན་རང་སྲོག་གཅོད་བྱེད་དུ་མི་འགྲོ་བའི་ངེས་བ་ཡང་མེད་དོ།
༢༽ཤོག་ངོས་གསུམ་དང་དུམ་མཚམས་གསུམ་ཅན་གྱི་བསམ་ཚུལ་འདིའི་ཁྲོད་ན་དགག་རྒྱུ་དེ་ཙམ་ཞིག་མ་གཏོགས་རྙེད་མ་སོང་ངམ། སྙིང་རེ་རྗེ། ༼མཁས་བའི་གསུངས་ན་ཅི་ཡང་བདེན༽ཞེས་བ་གཏམ་འདིའི་བརྒྱུད་ནས་ཁ་ཕྱིན་ལོག་ཅན་དག་གི་ཁ་ནང་ལ་དགག་གཏོར་གཡུག་ཡོད། འདི་ལྟར་སྐད་ཅིག་ལ་ནུས་བ་ཐོན་འགྲོ་བསམ་པ་མེད་དེ། ཕོ་རོག་འདུག་གཟོད་མི་ཐུབ་པར་སྐད་ངན་ཤོར་ཚུལ་ལ་ཉན་ན་ནུས་མཐུ་ངན་པ་ཞིག་ཕོགས་སོང་བ་འདྲའོ། དགོངས་འགལ་མེད་པ་ཞུ།
༣༽བདེན་པ་ཡོད་ན་བདེན་པ་སྟོན་ཤོག གནས་ལུགས་ཡོད་ན་གནས་ལུགས་ཤོད། བློ་རིག་ཡོད་ན་བློ་རིག་བསྐྱེད་ནས་དགག་ལན་ཆར་ལྟར་འཇོ་བར་ཤོག དེ་མིན་རྒན་མོ་གྱོད་འཛིང་གི་བྱ་བྱེད་དག་སྟོན་མ་ཡོང་ལོ། དེ་ལྟར་གྱིས་སོ།
རྒན་མོ་ཅོ་འཛིང་ཟེར་བ་ཡིན་པ་ཨ། རྒན་མོ་གྱོད་འཛིང་ཟེར་བ་མིན་པ་ཨ། གང་བདེན་པ་རེད། གྲོགས་པོ་ཚོ།
ནག་སྐྱིད་ལགས་ཀྱི་ཀློག་བྲོལ་པོ་ཞིག་བྲིས་གནང་འདུག། བསམས་ཚུལ་ག་རེ་ཡིན་ན་བཤད་ཆོག་གི་རེད། འདི་ནི་སྤྱི་འབངས་ཀྱི་ཐོབ་ཐངས་རེད། མ་རེད་དམ། ངོ་མ་བཤད་ན་རིན་པོ་མཁས་པ་རེད། འོན་ཀྱང་རིན་པོ་གི་གསུངས་བཤད་ཁག་གཅིག་དང་ལྷག་པར་བཀའ་བློན་གྱི་ཉིན་མཐའ་མའི་གསུངས་ལ་ཅིག་ཉན་ན་ཧ་ཅང་བློ་ཕམ་པ་དང་སེམས་སྐྱོ་དགོས་པ་དེ་འདྲ་བྱུང། གཅིག་བྱེས་ན་ཉིན་མཐའ་མའི་མཇུགས་བསྡུམས་ཀྱི་གསུངས་བཤད་དེ་ནི་བཙན་བྱོལ་བོད་མི་རྣམས་ལ་ཐོངས་ཆོང་གི་གཏམ་བཤད་ཅིག་ཡིན་སྲིད། གང་ལྟར་གསུངས་བཤད་དེ་ངའི་སེམས་ལ་དྲན་ཐེངས་རེ་རེར་རིན་པོ་ཆེ་ཡི་གསུངས་བཤད་ངེ་ཡིན་ནང་བསམས་ནས་རང་ཉིད་ལ་ཡུད་མ་ཆེས་བའི་ཚོར་བ་སླེབས་ཀྱིན་འདུག།
༢༢༽ བཀྲ་ཤིས་རྒྱལ་ལགས་ཀྱི། མཆན་བུ་ཉེར་གཉིས་ཀྱི་ཚིག་དོན་གཉིས་ཀ་ལ་ངོ་རྒོལ་ཡོད་གདའ། །
་་་་ བསམས་ཚུལ་ག་རེ་ཡིན་ན་བཤད་ཆོག་གི་རེད། འདི་ནི་སྤྱི་འབངས་ཀྱི་ཐོབ་ཐངས་རེད། མ་རེད་དམ། ་་་་ཟེར།
སྙིང་མ་རྗེ་་་དྲ་འབུ་ཚོས་ཡང་ནང་འཛིང་རྒྱག་གི་འདུག འདི་ཆོས་ཁ་ངན་རེ་བཤད་རྒྱུ་མ་གཏོགས་ཅི་ཡང་མི་འཇོན།
གྲོགས་པོ་ལགས། མཁས་པའི་ཡང་རྩེར་སོན་པ་ཞིག་ལ་སྨད་ར་གཏོང་དགོས་ན་དང་ཐོག་རང་ངོས་ནས་གཞན་གྱི་སྒོ་གསུམ་ལ་ཁ་བཏུད་གཅོག་པའི་ལག་ཆ་ཞིག་ལོས་དགོས་ཡ། བྱས་ཙང་ཁྱེད་ཀྱི་ད་ལྟའི་བར་བོད་མི་རིགས་དང་འཛམ་གླིང་སྤྱི་ལ་ཕན་པའི་ལས་གང་དག་གནང་ཡོད་ཅིག་གསུངས་དང་དེ་ནས་ངས་ཁྱེད་ཀྱིས་ཟམ་གདོང་ལ་སྨད་ར་ཕབ་པའི་དགག་ཚིག་ལ་བསམ་བློ་གཏོང་ཆོགས། སྤྱིར་སུ་དང་སུ་ཡིན་རུང་སྐྱོན་མེད་མཁན་ཞིག་ཧ་ཅང་གི་དཀོན་ཀྱང་སྐྱོན་དང་ལྷན་དུ་ཡོད་པའི་ཡོན་ཏན་དེ་ཡང་བརྗོད་དགོས་པ་ནི་བློ་གཟུ་བོར་གནས་ནས་བཤད་པའི་སྐད་ཆ་རེད། འོན་ཀྱང་ཁྱེད་ཀྱི་མཁས་དབང་ཟམ་གདོང་ལ་བསྟོད་པས་བསྟོད་ཚིག་གང་ན་ཡོད།
འདིར་བཞུགས་ཀྱི་དྲ་གྲོགས་ཚོས་གོ་བ་དེ་ཙམ་མི་ལོན་ན་ཁོ་བོས་གསལ་འགྲེལ་བྱས་ཆོག རྩོམ་བྱང་འདི་ཧོར་འཇིགས་ཀྱི་༼ཐོམ་བུ་ཁྱེར་ནས་ནགས་བཟུང་ནས་ནགས་དང་སྟ་རེ་ཁྱེར་ནས་ཆུ་བཅུ་རུ་སོང་༽བའི་གཏམ་འདི་འདེམས་དོན་ལ་རྒྱུ་མཚན་ཆེན་པོ་ཡོད། ཟམ་གདོང་བླ་མ་བོད་ཀྱི་སྲིད་ཁྲི་བཞུགས་བའི་དུས་ཡུན་ནང་བོད་ཀྱི་ཤེས་ཡོན་འཕེལ་རྒྱས་གཏོང་ཕྱོགས་སྐོར་ལ། བཅར་འདྲི་སྣ་ཁ་ཤས་ཞིག་བྱས་ཡོད་པ་ཁོ་བོས་མཐོང་མྱོང་། སྐབས་དེར་ཧོར་འཇིགས་ལགས་ཀྱི་བསམ་ཚུལ་དེ་ཁོ་བོའི་ཡིད་ལ་འཐད་སོང་། དེར་བརྟེན་རྩོམ་བྱང་འདི་འདེམས་པ་ཡིན་ལ། དེ་ལུགས་ལྟར་ཟམ་གདོང་བླ་མ་སྲིད་ཁྲི་ལ་བཞུགས་བའི་མི་ལོ་བཅུའི་དུས་ཡུན་ནང་ལག་ལེན་ལ་བསྟར་མ་ཐུབ་པའི་ཤེས་ཡོན་སྐོར་ཡིན་ཀྱང་ཆོག དེ་མིན་སྲིད་དོན་གྱི་ཆ་ནས་མ་འཇོན་ས་དང་མ་འཐུས་བའི་རིགས་ཏན་ཏན་ཡོད་ངེས་བས། ཕྱི་དགག་ནང་དགག་ཡོངས་ཕྱི་གསལ་ནང་གསལ་ཀྱིས་བོད་ཀྱི་ཤེས་ཡོན་འཕེལ་རྒྱས་ཀྱི་འགག་རྡོ་གཏོར་དགོས་བ་རེད་བསམ་ནས། ཟམ་གདོང་བླ་མ་དྲང་ལམ་ལ་བུད་ནས་མང་ཚོགས་ལ་དྲང་གཏམ་སྒོས་བཀའ་མོལ་གནང་རོགས་ལབ་ཀྱིན་ཡོད།
ཅུང་ཙམ་རྫོབ་པོ་བྱས་ནས་ལབ་ན་ཟམ་གདོང་བླ་མ་ཁོང་གི་སྐུ་རིང་ལ་བསྒྲུབས་མ་ཐུབ་པའི་ལྷག་ལུས་ཡོངས་རྫོགས། སྲིད་སྐྱོངས་བློ་སེང་སྒང་ལ་སྤོངས་ཐབས་ཀྱིས་རིག་པའི་ཀློང་ནས་འགྲུབ་རྒྱུ་མེད་པ་ཞིག་བཤད་ནས་བསྡད་ན། ཤ་ཚ་མོ་དེ་མ་རེད།
མི་ལོ་བཅུའི་རིང་ལ་ཟམ་གདོང་བཀའ་ཁྲིའི་སྐབས་སུ་བོད་སྤྱིའི་དོན་དུ་ཅི་ཞིག་སྒྲུབས་ཡོད་་་་ཟམ་གདོང་གི་རྒྱུག་ཁྱི་ཚོའི་ལེན་འདེབས་རོགས་གནང་།
ཟམ་གདོང་བླ་མའི་མི་ལོ་བཅུ་ཡི་ལས་ཀ་བོད་མི་དམངས་ལ་ཤ་ཚ་མེད་་ཁྲི་བྱང་བླ་མའི་བཀའ་ཉན་ཡག་གཅིག་པུ་ཡིན་ཟེར་བ་དེ་རེད།
མུ་མཐུད་ནས་བསམ་ཚུལ་འབྲི་རོགས་ཀློག་གི་ཡིན།སྐྱག་འབུ་འཇམ་གཅེས་འདྲ་བོ་ལ་ཁ་ཡ་མ་བྱོས།མི་དེས་ཅི་ཡང་མི་ཤེས་པ་ཞིག་རེད།བླུན་པོ་ལུག་འདྲ་ཞིག་རེད།
དྲ་གྲོགས་ཚོ། དྲིན་ལན་ལོག་འཇལ་ཟེར་ན་ག་རེ་རེད། ལགས།
དྲི་ལན་ལོག་འཇལ་དང་མང་གཙོའི་ལམ་གྱི་དབུ་འཁྲིད་ཚོར་སྐྱོན་བརྗོད་བྱེད་པ་གཉིས་མི་མཚུངས། བྱང་ཀོ་རི་ཡ་མ་གཏོགས་འཛམ་གླིང་རྒྱལ་ཁབ་ཚང་མར་དབུ་འཁྲིད་ལ་མ་འགྲིགས་པ་དང་མ་བྱུང་བ་བཤད་མཁན་ཤ་སྟག་རེད། རྒྱུ་མཚན་དེས་ཁོང་ཚོར་དྲིན་ལན་ལོག་འཇལ་མི་ཟེར་ཞིང་དེ་ནི་མང་གཙོའི་ཐོབ་ཐང་ཟེར། དེས་ན་ཟབ་གདོང་བླ་མའི་ལོ་བཅུའི་རིང་གྲུབ་འབྲས་ཐོན་འདུག་གམ་མི་འདུག་བསམ་བློ་མཐོང་། ངའི་བལྟས་ན་དཔལ་འབྱོར་སྲི་ཚགས་བཏང་བ་མ་གཏོགས་གཞན་དེ་སྔའི་༢༠༠༡ སྔོན་གྱི་བཀའ་ཤག་དང་གཅིག་པ་མགཏོགས་བསྒྱུར་བ་གང་ཡང་མ་མཐོང་།
དྲིན་ལན་ལོག་འཇལ་ཟེར་ན། ནང་ཁུལ་རྐང་པ་འཐེན་ཅི་ཐུབ་བྱེད་ཡ་དེ་རེད། སྐྱག་དྲི་བྲོ་བའི་བུ་རྒོད་ཚོ། རྐང་པ་འཐེན་ཅི་ཐུབ་བྱེད་ཤོག་ཨ། རྐང་པ་འཐེན་མ་ཐུབ་ན་ལག་པ་འཐེན། ངོ་གདོང་བཤེར་ནས་བགྲོ་གླེང་བྱེད་མ་ཕོད་ན། ལྐོག་ལབ་རྒྱོབ། ལྐོག་ཕག་བརྡུངས། དངོས་མིང་རང་དམར་འདོན་བྱེད་མ་ཕོད་ན། སྒྲོ་བཏགས་ཀྱི་མིང་བརྫུས་འོག་ནས་ཕུང་དཀྲུགས་དང་དབྱེན་སྦྱོར་སྦྲག་མའི་མཆན་གོ་རྒྱུ་ཡོད་ལ་མེད་ལ་དེ་འདྲ་རྒྱོབ། ཆོས་ལུགས་ཀྱི་བླ་ཆེན་ཚོ་ལ་ཁ་གཏོང་ཅི་ཐུབ་གྱིས། དེ་རྗེས་བཙན་བྱོལ་བོད་མིའི་སྒྲིག་འཛུགས་དང། དམངས་གཙོའི་ཀ་བ་གསུམ་ལ་ཁ་གཏོང། ཡང་བསྐྱར་འདོད་པ་མ་ཚིམས་ན་ལར་ཞེན་ཡོད་པའི་སྲིད་སྐྱོང་བ་ཚོ་ལ་ཁ་གཏོང། ད་དུང་དེ་ཡི་འདོད་པ་མ་ཚིམ་ན། མཚོག་གསུམ་ལ་ཁ་གཏོང། ལས་འབྲས་ལ་ཁྱད་གསོད་གྱིས། རྒྱུ་མཚན་ལྡན་པའི་སྐྱོན་སེལ་བྱ་རྒྱུ་མེད་ན་ཡང་རང་གི་འདོད་པ་ཚིམ་པའི་ཕྱིར་དམོད་ངན་རྒྱོབ། དགེ་འདོན་རྒྱུའི་ཚབ་ལ་ཕྱོགས་ཞེན་གྱི་སྐྱོན་འདོན་ཁོ་ན་བྱེད་ནས་མི་ཚེ་སྐྱེལ་ཤོག་ཨ། ཤ་ཚ།
དྲི་ལན་ལོག་འཇལ་དང་མང་གཙོའི་ལམ་གྱི་དབུ་འཁྲིད་ཚོར་སྐྱོན་བརྗོད་བྱེད་པ་གཉིས་མི་མཚུངས། ་་་་ཟེར།
དྲིན་ལན་ལོག་འཇལ་ཟེར་ན། ནང་ཁུལ་རྐང་པ་འཐེན་ཅི་ཐུབ་བྱེད་ཡ་དེ་རེད། སྐྱག་དྲི་བྲོ་བའི་བུ་རྒོད་ཚོ། རྐང་པ་འཐེན་ཅི་ཐུབ་བྱེད་ཤོག་ཨ། ་་་་་་ཟེར།
དྲ་གྲོགས་ནག་ཐར་ལགས།
བསྒྲུབས་མ་ཐུབ་པ་དང་འགྲུབ་མ་སོང་བའི་ལས་རིགས་ཕྱི་གསལ་ནང་གསལ་བཟོ་དགོས་པ་དེ་གནད་ཀྱི་དོན་པོ་ཡིན་ཡང་ལམ་དབུ་མའི་སྲིད་ཁྲི་ལས་ཕེབས་མཁར་བོད་སྤྱི་པའི་རྩ་དོན་ཆེད་ལས་ཟིན་པ་མཐའ་དག་ཁྲི་བྱང་བླ་མའི་བཀའ་ལས་མི་ལྡོག་ཙམ་ལས་ལྷག་བསམ་རྣམ་དག་གིས་བོད་དང་བོད་མི་རིགས་ཀྱི་དཀའ་གནད་སེལ་རྒྱུའི་འདུན་པ་ཡང་དག་ཅིག་མེད་སོང་བ་དེ་རེད། རྒྱ་གར་རྒས་པོའི་ལྟ་གྲུབ་ལ་ལད་ཟློས་ཀྱིས་བདེན་པའི་དབུ་ཚུགས་ཀྱི་ལྟ་གྲུབ་དེ། ཡང་སྟེང་ལ་འགྱིང་བསྡད་པ་མ་གཏོག་གཤམ་འོག་མང་ཚོགས་ནང་བབས་ནས་མི་དམངས་ཀྱི་སྣེ་འཁྲིད་ཐུབ་ཀྱི་མེད་པ་རེད་ལ་འཁྲིད་འདོད་མེད་པ་མིན་ལས་ཆེ། གང་ལྟར་བདེན་པའི་དབུ་ཚུགས་ཀྱི་ལྟ་གྲུབ་ཚུགས་ཐུབ་གཅིག་འོག་ནས་མི་རིགས་ཀྱི་རྩ་དིན་འཐབ་རྩོད་ལག་བསྟར་རང་བཞིན་ལྡན་པ་བྱེད་དགོས་ན་ངས་སྔར་མང་མང་ཞུས་ཟིན་པའི་བདེན་པའི་དབུ་ཚུགས་ཀྱི་སློབ་དཔོན་ཆེན་པོ་རྒྱ་གར་རྒས་པོ་བདག་ཉིད་ཆེན་པོ་དང་། ཨཧྥ་རི་ཀའི་མི་རིགས་ནག་པོའི་འཐབ་རྩོད་པ་ནན་སེན་མཎ་ཌ་ལ་མཆོག་དང་། འབར་མའི་དམངས་གཙོའི་འཐབ་རྩོད་པ་ལྕམ་ཨང་སཎ་སུ་ལ་སོགས་པ་ཁོང་རྣམས་པའི་མཛད་སྤྱོད་དང་རྗེས་སུ་མཐུན་པའི་སྒོ་ནས་དགྲ་བོས་འགྲམ་ལྕགས་གཞུས་ན་ཡང་འགྲམ་པ་གཞན་དེ་གཟེད་ནུས་པའི་སྙིང་སྟོབས་ལྡན་དགོས་པ་རེད་ལ། ལྷག་པར་དུ་ཆབ་སྲིད་ཀྱི་འཚོར་ཤུགས་རང་བཞིན་ལྡན་པའི་གཞུང་ལམ་དང་གཞུང་ཚབ། གལ་གནད་རང་བཞིན་ལྡན་པའི་ལས་ཁུངས་ཁག་གི་མདུན་དུ་ཐོན་ནས་མི་དམངས་ཀྱི་སྣེ་འཁྲིད་དགོས་པ་རེད། དེ་མིན་ཁྱིམ་གྱི་གཟིམ་ཕུག་ཏུ་བསྡད་ནས་ལྟ་གྲུབ་ཡང་དག་ག་ཚོད་ཡོད་མདོག་བྱས་ཀྱང་ནམ་མཁའི་མེ་ཏོག་དང་རི་བོང་རྭ་ལས་གཉིས་སུ་མ་མཆིས་སོ།
དེ་ནས་བོད་མང་ཚོགས་ཕྱི་མའི་ཡུལ་ནས་མ་གཏོག་དབུགས་གཏོང་ལེན་བྱེད་མི་ཆོག་པའི་ཁྲིམས་ལུགས་བཟོ་རྒྱུ་ཞིག་བླར་རྒན་གཉིད་མ་ཉལ་གོང་ནས་རྨི་ལམ་བཏང་བ་ཡིན་རྒྱུ་རེད་མ་གཏོག་དུས་རབས་དང་མི་རབས་གསར་པས་ནམ་ཡང་ངོས་ལེན་བྱེད་མི་སྲིད་པ་རེད་ལ། སློབ་མཚམས་བཞག་ནས་ཤར་གངས་རིའི་འདབས་ཀྱི་བྲག་ཕུག་ནང་བསྐོང་ནས་སྡུག་སྒོམས་བྱས་ན་ཡ་རབས་བཟང་སྤྱོད་ལ་ལྟ་མཁན་རེ་གཉིས་དེ་ཚོ་ས་ཕུག་ཁ་བྱང་ལྟ་ཁོ་ན་ལས་ཞེད་སྣང་བྱེད་དགོས་པ་ཅང་མཐོང་མ་སོང་ལགས།
དྲ་གྲོགས་ཀརྡོ་གཉེར་ཕྱག་པ་ལགས། དྲིན་ལན་ལོག་འཇལ་ལབ་ན་བོད་མང་ཚོགས་ཀྱི་གུས་བརྩི་དང་ཆེར་མཐོང་སྤྲད་པའི་བཀའ་དྲིན་གྱིས་གཏམ་སྙན་གྲགས་རྒྱས། བོད་མང་ཚོགས་ཀྱིས་སེམས་དཀར་གཞུང་དྲང་ཞིག་ལ་རློམ་ནས་ཡིད་ཆེས་བསྐྱེད་པའི་དབང་གིས་ཁ་རྗེ་དབང་ཐང་དར། འགྲོ་འདུག་ལྟ་གོས་ལ་སོགས་ལྷུན་གྱིས་གྲུབ་པའི་དབུ་ཁྲིད་ཞིག་གིས། གཏམ་རྦབ་རྡོ་འདྲ་ཕངས་ནས་བོད་མང་ཚོགས་ཀྱི་རེ་བ་གཞང་ཆུ་དོར་བའི་སྣང་བ་ཡང་མེད་པར། ཕྱིར་མིག་ཙམ་ཡང་མི་ལྟ་མཁན་ཞིག་གི་བྱེད་ལས་ལ་ཟེར་བ་རེད་དོ། ད་འགྲིག་སོང་ངམ།
མ་གཞི་ནས་ཀརྡོ་གཉེར་ཕྱག་པ་འདི་ག་བ་ག་ས་ལ་གཉང་མ་ཛར་ཛར་གཉང་སྐྱ་རྒྱུགས་རྒྱུགས་བྱེད་སྤྲོ་མཁན་ཞིག་ཡིན་ཏེ། འདོད་ས་མི་མཐུན་སའི་གནད་དོན་ཡོད་ན་ཁ་གསལ་བོ་བཟོ་རོགས་ཞུ་བ་ལགས།
དྲ་གྲོགས་གསེར་འབྲུག་ལགས། ཅུང་ཙམ་བྲེལ་ལ་ཡོད། ཁོམ་དུས་ཞིག་ལ་གཏམ་ལན་ཡུན་གྱིས་འདེབས།
རང་རྒྱུད་གདོན་གྱི་སྨྱོས་ནས་གང་བྱུང་སྨྱོས་བཤད་མཁན་གྱི་མི་ངན་ནག་ཐར་དང་། ཡོད་ཚད་ཁ་ལ་འཁྱེར་བཞིན་ནང་ཁུལ་དཀྲུགས་འདོད་ཀྱིས་བསམ་སྤྱོད་ཡལ་མ་མྱོང་བས་བོང་རྒན་གསེར་འབྲུག་ཅན་། གནས་ལུགས་ལ་རྨོངས་ཤིང་ཕྱོགས་རིས་ཡི་གདོན་གྱིས་སྨྱོས་པས་མི་ངན་མངའ་རིས་དང་། གཞན་ཡང་སྐྱག་འབུ་མེ་དཀར་དང་།རིགས་ཞེན་མིང་ཅན། སི་མིན་མིང་བྱང་རྗུན་མ་རེའི་འོག་ནས་གཡོ་རྒྱུའི་གཞན་མགོ་རྨོངས་ཐབས་སུ་བརྩོན་མཁན་གྱི་བསང་མྱུར་བ་དང་དོལ་ཚོགས་རྗེས་འགྲོངས་མཁན་དག་ནི་དུས་ནམ་ཡང་དྲ་ལམ་གང་སར་འཛུལ་ནས་རང་སྐྱོན་རི་རབ་ལྟ་བུ་ངོས་མ་ཟིན་པར་་་་གཞན་སྐྱོན་ཏིལ་འབྲི་ཙམ་ཞིག་ལ་ཡང་འུར་ཆེན་པོའི་སྒོ་ནས་སྐྱག་པའི་རྒྱབ་སྐྱོར་རྨྱོང་པའི་ཨེ་ཡོང་བལྟ་བཞིན་པ་འདི་ནི་ཆེས་དགོད་མོ་ཤོར་བྱེད་དང་སྙིང་རྗེའི་ཡུལ་ལས་མ་འདས། ད་དུང་སྐྱག་གོང་དུ་སྐྱག་འབུ་ཞིག་རྒྱུ་མཚན་ཤོད་ཤོག་ཟེར། ཧ་ཧ་ཧ་་་་ངས་ཁྱེད་ཚོ་ལ་རྒྱུ་མཚན་གང་ཡང་བཤད་མི་འདོད། གང་ཡིན་ཞེ་ན། བོང་རྒན་ཨ་མཆོག་ནང་དུ་གསེར་་བླུག་ནས་དགོས་པ་གང་ཡང་མེད་པས་སོ། མཁས་དབང་ཟམ་གདོང་མཆོག་གིས་བླ་མའི་བཀའ་བཞིན་སྒྲུབས་པ་ནི་ཆོས་དང་འཇིག་རྟེན་གང་གི་ཆ་ནས་ཆེས་གཟི་བརྗིད་ལྡན་པའི་བྱ་བཞག་ཞིག་ཡིན་པ་ལས་མ་འོས་པ་གང་ཡང་མིན། ཡིན་ཡང་ཁྱོད་ཚོར་ཁག་མེད། རང་རྒྱུད་དུག་གསུམ་གྱི་གདོན་གྱིས་ཟིན་ནས་ཕྱོགས་རིས་དང་སྒེར་མཁོན་སོགས་ཀྱིས་མ་བཟོད་པའི་དབང་གི་སྡུག་སྐད་ཤོར་བ་རེད། ཡིང་ཡང་རང་སེམས་འཕྲུག་རོགས་ལས་གང་ཡང་མེད་པར་མ་ཤེས་པ་ནི་ངོ་མ་ཤ་ཚ་དགོས་པ་དང་ཡིད་མུག་དགོས་པའི་སྐྱོ་གནས་ཞིག་ཅིའི་ཕྱིར་མིན། ཁྱེད་ཚོས་སྡུག་སྐད་ཇི་ཙམ་འདོན་ཡང་ཟམ་གདོང་པན་ཆེན་ལ་ནི་༧གོང་ས་ཡིད་བཞིན་ནོར་བུའི་དབུས་ལྷག་བསམ་དང་དྲང་བདེན་ལ་དགའ་བས་བསམ་ཡོད་བོད་མིའི་ཀུན་དང་། ལྷག་པར་དུ་ཡང་ཕྱི་ནང་མཁས་དབང་དུ་མའི་ཁོང་གི་མཁྱེན་རྩལ་དང་མཛད་རྗེས་ལ་འགྲམ་ཆུ་ལྡང་མཁན་དང་ཡིད་སྨོན་ཤོར་མཁན་ནི་རེ་རེ་བཞིན་བརྗོད་ཀྱི་མི་ལོང་། ད་དུང་ཁྱོད་ཚོས་དགོས་པ་མ་འགྲུབ་བར་དུ་ངུ་ཟུག་བྱོས་དང་ལྟད་མོ་བལྟ་འདོད་ཡོད། དེ་མིན་ཁོང་གིས་མཛད་འཕྲིན་ལ་མི་བཟོད་པའི་བློ་ངན་འགོགས་མི་ཐུབ་ཚེ་མིག་ནང་ཐལ་བ་ཐོབ་དང་་་་དེས་ཀྱང་མ་ཕན་ན་རང་ཤི་རྒྱག་རྒྱུ་ལས་གང་ཡང་ལྷག་ཡོད་པ་མ་རེད། ཤེས་ཡོན་དང་རྣམ་དཔྱོད་ནི་་མི་ཚེ་འདི་མི་དགོས་ཚེ་རབས་ཕྱི་མ་རྣམ་སུ་ཡང་ཁོང་ལ་བསྡུར་མི་ནུས་པ་ནི་ད་ལྟིའི་ཁྱོད་ཚོས་ཀུན་སྤྱོད་དམར་ཧྲང་མ་འདིའི་གསལ་འདུག །་ཧ་ཧ་ཧ་ཧ་ཧ་་་སྙིང་རྗེ་་་་་་་་་་་་་་་་
ཡ་མཚན། ཟམ་གདོང་རིན་པོ་ཆེ་ཁྲི་ལས་ཕོས། ད་ལྟ་རྒྱལ་བ་རིན་པོ་ཆེའི་སྒེར་གྱི་ཡིག་ཚང་གི་དྲུང་སྤྱི་ལྟ་བུ་རེད། བཀའ་བློན་ཁྲི་པ་ཡིན་དུས་རྙོག་ཁྲ་འདི་དག་ཤོད་ཕོད་པ་དགོས། མི་ས་ལ་ལྷུང་བ་དང་ལམ་གསེང་རྡོག་རྡོ་འབུད་པ་ལྟ་བུ་བླ་རྡར་མའི་སྤྱོད་པ་རེད།
༤༠༽ ནག་ཐར་སྐྱིད་ནས།
སྤྱི་ལོ་ ༢༠༡༣ ཟླ་ ༡ ཚེས་ ༡༠ གི་ཆུ་ཚོད་ ༡༩ སྐར་མ་ ༡༣
དྲ་གྲོགས་ཀརྡོ་གཉེར་ཕྱག་པ་ལགས། དྲིན་ལན་ལོག་འཇལ་ལབ་ན་བོད་མང་ཚོགས་ཀྱི་གུས་བརྩི་དང་ཆེར་མཐོང་སྤྲད་པའི་བཀའ་དྲིན་གྱིས་གཏམ་སྙན་གྲགས་རྒྱས། བོད་མང་ཚོགས་ཀྱིས་སེམས་དཀར་གཞུང་དྲང་ཞིག་ལ་རློམ་ནས་ཡིད་ཆེས་བསྐྱེད་པའི་དབང་གིས་ཁ་རྗེ་དབང་ཐང་དར། འགྲོ་འདུག་ལྟ་གོས་ལ་སོགས་ལྷུན་གྱིས་གྲུབ་པའི་དབུ་ཁྲིད་ཞིག་གིས། གཏམ་རྦབ་རྡོ་འདྲ་ཕངས་ནས་བོད་མང་ཚོགས་ཀྱི་རེ་བ་གཞང་ཆུ་དོར་བའི་སྣང་བ་ཡང་མེད་པར། ཕྱིར་མིག་ཙམ་ཡང་མི་ལྟ་མཁན་ཞིག་གི་བྱེད་ལས་ལ་ཟེར་བ་རེད་དོ། ད་འགྲིག་སོང་ངམ།
མ་གཞི་ནས་ཀརྡོ་གཉེར་ཕྱག་པ་འདི་ག་བ་ག་ས་ལ་གཉང་མ་ཛར་ཛར་གཉང་སྐྱ་རྒྱུགས་རྒྱུགས་བྱེད་སྤྲོ་མཁན་ཞིག་ཡིན་ཏེ། འདོད་ས་མི་མཐུན་སའི་གནད་དོན་ཡོད་ན་ཁ་གསལ་བོ་བཟོ་རོགས་ཞུ་བ་ལགས། ཟེར།
མཁས་དབང་ཟམ་གདོང་བླ་མ་བཀའ་དྲིན་༸སྐུ་ཚེ་ཡུནད་ཏུ་བརྟན་པའི་སྨོན་ལམ་ཡོད་ལགས། བོད་རིགས་རྒྱལ་ལོ། །
ཟམ་གདོང་སྤྲུལ་སྐུ་ཁྱེད་ལྟ་བུའི་མཁས་དབང་བཀའ་དྲིན་ཅན་བོད་པའི་སྤྱི་ཚོགས་ནང་ལ་མང་ཙམ་ཡང་ནས་ཡང་དུ་འཁྲུངས་པར་ཤོག །
ཟབ་གདོང་བླ་མ་གཞུང་ཞབས་ལོ་མང་གནང་བ་རེད། ངའི་བཀའ་དྲིན་བརྗེད་མེད། གྲུབ་འབྲས་ཐོན་དང་ཐོན་དོན་དག་ཐ་དད་རེད། སྲིད་སྐྱོང་བློ་སེང་ནི་དེ་སྔ་གཞུང་ཞབས་བྱས་མྱོང་མེད། བློ་བུར་དུ་་སྤྲུལ་སྐུ་ངོས་འཛིན་གནང་བ་ནང་བཞིན་ཁྲི་ཐོག་ཏུ་མི་མང་ནས་བཞག་པ་རེད། གྲུབ་འབྲས་ག་འདྲ་ཐོན་མིན་བལྟ་རྒྱུ་རེད། ཡང་འགའ་ཞིག་གི ཟབ་གདོང་བླ་མའི་རྐངཔ་འཐེན་འདུག་ཟེར། ་དེ་ནི་ཁོ་རང་བཀའ་ཁྲིའི་དུས་ཡུན་རྫོགས་མཚམས་རང་བཞིན་གྱི་རྐང་པ་མར་བབས་པ་རེད། གཞན་གྱི་རྐང་པ་འཐེན་དགོས་དོན་མེད།
འདིར་འཛོམས་པའི་དྲ་གྲོགས་བཀའ་གྱོན་གནང་མཁན་ཚོ་ཡིན་ཀྱང་ཆོག རྒྱབ་སྐྱོར་གནང་མཁན་ཚོ་ཡིན་ཀྱང་རུང་། ལྷག་བསམ་བཟང་བོ་ཞིག་བསྐྱེད་ནས་དགོངས་ཚུལ་གསུང་རོགས། རྒྱུ་མཚན་གང་ཡང་མེད་པར་སྡུག་སྐད་ཁོ་ན་མི་རྒྱག་པར་རེ་བས་བལྟས་ཡོད། ཁོ་བོས་ཟམ་གདོང་བླ་མ་ལ་ལས་འདེད་ཕྱོགས་གཉིས་ནས་བྱེད་ཀྱིན་ཡོད་པ་དེ་བཞིན་རེ་བ་གཉིས་རྒྱག་བཞིན་ཡོད། དེར་བརྟེན་དྲ་གྲོགས་ཚོས་བརྗོད་གཞི་དང་འགྲེལ་བའི་གླེང་མོལ་བྱེད་རོགས། ལས་འདེད་དང་པོ་དེ་སྲིད་ལུགས་ཀྱི་སྟེང་ནས་ཡིན། བདེན་པའི་ཨུ་ཚུགས་ཀྱི་ཐབས་ལམ་འདི་བོད་མང་ཚོགས་ནམ་ཡང་མེད་དུ་མི་རུང་བའི་ལམ་སྣེ་ཞིག་ཡིན་པས་ཆ་ནས། ཟམ་གདོང་བླ་མ་ལ་ཐབས་ལམ་འདི་ལག་ལེན་ལ་བསྟར་མ་ཐུབ་པའི་རྒྱུ་མཚན་གང་ཡིན་དེ་གསལ་བོ་གསུང་རོགས་ལབ་ཀྱིན་ཡོད། དེ་ག་ནང་བཞིན་ལས་འདེད་གཉིས་བ་དེ་བོད་ཀྱི་ཤེས་ཡོན་སློབ་གསོ་ཡི་སྐོར་ནས་ཡིན། བོད་ཀྱི་སྲིད་ཁྲི་ལ་མི་ལོ་བཅུ་བཞུགས་བའི་དུས་ཡུན་ནང་ད་ལྟ་བོད་མང་ཚོགས་ཁྲོད་སློབ་གསོའི་ཁ་ཕྱོགས་སྟོན་བཞིན་པའི་བསམ་ཕྱོགས་འདི། ལག་ལེན་ལ་བསྟར་མ་ཐུབ་པའི་རྒྱུ་རྐྱེན་གང་ལ་ཐུག་ཡོད་བ་རེད་ལབ་ནས། དངོས་ཡོད་གནས་སྟངས་དེ་གསལ་བོ་བཟོ་རོགས་ལབ་ཀྱིན་ཡོད། དེ་ལུགས་གྱིས་རང་ཉིད་ཀྱི་རེ་བ་ལྟར་བོད་མི་སློབ་ཕྲུག་ཚོ་ཡང་རྒྱལ་སྤྱིའི་གནས་རིམས་ཀྱི་སློབ་གསོའི་ཁ་ཕྱོགས་ཤིག་དགོས་བ་ལས། ན་ཚོད་ལས་བརྒལ་བའི་སློབ་གསོ་རིམ་པ་དེ་སྐབས་འདིར་ལས་འགན་ལྕི་མོ་རེད་བསམ་པ་དེ་ཙམ་མོ། དེ་མ་གཏོགས་གདོན་གྱིས་བཟུང་ནས་སྨྱོ་ལབ་གང་ཡང་བྱས་མེད། འཆལ་གཏམ་སྤེལ་ནས་ཉོག་དྲ་བཟོ་འདོད་ཀྱི་དམིགས་ཡུལ་བཅངས་མཁན་ཞིག་མིན་ཚེ། བསམ་ཚུལ་གཅིག་བཤད་རུང་བརྗོད་དོན་འགྲེལ་བ་ཡོད་པ་ཞིག་གསུངས་རོགས་ཞུ་རྒྱུ་ཡིན། དེ་མ་གཏོགས་ཁ་མ་གྲགས་ན་ཡང་ཆོག ཐུགས་རྗེ་ཆེ།
#༩ རིགས་ཞེན་དཀར་པོ། ཁྱེད་ལྐུག་པ་ཡིན་པའི་ལྐུག་རྟགས་གསལ་པོ་བསྟན་འདུག
ནག་ཐར་སྐྱིད་ནག་པོ། སེམས་པ་ལྷོད་ཕོབ་སྡོད་དང་གནད་ལ་ཁེལ་བ་ཞིག་བྲིས་འདུག ནང་དོན་བཤད་ན་བླ་གྲྭ་ཚོར་སྲིད་སྟེགས་མི་མཛའ་ཟེར་བ་དེ་བདེན་པ་རེད། ཟམ་གདོང་བླ་མ་མཁས་པ་རེད། འོན་ཀྱང་སྲིད་ཀྱི་ཤེས་རྒྱ་མེད་པ་དེ་ཁོ་རང་གིས་ཀྱང་གསུང་ཡོད་པ་རེད་༼༼ངས་བཤེས་གཉེན་བརྟེན་ཚུལ་ཀྱི་ལམ་ཁོ་ན་སྟེ་བླ་མའི་བཀའ་བཞིན་སྒྲུབ་པ་ལས་སྲིད་ཀྱི་ཕྱོགས་ལ་གང་ཡང་མི་ཤེས་༽༽ཞེས་གསུང་ཡོད་པ་རེད།
ཟམ་གདོང་བླ་མའི་སྐུ་ཚེ་ཡུན་ཏུ་མི་བརྟན་པའི་སྨོན་ལམ་དང་། ཡང་སྤྲུལ་ཡང་མི་འབྱུང་བར་ཤོག། དེ་ནས་ཟམ་གདོང་གི་ཨབ་ཕྲུག་འཇམ་གཅེས་དང་ཤར་ཁུག་ཟེར་བ་སོགས་སེམས་པ་ཤིན་ཏུ་སྐྱོ་ནས་མིག་ཆུ་རང་དབང་མེད་པར་ཤོར་ནས། མཐར་མིག་རིལ་ཡང་ས་ལ་ལྷུང་བར་ཤོག།
ཧ་ཧ་ཧ་ཧ་་་བཀྲ་ཤིས་རྒྱལ་ཁྱོད་སྙིང་རྗེ་་སྐྱག་ཕྲུག་་་ཟམ་གདོང་བླ་མའི་ཡོང་སྤྲུལ་དགའ་ལྡན་ཕོ་བྲང་གི་བླ་བྲང་ནས་བདག་པོ་གནང་ངེས་རེད། ཁྱོད་ཀྱིས་སྨོན་ལམ་ལོག་པ་དེའི་རང་གིས་དེ་ཉིད་སྟོན་བྱེད་ཙམ་ལས་གཞན་གང་ཡང་མི་ཕན་་་་ཧ་ཧ་ཧ་ཧཧ་་་་་་ད་དུང་དྲ་འབུ་འཁྱམས་པོ་ཟེར་མཁན་དེའི་བཤད་སྟངས་ལ་གཅིག་གཟིགས་དང་དྲ་གྲོགས་ཚོ། མི་ལ་ངོ་ཚ་མེད་ན་ཁྱི་ཟེར། ཁྱི་ལ་རྔ་མ་མེད་ན་ཐན་ཟེར། ངོམ་ཅི་མ་བདེན་་་་་དྲ་འབུ་ཁྱོད་ཚོས་བཤད་སྟངས་འདིའི་ངོ་མ་ང་སྙིང་རྗེ་ཡོང་གི་འདུག་་་་་་་་་
དོན་མེད་མུ་ཅོར་སྨྲ་མཁན་དང་སྐལ་མེད་ས་ནས་སྐེ་སྲིང་ནས་ཡོང་མཁན་རྨོངས་རྒན་ཁ་ནག་ནམ་ཞར་ཞར་ལ་ཟམ་གདོང་བླར་རྒན་གླེང་ཡོང་དུས་སྡུག་སྙིང་གས་གྲབས་ཀྱིས་བྲང་ལ་སྦར་ཤད་བརྒྱབ་ཀྱིན་ངན་སྨད་ཡོད་དགུ་བོར་མཁན་དེར་དྲ་གྲོགས་ཚོས་ཁ་ཡ་མི་བྱེད་པར་བོང་བུ་རྐྱང་ནག་ཁེར་རྒྱུགས་བྱེད་དུ་འཇུག་རྒྱུ་དེ་གལ་ཆེན་པོ་རེད།
ལོག་སྤྱོད་པ་གསེར་འབྲུག་གཙོས་ཕྱི་དགྲ་དང་ཐུག་དུས་མར་དང་འདྲ་བ། ནང་གྲོགས་དང་ཐུག་དུས་ལྕགས་འདྲ་བས་དུ་འགྲོ་མི་གཟུགས་ཅན་ཚོ་ཉོན་ཤིག །ཁྱེད་ཚོས་མཐོང་མི་འདོད་པ་ནི་ང་ཡིས་མཆན་དང་། ཐོས་མི་འདོད་པ་ནི་ང་ཡིས་མིང་རེད། ཡིན་ཡང་དུས་ཇི་སྲིད་ནམ་གནས་བར་དུ་ངས་ཁྱེད་ཚོས་གང་འདོད་བཟོ་བཅུག་དགོས་ན་ང་བུ་མིན་པའི་རྟགས་ཡིན། དེ་སྔོན་ད་བར་དུ་མི་ངན་ཁྱོད་ཚོས་ཡོད་ཚད་ཁ་ལ་འཁྱེར་ཏེ་འོ་མའི་རྒྱ་མཚོ་ནང་ཁྲག་གི་ཐིག་པ་ག་ཚོད་བཟོས་ཡོད་མེད་ངས་སེམས་སུ་གསལ་གསལ་ཐིག་ཐིག་མེད་པ་ག་ལ་ཡིན། ཡིན་ཡང་སྨྱོན་པ་ལ་ཡ་ལན་བྱས་ན་རང་ཉིད་སྨྱོན་པ་ཡིན་པའི་རྟགས་ཟེར་སྲོལ་བཞིན་འདས་པས་ལོ་མང་རིང་བཞག་པ་ཡིན། ཡིན་ཡང་རང་ངོ་རང་གི་མི་ཤེས་པའི་མི་ངན་ཁྱོད་ཚོས་ཚད་ཚོམས་མེད་པར་ནང་ཁུལ་དཀྲུགས་ཤིང་བཟོ་འདོད་ཀྱི་ངན་ཇུས་དང་ལྐོག་ཤོམ་མཚམས་མ་ཆད་བར་དུ་ངས་ཀྱང་རྗེས་འདེད་བཟོ་ངེས་ཡིན། གོང་སྨོས་དྲ་འབུ་དག་དང་དེ་མིན་གཞུང་དང་༧གོང་ས་མཆོག་དེ་བཞིན་སྲིད་ཞུ་བ་དག་ལ་རྒྱུང་མཚན་གང་ཡང་མེད་པར་སྒེར་གྱི་འཁོན་དང་། རྒྱ་དམར་རྒྱུག་ཁྱི་ཚང་མ་ལ་དེ་བཞིན་ཡིན། ད་དུང་རང་ཉིད་ཀྱིས་དགྲ་བོའི་མངོན་འདོད་སྒྲུབ་བཞིན་དུ་མི་ལ་ཡ་ལ་འཛུགས་མཁན་ཚོ་ལ་ཡང་དེ་བཞིན་ཡིན། མ་འདོད་ན་སྡུག་གྱོང་བྱོས་་་་་
མི་ཆེན་དཔོན་ལ་ངོ་དགའ་བཤད་མཁས་པ།
ཉམ་ཆུང་དམངས་ལ་བཙན་གནོད་བྱེད་སྦྲོ་བའི།
འཇམ་གཅེས་ལག་པའི་ནང་གི་སྨྱུག་གུ་འདི།
དམངས་གཙོའི་འགོ་བོ་རྡུང་བའི་ཐོ་བ་ཉིད།།
ཕྱུག་པོའི་མི་ལ་སྤྲེལ་ལད་ཁྲམ་མཁས་པ།
སྦྲང་པོའི་བུ་ལ་མཐོང་ཆུང་བྱེད་སྦྲོ་བའི།
ལྟོ་འཚོལ་ལག་པའི་ནང་གི་སྨྱུག་གུ་འདི།
སྤྱི་ཚོགས་རུལ་སུངས་སྒྱུར་བའི་སྨྱུག་གུ་ཉིད།།
དགྲ་དང་ཐུག་དུས་འཚེ་མེད་ཞི་བདེ་བཤད།
གཉེན་དང་ཐུག་དུས་འཚེ་བའི་ཉེས་མིང་འགོད།
དགྲ་གཉེན་མགོ་མཇུག་ལྡོག་པའི་སྨྱུག་གུ་འདི།
གངས་རིའི་ཕ་ཆོས་གཏོར་བའི་སྨྱུག་གུ་ཉིད།།
ལོག་རྟོག་བསལ་བའི་གཏན་ཚིག་རིག་པ་མེད།
དངོས་ཡོད་བཤད་པའི་ལོ་རྒྱུས་རིག་པ་མེད།
ཤེས་མེད་ལག་པའི་ནང་དུ་སྨྱུག་གུ་འདི།
སྤྱི་ཚོགས་དཀྲུགས་ལ་སྦྱོར་བའི་སྨྱུག་གུ་ཉིད།།
རྒྱུ་ཆེན་དཔོན་ལ་བསྟོད་གླུ་ལེན་མཁས་པ།
ལྐོག་ཟ་དཔོན་གྱི་སྐྱག་ཁུ་འཐུང་སྦྲོ་བའི།
སྤྲང་ཕྲུག་ལག་པའི་ནང་གི་སྨྱུག་གུ་འདི།
ལྐོག་ཟ་རུལ་སུངས་བྱེད་པའི་སྨྱུག་གུ་ཉིད།།
དྲང་པོའི་ལམ་ནས་དྲང་གཏམ་བཤད་དང་གཅིག །
བདེན་པའི་ལམ་ནས་རྣག་ཐོག་གཙག་འཁེལ་གཉིས། །
དྲ་བའི་འབུ་སྲིན་བསོད་བྱེད་མདའ་མོ་འདི། །
དྲ་འབུ་ཅོ་རིའི་སྙིང་དུ་ཟུགས་པར་ལེགས། །
སྤྱི་སེམས་ཁ་འཁྱེར་ལྟ་ལོག་འབྱུང་བྱ་ཚོགས། །
བདེན་དོན་ལྟ་བདུན་དབང་པོའི་གཟི་དཔལ་ལ། །
སྨག་རུམ་སྟུག་པོར་མཐོང་བ་སྔོན་གྱི་ལས། །
དྲང་སྲོང་རྒན་པོ་ཐུགས་སེམས་ཁྲེལ་བས་རྒྱུ། །
ཉམ་ཆུང་དམངས་ཀྱི་གཉའ་ནས་མི་གནོན་ཞིང་།
སྒེར་གཅོད་མདུན་དུ་པུས་མོ་མི་བཙུགས་པ།
བུ་སྡུག་ཅོ་རིའི་དམ་ཚིག་དང་པོ་སྟེ།
སྲོག་ལ་འབབ་ཀྱང་འབད་པས་སྲུང་བ་ངེས།།
དྲང་པོའི་གཏམ་ལ་བདེན་ཁ་མི་སྟེར་ཞིང་།
སྒེར་གཅོད་མདུན་དུ་ཕྱག་རྒྱ་བཅལ་མཁས་པ།
དྲ་དཔོན་འཇམ་གཅེས་དམ་ཚིག་དང་པོ་སྟེ།
མི་རིགས་ཤི་ཡང་འབད་པས་སྲུང་བ་ངེས།།
དྲང་སྲོང་རྒད་པོའི་ཐུགས་སེམས་བདེ་འདོད་ན།
དབེན་པའི་རི་ཁྲོད་ཕྱོགས་སུ་ཕེབས་རོགས་བྱོས།
ལྷ་ཆོས་གཙང་མར་ཉམས་ལེན་བྱེད་འདོད་ན།
རྒྱ་སྒྱུར་སྲིད་ཇུས་སྤེལ་མཚམས་བཞག་རོགས་བྱོས།།
ཉམ་ཆུང་འབངས་མིས་ཁ་ལག་ཟ་དགོས་ཡོད།
རྒྱལ་ཁབ་མི་རིགས་སྲུང་སྐྱོབ་བྱེད་དགོས་ཡོད།
རང་དབང་རང་བཙན་འཐབ་རྩོད་བྱེད་དགོས་ཡོད།
འཇིག་རྟེན་འཁོར་བའི་ཕ་ཆོས་སྐྱོང་དགོས་ཡོད།།
ཁ་ནས་ལ་རྒྱ་འཆད་དུས་རིགས་བཟང་འདྲ། །
ཁོག་ནས་གཡོ་སྒྱུ་འཁྲབ་དུས་ཁྲམ་པ་དངོས། །
ཌ་རི་འདྲ་བས་མགོ་གཉིས་ཅོ་རི་བ། །
ཕྲག་དོགས་མེ་ལྕེ་འབར་བར་ཡ་རེ་ངལ། །
ཡོད་ཚད་ཁ་རུ་འཁྱེར་དུས་དཔའ་བོ་དངོས། །
བསམ་ཚད་ཁ་ནས་བཤད་དུས་མཁས་པ་དངོས། །
མཐོང་ཚད་ལོག་པར་འཛིན་པའི་ལོག་སྤྱོད་དངོས། །
ཐོས་ཚད་དོན་མེད་བལྟ་བས་བོང་རྒན་དངོས། །
ཅོལ་ཆུང་ཅོ་རི་མིང་ཅན་ཡིད་རེ་མུག །
རྣམ་དཔྱོད་བློ་མིག་ཞར་བར་ཡ་རེ་ངལ། །
རང་སྣང་རི་ལས་མཐོ་བ་ཞེ་རེ་ཁྲེལ། །
རང་ངོ་རང་གིས་མ་ཟིན་ཤ་རེ་ཚ། །
ཁ་ནས་མི་རིགས་ལ་རྒྱ་འཆད་བཞིན་དགྲ་ལ་བརྩི་བཀུར་བྱས་མྱངས་མེད།
ཁོག་ནས་གཡོ་སྒྱུས་འཕྲུལ་འཁོར་སྐོར་བཞིན་ལས་དང་རྒྱུ་འབྲས་བཤད་མྱངས་མེད།
ཁ་ནས་མི་རིགས་རྒྱལ་ཁབ་གླེང་ཞོར་བཙན་བྱོལ་བོད་གཞུང་གཏོར་མྱངས་མེད།
ཁོག་ནས་རྒྱ་ཁྲིམས་དམར་པོར་བསམ་བཞིན་དམངས་གཙོའི་ལྟ་གྲུབ་འཆད་མྱངས་མེད།
ཌ་རི་འདྲ་བའི་ངོ་གཉིས་མ་ཡིས་བོད་སྡང་རྒྱ་དགའ་བྱས་མྱངས་མེད།
དྲིལ་བུ་འདྲ་བའི་སྐད་གཉིས་བརྒྱབ་ནས་ལྷ་འདྲེའི་དཀྲུགས་ཤིང་བརྒྱབ་མྱངས་མེད།
དངོས་ཡོད་བདེན་པ་ཁོག་ལ་སྦས་ནས་རྫུན་གཏམ་གླིང་ལ་བསྒྲགས་མྱངས་མེད།
རང་ངོ་རང་གིས་ཟིན་པ་མེད་ནས་རྒྱ་རིགས་སྤུན་ཟླ་འབོད་མྱངས་མེད།
ཨ་རོགས་འཇམ་གཅེས་མི་ལུས་ལེན་ཀྱང་མི་ཆེན་དཔོན་པོའི་ཕྲན་གཡོག་ཙམ།
ཨ་རོགས་འཇམ་གཅེས་དཔའ་ངར་ཆེ་ཡང་སྨྱུག་རྩེ་གཏད་ས་ཉམ་ཆུང་ཙམ།
ཨ་ཕོ་འཇམ་གཅེས་ལ་རྒྱ་ཆེ་ཡང་བསྟོད་གླུ་ལེན་ས་རྒྱལ་བཙོང་ཙམ།
འདི་འདྲའི་མི་ཡི་མི་ལུས་འདི་ནི་འགྲོ་བ་མི་ཡི་གད་སྙིགས་རེད།།།
དྲང་བོའི་མི་ལ་འཁྱོག་པའི་ལམ་སྟོན་པ།།
ཇག་རྐུན་ཞོར་ལ་ཁྱི་རྐུན་དར་དང་འདྲ།།
ཟམ་གདོང་རྗེས་ན་འཇམ་གཅེས་འདུར་ལུགས་འདི།།
འ་འུར་གཏམ་གྱིས་དཀྲོགས་བའི་བླུན་པོའི་གཤིས།།
་་་་་་་་་་ཀུ་རེ་ཡིན་ད།
རང་སྣང་གངས་ཅན་རི་ལས་མཐོ་བའི་དྲང་བདེན་མི་ཚེའི་སྤོབས་པ་ཡོད།
རང་སེམས་གངས་རིའི་འོད་ལས་གསལ་བའི་དངོས་ཡོད་བདེན་པའི་ལོ་རྒྱུས་ཡོད།
རང་རྟོག་གངས་རིའི་མདོག་ལས་དཀར་བའི་རྟོག་གེ་རིག་པའི་སྒྲུབ་བྱེད་ཡོད།
རང་ལུས་གངས་རིའི་ཆུ་ལས་གཙང་བའི་བཙན་པོ་བོད་ཀྱི་ཟུངས་ཁྲག་ཡོད།
་་་་་་་་་་་
ཨ་ཕོ་འཇམ་གཅེས་ལ་རྒྱ་ཆེ་ཡང་བསྟོད་གླུ་ལེན་ས་རྒྱལ་བཙོང་ཙམ།
འདི་འདྲའི་མི་ཡི་མི་ལུས་འདི་ནི་འགྲོ་བ་མི་ཡི་གད་སྙིགས་རེད།།། ་་་་་ཟེར།
ཕ་བསད་དགྲ་བོའི་མངོན་འདོད་མ་ཤེས་ཤེས་ཡོན་ཅན་ཞིག་ཞིག་ཡིན་པར་རློམ། །
ཕ་མའི་ལ་རྒྱ་གང་ཡིན་མ་ཤེས་ཤེས་མདོག་འཁྲབ་ནས་བླུན་རྟགས་མངོན། །
ཕ་ཆུས་གསེར་མཁར་སྟ་རེའི་བཤིགས་ནས་ཕོར་ཆུས་འཚོལ་བས་ཕུང་རྒན་དང་། །
ཕ་མས་བརླ་འཚོང་ཅོ་རི་ལ་སོགས་སྐྱག་འབུ་འབྱུང་པོའི་ཚོགས་ཀུན་ཉོན། །
ཡ་རྗེ་བླ་མ་བསྟན་འཛིན་རྒྱལ་མཚོའི་སྲས་ཀྱི་ཐུ་བོ་གཅིག་པུ་མཆོག །
མ་ཧ་པཎ་ཆེན་མཚན་གྱིས་མཛེས་པས་ཟམ་གདོང་གདོང་མངའི་དབང་པོ་ལ། །
མ་རྟོགས་ལོག་རྟོགས་ལོག་པར་བལྟ་བས་ཕུང་རྒན་སྐྱག་ཟན་དུ་འགྲོའི་ཚོགས། །
ཞིང་བཅུ་ཚང་བས་བསྟན་དགྲ་ཞེས་པ་ཁྱོད་ཚོ་ལས་གཞན་གང་དུ་ཡོད། །
རང་མདོག་མངོན་པར་རང་གི་མ་མཐོང་ད་དུང་བཞན་སྐྱོན་འཚོལ་བ་འདི། །
ཀྲིག་ཀྲིག་རྒྱལ་པོའི་དམིགས་ལྟས་མིན་ན་གང་ཞིག་ཡིན་མིན་གྲོགས་ཚོས་གཟིགས། །
ངོ་ཚ་མེད་པ་ཁྱི་དང་འདྲ་བས་གསེར་འབྲུག་མེ་དཀར་མངའ་རིག་དང་། །
བསམ་ཤེས་མེད་པར་ཕག་དང་འདྲ་བས་ནག་ཐར་ཀརྡོ་ཡིད་རེ་མུག །
ད་དུང་སྐྱག་འབུ་ཝ་ཚོགས་བོང་རྒན་མི་གཟུགས་ཅན་ཚོ་སྙིང་རེ་རྗེ། །
རང་གིས་དེ་ཉིད་ཕྱི་རུ་མངོན་ཡང་རང་ངོས་མ་ཟིན་ཤ་རེ་ཚ། །
ཐན་བྱ་འུག་པའི་མིག་ལ་གཟན་པའི་ལྟ་བདུན་དབང་པོའི་འོད་ཟེར་ལྟར། །
སྐྱག་འབུ་འབྱུང་ཚོགས་ཡིད་སེམས་དཀྲུགས་པའི་ཟམ་གདོང་པཎ་ཆེན་ངོ་མཚར་ཆེ། །
འཇམ་གཅེས་ལགས་་་བཟའ་ཉི་མའི་སྔ་དྲོ་བདེ་ལེགས།།
ཕ་གསོད་དགྲ་བོའི་མངོན་འདོད་ཇི་བཞིན་རང་བཙན་པ་ལ་རྒོལ་མྱངས་མེད།
ཕ་མའི་ལ་རྒྱ་ཅི་ཡིན་མ་ཤེས་ཆུ་སྒང་དགྲ་རུ་འཛིན་མྱངས་མེད།
ཕ་མེས་གསེར་མཁའ་རང་བཙན་དོར་ནས་ཕོར་ཆོས་རང་སྐྱོང་བསམས་མྱངས་མེད།
ཕ་མའི་བླ་སྲོག་དགྲ་ལ་བཙོང་ནས་གཉིས་ཕན་གླུ་དབྱངས་ལེན་མྱངས་མེད།།
མི་རིགས་ལ་རྒྱ་སེམས་ནས་དོར་ཏེ་རྒྱ་རིགས་སྤུན་ཟླ་འབོད་མྱངས་མེད།
མི་རིགས་ཐོབ་ཐང་བློ་གཏོང་བྱས་ནས་རྒྱ་འོག་བཙན་དེད་བྱས་མྱངས་མེད།
མི་རིགས་ཤི་ཡང་ཅི་མི་སྙམ་བཞིན་ཆོས་ལུགས་རྨོངས་དད་བྱས་མྱངས་མེད།
མི་རིགས་འཐབ་རྩོད་བློ་གཏོང་བྱས་ནས་བླ་མའི་བཀའ་བཞིན་སྒྲུབ་མྱངས་མེད།
ཚེ་བརྟན་སྒྲོལ་མས་མེས་རྒྱལ་བསྟོད་པའི་འགྱུར་ཁུག་རུས་མེད་འདི་དང་གཅིག
ཟབ་གདོང་བླ་མས་དགྲ་ལ་བརྟེན་མཁས་གཏམ་བཤད་ཁྲག་མེད་འདི་དང་གཉིས།
འཇམ་གཅེས་མཁས་པས་གཉེན་ལ་སྡང་བའི་མཆན་བུ་རྩ་མེད་འདི་དང་གསུམ།
ཕ་གཞི་ཕྲོགས་མཁན་གུན་ཁྲན་ཏང་གི་ཏང་ཡོན་དཔའ་བོ་རྣམ་གསུམ་རེད།།།
ཕ་མེས་རྒྱལ་ཁབ་བློ་གཏོང་བྱེད་མཁན་འགྲོ་བ་མི་ཡི་གད་རྙིགས་རེད།
དམར་པོའི་རྩ་ཁྲིམས་མགོ་ལ་ཁུར་མཁན་དམངས་གཙོའི་ཡུལ་གྱི་དུར་འགྲོ་རེད།
རྒྱལ་རབས་ལོ་རྒྱུས་འཁྱོག་བཤད་མཁན་པོ་ལོ་རྒྱུས་སྨྲ་བའི་རྐང་འདྲེན་རེད།
དད་ལྡན་དམངས་ཚོགས་སླུ་འཁྲིད་བྱེད་མཁན་ཆོས་ལུགས་པ་ཚོའི་ཞབས་འདྲེན་རེད།།
བཙན་བྱོལ་སྲིད་གཞུང་ལ་རྐྱེན་ངན་ཆགས་སྒོ་ཆེ་ཤོས་དེ་སྐུ་ཞོ་ཟམ་གདོང་གིས་ལོ་བཅུའི་རིང་འཛིན་སྐྱོང་བྱས་པ་དེ་རེེད།
ཕ་བསད་དགྲ་བོའི་མངོན་འདོད་མ་ཤེས་ཤེས་ལྡན་མིག་ཅན་ཞིག་ཏུ་རློམ། །
ཕ་མའི་སེམས་ཀྱི་ལ་རྒྱ་མ་ཤེས་ཤེས་མདོག་བསྟན་འདི་བླུན་པོའི་རྟགས། །
ཕ་ཇུས་གསེར་མཁར་སྟ་རེས་བཤིགས་ནས་ཕོར་ཇུས་འཚོལ་བས་ཕུང་རྒན་དང་། །
ཕ་མའི་བརླ་བཙོང་གདོན་མྱོས་སྐྱག་འབུ་དྲྭ་འབུའི་རིགས་གཏོགས་ཚོགས་ཀུན་ཉོན། །
ཡ་རྗེ་བླ་མ་བསྟན་འཛིན་རྒྱལ་མཚོའི་སྲས་ཀྱི་ཐུ་བོ་ཟླ་མེད་པ། །
མ་ཧ་པཎ་ཆེན་མཚན་གྱིས་རབ་མཛེས་ཟམ་གདོང་གདོང་མངའི་དབང་པོ་ལ། །
མ་རྟོགས་ལོག་རྟོགས་ལོག་པར་ལྟ་བའི་ཕུང་རྒན་སྐྱག་ཟན་དུ་འགྲོའི་ཚོགས། །
ཞིང་བཅུ་ཚང་བས་བསྟན་དགྲ་ཞེས་པ་ཁྱེད་ཅག་ལས་གཞན་གང་དུ་འཚོལ། །
རང་མདོག་ངན་པ་རང་གིས་མ་མཐོང་ད་དུང་བཞན་སྐྱོན་ཁོ་ན་འཚོལ་བ་འདི། །
ཀྲིས་ཀྲིས་རྒྱལ་པོའི་དམིགས་ལྟས་མིན་ན་དེ་ཉིད་གང་ཡིན་གྲོགས་དག་སོམས། །
ངོ་ཚའི་གོས་བྲལ་ཁྱི་དང་འདྲ་བས་དྲ་འབུ་ཁྱེད་ཅག་ཡིད་རེ་མུག། །
བསམ་ཤེས་མེད་པ་ཕག་དང་འདྲ་བ་མི་ངན་ཁྱེད་ཅག་ཤ་རེ་ཚ། །
ད་དུང་སྐྱག་འབུ་ཝ་ཚོགས་བོང་རྒན་མི་གཟུགས་ཅན་ཚོ་སྙིང་རེ་རྗེ། །
རང་གིས་དེ་ཉིད་ཕྱི་རུ་མངོན་ཡང་རང་ངོས་མ་ཟིན་ཤ་རེ་ཚ། །
ཐན་བྱ་འུག་པའི་མིག་ལ་གཟན་པའི་ལྟ་བདུན་དབང་པོའི་འོད་ཟེར་ལྟར། །
སྐྱག་འབུ་འབྱུང་ཚོགས་ཡིད་སེམས་དཀྲུགས་པའི་ཟམ་གདོང་པཎ་ཆེན་ངོ་མཚར་ཆེ། །
བོད་མིའི་མདུན་བསྐྱོད་བྱེད་དུས་ཕུ་ནུར་བྱེད་པོ་ཟམ་གདོང་རེད།།
བོད་མའི་རང་དབང་ཐོབ་ཐངས་འགོག་རྐྱེན་བྱེད་པོ་ཟམ་གདོང་རེད། །
བོད་མའི་མགོ་ལུས་ཡོངས་རྫོགས་རྒྱ་ལ་བཅོལ་མི་ཟམ་གདོང་རེད། །
བོད་མའི་གཞུང་མིང་མེད་པར་བརླགས་ཇུས་བྱམས་མཁན་ཟམ་གདོང་རེད། །
འཇམ་གཅེས་ལགས་་་་་བཟའ་ཟླ་བའི་སྔ་དྲོ་བདེ་ལེགས།
ཁྱེད་ཀྱི་མཆན་བུ་རྣམས་ལ་ཚར་གཅིག་ཕྱིར་བལྟ་ཞིག་བྱོས་དང་། མིང་ཚིག་འདི་དག་བྲིས་འདུག
ཁྱི་དང་ཕག་པ།
བོང་བུ་དང་ཐན་བྱ་འོག་པ།
དྲ་འབུ་དང་སྐྱག་འབུ།
ལོག་སྤྱོད་པ་་་་སོགས་མིང་ཚིག་སྡུག་སྡུག་ངན་ངན་ཐམས་ཅད་བེད་སྤྱོད་བཏང་གི་འདུག ཡག་པོ་རེད་དམ། གནད་ལུགས་དང་རྒྱུ་མཚན་ཟེར་བ་བཤད་ཀྱི་མེད་པ་མ་ཟད་ཚིག་ངན་ལབ་ཀྱི་རྫོགས་ནས་མཆན་བུ་གཅིག་ཐེངས་གཉིས་བཏང་གི་འདུག་ག་་་་་་་ཧཧཧཧཧཧཧ
ངས་རེ་བ་ལ་ཁྱེད་ཀྱིས་ཐུགས་བསམ་ཡག་པོ་ཞིག་བཞེས་རོགས་བྱོས། དམངས་གཙོ་དང་སྨྲ་བརྗོད་རང་དབང་། འགྲོ་བ་མིའི་ཐོབ་ཐང་འདྲ་མཉམ་སོགས་ཀྱི་ཐོག་ཏུ་འདུ་ཤེས་འཛིན་སྟངས་ལ་བསམ་བློ་ཐོངས། ངས་མཐོང་སྟངས་བྱས་ན་ཁྱེད་དང་གུན་ཁྲན་ཏང་གི་དཔོན་ངན་ཚོའི་སྒེར་གཅོད་གྱི་འདུ་ཤེས་འཛིན་སྟངས་གཅིག་པ་འདུག་བསམས་ཁུ་།
བདེ་མོ་བྱོས།
རེད་རེད་་་་་ཁྱོད་མིག་ཟུང་སྐྱོན་ཆག་ཤོར་མེད་ན་་ངས་མཆན་བུ་དེ་གཉིས་ཅིག་རེད་འདུག་གམ། སྐྱག་འབུ་ཁྱེད་ཚོས་མང་གཙོ་དང་། རང་དབང་། ལ་རྒྱ་སོགས་ཡོད་ཚད་ཁ་ལ་འཁྱེར་བཞིན་པའི་བྱ་སྤྱོད་ངན་དགུ་དེ་དག་་་ངས་དུས་ཇི་སྲིད་ནམ་གནས་བར་དུ་རྒོལ་མ་སོང་ན་ང་བུ་མིན། ང་ལ་གནས་ལུགས་དང་རྒྱུ་མཚན་བཤད་ཡ་མི་འདུག་ཟེར་་ཧ་ཧ་ཧཧ་་་་བཤད་རྒྱུ་མེད་པ་ག་ལ་ཡིན་་་ཡིན་ཡང་བོང་རྒན་ཨ་མཆོག་ནང་དུ་གསེར་དུས་ནམ་ཡང་བླུག་མི་འདོད། དེ་མིན་ཁྱེད་ལྕག་ལོག་སྤྱོད་རི་ཁག་ནས་ངོས་འཛིན་གང་བྱས་རུང་ང་ལ་ཆེ་རྒྱུ་གང་ཡང་མེད།