སྣང་ཤེས་དགེ།
སངས་རྒྱས་མི་གཉན་སྐྱེས་དམན་གཉན་
ཆོས་ཚུལ་མི་སློབ་འཕྱན་ཚུལ་སློ
བྱང་སེམས་མི་སྦྱོང་གཡུལ་ཐབས་སློ
བཅོམ་ལྡན་རྒྱལ་བའི་རྗེས་འཇུག་ཟེ
ཁ་ཆོས་བཤད་ལ་རྐུབ་ཆོས་བསྲན་དགོ
ཕ་རོལ་སྨོད་ལ་ཚུ་རོལ་དག་དགོས་
རང་རྒྱུད་འདྲེས་ཁྱེར་གཞན་ལ་འཕྱ་
བཅོམ་ལྡན་རྒྱལ་བའི་རྗེས་འཇུག་ཟེ
སྒོར་གྱི་ཕྱིར་དུ་ཆོས་ཀྱི་ཁྲོ
ཁྲི་ཡི་ཕྱིར་དུ་མི་ཆོས་རྫུན་སྒ
སྤྲུལ་མིན་སྤྲུལ་པའི་རྫུ་བག་གྱོ
བཅོམ་ལྡན་རྒྱལ་བའི་རྗེས་ཟེར་
དྲིས་པའི་གཏམ་ལ་ལན་གྱིས་དབུལ་བ་
ཁྱོད་ཀྱི་མིག་ལ་ཆེ་ཆུང་འདུག་ཅེ
ཁྱི་རྒྱགས་གནམ་གྱི་སྐར་མར་ཟུག་
བཅོམ་ལྡན་རྒྱལ་བའི་རྗེས་འཇུག་ཟེ
མདོ་ཡི་བྱང་སེམས་གཞི་རྨང་མ་བཏི
སྔགས་ཀྱི་བསྐྱེད་རྫོགས་རྒྱུད་ལ་
སྦྱོར་བ་གཡེམ་གྱི་ལམ་དུ་འཁྱེར་
བཅོམ་ལྡན་རྒྱལ་བའི་རྗེས་འཇུག་ཟེ
རྒྱལ་བའི་སྐུ་བརྙན་ཞབས་ལ་མགོས་
བྱིན་ཅན་གསུང་གི་སྙིང་པོ་རྡོག་
བསྟན་པའི་ཁ་འཛིན་ཟེར་བའི་རྫབ་ཆེ
བཅོམ་ལྡན་རྒྱལ་བའི་རྗེས་འཇུག་ཟེ
དཔྱོད་པའི་བློ་མིག་ཁབ་ལས་དོག་པ་
འུར་གྱི་ཁ་སྒོ་བྲག་ཁུང་ལྟ་བུར་
ང་རྒྱལ་ཁོ་ནས་ལ་རྒྱ་སྒྲོག་མཁན་
བཅོམ་ལྡན་རྒྱལ་བའི་རྗེས་འཇུག་ཟེ
ཁ་བརྡའི་མཆན་པོ་འགའ་ཞིག་གི་སྐད་
ཐམས་ཅད་བསམ་པ་དག་ལ་རེག་ལོས་བས།།
རྣམ་དག་སེམས་པ་དཀར་བོས་ཆོས་བཤད་ན།
བཅོན་ལྡན་རྒྱལ་བའི་རྗེས་འཇུག་མང་པོ་ཡོད།
ཆོས་ཐར་ཕྱིན་པའི་འདོད་སྦྱིན་ཆོས་སྦྱིན་ཚོས།།
སྐྱབས་མེད་འགྲོ་ལ་འདོད་མདུན་གང་སྐོང་ན།
བཅོན་ལྡན་རྒྱལ་བའི་རྗེས་འཇུག་མང་པོ་ཡོད།
སྟོན་པའི་བསྟན་པ་མཐའ་ནས་རྒྱང་ལ་སྤེལ།།
མཐོང་ཐོས་བསྐལ་བའི་ཕན་ཡོན་སྟེར་ཡོད་ན།
བཅོན་ལྡན་རྒྱལ་བའི་རྗེས་འཇུག་མང་པོ་ཡོད།
བཅོན་ལྡན་ཁོ་རང་དཀའ་བ་སྤྱད་པའི་མཐར།།
ཆོས་མེད་ཡུལ་ལ་ཆོས་འཁོར་མང་བསྐོར་ན།
བཅོན་ལྡན་རྒྱལ་བའི་རྗེས་འཇུག་ཡིན་དང་ཡིན།
སྐྱ་མིའི་འགྲོ་བ་སྐྱབས་པའི་ཆོས་པ་ཚོ།།
ཚུལ་ཁྲིམས་དམ་ཚིག་ཡོད་དང་མེད་པས་ཆོག།
སྟོན་པའི་བསྟན་པ་འཆད་པའི་སློབ་དཔོན་ཡིན།
གདན་ས་ཁག་གི་ཆོས་ར་ཆོས་འཁོར་ན།
རང་ཉིད་གཅིག་པོར་འཆི་ཆོས་ཙམ་བསྒྲུབས་ནས།།
མ་གྱུར་འགྲོ་བ་ཁ་ཚིག་ཙམ་འདི་སྐྱོ།
གནམ་གྱི་གཏམ་ནི་དེ་བཞིན་ཏེ།།
ཁོ་བའི་སྐད་ནི་དེ་ལ་མིན།།
སུ་ཡི་རྣ་བར་གཟན་གྱུར་བ།།
མཚོན་གྱི་འབན་ནི་དེ་ཉིད་དོ།།
(འབན) (འབེན་)ལ་བཅོས་རོགས།
ལམ་སྟོན་བསླབ་བྱ་འདི་ནི་བློ་ངོར་འཕྲོད། །
དཀའ་གནད་དོགས་འདྲི་འདི་དག་གནད་དུ་འཁེལ། །
གནས་མཆོག་ཝཱར་ཎའི་མཆོག་རྟེན་ཆེན་མོ་ལ། །
ཞོགས་ཀར་བསྐོར་བ་ཕེབས་སྐབས་བྱ་ལྟར་མྱུར། །
དེ་གའི་མཐོ་སློབ་དགེ་བའི་བཤེས་གཉེན་ཁྱེད། །
མཚན་སྙན་སྔོན་ནས་ཐོས་ཀྱང་མཇལ་མྱོང་མེད། །
འོན་ཀྱང་ཉེ་སྔོན་ནས་བཟུང་ཉིན་རེ་མཇལ། །
ཡིན་ཡང་ཁམས་འདྲི་ཙམ་ཡང་ཞུས་མྱོང་མེད།
ཝཱར་ཎའི་དགེ་སྦྱོང་ཨ་རིག་དགེ་མཐོང་གིས། །
བྲེལ་འཚུབ་ཉིན་མོ་འདི་ལ་མཆན་འདི་བཏགས། །
མ་འགྱུར་ནམ་མཁའ་ཁ་ནས་མ་ཤོར་བར།
སྟོང་པའི་རང་མཚན་ཁ་ནས་ཤོར་འདི།
ཉོན་སྒྲིབ་ཡོད་དགུ་ཟད་པའི་དགྲ་བཅོམ་པའི།
རྗེས་འཇུག་དམ་པའི་ཁྱུ་ཚོགས་མང་ནོ་སྐད།
ཝཱར་ཎའི་མཆོད་རྟེན་ཆེན་མོའི་མཐའ་སྐོར་ནས། །
ཕ་རོལ་མཚང་ངན་རྟོལ་བའི་མདའ་དཔོན་གྱིས། །
འབེན་ལ་ཕོག་པའི་མདའ་ཞིག་འཕངས་པ་དེས། །
བཟང་ངན་དབྱེ་བའི་ཤེས་རབ་འབར་འགྱུར་ཅིག །
དག་པ་སངས་རྒྱས་ཞེས་པའི་མཚན་ཞིག་འབོད།།
སྐྱབས་གནས་དཀོན་མཆོག་གསུམ་ཞེས་གྲངས་རེ་བགྲང་།།
དོན་ལ་ཆོས་ཀྱི་གཡུལ་དུ་ཞུགས་པ་རྣམས།།
གཤེན་རབ་བསྟན་པའི་རྗེས་ཟིན་གཏན་ནས་མིན།།
བཅོམས་ལྡན་རྒྱལ་བའི་རྗེས་འཇུག་མིན་ཡང་སྲིད།།
ཞལ་ནས་དམ་ཚིག་འོ་མའི་རླངས་པ་འཐུལ།།
སེམས་ནས་རུ་ཏྲའི་འཁོར་ལོ་མཚོན་ལྟར་དྲངས།།
ཕྱོགས་འཁྱེར་དུག་གིས་བཟི་བའི་དགེ་འདུན་གཟུགས།།
གཤེན་རབ་བསྟན་པའི་རྗེས་ཟིན་གཏན་ནས་མིན།།
བཅོམས་ལྡན་རྒྱལ་བའི་རྗེས་འཇུག་མིན་ཡང་སྲིད།།
ཆོས་ཀྱི་ཁྲོམ་ར་ཤར་ནུབ་ཀུན་ཏུ་བསྟན།།
མི་ཆོས་བླ་མའི་རྫུན་གཏམ་ཕུང་པོར་བསྐྲུན།།
ཆོས་ཀྱི་ལག་ཆར་གྱུར་བའི་སྤྲུལ་སྐུའི་རིགས།།
གཤེན་རབ་བསྟན་པའི་རྗེས་ཟིན་གཏན་ནས་མིན།
བཅོམས་ལྡན་རྒྱལ་བའི་རྗེས་འཇུག་མིན་ཡང་སྲིད།།
རྒྱུད་སྡེ་རྒྱལ་བའི་དགོངས་དོན་མ་ལོན་ཞིང་།།
དགའ་བཞིའི་བདེ་སྟོང་ལམ་དུ་ཁྱེར་ཁུལ་གྱིས།།
གཉིས་འཁྱུད་རོལ་བ་རྩེད་མོ་ལྟར་སྤྱོད་རྣམས།།
གཤེན་རབ་བསྟན་པའི་རྗེས་ཟིན་གཏན་ནས་མིན།
བཅོམས་ལྡན་རྒྱལ་བའི་རྗེས་འཇུག་མིན་ཡང་སྲིད།།
མདོར་ན་རི་དྭགས་རྒྱུ་མྱོང་ནགས་ཁྲོད་དུ།།
གཟུགས་ཅན་མི་ཡི་ལུས་སུ་བརྫིས་བྱས་ཏེ།།
དྲེགས་པ་བརྒྱད་ཀྱི་གཡུལ་དུ་ཞུགས་པ་ཡི།།
བསྟན་པའི་ཁ་འཛིན་ཟེར་བའི་གཤོབ་སྐྱལ་ཚོར།།
རྟག་ཏུ་བྱ་ར་མཛོད་ཅིག་རིག་པའི་གྲོགས།།
སྣང་བ་དགྲ་རུ་མ་བཟུང་ན།
ཤེས་པ་དགེ་ལ་ཨེ་འཕེལ་ཞུས།
ཨ་རིག་ཟེར་བ་མ་རིག་ནའང་།།
ཐག་ཉེ་ཞིག་ལ་ཡོད་ཚོད་རེད།།
མཆོད་རྟེན་མཐའ་ཡི་ལམ་ཆུང་དེ།།
རྡོག་པས་གནོན་རོགས་ཡིན་ཚོད་འདུག །
རེབ་སྐྱིད་སྐྱིད་པའི་སྐྱིད་གཏམ་དེ།།
རྒས་འཁོག་ཕྱིན་པའི་རྐང་རྗེས་འདྲ།།
སྐབས་རེར་རིང་ལ་ལན་རེར་ཐུང་།།
འདི་སྨྲས་སྙམ་དུ་རྟོགས་མ་གྱུར།།
བྱ་འཕུར་བྱ་ལྟར་བྲེལ་བ་ལ།།
དུས་ཚོད་གསེར་ལས་རིན་ཆེ་ཡང་།།
ཁོ་བོའི་ཉོག་གཏམ་སྣེ་མོ་རུ།།
གསེར་ཕྱེ་གཏོར་བར་སྙིང་ནས་དགའ།།
ངོ་ལུག་འདི་ཉིད་ཁྲོ་ཐུང་འདྲ།།
ངོ་རེར་བལྟས་ན་ལུག་རེ་དགོས།།
ཨ་ཅང་ཀུ་རེ་ཁོ་ན་སྟེ།།
མགྲོན་དུ་ཕེབས་པར་དགུ་བས་བསུ།།
སྣང་བ་དགྲ་རུ་མ་བཟུང་ན།།
ཤེས་པས་རང་ས་ཟིན་འགྱུར་ཏེ།།
དགེ་བ་བགྱིས་ལས་ཐར་པ་ཡི།།
འབྲས་བཟང་ངེས་པར་འཐོབ་བཞིན་ནོ།།
གོ་རྒྱུ་ཡོད་པ་ཞིག་བྲིས་འདུག། དངོས་ཡོད་དང་ཉེ་བ་ཞིག་བྲིས་འདུག། ང་རང་ལ་ཕོག་དགོས་པ་ཞིག་བྲིས་འདུག། ཁོང་ཚོར་ཡང་ཕོག་དགོས་པ་ཞིག་བྲིས་འདུག། རྙིང་མ་རྣམས་ལ་སྙིང་ན་དགོས་པ་ཞིག་བྲིས་འདུག། ས་སྐྱ་བ་རྣམས་ལ་ངོ་ཚ་དགོས་པ་ཞིག་བྲིས་འདུག། བཀའ་བརྒྱུད་པ་རྣམས་ལ་གདོང་དམར་པོ་ཆགས་དགོས་པ་ཞིག་བྲིས་འདུག། དགེ་ལྡན་པ་རྣམས་ལ་ཁ་རྐྱང་དགོས་པ་ཞིག་བྲིས་འདུག
་་་ རྙིང་མ་རྣམས་ལ་སྙིང་ན་དགོས་པ་ཞིག་བྲིས་འདུག། ས་སྐྱ་བ་རྣམས་ལ་ངོ་ཚ་དགོས་པ་ཞིག་བྲིས་འདུག། བཀའ་བརྒྱུད་པ་རྣམས་ལ་གདོང་དམར་པོ་ཆགས་དགོས་པ་ཞིག་བྲིས་འདུག། དགེ་ལྡན་པ་རྣམས་ལ་ཁ་རྐྱང་དགོས་པ་ཞིག་བྲིས་འདུག ་་་་
ཅེས་པའི་ལན་དུ།
རྙིང་མའི་སྙིང་གཏམ་སྙིང་ནང་ཡོད། །
སྙིང་རྩ་ན་དོན་ག་ལ་ཡོད། །
ས་སྐྱར་ལམ་འབྲས་ས་ལམ་ཡོད། །
ངོ་ཚ་དགོས་དོན་གལ་ཡོད། །
བཀའ་བརྒྱུད་གདམས་ངག་བསྒོམ་སྦྱངས་ཡོད། །
ངོ་གདོང་དམར་དོན་ག་ལ་ཡོད། །
དགེ་ལྡན་བདེ་སྟོང་ཟུང་འཇུག་བསྒོམ། །
ཁ་རྐྱང་དགོས་དོན་དེ་བས་མེད། །
རིས་མེད་ཀརྡོ་ང་རང་ཙམ། །
ཤོད་ཐལ་ཤོར་བ་ཨ་ཙ་མ། །
ཡང་དག་ལམ་བཟང་ལག་མཐིལ་དུ།།
ལེན་མཛད་སྟོན་པའི་རྗེས་འཇུག་ལ།།
གཏམ་འདི་བདོ་བ་མ་ཡིན་གྱི།།
དོན་སྟོང་ཁ་ཕོ་ཅན་ལ་འོ།།
ས་དགེ་བཀའ་རྙིང་རིས་མེད་ཀྱི།།
ཆོས་ཚུལ་སྙིང་གི་བདུད་རྩི་རུ།།
ལེན་མཛད་དོན་གྱི་སྤོབས་པ་ཅན།།
འདི་ཡི་འབེན་དུ་མ་བསམ་ཞུ།།