རས་པ།
ཅི་ཡང་མི་དྲན་པའི་དུས་སུ
ད་གཟོད འཇིག་རྟེན་གྱི་གསང་བ་ཞིག
རང་དང་ཉེ་བར་བཅར་གྱིན་པ་རྟོགས
ཁྱོད་ཀྱིས་ཤེས་སམ
འདིའི་རྗེས་ནས
ང་ཚོ་སུ་ཡང་ཧ་ཅང་བྲེལ་འཚུབ་ཆེ་ལ
སེམས་ངལ་གྱི་ནང་དུ་ལྷུང་ངེས
ཡིན་ཏེ
ཅི་ཡང་མི་དྲན་པ་ནི་བློ་རིག་གིས་ངལ་གསོས་པ་ཡིན
ཡང་གཅིག་བཤད་ན
ཅི་ཡང་མི་དྲན་པའི་དུས་སུ
ད་གཟོད གད་མོ་དགོད་པ་ནི་ལས་སླ་བོ་ཞིག་ཡིན
དགའ་སྡུག་གི་འདུ་ཤེས་མེད་པའི་མི་ཞིག
གད་མོ་ཤོར་བར་རྒྱུ་མཚན་མི་དགོས་པའི་རྒྱུ་མཚན་འདི་མ་ཡིན་ནམ
ལས་སླ་མོར་བཤད་ན
ཅི་ཡང་མི་དྲན་པའི་དུས་སུ
ད་བཟོད་གང་ཡོད་པ་དེ་དངོས་སུ་མཐོང་ཐུབ
ཅི་ཡང་མི་དྲན་པའི་དུས་སུ
ཕལ་ཆེར་ཁྱོད་རང་སངས་རྒྱས་ཡོད་སྲིད
གལ་སྲིད ཆགས་སྡང་བྲལ་བ་ནི་མཐར་ཐུག་གི་བདེ་བ་དེ་ཡིན་ཚེ
ཅི་ཡང་མི་དྲན་པའི་དུས་ནི
བདེ་བ་འདིའི་མ་མཐའི་དཔེར་བརྗོད་དུ་འགོད་འོས
༢༠༡༣།༡།༡༡ ལ།
ཅི་ཡང་དྲན་པ་མེད་པ་ནི་རས་པའི་སངས་རྒྱས་ཤིག་སྟེ།ཡོད་མིན་མེད་མིན་གྱི་ཏིང་ངེ་འཛིན།
མཐའ་སྡོམ་གྱི་དཔེར་བརྗོད་འགོད་པ་ནི་རས་པའི་དྲན་སྣང་ཕར་མ་ཞིག་སྟེ།ཡོད་སྣང་གྱི་མཐའ་
རུ་བལྟས།
སྙན་ངག་པ་རྙིང་པ་འདི་ཚོས་སྙན་ངག་ལ་རོལ་མྱོང་བྱས་ན་བྲོ་བ་དེ་དངོས་གནས་མི་འདྲ་བ་ཞིག་འདུག རོང་བོ་དགོན་ཆེན་འདི་འདྲ་གཟིགས་འདྲི་ཤེས་ན་ད་སྐྱིད་དུ་ཡ
ཅི་ཡང་མི་དྲན་པའི་སྐབས་སུ།
གཉིད་རྒྱུ་མང་པོ་གདའ་ལ།
མང་པོ་ཞིག་བསམ་བཞིན་པའི་སྐབས་སུ།
གཉིད་རྒྱུ་ཡང་ཐན་ཐུན་ལས་མི་གདའ།
རས་པ་ལགས། ཅི་ཡང་མི་དྲན་པའི་དུས་དེ་ནི་ལྷ་འདྲེས་ཆོ་འཕྲུལ་རྒོད་པའི་ནམ་གུང་ཞིག་ཡིན་སྲིད་ལ། གཅན་སྤྱང་གིས་ངུ་ཟུག་མོད་པའི་ཇག་ཚོགས་རྒྱུ་བའི་ནམ་སྟོད་ཅིག་ཡིན་ཡང་སྲིད། སྐབས་དེར་མཁའ་འགྲོ་མའི་གད་མོའི་ཐག་སྒྲ་ཐོས་ལ། ལྷ་འདྲེ་ཚོའི་ལྷམ་གྱི་ཐྲིག་སྒྲ་ཡང་ཐོས་ཐུབ། གང་ལྟར། ཆགས་སྡང་བྲལ་བའི་མཐར་ཐུག་གི་ནམ་མཁའ་དེ་ནི་ང་ཚོ་དང་ད་དུང་ཐག་རིང་ཐག་རིང་ཞིག་ཏུ་ཡོད་པར་འདོད།
རོང་བོ་དགོན་ཆེན། འདི་འདྲ་(གཟིགས་འདྲི་ཤེས་ན་ད་སྐྱིད་དུ་ཡ) རོང་བོ་དཧོན་ཆེན། འདི་འདྲ་ཟིག་འབྲི་ཤེས་ན་ད་སྐྱིད་དི་ཡ།
རེབ་ཐོག་མདའ་ཁྱོད་ལ་ལག་རྟགས་སུ་ཕུལ་བ་ཡིན།
རྣམ་པ་ལྷན་རྒྱས་ཀྱིས་ལྗགས་ཀློག་གནང་བ་ཐུགས་རྗེ་ཆེ། ལྷག་པར་ཏུ་བྱ་འཕུར་ལྷུན་གྲུབ་རྒྱ་མཚོ་ལགས་ལ་བསུ་མ་ཞུ། སྐུ་ཉིད་ལ་དེ་སྔ་སྙན་ངག་པ་འདས་པོ་དམ་པ་ཁྲི་བློ་གྲོས་ལགས་ཀྱིས་སྙན་ངག་སྙན་མོ་ཞིག་བྲིས་གནང་འདུག་པ་ཡང་ནས་ཡང་དུ་བཀླགས་མྱོང་ཡོད།