རྒྱལ་ཁམས་མང་པོ་འགྲིམས་འགྲིམས་ནས། །
སྡོམ་པ་ཟེར་བ་བརྗེད་དེ་ཐལ། །
མགོ་སེར་མང་པོར་འགྲོགས་འགྲོགས་ནས། །
ཆོས་གྲོགས་ཟེར་བ་བརྗེད་དེ་ཐལ། །
གློག་ཀླད་ངོས་ལ་ཅེར་ཅེར་ནས། །
ཆོས་དཔེ་ཟེར་བ་བརྗེད་དེ་ཐལ། །
དགའ་ས་སྡུག་ས་མང་དྲགས་ནས། །
ངེས་འབྱུང་ཟེར་བ་བརྗེད་དེ་ཐལ། །
ཨ་རིའི་ལུང་པ་སྐྱིད་དྲགས་ནས། །
རང་ཡུལ་ཟེར་བ་བརྗེད་དེ་ཐལ། །
སྒྲོ་ལོར་རིན་ཐང་ཆེ་དྲགས་ནས། །
བོད་དངུལ་ཟེར་བ་བརྗེད་དེ་ཐལ། །
གཅེར་བུ་གཅེར་མོར་འགྲོགས་འགྲོགས་ནས། །
ངོ་ཚ་ཟེར་བ་བརྗེད་དེ་ཐལ། །
ཨ་སྒོར་གསོག་ཕྱིར་བརྒྱུགས་བརྒྱུགས་ནས། །
ངལ་གསོ་ཟེར་བ་བརྗེད་དེ་ཐལ། །
རྒན་རྒོན་གཅིན་སྐྱག་བཀྲུས་བཀྲུས་ནས། །
གཙང་བཙོག་ཟེར་བ་བརྗེད་དེ་ཐལ། །
ཁྲལ་རིགས་སྣ་ཚོགས་འཇལ་འཇལ་ནས། །
རང་བཙན་ལག་དེབ་བརྗེད་དེ་ཐལ། །
ཟ་རྒྱུ་འཐུང་རྒྱུ་འབེལ་དྲགས་ནས། །
རྩམ་པ་ཟེར་བ་བརྗེད་དེ་ཐལ། །
སིལ་ཁུ་ཞིམ་པོ་མང་དྲགས་ནས། །
འོ་ཇ་ཟེར་བ་བརྗེད་དེ་ཐལ། །
ཕྱི་མོ་འདི་ཚོ་མཛེས་དྲགས་ནས། །
བོད་མོ་ཟེར་བ་བརྗེད་དེ་ཐལ། །
གཡོ་སྒྱུ་སྣ་ཚོགས་འཁྲབས་དྲགས་ནས། །
ལས་འབྲས་ཟེར་བ་བརྗེད་དེ་ཐལ། །
ཀུན་རྫོབ་བསླུ་བྲིད་ཆེ་དྲགས་ནས། །
དོན་དམ་ཟེར་བ་བརྗེད་དེ་ཐལ། །
གློག་བརྙན་མང་པོར་བལྟས་བལྟས་ནས། །
སེམས་ངོ་ཟེར་བ་བརྗེད་དེ་ཐལ། །
གནམ་གྲུའི་ནང་ལ་བསྡད་བསྡད་ནས། །
གཡག་རྒྱབ་ཟེར་བ་བརྗེད་དེ་ཐལ། །
གྲོང་ཁྱེར་ནང་དུ་འཁྱམས་འཁྱམས་ནས།
དགོན་པ་ཟེར་བ་བརྗེད་དེ་ཐལ། །
སྐྱ་ལྭ་འདྲ་མིན་གྱོན་གྱོན་ནས། །
གྲྭ་ལྭ་ཟེར་བ་བརྗེད་དེ་ཐལ། །
རྣམ་གཡེང་འཁོར་ལོ་བསྐོར་བསྐོར་ནས། །
སྒོམ་སྒྲུབ་ཟེར་བ་བརྗེད་དེ་ཐལ། །
ལག་ཁྱེར་ཁ་པར་བཟུང་བཟུང་ནས། །
ཕྲེང་བ་ཟེར་བ་བརྗེད་དེ་ཐལ། །
ངོ་ཤེས་རྒན་རྒོན་མང་དྲགས་ནས། །
ཕ་མ་ཟེར་བ་བརྗེད་དེ་ཐལ། །
མི་རིགས་སྣ་ཚོགས་མཐོང་མཐོང་ནས། །
བོད་མི་ཟེར་བ་བརྗེད་དེ་ཐལ། །
འཛམ་གླིང་གསར་འགྱུར་རིག་རིག་ནས། །
བོད་དོན་ཟེར་བ་བརྗེད་དེ་ཐལ། །
རྟག་འཛིན་དབང་དུ་སོང་སོང་ནས། །
འཆི་བ་ཟེར་བ་བརྗེད་དེ་ཐལ། །
དབྱིན་ཡིག་འཁྱར་འཁྱོར་བཀླགས་བཀླགས་ནས། །
བོད་ཡིག་ཟེར་བ་བརྗེད་དེ་ཐལ། །
རང་ཉིད་གཅིག་པོ་བསམས་བསམས་ནས། །
རང་བཙན་ཟེར་བ་བརྗེད་དེ་ཐལ། །
ཁང་བརྩེགས་མཐོན་པོ་མཐོང་མཐོང་ནས། །
སྦྲ་ནག་ཟེར་བ་བརྗེད་དེ་ཐལ། །
གླང་ཤ་ཉ་ཤ་ཟོས་ཟོས་ནས། །
གཡག་ཤ་ལུག་ཤ་བརྗེད་དེ་ཐལ། །
ང་རང་གཅིག་པོ་མ་ཡིན་པའི། །
ཕྱིར་སྡོད་བོད་མི་གང་མང་གིས། །
ཡོད་ཚད་བརྗེད་པའི་གླུ་ཆུང་འདི། །
ཡོད་ཚད་དྲན་པའི་གཞི་མར་ཤོག །
དེ་ལྟར་སྣང་ངོ་། སྨོན་པ་དོན་ལྡན་ཤོག །
འཛམ་གླིང་ཡུལ་གྲུ་གང་མང་བསྐོར་གྱང་ཆོག།
ཟས་རིགས་འདྲ་མིན་ཅི་ཞིག་མཆོད་ཀྱང་ཆོག།
ལྟད་མོ་སྣ་ཚོགས་མིག་གིས་འཇལ་ཡང་ཆོག།
བོད་པའི་ཤ་རུས་ནམ་ཡང་འདོར་མི་སྲིད།།
ཨ་ལགས་ཚང་ཡུམ་དེ་འདྲ་མ་གསུངས་རོགས། མི་ཡུལ་ག་ཚོད་སྐྱིད་ཀྱང་རང་ཡུལ་གཏན་ནས་མ་བརྗེད་ཟེར་བ་མ་རེད་དམ།
ཀ་དག་དབྱིངས་ནས་བྱོན་པའི་སྤྲུལ་སྐུ༎ ཕྱི་གླིང་འབྱོར་པའི་མིག་འཁྲུལ་འོག་ནས༎
ཁ་བ་ཅན་གྱི་འགྲོ་དོན་བརྗེད་ན༎ བྱོན་དང་མ་བྱོན་ཕན་ཐོགས་ཨེ་འདུག།
ག་ས་ག་ལ་ཕེབས་པའི་མཐའ་མཇུག། དགོངས་པའི་གཏོད་སོ་འདི་འདྲ་ཆགས་རྗེས༎
ང་ཅག་དད་ལྡན་གཞིས་བྱེས་བོད་མིས༎ རེ་བཅོལ་བྱས་པའི་ཕན་ཐོགས་ཨེ་འདུག༎
ཨ་ཅང་རྩེད་མོ་ཡིན་གོ།
ཾ༼བརྗེད་གླུ་སྐྱོ་བའི་གཞི་མ༽བཀླགས་པའི་ཚོར་འདུ་དམར་པོ།།
རྒྱལ་ཁམས་དུ་མ་འགྲིམས་ན་ཡང༌།
རང་ཡུལ་གངས་ལྗོངས་བརྗེད་ཐམས་མེད།
མགོ་སེར་སློབ་མར་འགྲོགས་ན་ཡང༌།
ཆོས་གྲོགས་སེམས་ནས་བརྗེད་མ་མྱོང༌།
རྒྱ་ཁྲིམས་དམར་པོ་བཙན་ན་ཡང༌།
རང་ཁྲིམས་སྡོམ་པ་བརྗེད་མ་མྱོང༌།
གློག་ཀླད་ངོ་ལ་ཅེར་ཅེར་ནས།
མཛེས་མ་ཟེར་བ་བརྗེད་དེ་ཐལ།
ཁང་བརྩེགས་མང་པོ་མཐོང་མཐོང་ནས།
སྐྱིད་པའི་སྦྲ་ནག་གྲུ་བཞི་དྲན།
འབྱོར་ཕྱུགས་འགྲན་བསྡུར་མང་དྲག་ནས།
འཇིག་རྟེན་འདི་ལ་ཞེན་མེར་ལངས།
ཁེར་རྐྱང་རྒན་རྒོན་མཐོང་མཐོང་ནས།
བདག་གི་མ་རྒན་བརྗེད་མ་མྱོང༌།
ཡོ་གླིང་སྒྱུ་མའི་འཇིག་རྟེན་ནས།
ཕ་ཡུལ་རི་ཁྲོད་དྲན་ནས་ཡོད།
རྩ་ལྡུམ་སྔོན་པོ་བཟས་བཟས་ནས།
གངས་ལྗོངས་ཤ་མར་རྩམ་གསུམ་དྲན།
སིལ་ཁུ་ནག་པོ་འཐུང་འཐུང་ནས།
འོ་ཞོ་མངར་མོ་དྲན་ནས་ཡོད།
ཕྱི་གླིང་གོས་སློག་གོན་གོན་ནས།
བོད་ལྭ་གོང་ཅན་དྲན་ནས་ཡོད།
ཕྱི་ལྷམ་ནག་པོ་གོན་གོན་ནས།
ཕྱོགས་རེས་མེད་པའི་བོད་ལྷམ་དྲན།།
སྐད་རིག་མང་པོ་སྦྱང་སྦྱང་མཐར།
བོད་སྐད་གཙང་མ་བཟང་བ་ཤེས།
མི་རིགས་མང་པོར་འགྲོགས་འགྲོགས་མཐར།།
གདོང་དམར་བོད་པ་བཟང་བ་ཤེས།
ས་ཆ་མང་པོར་སོང་སོང་མཐར།།
བསིལ་ལྡན་གངས་ལྗོངས་བཟང་བ་ཤེས།
ཡུན་ནས་འགྲོགས་པའི་གྲོགས་མཆོག་སྐུ་ངོ་བེ་རུ་ལགས་དུས་ཚོད་ཀྱིས་དབང་གིས་ཁ་བརྡ་འདི་ནས་འཇོག་དགོས་བྱུང་བའི་མགྱོགས་པར་མཇལ་ཡོང།
བྲག་སྨྱོན་ཡ་མ་ར་ཛཱས་ཕུལ།།
བརྗེད་པ་མང་པོའི་རྣམ་གྲངས་བགྲང་བགྲང་ནས།། མ་རྗེད་ནན་གྱིས་བསྐུལ་བའི་ཕན་པའི་ངག། མི་ཚེ་ནོར་ལ་གཟད་པའི་ཅོལ་ཆུང་གིས།། སྣང་མེད་རྒྱབ་ཀྱིས་གཏོད་པ་ག་ལ་རིགས
བྲག་སྨྱོན་ལགས་ཡོ་རོབ་ཅིག་ཏུ་བཞུགས་ཡོད་ལུགས་གོ་མྱོང་། རྒྱལ་ཁབ་གང་དུ་ཡོད། ཕྱག་ལས་ཅི་གནང་གིན་ཡོད། ཁོ་བོའི་རྩོམ་ཡིག་འདིར་གཟིགས་ཙམ་གནང་བར་ཐུགས་རྗེ་ཆེ། ཀླུ་སྨྱོན་ནས།
རྒྱལ་ཁམས་མང་པོ་འགྲིམས་འགྲིམས་ནས། །སྡོམ་པ་ཟེར་བ་བརྗེད་ཡོད་ན། །སྡོམ་པ་བརྗེད་པ་ཇི་ལྟར་དྲན། །མགོ་སེར་མང་པོར་འགྲོགས་འགྲོགས་ནས། །ཆོས་གྲོགས་ཟེར་བ་བརྗེད་ཡོད་ན། །ཆོས་གྲོགས་བརྗེད་པ་ག་ལ་དྲན། །གློག་ཀླད་ངོས་ལ་ཅེར་ཅེར་ནས། །ཆོས་དཔེ་ཟེར་བ་བརྗེད་ཡོད་ན། །ཆོས་དཔེ་བརྗེད་པ་ཇི་ལྟར་དྲན། །ཁྱོད་ཀྱི་བཤད་པ་བསླབ་བྱ་ཡིན་པ་འདྲ། །བསླབ་བྱ་ལྡོག་པའི་ཕྱོགས་ནས་བསྟན་པ་འདྲ། །དེ་ལྟར་མ་གོ་བློ་ཆུང་མང་པོ་ཞིག །ཁྱོད་ལ་ཡ་ཆ་བྱེད་ཚོ་ཡ་རེ་ང་། །
བརྗེད་དང་འགྱུར་བ་དངོས་པོའི་ཆོས་ཉིད་རེད། །བདེན་པར་སྨྲ་བ་འཛངས་པའི་གཤིས་ཀ་རེད། །གསང་སྤྱོད་ཁྲུ་བ་ཕྱི་བོད་ལས་དབང་རེད། །མནར་གཅོད་མྱོང་བ་གཞིས་བོད་སྒོས་སྐལ་རེད།
ད་ལྟས་ན་དྲང་གཏམ་བརྗོད་མཁན་ཁྱེད་གཅིག་པོ་ཡིན་ས་རེད་ད། ཁ་ནས་བོད་བོད་གླེང་ཁ་མ་གཏོགས་དོན་རང་མ་གཏོགས་བོད་བརྗེད་སྡད་ཡོད་ནི་མང་རེད་ད།
གྲོགས་པོ་ཀླུ་སྨྱོན་ལགས། ཁྱོད་ཀྱི་གསུང་དེ་ཤིན་ཏུ་བདེནཔར་གོ། དགེ་བཤེས་ཀྱི་མིང་སྐམ་པོ་འདིའི་ཁོ་ནར་རྒྱ་གར་ལ་ཕྱིར་ལོག་པ་མ་གཏོགས་ང་ཡང་ཆ་ཆར་སྐུ་ཉིད་ཀྱིས་བཀོད་པའི་སྡོམ་ཚིག་དེའི་ནང་ལ་འཛུལ་ངེས་རེད། ད་དེ་ཚོ་མི་བཤད། ཡ་མ་རཱ་ཛཱ་ད་ལྟར་འཇར་མན་ལ་ཡོད་པ་རེད། མཆན་བུ་འདི་ཁོང་གིས་ང་ལ་གློག་འཕྲིན་ཐོག་བསྐུར་ནས་ངས་དྲ་རྒྱ་ཐོག་བཟག་རོགས་བཟོས་པ་ཡིན། ཁོང་གི་གློག་འཕྲིན་ཁ་བྱང་དེ་ངས་ཁྱོད་ལ་ཕུལ་ཡོང་ཨ། དེ་ནས་ཁྱོད་གཉིས་ཁ་བརྡ་གྱིས། ང་ཚོ་དངོས་སུ་མཇལརྒྱུའི་ལས་སྐལ་ཁག་པོ་རེད་འདུག
ཨ་ལགས་ཟེར་བའི་མིང་བྱང་དེ། །ཨ་མ་དབྱིན་མོའི་རྐུབ་ལ་བརྫངས། །ཨ་མྱེས་བཞག་པའི་རིག་གཞུང་ནོར། །ཨ་སྒོར་འགོང་འདྲེའི་ལག་ཏུ་བཞག།ཧ་ཧ་ཧ།
བེ་རི་ལགས། ཉིད་ཀྱིས་ཅིག་བསྐུར་ཡོང་ཨ་ཟེར་བ་མང་ཡང་བསྐུར་རྒྱུ་ཅི་ཡང་མི་འདུག ལོས་ཡིན། དེང་སྐབས་སྐུ་བསོད་རྒྱས་ཏེ་ཐུགས་བྲེལ་ཚ་བོ་ཡོད་ཀྱི་རེད། སྔོན་ཆད་ཀྱི་ལོ་ངོ་བཅོ་ལྔ་དེ་ལ་ཕྱིར་མིག་ཅིག་གཟིགས་དང་ཁྱུག་ཙམ་ཞིག་གིས་ཕྱིན་ཚར་འདུག ཡིན་ན་ཡང་ལྷོ་མཐའི་ཚ་བ་དང་སེམས་ཁོང་གི་སྙན་ངག་ལ་ནམ་ཡང་རྒས་རྒྱུ་ཟེར་བ་ཞིག་ཨེ་འདུག ངས་ཁ་སང་དྲ་གྲོགས་ཤིག་གི་མཆན་ལན་དུ་འདི་ལྟར་བྲིས་ཡོད། “ཆུ་སྐྱེས་སྒྲོལ་མ་ལགས། སྡོམ་པ་ཟེར་བ་དེ་གྲྭ་པ་ཨ་ནེ་གཅིག་པོས་བསྲུང་དགོས་པ་ཞིག་རྩ་བ་ནས་མ་ཡིན། དེ་ཡང་གལ་སྲིད་ཁྱོད་ཀྱིས་གོང་ས་མཆོག་དང་ཡང་ན་དེ་ལས་གཞན་པའི་དགེ་བའི་བཤེས་གཉེན་ཞིག་ལས་དགེ་བསྙེན་གྱི་སྡོམ་པ་དང་སྐྱབས་འགྲོའི་སྡོམ་པ་ཞུས་པ་ཡིན་ན་དེ་ནས་བཟུང་སྡོམ་པ་དེ་གཉིས་བསྲུང་དགོས་པ་དང་། ཡང་བྱང་ཆུབ་སེམས་དཔའི་སྡོམ་པ་ཞུས་ཟིན་རྗེས་བྱང་སྡོམ་བསྲུང་དགོས་པ་དང་། དེ་བཞིན་གསང་སྔགས་ཀྱི་དབང་རྗེས་གནང་གི་རིགས་ལྟ་བུ་ཞུས་ཚར་བའི་རྗེས་དེ་རང་ནས་བཟུང་སྟེ་གསང་སྔགས་ཀྱི་སྡོམ་པ་བསྲུང་དགོས་པ་རེད། དེའི་ཕྱིར་བོད་བརྒྱུད་ནང་པའི་རྗེས་འཇུག་ཅིག་ཡིན་ཕྱིན་སྡོམ་པ་ཞུས་མེད་པ་ཞིག་ཕལ་ཆེར་མེད་པས། སོ་ཐར་གྱི་སྡོམ་པ་ཤོར་ན་ལྟས་ངན་དང་བྱང་ཆུབ་སེམས་དཔའི་སྡོམ་པ་དང་གསང་སྔགས་ཀྱི་སྡོམ་པ་ཤོར་ན་ཅང་ལ་མི་བརྩི་བ་ནི་ནང་པའི་ཆོས་ཀྱི་འགྲོ་སྟངས་ཡང་དག་མ་ཤེས་པའི་རང་རྟགས་ཤིག་ལས་གཞན་ཅི་ཡང་མ་ཡིན་ནོ།།” ངས་བལྟས་ན་བོད་པའི་ནང་ན་སྡོམ་ཤོར་མིན་པའི་མི་ཞིག་བཙལ་ན་རྙེད་དཀའ་བའི་ཚོད་དུ་འདུག ཁྱེད་ཀྱིས་གཟིགས་ན་ག་འདྲ་འདུག བོད་པ་སེརསྐྱ་ཆོས་ཀྱི་གནད་འགག་དང་སྡོམ་པའི་ངོ་བོ་དང་གྲངས་འདྲེན་མི་ཤེས་པ་ཚོས་གྲྭ་པ་ཞིག་ལོག་སོང་ན་ཐན་ལྟས་བྱེད། རང་རང་གི་རྒྱུད་ཀྱི་སྐྱབས་འགྲོའི་སྡོམ་པ་དང་བྱང་སྡོམ་སྔགས་སྡོམ་སོགས་ཤོར་བར་སོ་ཞིག་ན་བའི་ཚོར་སྣང་ཡང་མི་འདུག
བེ་རི་ལགས། ཉིད་ཀྱིས་ཅིག་བསྐུར་གི་ཡིན་གསུངས་ནས་བསྐུར་རྒྱུ་ཞིག་མི་འདུག ཡང་མིན་ན་ང་ལ་མ་འཕྲོད་པ་ཡིན་སྲིད། ངས་དྲ་གྲོགས་ཤིག་གི་ལན་དུ་འདི་ལྟར་བྲིས་ཡོད།
ཆུ་སྐྱེས་སྒྲོལ་མ་ལགས། སྡོམ་པ་ཟེར་བ་དེ་གྲྭ་པ་ཨ་ནེ་གཅིག་པོས་བསྲུང་དགོས་པ་ཞིག་རྩ་བ་ནས་མ་ཡིན། དེ་ཡང་གལ་སྲིད་ཁྱོད་ཀྱིས་གོང་ས་མཆོག་དང་ཡང་ན་དེ་ལས་གཞན་པའི་དགེ་བའི་བཤེས་གཉེན་ཞིག་ལས་དགེ་བསྙེན་གྱི་སྡོམ་པ་དང་སྐྱབས་འགྲོའི་སྡོམ་པ་ཞུས་པ་ཡིན་ན་དེ་ནས་བཟུང་སྡོམ་པ་དེ་གཉིས་བསྲུང་དགོས་པ་དང་། ཡང་བྱང་ཆུབ་སེམས་དཔའི་སྡོམ་པ་ཞུས་ཟིན་རྗེས་བྱང་སྡོམ་བསྲུང་དགོས་པ་དང་། དེ་བཞིན་གསང་སྔགས་ཀྱི་དབང་རྗེས་གནང་གི་རིགས་ལྟ་བུ་ཞུས་ཚར་བའི་རྗེས་དེ་རང་ནས་བཟུང་སྟེ་གསང་སྔགས་ཀྱི་སྡོམ་པ་བསྲུང་དགོས་པ་རེད། དེའི་ཕྱིར་བོད་བརྒྱུད་ནང་པའི་རྗེས་འཇུག་ཅིག་ཡིན་ཕྱིན་སྡོམ་པ་ཞུས་མེད་པ་ཞིག་ཕལ་ཆེར་མེད་པས། སོ་ཐར་གྱི་སྡོམ་པ་ཤོར་ན་ལྟས་ངན་དང་བྱང་ཆུབ་སེམས་དཔའི་སྡོམ་པ་དང་གསང་སྔགས་ཀྱི་སྡོམ་པ་ཤོར་ན་ཅང་ལ་མི་བརྩི་བ་ནི་ནང་པའི་ཆོས་ཀྱི་འགྲོ་སྟངས་ཡང་དག་མ་ཤེས་པའི་རང་རྟགས་ཤིག་ལས་གཞན་ཅི་ཡང་མ་ཡིན་ནོ།།
ངས་བལྟས་ན་བོད་པའི་སྤྱི་ཚོགས་ནང་སྡོམ་ཤོར་མིན་པའི་མི་ཞིག་བཙལ་ན་རྙེད་དཀའ་ཚོད་དུ་གདའ། སོར་སྡོམ་ཤོར་མེད་ན་སྔགས་སྡོམ་ཤོར། སྔགས་སྡོམ་ཤོར་མེད་ན་བྱང་སྡོམ་ཤོར། བྱང་སྡོམ་བྱང་སྡོམ་ཤོར་མེད་ན་སྔགས་སྡོམ་ཤོར། ཉིད་ཀྱིས་གཟིགས་ན་ག་འདྲ་འདུག སེར་སྐྱ་སྡོམ་པའི་ངོ་བོ་དང་གྲངས་འདྲེན་མི་ཤེས་པ་ཚོར་གྲྭ་པ་ཞིག་གིས་སོར་སྡོམ་བཏང་ནས་ལྟས་ངན་དུ་རྩི། རང་གིས་བྱང་སྔགས་ཀྱི་སྡོམ་པ་ག་འདྲ་ཞིག་ཁས་ལེན་བྱས་ཡོད་པ་དང་དེ་བསྲུངས་ཡོད་མེད་ལ་སོ་ན་བ་ཙམ་གྱི་ཚོར་སྣང་ཞིག་ཀྱང་མེད། འདི་འདྲ་ཞིག་མ་རེད་དམ།
ད་ཀླུ་སྨྱོན་འདིའི་རྡོ་རྗེ་གདན་གི་སྨོན་ལམ་ཚོགས་སྐབས། རྙིང་མའི་སྨོན་ལམ་དང་། སྐྱའི་སྨོན་ལམ། བཀའ་བརྒྱུད་སྨོན་ལམ། དགེ་ལུགས་སྨོན་ལམ་སོགས་ཀྱི་གདན་ཤོར་གི་འཇུག་གི་ཡོད་ས་མ་རེད། ཁ་བརྡ་ནང་ན་ཡང་སྡེ་ཚན་གཅིག་ལ་བརྗོད་བྱ་གཅིག་པའི་ཡི་གེ་འདི་འདྲ་མང་པོ་བསྟུན་མར་བཏང་ཡོང་འདུག
མཆན་རིག་འདྲ་མང་ནས་དགོད་སྤྱད་ཅིག་ཆགས་འདུག
ྐླུ་སྨྱོན་ལགས།
སྙན་ངག་འདི་བྐླགས་ཚར་མ་ཐག ངག་གི་དབང་པོ་དོན་གྲུབ་རྒྱལ་གྱིས་བརྩམས་པའི་༼༼རྒྱལ་སྲིད་སྣ་བདུན་ལ་སྦྱར་བའི་འབེལ་གཏམ༽༽ཞེས་པའི་དོན་བརྗོད་སྙན་ངག་རིང་མོ་དང་། དེ་བཞིན་རྗེ་མི་ལའི་མགུར་འབུམ་(མི་ལའི་མགུར་འབུམ་ཡིན་ནམ། གློ་བུར་དུ་གསལ་པོ་ཞིག་མི་དྲན)གྱི་ཤོ་ལོ་ཀ་འགའ་སེམས་ལ་དྲན་ཏུ་བཅུག གང་ལྟར། སྐུ་ཉིད་ཀྱི་སྙན་ངག་འདི་སྙན་པོ་འདུག་ལགས།
ཨོ དེ་ཡང་ངའི་ལག་འོག་ནས་ཤོར་བ་ཞིག་རེད། ད་འཕར་མ་ཚོ་གསུབ་ཡོད། ད་ཐེངས་འགྲིག་ཡོད་པའི་སྨོན་ལམ།
ཟླ་མེད་ལགས། ད་ནངས་ཞོགས་པར་མཆན་ག་ཚོད་བཏབ་ན་ཡང་མི་འཆར་བས་ཡང་དང་སྐྱར་དུ་བཏབ་པ་ཡིན། ད་རུང་མི་འཆར་བས་དྲ་དཔོན་ལ་སྙན་སེང་ཞུས་པ་ཡིན། ད་ལྟ་གཞི་ནས་ཤར་སོང་བས་ཞོགས་པའི་མཆན་དེ་དག་གཅིག་རྗེས་གཅིག་གིས་དེད་ནས་ཤར་བ་རེད། དཔེར་ན་མི་ཞིག་གི་མིད་པ་འགགས་དུས་དངངས་སྐྲག་གིས་དབུགས་རིང་ལེན་ཐུང་ལེན་གང་མང་བྱེད་ཨེ་ཐུབ་ལྟ་བ་ཇི་བཞིན་ད་ནངས་ཞོགས་པར་ང་ལ་ཡང་དེ་འདྲའི་དངངས་སྐྲག་ཅིག་བྱུང་ནས་ཡང་དང་སྐྱར་དུ་མཆན་འདེབ་དགོས་བྱུང་སོང་། དགོངས་དག ཆོས་བརྒྱུད་བཞི་ཀའི་སྨོན་ལམ་ལ་འགྲོ་མྱོང་། ཆོས་བརྒྱུད་བཞི་ཀའི་དཀོར་ཟས་ལ་སྤྱོད་མྱོང་། ཤི་མ་ཐག་དམྱལ་བ་མི་འདྲ་བ་བཞི་ལ་འགྲོ་རྒྱུའི་གྲ་སྒྲིག་ཅིག་ཀྱང་ཡོད། སྔོན་མར་ངའི་གྲོགས་པོ་དང་ཁྱོད་ཀྱི་ཕ་ཡུལ་གཅིག་པའི་ཀོའུ་བ་སྨོན་ལམ་གྱིས་ཁོང་གིས་རྡོར་གདན་དུ་རྐྱོང་ཕྱག་གསོག་སྐབས། ཁོང་ཡོད་ས་དེར་གནས་སྐོར་བ་རྒྱ་རིགས་དང་ཕྱི་མི་དད་ལྡན་པ་གང་འཚམ་ཞིག་ཡོང་ནས་ཉི་མ་རེ་རེ་བཞིན་དངུལ་ལོར་གང་འཚམ་ཞིག་སྦྱིན་པས། ཉི་མ་འགའི་རྗེས་སུ་དེ་འདྲ་བའི་དངུལ་ལོར་སྟེར་མཁན་ཞིག་མ་ཡོང་ན་ཅུང་མི་བདེ་བའི་ཚོར་སྣང་ཞིག་སྐྱེས་ཤིང་། ཁོང་གིས་དེ་མ་ཐག་རང་ཉིད་ཀྱི་སེམས་པའི་འཆར་སྒོ་རྟོགས་ཐུབ་པ་བྱུང་ནས། ཨ་ཁ། ད་ངའི་སེམས་པ་འདི་ཆོས་ཕྱོགས་སུ་འགྲོ་གིན་མི་འདུག་སྙམ་སྟེ་ཕྱག་འཚལ་ས་དེ་ནས་མི་ཡོང་ས་མེད་པའི་ཁུག་ཀྱོག་ཅིག་ཏུ་སྤོས་ནས་ཕྱག་བཙལ་བ་ཡིན་ཞེས་བརྗོད་བྱུང་། ཁོང་ལྟ་བུའི་སྐྱེས་བུ་དམ་པ་དཀོན་པོ་རེད། རྟག་པར་ཁོང་གི་སྒྲུང་དེ་སེམས་ནང་འཆར་གི་འདུག
དྲ་དཔོན་ལགས། ཐུགས་རྗེ་ཆེ། ཕྱག་ལས་དུས་ཐོག་ཏུ་གནང་བར་ཐུགས་རྗེ་ཆེ་ཞུ།
ཀོའུ་བ་སྨོན་ལམ་འདི་ཁ་བདེ་བ་ལ་ཚོད་ཅིག་མེད། ཁོང་གིས་ཨ་ཁུ་བློ་རྒྱམ་ལ་ནུབ་ལུགས་སྟོད་ལྭ་ཞིག་དང་འདྲ་ཞེས་མཚང་མིང་བཏགས་སོང་། ང་ལ་སྟོད་ལྭ་འགེལ་ས་འདྲ་བོ་ཞིག་འདུག་ཅེས་དང་། སྐལ་བཟང་སྦྱིན་པ་ཡིན་ནམ་ཞིག་ལ་ངོ་ཟོ་ཀེའུ་ཚོད་འཁྱག་པ་ཞིག་དང་འདྲ་ཞེས་བཏགས་པ་རེད། མི་དེའི་ཁ་ནང་ལ་ཅིག་ལྷུང་སོང་ནས་ཕྱིར་ཡོང་ཟེར་ན་འཁྲུལ་སྣང་ཡིན།
ཧཧཧཧཧཧཧཝཧ ཀླུ་སྨྱོན་དྲིན་ཆེན་པོ། ད་མང་པོ་མ་བཤད་མ་གཏོགས་དེ་དུས་ཀྱི་སྨྱོ་གཏམ་དེ་ཚོ་དྲན་ཡོང་དུས། ཁར་དགོད་བྱས་ནས་རྒྱུ་མ་ཟོ་ཆད་ལ་ཁད་དུ་བྱེད། ད་འདི་ལྟར་མུ་མཐུད་བགད་དང་ན། འདི་ནས་ཛ་དྲག་མྱུར་སྐྱོབས་པ་དེ་ཚོ་ཡོང་ནས་སྨྱོ་ནད་སྨན་ཁང་དུ་བསྐྱལ་ས་རེད། སྐལ་བཟང་དགེ་འདུན་གྱི་གདོང་པ་ཟོ་ཀེའུ་ཚོད་གྲང་མོ་ཅིག་དང་འདྲ་གི་ཟེར་བ་རེད།
དེ་རེད་དེ་རེད། སྐལ་བཟང་དགེ་འདུན་རེད། ཁྱེད་དགོད་རྒྱུ་ཡོང་ནོ་ཁག་མེད་ཀི མི་དེའི་ཁ་ལ་ཉན་ན་ངུ་མི་ཤེས་དགོད་མི་ཤེས་པའི་ཚོད་དུ་མ་ཤེས་མ་ཚོར་བར་བསྐྱལ་འགྲོ། གང་ལྟར་ལོ་སྔོན་མར་ཁོང་ཚོའི་འཛིན་གྲྭ་དེའི་ཁྲོད་དུ་དགེ་བཤེས་ལྷ་རམས་དམ་བཅའ་བཞག་པ་ཡང་མང་གི ཨ་ཁུ་སྨོན་ལམ་ཚང་གིས་ཀྱང་དགེ་བཤེས་ལྷ་རམས་དམ་བཅའ་བཞག་ལོས་ཡོད་རེ། ང་ཡང་ཐོག་མར་ཁོང་ཚོ་དང་འཛིན་གྲྭ་གཅིག་པ་རེད། དེ་ལྟར་མུ་མཐུད་དེ་བསྡད་ཡོད་ན་དགེ་བཤེས་ལྷ་རམས་ཚོ་ཕར་རིའི་སྤང་རྒྱན་རེད་ད། གཉིད་མ་སད་ཅིག་ལ་འཛིན་གྲྭ་ཝོ་རྫོགས་ཡོད་ན་ཐང་ཀི ད་ཚང་མ་རྨི་ལམ་འདྲ་བོ་ཟིག་བྱས་ནས་རྫོགས་སོང་།
འོ་ཀླུ་སྨྱོན། སྨོན་ལམ་རྒྱ་མཚོ་ཕལ་ཆེར་ན་ནིང་དགེ་ལུགས་རྒྱུགས་སྤྲོད་ཚར་ཡོད་ཀྱི་མ་རེད། ༢༠༠༥ ནང་ཁང་ཚན་གྱི་ཆེད་དུ་ལོ་གཅིག་རིང་དབྱིན་ལེན་དུ་འགྲོ་དགོས་བྱུང་ཡོད་པ་རེད། ཁོང་ཚོ་ཁང་ཚན་གྱི་མི་ཁ་ཤས་སོང་བ་རེད།
ཕལ་ཆེར་ལོ་གཉིས་རིང་དགེ་ལུགས་རྒྱུགས་སྤྲོད་ལ་ཆད་ཡོད་ས་ཡོད། ལོ་གཅིག་ལ་གྲ་སྒྲིག་བྱེད་དགོས་ག།
ད་དེས་ཁང་ཚན་གི་མྱི་ཕལ་ཆེར་ལ་མིང་རེ་བཏགས་ཡོད་ཀྱི་རེད། ད་དུང་ཀླུའུ་ཚང་ནས་ཡིན་པ་ཅིག་ལ་ཟ་ལེ་རྒྱ་ཡིན་ན་ཅིག་བཏགས་ཡོད་གི གསར་བ་ཅིག་རེད། ཐར་ཤུལ་ནས་ཡིན་པའི་ཅིག་ལ་གདོང་པ་དམར་པོ་ཡིནཙང་ཀྲ་མ་ཀྲོ་ཡིན་ན་ཅིག་བཏགས་ཡོད་གི ད་རུང་ཐལ་ཤུལ་འཇམ་དཔལ་ལ་མགྱོགས་མོ་ཅེས་བཏགས་ཡོད་གི ཁྲི་ག་ནས་ཡིན་པ་ཅིག་ལ་ཁ་ཡག་ཡིན་ན་ཅིག་བཏགས་ཡོད་གི ད་འདིས་གསར་བ་ཚོ་རེ་རེ་ཡོང་མྱིང་རེ་རེ་བཏགས་ཡོང་གི
tashi delek
སྙན་པོ་འདུག མུ་མཐུད་བཀོད་རོགས། ངལ་གསོ་ཐེབས་པའི་སྣང་བ་ཤར་བྱུང་། དེའི་སྔོན་ལ། ཆོས་ལུགས་ཀྱི་གྲུབ་མཐའི་བརྩོད་པ་དང་སྨོད་པ་རྫོགས་རྒྱུ་མེད་པ་ཞིག་ཀློག་པར་ཐལ། སེམས་མི་སྐྱིད་པ་ཆེན་པོ་བྱུང་། མཚམས་རེ་ལུས་སྟོད་ལ་རླུང་རྒྱངས་ནས། དབུགས་གཏོང་བར་དཀའ་ངལ་ཡོང་གིས། དོན་མེད། གྲོང་པའི་ཞིམ་བུ་དེ་ལ་ཁོང་ཁྲོ་བསྟན་པར་ཤོར་སོང་། ད་ཁོ་བཞེད་ནས་ད་དུང་ནང་ལ་ལོག་ཡོང་ནུས་ཀྱི་མིན་འདུག སྙིང་རྗེ། ཨ་རིའི་ཉམས་ཆུང་ཞིམ་བུ་ཞིག་ལ་བོད་ཀྱི་གྲུབ་མཐའི་བརྩོད་པ་ལས་ཁ་བརྡུང་ཟེད་དགོས་བྱུང་སོང་། ད་ཁོ་སྙིང་རྗེ། སང་ཉིན། ཞིམ་བུའི་ཁ་ཟས་ལེགས་པོ་ཞིག་ཉོས་ནས་དགོངས་ལ་དག་པར་བྱེད།
སྐད་ཆ་ཆོ་མེད་དེ་ཚོ་མ་གཏོགས་དོན་དག་ཡོག་པ་གཅིག་བཤད་ནའང་ཁོང་ཁྲོ་གསུམ་ལང་ཡོང་བ་འདི་འགྲོ་བ་མི་སྤྱིའི་གཤིས་ཀ་ཞིག་ཡིན་ས་རེད་་་་་་་་་་་་་་་་་ དོན་མེད་ཀྱི་འཆལ་གཏམ་དེ་ཚོའང་བཤད་མ་ཤེས་སྐབས་རེ་རྙོག་དྲ་ལུང་པ་གང་བཟོ་གིན་འདུག་ག་་་་་་་་་་་་ དྲྭ་བའི་ནང་ལ་རྒྱག་རེས་རོ་འདྲ་གཅིག་རྒྱབ་ནས་བློ་བདེ་པོ་གཅིག་ཆགས་དུས་སྐྱིད་པོ་འདྲ་ཡོང་རྒྱུ་འདུག་་་་་་་་་་་་་ བྱས་ཙང་རྒྱག་རེས་རྒྱབ་རྒྱུ་ཡོད་པ་ཉེས་རྡུང་བཟེད་མི་དགོས་པ་ཁེ་བཟང་ཞེ་པོ་ཡོད་ཙང་མི་མང་པོ་ཆེད་བསྔགས་འདིར་རྒྱག་རེས་རྒྱབ་པར་ཡོང་གི་ཡོད་པས་དེ་ཚོ་དངོས་གནས་རེད་བསམ་ནས་འཛིན་པ་ཆེ་དྲག་ན་དཀའ་ལས་ཡོང་རྒྱུ་ཉག་ཅིག་རེད་་་་་་་་་་་་་ བསམ་ཤེས་བསམ་ཤེས་པ་བྱོས་དང་ཞིམ་བུ་ལ་སྡུག་མ་བཏང་རོགས་སྐུ་མཁྱེན་ཞིམ་བུ་དེའི་ཚབ་བྱས་ནས་ཞུ་ཕུལ་ཆོག་་་་་་་་་
ཨ་ལགས་ཀླུ་སྨྱོན་ལགས། ཏྲེ་ཡེ་ཤེས་འོད་ཟེར་རམ་ཡ་མ་རཱ་ཛཱའི་གློག་འཕྲིན་ཁ་བྱང་འདི་རེད། lamawoesal@hotmail.comའདིའི་ཐོག་ླ་བརྡ་གནང་རོགས། གཞན་ཕྲན་གྱི་དེབ་ཁ་ཤས་འབུལ་འཆར་ཞུས་པ་དེ་ཚོ་ཁ་བྱང་ག་རེ་དགོས་མིན་དང༌། མི་འགྲོ་སུ་ལ་སྐུར་འཐུས་ཀྱི་ཡིག་ངག་ཡང་མེད་ན་ཕྲན་གྱིས་ག་འདྲ་བྱས་ནས་འབུལ་དགོས་ལེ་རེད། ཨ་ལགས་ཚང་འདི་ཐུགས་བཟམ་བཞེས་མི་འདུག་ག སྙན་ངག་འདི་འདྲ་མུ་མཐུད་རྒྱུམ་ཟད་དེ་སྔོན་བྲིས་ཟིན་པ་ཚོ་དྲ་ཡིག་ཐོག་བཞག་ཅི་ཐུབ་གནང་རོགས།
བོད་ལ་བླ་སྤྲུལ་མང་ན་ཡང་།། བོད་དོན་བསམ་མཁན་གོང་ས་མཆོག། འཛམ་གླིང་ཡུལ་གྲུ་མང་པོ་ན།། བོད་པ་མང་ཡང་བོད་དོན་ལ།། སྐད་འབོད་ཙམ་ལས་དོན་གྱིས་ནི།། སོ་སོའི་སྒེར་དོན་ཁོ་ན་སྒྲུབ།། སྐད་དང་རིག་གཞུང་མི་སློབ་པར།། ཁྲུས་ཁང་སྤྱོད་ཁང་བཀྲུ་བ་ནི།།གཟི་བརྗིད་དུ་ནི་རློམས་པ་དེ།། ཕྱི་སྡོད་བོད་མིའི་ལས་དབང་རེད།། བོད་ཡིག་ཀ་ཁ་མི་ཤེས་ཀྱང་།། ཁ་ནས་བོད་དོན་གླེང་བ་ལ།། ཉན་ན་སེམས་པ་ཤིན་ཏུ་སྐྱོ།།ད་དུང་ཆབ་སྲིད་ཐད་ལ་ནི།།ཨུ་ཚིགས་རྒྱག་པའི་གནས་ཚུལ་འདི།།མཐོང་རྗེས་མཚན་མོ་གཉིད་མི་ཁུག།
ཁ་བའི་ལྗོངས་དང་ཡུན་རིང་ཁ་གྱེས་པའི།།
ཁ་བ་དཀར་པོའི་ཁ་ལ་ཉན་རྒྱུ་མེད།།
ཁ་བརྡ་ནང་དུ་ཁ་མཚར་རྩེད་སྤྱད་ལས།།
ཁ་བའི་སྡོམ་པ་ཁ་ཆག་སྣ་རལ་མེད།།
མོ་སྡོམ་ཡོད་ན་སྡོམ་པ་ཡོད་ཚེ་ང་ལ་སྡོམ་པ་ཡོད་པ་འདྲ། །
བྱང་སྡོམ་མེད་ན་སྡོམ་པ་མེད་ཚེ་ང་ལ་སྡོམ་པ་མེད་པ་འདྲ། །
སྔགས་སྡོམ་མེད་ན་སྡོམ་པ་མེད་ཚེ་ང་ལ་དེ་ཡང་མེད་པ་འདྲ། །
སྡོམ་གསུམ་མཉམ་དུ་རྒྱ་མར་བཀྱགས་ན་ང་ལ་སྡོམ་པ་མེད་པ་འདྲ། །
སྡོམ་པ་ཟེར་བའི་སྡོམ་སྤྱད་འདི་ཡིས་འཁོར་བའི་ནང་དུ་རྐང་ལག་བསྡམས། །
སྡོམ་པ་ཟེར་བའི་སྡོམ་སྤྱད་འདི་ལ་རུལ་རྒྱུ་ཡོད་ན་རུལ་སོང་ཟིག །
ལྕགས་ཐག་གསེར་ཐག་གང་གིས་བསྡམས་ཀྱང་རྐང་ལག་རྐྱོང་དབང་མེད་པ་ལ། །
གཅིག་པ་ཡིན་པས་དེ་རིང་ནས་བཟུང་སྡོམ་པའི་འོག་ནས་འབུད་ན་འདོད། །
ཞི་མོ་རིག་དུས་སྡོམ་པ་འདི་ཡིས་སྡོམ། །
ཞིམ་པོ་རིག་དུས་སྡོམ་པ་འདི་ཡིས་སྡོམ། །
སྒོར་མོ་རིག་དུས་སྡོམ་པ་འདི་ཡིས་སྡོམ། །
བསྡམས་ནས་ཐར་བ་འཐོབ་ན་འཐོབ་རན་རེད། །
ཐར་བའི་ལམ་ལ་བསླེབས་པའི་དུས་མེད་ཅིང་། །
ངན་འགྲོར་མི་སྐྱེའི་གདེང་ཡང་མེད་པ་ཡི། །
སྡོམ་པའི་སྡུག་བསྔལ་འདི་ཡི་དོང་ནང་ནས། །
ནམ་ཡང་ཐར་མེད་སྐྱེ་བོ་སུ་དང་གང་། །
སྡོམ་པའི་རྩག་རྒན་གྱོན་ན་དྲོས་རྒྱུ་མེད། །
སྡོམ་པའི་ཆུ་འཁྱགས་འཐུངས་ན་བརྒྱགས་རྒྱུ་མེད། །
སྡོམ་པའི་རྡོ་ཁང་ནང་ན་བདེ་སྐྱིད་མེད། །
མེད་པའི་རྩ་བ་ངེས་འབྱུང་མེད་པར་ཐུག །
ངེས་འབྱུང་མར་ལོ་སྣུམ་པོ་མེད་པ་ཡི། །
སྡོམ་པ་སྡོམ་པ་ཟེར་བའི་རྩམ་སྐྱ་འདིས། །
མི་ཚེའི་བདེ་སྐྱིད་མགྲིན་པ་བརྣངས་པ་ཡི། །
ངང་ཚུལ་ཤེས་མཁན་དཀོན་ལ་བཤད་མཁན་དཀོན། །
རྩོམ་དེ་གོ་མ་ཐག་སྙིང་ལ་ཟེར་རྒྱག་གི་འདུག སྔོན་མ། དབྱིན་ཇིའི་ཨ་ནེ་ཞིག་མཉམ་དུ་རྡ་ས་ནས་ལྡི་ལིར་ཡོང་སྐབས། རླངས་འཁོར་ནང་སྡོད་ས་གཅིག་པ་འཁེལ། ང་ཁོལ། མོ་ཡང་ཁོལ། གང་ཙམ་ཞིག་ནས། ནག་ཁུང་ནང་། ངའི་འདྲེ་ལག་དེ་མོའི་བརླ་གཉིས་ཀྱི་འོག་ལ་ཤོར། མོས་ཀྱང་གཉིད་ཁུག་ཁུལ་གྱིས་ཡ་མ་བྱས། གང་ཙམ་ནས་དེའི་འོག་ནས་ཆུ་འདོན་བཞིན། མོ་ངུ་ངུ་འགྲབ། བརྡར་བརྡར་འགྲབ། ལངས་ལངས་འགྲབ། ཉལ་ཉལ་འགྲབ་བྱས་སོང་། གང་ཙམ་ཞིག་ནས། མོས་ངའི་ལག་པ་འདི་ན་ཟིན་ནས། དེ་ཐད་ཀར་ཁོང་གི་ཇ་ལེའི་ཏོག་དེའི་སྟེང་མནན་ནས་ཕུར་ཕུར་བྱེད་བཞིན། འཁུན་སྒྲ་དབུགས་ལྗིད་པོ་ལྡན་པ་ཞིག་ཕྱུང་བཞིན། ཁ་ནས། “oh dear, oh dear, I am coming, coming sorry……..”ཟེར་ནས། སྐད་ཆེན་པོ་རྒྱག་བཞིན། འཚོར་བ་མཐར་ཐུག་དེ་བཏོན་སོང་།
དེའི་རྗེས་ལ་ཆུ་ཚོད་གཅིག་ཕྱིན་རྗེས། ཡང་མོའི་འདྲེ་ལག་འདི་ངའི་བརླའི་བར་ལ་རྐྱང་ཡོང་གི་འདུག ང་རང་དོར་མ་གྱོན་ཡོད་སྟབས། སྟབས་བདེ་པོར་འཆང་སྟབས་མེད་སྟབས། ཨ་ནེ་དེ་བྱ་ཐབས་བྱུང་མ་སོང་།
དེའི་སང་ཉིན་དེར། ང་རང་གཉིས་ཀར་འགྱོད་པ་ཚད་མེད་ཞིག་རྩོལ་མེད་ཤར་བྱུང་། རྗེས་མ་ལྡི་ལིར་ཡང་སྐྱར་ཐུག་སྐབས། མོ་རང་གྲྭ་ཆས་དེ་མགྱོན་ནས་རྫིག་པོ་བྱས་ནས་ཕྱིན་སོང་། ངའི་སེམས་ལ་མི་བདེ་བ་ཞིག་བྱུང་ནས། ག་དུས་ཡིན་ནའི་སྡོམ་པའི་སྐོར་གླེང་སྐབས། གནས་ཚུལ་དེ་དྲན་གསོ་ཡོང་གི་འདུག ངའི་སེམས་ལ། ཁ་སྔོན་གྱི་གནས་ཚུལ་དེས་མོ་སྡོམ་པ་ཤོར་རྩིས་སམ།
སྡོམ་པ་ཤོར་བར་རྩིས་སམ།