གནས་ཚུལ་མཁོ་གཏོང་བ། ཨ་ཀྲུག་ཚེ་བརྟན།
ལྷོ་ཕྱོགས་བརྒྱུད་མངའ་སྡེ་ཁག་ནང་བོད་དོན་ཞུ་སྐུལ་གྱི་ལས་འགུལ་སྤེལ་མཁན་གྱི་སྤྱི་འཐུས་ཚོ་ཚེས་༡༣ ཉིན་གྱི་སྔ་དྲོར་རྒྱལ་ཁག་ཁག་དུ་མའི་ནང་གཞུང་ཚབ་གནང་མྱོང་བ། ད་ལྟ་རྒྱ་གར་དབུས་གཞུང་གི་བདེ་འཇགས་སློབ་སྟོན་པ་„ཀྲེ་པེ་ཤི་རིས་ན་བ་སན་(T P Srinavasan) མཆོག་དང་མཇལ་བ་དང་། ཁོང་གིས་གོང་ས་མཆོག་གི་བྱིན་རླབས་ཀྱིས་བོད་དོན་ལ་རྒྱབ་སྐྱོར་བྱེད་མཁན་མང་པོ་ཡོད་པ་དང་རྒྱ་གར་དེའི་ནང་གི་གཅིག་ཡིན་པ། བོད་དོན་འདི་རྒྱ་གར་ལ་མཚོན་ན་མང་པོ་ཞིག་དང་འབྲེལ་ནས་ཡོད་པས་ནམ་ཡང་བློས་གཏོང་མི་སྲིད་པ་སོགས་བོད་དོན་རྒྱབ་སྐྱོར་གྱི་བཀའ་སློབ་མང་པོ་གསུངས་པ་དང། དེའི་རྗེས་ཀེ་ར་ལ་གྲོས་ཚོགས་ཚོགས་གཙོ་རྗེའི་ཀར་ཐི་ཀི་ཡན་(G Karthikayan)མཆོག་དང་མཇལ་བ་ན། ཚོགས་གཙོ་མཆོག་གིས་ཆེ་མཐོང་མཚོན་ཆེད་དུ་སྒོར་བསུ་བར་ཕེབས་སྟེ་སྣེ་ལེན་རྒྱས་པར་གནང་བར་མ་ཟད། གསར་འགོད་པ་༢༨ ཆེད་འགུག་གནང་འདུག
གསར་འགོད་པ་རྣམས་ཀྱིས་ཚོགས་གཙོ་མཆོག་ལ་བོད་དོན་ངོ་སྤྲོད་ཞུ་སྐབས་དང་། ཚོགས་གཙོ་མཆོག་གིས་སྤྱི་འཐུས་རྣམས་ལ་ཕྱག་རྟགས་གནང་བ། ལྷག་པར་དུ་ཀེ་ར་ལའི་གྲོས་ཚོགས་ཀྱི་ལོ་རྒྱུས་ཐོག་ཁོང་ཉིད་ཀྱི་ཕྱག་བྲིས་„བྱམས་བརྩེ་དང་ལྷག་བསམ་བཟང་པོས་བོད་མི་ཚོ་ལ་གདུང་སེམས་མཉམ་བསྐྱེད་ཡོད་„ཅེས་པའི་མཚན་རྟགས་དང་བཅས་གནང་བ་རྣམས་པར་དང་བརྙན་ཕབ་ཀྱིས་དྲི་བ་འདོན་པ་སོགས་ཐུགས་སྣང་ཆེན་པོ་གནང་སོང་ལ། སྒོར་ཡོང་ནས་ཚོགས་གཙོ་མཆོག་ནས་གསར་འགོད་པ་ཚོ་ལ་བོད་ཀྱི་སྤྱི་འཐུས་རྣམས་ཀེ་ར་ལའི་མངའ་སྡེ་འདིར་ཕེབས་དོན་ནི་བོད་ནང་གི་ཛ་དྲག་གི་གནས་སྟངས་ཀྱི་ཆེད་དུ་ཡིན་པ་སོགས་ངོ་སྤྲོད་གནང་སོང་། ཁོང་ནི་བོད་དོན་ལ་རྒྱབ་སྐྱོར་ཤུགས་ཆེན་ཡོད་པར་མ་ཟད། བོད་དོན་ཐོག་རྒྱུས་མངའ་དང་ཐུགས་སྣང་ཆེན་པོ་གནང་མཁན་ཞིག་ཀྱང་རེད་འདུག
བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་ཆེད་བཙུགས་ལྷོ་རྒྱུད་སྣེ་ཁྲིད་ཚོགས་ཆུང་ལ་འབྲེལ་བ་གནང་ཡུལ་གྱི་ཞལ་པར་ཨང་གྲངས། 9738642339 འདི་ཡིན།
མི་མང་གིས་འཐུས་ཚབ་རྣམས་ནས་འདི་ལྟར་འགུལ་བར་དགའ་སོང་། དམིགས་བསལ་ལྷོ་རྒྱུད་ཚོགས་ཆུང་ནས་བྱ་འགུལ་གནད་སྨིན་མང་ཙམ་མཛད་པར་བཀྲིས་བདེ་ལེགས། ཐུགས་རྗེ་ཆེ།
འདི་ལྟར་ལས་འགུལ་སྤེལ་བར་ཡི་རངས་ཞུ།
བཟང་ཐལ་