གྲོགས་པོའི་སྐྱེས་སྐར་རོལ་བའི་
ལས་ཀྱིས་བསྡུས་པའི་ཁྱོད་ལ་གློ་བུར་འཕྲད་ནས།།
སེམས་ཀྱི་བྱེའུ་ཆུང་ཕྱིར་ལ་དབང་མེད་ཤོར་བ།།
བརྩེ་སྒྲུང་སྙན་མོ་ཞིག་གི་དབུ་ཁྱུད་ཨེ་ཡིན།།
ཁྲ་ཚོམ་གློག་འོད་འཁྱུག་པའི་དགོང་ཁ་དེ་ལ།།
གནང་དེང་རོལ་དབྱངས་གྲགས་པའི་འུར་ཟིང་ཁྲོད་ནས།།
ཞབས་བྲོའི་སྟངས་སྟབས་མཛེས་པའི་བུ་མོ་ཁྱོད་ལ།།
མཛའ་བའི་གྲོགས་ཤིག་སྒྲིག་རྒྱུའི་རེ་སྨོན་ཤོར་སོང།།།
འཚམས་འདྲིའི་ཚིག་གཅིག་ངག་ལས་མ་ཐོན་གོང་ལ།།
བདེ་མོའི་ཁ་གཡང་ཞིག་གིས་མདུན་ནས་བཀག་བྱུང།།
མགོ་བོ་བྲང་ཁར་སྨད་ནས་ཡ་ལན་སྤྲོད་དུས།།
ངོ་གདོང་དམར་པོར་གྱུར་བས་ཁྱོད་རང་བགད་ཐལ།།
བཀྲ་ཤིས་སྨོན་འདུན་གྱེར་བའི་དབྱངས་རྟ་ཞིག་གིས།།
ཧད་ཀྱིས་ལུས་པའི་རྣམ་ཤེས་ཚུར་ལ་བཀུག་བྱུང་།།
འཇམ་མཉེན་ཕྱག་འཇུ་ཞིག་གིས་ཕར་ལ་འཐེན་དུས།།
གོམ་པའི་འདེགས་འཇོག་འདི་ལ་རང་དབང་མ་བྱུང་།།
གཏམ་འགོ་ཅི་ཡིས་རྩོམ་པར་ཐེ་ཚོམ་གང་མང།།
གཏམ་མཇུག་ཇི་ལྟར་བསྡུ་པར་སྐྲག་སྣང་གྲངས་མེད།།
དངངས་འཚུབ་བར་གྱི་སེམས་པ་དོང་ལ་ལྷུང་འདྲ།།
ཐེ་ཚོམ་ཀློང་གི་སྙིང་ཆུང་རྒྱ་རུ་ཚུད་འདྲ།།
སྐྱེས་གཟུགས་ཡག་པའི་མཛེས་མ་ཅི་འདྲའི་མང་ཡང།།
བདག་གི་མིག་ལ་ཐོགས་པ་བུ་མོ་ཁྱོད་ཉིད།།
གཤིས་ཀ་བཟང་བའི་བུད་མེད་ཅི་འདྲའི་མོད་ཀྱང།།
ང་ཡི་ཞེ་ལ་འབབ་པ་བུ་མོ་ཁྱོད་ཙམ།།
ལུས་པོའི་བར་ཐག་ཉེ་ཡང་དགའ་ཚུལ་མ་གླེང་།།
སེམས་པའི་རྒྱང་ཐག་ཐུང་ཡང་དུངས་སྟངས་མ་བཤད།།
ཁུ་སིམ་མིག་མདངས་རྣོན་པོའི་ལྐོག་བརྡ་ཞིག་གིས།།
བརྩེ་བའི་བག་ཆགས་ཤིག་གི་རི་མོ་བྲིས་ཡོད།།
བཅོས་མའི་འཛུམ་ཆུང་ཞིག་གིས་ཁྱོད་རང་བསུས་ནས།།
གསང་བའི་མིག་བརྡ་ཞིག་གིས་ཕེབས་སྐྱེལ་བྱེད་དུས།།
སྐྲ་ལོ་རླུང་གིས་ཕྱོགས་པའི་གོམ་སྟབས་བར་ནས།།
བརྗེད་མེད་ཕྱིར་མིག་ཅིག་གིས་དྲན་ཤིང་བཞག་བྱུང།།
སླར་འཛོམས་ཉིན་མོ་ཞིག་གི་བདེ་སྐྱིད་བསམ་ནས།།
ལྷིང་འཇགས་གཙང་འགྲམ་ཞིག་ལ་དུས་ཆད་བཏབས་ཡོད།།
ཐོག་མའི་བརྩེ་སེམས་དེ་ལ་འགྱུར་བ་མེད་ན།།
མཐའ་མའི་དམ་བཅའི་ཚིག་ལ་གཡོར་བ་མ་གནོངས།།
༢༠༡༢།༡༡།༨
ཐུག་མ་ཐག་དུ་བརྩེ་བ་འབེར།།
བློ་ལ་འབབ་པའི་དུས་ཁོམ་མེད།
བོད་པ་ཚང་གི་འགྲོ་སྟངས་འདི།
བདེན་པ་ཡིན་ནམ་བཅོས་མ་ཡིན།
མཚན་ཚོགས་གཅིག་གི་དུས་ཡུན་ལ།།
འདས་མ་ད་གསུམ་ཤེས་ཉམས་ནས།།
ཚེ་གཅིག་བཟའ་ལ་རེ་བ་འདི།
འཕྲུལ་བ་ཡིན་ནམ་རྨོངས་བ་ཡིན།
མྱིག་རྩར་ཆགས་བ་འཁོར་བ་དང་།།
སེམ་ལ་གཡའ་ཆུ་འབབ་པར་བྱེད།
མཇེ་རྩ་ཧུན་ཆུས་སྦྲིད་པ་ན།
ཁ་ནས་ཡོད་ཚད་ཚོད་མེད་འཆོར།།
དགའ་བ་བརྩེ་བ་ཁ་ཁར་མེད།
བློ་འབབ་སྣང་འགྲོ་ཁ་ཁར་མེད།
རྒྱུས་ལོན་གཤིབ་སྡུར་ཁ་ཁར་མེད།
དྲན་པ་དུངས་པ་ཁ་ཁར་མེད།
གང་ལ་གང་འབྱོར་མེད་པའི་ཚིག།
དེ་ལ་དེ་མཐུན་མེད་པའི་དོན།
ཚིག་དོན་འདི་གཉིས་མ་འབྱོར་ན།
ཆགས་གཟེར་ཙམ་ལས་མེད་པ་ཤེས།།
གོང་གི་དེ།
གཅན་ཁྱོད་ལ་བརྫས་ནི་མིན་གི་ཨོ།
ཚེ་རིང་སྐྱིད་ཐུགས་ཡོད་ས་རེད།
ཐུག་མ་ཐག་ནས་དགའ་ཉམས་མ་སྟོན། །
སྐྱེས་པ་ཕོ་ཡི་ལ་རྒྱ་ཤོར་འགྲོ། །
མཐོང་མ་ཐག་ཏུ་མཛེས་མར་མ་བསམ། །
རང་གི་སེམས་པར་སྡུག་ཅིག་ཡིན་འགྲོ། །
མིང་དང་ཁ་པར་ཨང་གྲང་ཡང་ན་ངོ་དེབ་མིང་ལེན་མ་ཐུབ་ཁྱེད་ཨ་ཨ་ཁ་ཁ་
ཁ་པར་ཨང་གྲང་དང་ཡང་ན་ངོ་དེབ་མིང་ལེན་མ་ཐུབ་པ་ཁྱེད་ཨ་ཨ་ཁ་ཁ་