རེབ་ཐོག་མདའ།
སྐྱིད་སྡུག་མི་ཚེ་ཡི་ལས་དབང་ཁྲོད་ནས།།
སྨན་ཆུང་བུ་མོ་ཞིག་སེམས་ཀྱིས་བཙལ་ཏེ།།
སེམས་དང་བསམ་པ་ཡིས་ཟབ་ས་དེ་ནས།།
སྙིང་གཏམ་དྲོན་མོ་ཞིག་གླེང་ན་བསམ་ཡོད།།
གདོང་ན་འཛུམ་ཆུང་གིས་ཕྱུག་པ་ཞིག་ལ།།
བརྕེ་བའི་ས་བོན་འདི་འཁྲུངས་རྒྱུ་བྱུང་ན།།
རང་དབང་འཚོ་བ་ཡི་གཞིས་ཁྱིམ་ཞིག་ནས།།
སྐྱིད་སྡུག་མཉམ་མྱོང་ཞིག་བྱེད་དགོས་བསམ་མོ།།
སྒེག་ཉམས་དོད་པོ་ཞིག་ལུས་ལ་མེད་ཀྱང་།།
གཤིས་ཀ་འཇམ་པོ་ཡིས་ཕྱི་ནང་བྲིས་པའི།།
གངས་རིའི་བུ་མོ་ཞིག་ཁྱིམ་ལ་བསུས་ནས།།
གཞིས་ཁྱིམ་དྲོན་མོ་ཞིག་བཟུང་ན་བསམ་མོ།།
ཡག་དང་མོ་སྒོ་ཡི་ལང་ཚོ་མེད་ཀྱང་།།
ཁ་བ་བོད་པ་ལ་དུངས་བ་ཡོད་ན།།
བརྕེ་བའི་ལག་ཟུང་འདི་རིང་དུ་བརྐྱངས་ནས།།
ཁྱིམ་གཞི་དྲོན་མོ་ཞིག་འཛུགས་ན་བསམ་མོ།།
མི་ཚེའི་ལམ་ཁ་འདི་ཅི་འདྲ་དོག་ཀྱང་།།
སྙིང་སྡུག་མཛའ་མོ་དེ་སྙིང་ལ་སྒོམ་བཞིན།།
ལྷད་མེད་བརྕེ་བ་དང་དུངས་སེམས་དཀར་པོ།།
སེམས་མཐུན་གངས་ཅན་པའི་བུ་མོ་ཞིག་ལ།།
བུ་ཕོ་ལ་བུ་མོ་ནི་ངེས་པར་དགོས། འཇིག་རྟེན་གྱི་བྱ་བ་བྱེད་ཀྱང་དགོས་ལ་སངས་རྒྱས་ཀྱི་བསྟན་པ་ལ་བྱ་བ་བྱེད་ཀྱང་དགོས་པ་ཞིག་ཡིན། དེ་ཡིན་དུས་གངས་ཅན་པའི་བུ་ཁྱོད་ལ་གངས་ཅན་པའི་བུ་མོ་ཞིག་རྙེད་ནས་གངས་ཅན་པའི་ནང་བསྟན་སྤེལ་བའི་སྨོན་འདུན་ཁོ་བོ་འབྲུག་པ་རྒན་པ་ནས་ཡོད་ལགས།
སྤྱིར་གྲྭ་ལོག་གི་ལག་ལ་བོད་མོ་ཟིག་རེག་རྒྱོ་དཀའ་མོ་ཡིན་ས་རེད། ཆི་ཟིག་ལ་ཟེར་ན། མོ་སྡོམ་སྲུང་མ་ཐུབ་པས་ཡིན་ས་རེད། གནའ་སྲོལ་ཟིག་ལ་འདི་འདྲ་ཞིག་བཤད་ཚུལ་འདུག།
གྲྭ་ལོག་ཟིག་གི་ཚུལ་ན། རྩམ་ལོག་ཟིག་གི་དགའ་འི། ལྟ་བུ་དང་། ཡང་ས་ཆ་གཞན་རེ་ན།
གྲྭ་ལོག་དེ་ཚོས་ཅི་གང་མི་ལོ་ལེ། ཆོས་རྦད་མི་ལོ་ལེ། འཁོར་བ་རྦད་མི་ལོ་ལེ། གང་རྦད་མི་ལོ་ལེ། ང་དགའ་མི་ཐལ།
ཡིན་ན་ཡང་།
ཁྱོད་ལ་ཕག་མོ་སྒྲོལ་མ་ཟེར་ནིའི་བོད་མོ་ཟིག་མགྱོགས་མྱུར་ངང་ཐུག་པའི་རེ་བ་ཡོད། ཁྱོད་མྱི་དགའ་ཟིག་ཡིན་ས་རེད། ཁྱོའི་བཤད་ཚུལ་གཤོབ་ཚུལ་ཚང་མ་བློ་ལ་འགྲོ་བོ་འདུག། ཧ་ཧ་ཧ།