གནས་ཚུལ་མཁོ་གཏོང་བ་རྨོག་རུ་བསྟན་པ།
བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་སྐུ་ཚབ་རྒྱ་གར་བྱང་ཕྱོགས་ཀྱི་ཞུ་གཏུགས་ལས་འགུལ་བ་རྣམས་གནས་མཆོག་རྡོ་རྗེ་གདན་དུ་འབྱོར་དེ་ཕྱི་ཚེས་༡༩ ཉིན་མངའ་སྡེ་གྲོས་ཚོགས་འཐུས་མིར་མཇལ་འཕྲད་ཀྱིས་བོད་ནང་གི་ཛ་དྲག་གི་གནས་བབ་ཞུ་གཏུགས་དང་། ཕྱི་དྲོ་ཆུ་ཚོད་༣ པའི་སྟེང་མ་ཧ་ཡ་ན་མགྲོན་ཁང་དུ་གསར་འགོད་ལྷན་ཚོགས་སྐོང་འཚོགས། ཆུ་ཚོད་༥ སྟེང་རྣམ་རྒྱལ་གྲྭ་ཚང་དགོན་པ་ནས་མཆོད་རྟེན་ཆེན་མོ་བར་བྱང་ཆུབ་སེམས་མཆོག་སྐྱོར་བཞིན་མར་མེ་ཁྲོམ་བསྐོར་དང་། བོད་དོན་དྲིལ་བསྒྲགས་ཀྱི་ཡིག་ཆ་འགྲེམ་སྤེལ་སོགས་གནང་ཡོད་པ་རེད། ཐེངས་འདིར་མར་མེ་ཁྲོམ་སྐོར་དུ་སེར་སྐྱ་བརྒྱ་ཕྲག་མང་པོ་མཉམ་ཞུགས་གནང་ཡོད་པ་དང་། མཆོད་རྟེན་ཆེན་མོར་བསྐོར་བ་ཐེངས་གསུམ་བསྐྱོན་རྗེས་རང་ལུས་མེར་བསྲེགས་གནང་བའི་རྒྱལ་གཅེས་དཔའ་བོ་དཔའ་མོ་རྣམས་ཀྱི་ཆེད་བསྔོ་བ་སྨོན་ལམ་གསུང་འདོན་དང་། བདེན་ཚིག་སྨོན་ལམ་དང་། བོད་རྒྱལ་ཁབ་ཆེན་པོའི་རྒྱལ་གླུའི་ཁྲོད་ནས་མར་མེ་ཁྲོམ་སྐོར་གྱི་ལས་འགུལ་མཇུག་བསྡུ་གནང་ཡོད་པ་རེད།
ལས་འགུལ་སྤེལ་བ་ཙམ་མིན་པར་དུས་ལྟར་གནས་ཚུལ་མཁོ་སྤྲོད་གནང་བ་ནི་སྤྱི་འཐུས་ཚོའི་ཤེས་ཡོན་ཡིན་པས་དགའ་ཡོད། བྱ་བ་ལམ་འགྲོ་ཡོང་བར་སྨོན། སྤྱི་དོན་རང་རེད།
དངོས་ཡོད་གནས་ཚུལ་ལས་ཁྱོགས་བཤད་བྱས་ན་མི་ལེགས་པ་་་་་་་
ཁ་སེང་ ཨ་རི་ voa གསར་འགྱུར་ཁང་ནས་གསལ་བཤད་གནང་དོན་་་་་
ཁོ་གཏོང་བ་་་ བསོད་ནམས་གཡང་འཚོ་ཡིན་ཟེར་བ་ཞིག་ནས་་་་་་་་ གསང་ཆེན་སྔ་འགྱུར་རྙིང་མའི་སྨོན་ལམ་
ཆེན་མོ་སྐབས་ཉེར་བཞི་པ་དེ་ད་ལྟ་ གནས་མཆོག་རྡོར་རྗེ་གདན་དུ་ཚོགས་བཞིན་པ་ལས་་་ དེ་ཡི་བྱུང་རིམ་དང་
མཛད་རིམ་སོགས་ཀྱི་གནས་ཚུལ་གསལ་བཤད་མེད་པ་ལས་་་་་ མ་ཡིན་པའི་སྐད་ཆ་འབྲེལ་མེད་དོན་མེད་ཞིག་ནི་
ཀརྨ་པ་རྙིང་མི་སྨོན་ལམ་ཚོགས་པར་ཉིན་ཅིག་ཚོགས་བཞུགས་གནང་བ་རེད་ཟེར་ནས་འཛམ་གླིང་གང་སར་སྒྲགས་ཀྱི་འདུག་ན་
དེ་དག་ཚུལ་མིན་གྱི་གནས་ཚུལ་ལ་་ ་ངག་གི་སྒོནས་རྫུན་དང་ ཞེས་པ་སོགས་་་་ སྤངས་བྱར་གྱུར་བའི་ཆོས་
མ་ཡིན་པ་ལ་ཡིན་པར་སྨྲ་བ་ནི་གང་གི་ལུགས་དང་མི་མཐུན་པས་ གསལ་བཤད་བྱས་ན་ལེགས་་་་ ཀརྨ་པ་ཁོང་་་་
རྙིང་མའི་སྨོན་ལམ་ཆེན་མོའི་ཚོགས་སུ་ཆོས་འཇལ་ལ་འཕེབས་པ་ལས་་་ ཚོགས་གནང་མེད་དོ་་་་་་་
སྤྱིར་གཏང་དགེ་ལུགས་ཀྱི་ཆོས་ཕྱོགས་ཀྱི་མཛད་སྒོ་དང་ཁྱབ་སྒྲགས་དག་ནི་ཉིན་མ་རེ་རེ་བཞིན་དུ་ཡོད་པ་ལས་་་་་་་
ཆོས་ལུགས་གཞན་གྱི་བྱེད་སྒོ་དག་ནི་གསར་འགྱུ་རྒྱུད་ལམ་ཁག་ནས་གནས་ཚུལ་གོ་བ་ཉུང་ཉུང་ལས་ཀྱང་ཆེས་ཉུང་ཉུང་ཡིན་
ན་ དེ་དག་ཆོས་ལུགས་སོ་སོའི་སྤྱི་མཐུས་རེར་ཡོད་ཀྱང་ ཁོང་རྣམས་ཕྱག་ལས་མང་བ་ཡིན་ནམ་གང་ཡིན་ཤེས་དཀའ་
སོང་ངོ་་་་་་་་
དངོས་གནས་རེད་་་་སྐད་ཆ་བདེན་པ་མ་བཤད་ན་་་ཞུག་མ་སོ་སོའི་ནང་མི་ལ་ལས་འབྲས་ཡུང་གི་རེད་ད་་་
རྣམ་པ་ཚོའི་ལས་འགུལ་དེ་བོད་མི་ས་ཡ་དྲུག་གི་སྤྱི་དོན་དང་། ལྷག་པར་དུ་བོད་ཕྱི་ནང་གི་རྒྱལ་གཅེས་དཔའ་བོ་དཔའ་མོ་རྣམས་ཀྱི་དགོས་འདུན་ཁག་ལ་རྒྱབ་སྐྱོར་མཚོན་ཆེད་དང། གདུང་སེམས་མཉམ་བསྐྱེད་ངོ་མ་ཞིག་ཆགས་ཡོད་སྟབས་ངོ་མ་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།