རྩོམ་པ་པོཿRabindranath Tagore
སྒྱུར་མཁནཿ རེབ་ཐོག་མདའ།
ཤོག་བཟོས་གྲུ་ཆུང་ཉིན་ནས་ཉིན་ལ་གཅིག་དང་གཅིག་བྱས་གཙང་པོར་བསྐུར།།
རང་མིང་སྡེ་མང་ཤོག་བུའི་སྒང་ལ་ཡི་གེ་ནག་པོ་ཆེན་པོས་བྲིས།།
བདག་གི་རེ་བ་རྒྱང་ལ་བསྲིངས་པ་རྒྱུས་མེད་གྲུ་ཁའི་མི་ཞིག་གིས།།
རྙེད་པར་གྱུར་ཏེ་བདག་གི་མིང་དང་ལོ་རྒྱུས་མ་ལུས་ཤེས་པར་ཤོག།
གྲུ་ཆུང་ནང་དུ་བདག་གིས་བླུགས་པའི་ཁྱིམ་གྱི་ཡ་ཞིས་མེ་ཏོག་ཡོད།
བདག་གིས་རེ་བའི་མེ་ཏོག་དེ་དག་སྐྱ་རེངས་བུ་མོས་འཁུར་སོང་སྟེ།།
མཚན་མོ་ཞིག་གི་གནས་ཡུལ་གང་ནས་བདེ་བའི་ངང་ནས་བཞད་པར་ཤོག།
བདག་གིས་གྲུ་ཆུང་ཆུ་ལ་བསྐུར་བཞིན་མགོ་བོ་བཏེགས་ཏེ་གནམ་ལ་བལྟས།།
སྤྲིན་པ་དཀར་བོ་འབུར་དོད་ངང་ནས་དུམ་བུ་དུམ་བུར་ཕྱོགས་བཞིར་འགྲོ།།
ནམ་མཁའི་དབྱིངས་ན་བདག་ལ་རྕེད་རོགས་མེད་པ་བདག་གིས་ཤེས་མོད་ཀྱང་།།
མཁའ་ན་རྒྱུ་བའི་རླུང་བུའི་ཤུགས་ཀྱིས་བདག་གི་གྲུ་དང་རྒྱུགས་རྩལ་འགྲན།།
མཚན་མོར་སླེབས་དུས་བདག་གིས་ངོ་གདོང་ལག་ཟུང་གཉིས་ཀའི་མརབཀབ་ནས།
རྨི་ལམ་ཞིང་དུ་གྲུ་ཆུང་ལེབ་ལེབ་མཚན་མོའི་སྐར་མའི་འོག་དུ་བསྐྱོད།།
ལྷ་མོ་དག་གིས་གཏི་མུག་ཀློང་ན་གྲུ་ཆུང་གཏོང་བཞིན་འགྲོ་བ་དང་།།
སྲས་མོ་དག་གིས་སྨྱུག་སླེའི་ནང་དུ་ཁོང་ཚོའི་རྨི་ལམ་ཁེངས་ནས་འདུག།
སྙན་ངག་འབྲི་སྟངས་ངོ་མ་དེ་འདི་འདྲ་ཞིག་རེད། སྙན་ངག་ཐུང་ཐུང་འདིའི་ཆེད་དུ་དུས་ཚོད་དང་བར་སྣང་ཡོད་ཚད་འབུལ་འོས།
ཡག་གི མུ་མཐུད་དུ་འདི་ལྟ་བུའི་སྙན་ངག་བློར་འབབ་རེ་སྒྱུར་ནས་འགོད་རོགས།
ར་བཱིནྡྲ་ནཱ་ཐ་ཊེ་གྷོར་༡༩༤༡དགུང་ལོ་བརྒྱད་ཅུ་པར་སྐུ་གཤེགས། འདི་ཉིད་ཀྱི་སྙན་རྩོམ་མང་དུ་མཆིས། གླུ་ཐལ་སྦྱར་མ། ཞེས་པར་༡༩༡༣ལ་སྙན་རྩོམ་ལེགས་ཤོས་ཞེས་ནོ་བལ་གཟེངས་བསྟོད་བྱུང་། གླུ་ཐལ་སྦྱར་མ། བོད་སྐད་དུ་ཡང་བསྒྱུར་ཡོད་ཀྱང་། གོ་དཀའ་བའམ་ཆེས་དར་མེད། རྒྱུ་མཚན་གང་ཡིན་ལེགས་པར་མི་ཤེས། ཊེ་གྷོར་གྱི་སྙན་རྩོམ་རྣམས་ཐོག་མར་ནུབ་ཕྱོགས་སུ་སྐད་གྲགས་ཆེས་ཀྱང་། མཇུག་ཏུ་འཇའ་ལྟར་ཡལ་བར་བཤད་དོ། །