ཀླུ་སྨྱོན།
ཉི་ཟླ་ཞོན་ནས་སྟོང་གསུམ་ཁྱོན་དུ་འོད་ཀྱི་ཀློང་ནས་རྒྱུགས་པ་དང་། །
རལ་གྲི་བཟུང་སྟེ་སྲོག་ཆགས་དུང་ཕྱུར་ཁྲག་དམར་ཙ་རེར་གསོད་པ་དང་། །
མཛེས་མ་སྟོང་གིས་ལིངྒ་འཇིབ་ཅིང་བསྣུན་པའི་གར་ལ་རོལ་བ་སོགས། །
རྨི་ལམ་སྒྱུ་མའི་ཞྭ་མོ་འདི་ཀོ་མགོ་རུ་གྱོན་པ་ནོར་འཁྲུལ་ཞིག །
རྨྱི་ལམ་ཟེར་ན་ཁྱེད་ཁའི་རྨྱི་ལམ་འདྲ།
དམ་ཚིག་སྡོམ་པ་འཇིད་རྟེན་ཁམས་ནས་སྲུང་།།
ཡ་མཚན་ཡོད་ཚད་རྨྱི་ལམ་ཞིང་ནས་རོལ།།
ཨ་ཁུ་མཐུ་ཅན་ཟེར་ན་ཁྱོད་འདྲ་རེད།
རླུག་པ་ཕྱུངས་བའི་བོང་གསེབ་ནི།
བོང་མ་སྟེང་དུ་རྒྱུན་ཏུ་ལྡིང་།
ངལ་བ་འབྲས་མེད་བསྟེན་བསྟེན་ནས།
ཁུ་འབེབས་མེད་པ་ཡིད་རེ་སྐྱོ།
དེ་བཞིན་སྡོམ་ལྡན་བཙུན་གཟུགས་འགས།
འཇིག་རྟེན་འཁྲིག་སྤྱོད་གླེང་བར་དགའ།
གློ་བུར་གཉའ་མ་ཐོན་ཙ་ན།
ཅི་བྱ་གཏོལ་མེད་གྲྭ་བ་ཡིན།