དབྱངས་ཅན་མར་བསྐུར་པའི་གསང་འཕྲིན་ཞིག Posted on 2013-01-202013-01-20 By ཡེ་ཤེས་ 7 Comments on དབྱངས་ཅན་མར་བསྐུར་པའི་གསང་འཕྲིན་ཞིག ཀླུ་སྨྱོན། འཇམ་པའི་དབྱངས་ཀྱིས་མི་མཐོང་ས་ཞིག་ནས། ། ཁྱེད་ཀྱི་མྱོས་བུམ་དྲོན་མོ་འཕུར་ན་འདོད། ། ནོར་རྒྱུན་ལྷ་མོས་མི་གོ་ས་ཞིག་ནས། ། ཁྱེད་ལ་བསྟོད་པའི་སྙན་ངག་གྱེར་ན་འདོད། ། སྙན་ངག
ཨ་ཁུ་ཀླུ་སྨྱོན་ཆགས་སྨྱོན་ལ་སོང་ནས།། ངག་གི་ལྷ་མོར་ཆགས་པའི་སེམས་བསྲིངས་ཏེ།། འཇམ་དཔལ་དབྱངས་ཀྱི་ཆུང་མ་གསང་སྟབས་ཀྱིས།། རྐུ་བའི་སེམས་ཤུགས་ཐོན་འདི་ཡ་རེ་མཚན།།
བོད་མོ་ཡག་མ་ལྷ་མོ་མཐུ་མ་སོགས། མཚན་མ་ཡོད་པའི་འདྲ་པར་གང་མདུན་ནས།། ཧེ་རུའི་ཁྱི་མཇེ་ལག་པས་ཤད་ཤད་ནས།། ཀླུ་སྨྱོན་ཧུན་ཆུ་དཀར་པོ་ཤོར་གྲང་མང་།།
འཇམ་པའི་དབྱངས་ཀྱིས་ཤེས་རབ་ཡེ་ཤེས་སྩོལད། ། དབྱངས་ཅན་ལྷ་མོས་སྙན་དངགས་དངོས་གྲུབ་སྩོལད། ། ནོར་རྒྱུན་ལྷ་མོས་ཨ་སྒོར་ས་ཡ་སྩོལད། ། ང་ལ་དགོས་པའི་ཡི་དམ་ཁྱེད་གསུམ་ལགས། །
དབྱངས་ལྷ་མོའི་ཞལ་རས་འཇིག་རྟེན་འདས། རྒྱ་གར་བུད་མེད་ཞིག་གི་ངོ་གདོང་དབྱིབས། རིག་པའི་ལྷ་མོ་དབྱངས་ཅན་དོ་ཟླར་མིན། ཀླུ་སྨྱོན་ལ་སོགས་འདོད་ན་ཁུག་པར་སྲིད།།
ཕྱག་བཞི་མ་འདི་ཕྱི་རོལ་པའི། ། དབྱངས་ཅན་མ་ཡི་མྱོས་བུམ་ལ། ། ཀླུ་སྨྱོན་ཆགས་པ་མི་མཚར་ཡང་། ། འཇམ་དབྱངས་ནོར་རྒྱུན་གཉིས་པོ་ལས། ། ཡོལ་བ་ཅུང་ཟད་བློ་མི་བདེ། ། ཧ་ཧ་རྩེད་མོ་ཡིན་ནོ་ཨང་། །
འཇམ་དབྱངས་བདག་ཆེན་མི་མཐོང་ས་ཞིག་ནས།། ས་སྐྱ་བདག་མོའི་མྱེས་བུམ་ཁྱེད་ལ་དབང་།། འཁོར་གཡོག་མེད་པའི་ཐབས་ཚང་ཟུར་ཞིག་ནས།། ཆགས་གཏམ་བཤད་པའི་གོ་སྐབས་ཁྱོད་ལ་ཡོད།།
ཀླུ་སྨྱོན་ལགས། འདི་ཁ་བརྡའི་ངོར་བཀོད་རོགས་ཞུ། ༼༼ མེད་པ་ལྔ་དང་མ་འཛོམས་པ་ལྔའི་བོད་རང་བཙན། རང་བཙན་ཟེར་བ་དེ་ད་ལྟའི་གནས་སྟངས་འདི་མུར་ཕྱིན་ཚེ་མེད་པ་ལྔ་དང་མ་འཛོམས་པ་ལྔས་ཕོངས་ཡོད་པ་དངོས་བདེན་རེད། མེད་པ་ལྔ་ནི། རྒྱལ་ཁབ་ཁག་གི་གཞུང་འབྲེལ་རྒྱབ་སྐྱོར་མེད་པ། རྒྱ་ནག་མི་དམངས་ཀྱིས་བོད་ས་བློས་གཏོང་འདོད་མེད་པ། བོད་མི་ཚོ་མགོ་ལ་མེ་མདའ་བཙུགས་ན་མ་གཏོགས་ཧུར་བརྩོན་མེད་པ། རྒྱ་ནག་ཤེས་ཡོན་ཅན་ཚོས་རྒྱབ་སྐྱོར་མེད་པ། རང་བཙན་འཐབ་རྩོད་སྣེ་ཁྲིད་པ་ཚད་ལྡན་གཅིག་ཀྱང་མེད་པ། མ་འཛོམས་པ་ལྔ། རང་བཙན་འཐབ་རྩོད་པའི་དཔུང་སྡེ་སྤུས་དག་མ་འཛོམས་པ། རང་བཙན་འཐབ་རྩོད་པར་བློས་གཏོང་སྙིང་སྟོབས་མ་འཛོམས་པ། རང་བཙན་འཐབ་རྩོད་པར་སློབ་སྦྱོང་ཚད་ལྡན་མ་འཛོམས་པ། རང་བཙན་འཐབ་རྩོད་པར་ཞི་དྲག་གི་ཐབས་ཤེས་ཁུངས་འཁྱོལ་བ་གཅིག་ཀྱང་མ་འཛོམས་པ། རང་བཙན་འཐབ་རྩོད་པས་དབུ་མའི་ལམ་ལ་བསྙོན་འཛུགས་བྱ་རྒྱུ་ལས་རྣམ་དཔྱོད་མ་འཛོམས་པ།༽༽ འདི་འདྲའི་རྐྱེན་གྱིས་ཐ་སྙད་དཔའ་ངར་ཅན་འདིའི་ཚོགས་མ་བསགས་པ་མིན་ནམ་སྙམ།།
ཨ་ཁུ་ཀླུ་སྨྱོན་ཆགས་སྨྱོན་ལ་སོང་ནས།།
ངག་གི་ལྷ་མོར་ཆགས་པའི་སེམས་བསྲིངས་ཏེ།།
འཇམ་དཔལ་དབྱངས་ཀྱི་ཆུང་མ་གསང་སྟབས་ཀྱིས།།
རྐུ་བའི་སེམས་ཤུགས་ཐོན་འདི་ཡ་རེ་མཚན།།
བོད་མོ་ཡག་མ་ལྷ་མོ་མཐུ་མ་སོགས།
མཚན་མ་ཡོད་པའི་འདྲ་པར་གང་མདུན་ནས།།
ཧེ་རུའི་ཁྱི་མཇེ་ལག་པས་ཤད་ཤད་ནས།།
ཀླུ་སྨྱོན་ཧུན་ཆུ་དཀར་པོ་ཤོར་གྲང་མང་།།
འཇམ་པའི་དབྱངས་ཀྱིས་ཤེས་རབ་ཡེ་ཤེས་སྩོལད། །
དབྱངས་ཅན་ལྷ་མོས་སྙན་དངགས་དངོས་གྲུབ་སྩོལད། །
ནོར་རྒྱུན་ལྷ་མོས་ཨ་སྒོར་ས་ཡ་སྩོལད། །
ང་ལ་དགོས་པའི་ཡི་དམ་ཁྱེད་གསུམ་ལགས། །
དབྱངས་ལྷ་མོའི་ཞལ་རས་འཇིག་རྟེན་འདས།
རྒྱ་གར་བུད་མེད་ཞིག་གི་ངོ་གདོང་དབྱིབས།
རིག་པའི་ལྷ་མོ་དབྱངས་ཅན་དོ་ཟླར་མིན།
ཀླུ་སྨྱོན་ལ་སོགས་འདོད་ན་ཁུག་པར་སྲིད།།
ཕྱག་བཞི་མ་འདི་ཕྱི་རོལ་པའི། །
དབྱངས་ཅན་མ་ཡི་མྱོས་བུམ་ལ། །
ཀླུ་སྨྱོན་ཆགས་པ་མི་མཚར་ཡང་། །
འཇམ་དབྱངས་ནོར་རྒྱུན་གཉིས་པོ་ལས། །
ཡོལ་བ་ཅུང་ཟད་བློ་མི་བདེ། །
ཧ་ཧ་རྩེད་མོ་ཡིན་ནོ་ཨང་། །
འཇམ་དབྱངས་བདག་ཆེན་མི་མཐོང་ས་ཞིག་ནས།། ས་སྐྱ་བདག་མོའི་མྱེས་བུམ་ཁྱེད་ལ་དབང་།། འཁོར་གཡོག་མེད་པའི་ཐབས་ཚང་ཟུར་ཞིག་ནས།། ཆགས་གཏམ་བཤད་པའི་གོ་སྐབས་ཁྱོད་ལ་ཡོད།།
ཀླུ་སྨྱོན་ལགས། འདི་ཁ་བརྡའི་ངོར་བཀོད་རོགས་ཞུ།
༼༼ མེད་པ་ལྔ་དང་མ་འཛོམས་པ་ལྔའི་བོད་རང་བཙན།
རང་བཙན་ཟེར་བ་དེ་ད་ལྟའི་གནས་སྟངས་འདི་མུར་ཕྱིན་ཚེ་མེད་པ་ལྔ་དང་མ་འཛོམས་པ་ལྔས་ཕོངས་ཡོད་པ་དངོས་བདེན་རེད།
མེད་པ་ལྔ་ནི།
རྒྱལ་ཁབ་ཁག་གི་གཞུང་འབྲེལ་རྒྱབ་སྐྱོར་མེད་པ།
རྒྱ་ནག་མི་དམངས་ཀྱིས་བོད་ས་བློས་གཏོང་འདོད་མེད་པ།
བོད་མི་ཚོ་མགོ་ལ་མེ་མདའ་བཙུགས་ན་མ་གཏོགས་ཧུར་བརྩོན་མེད་པ།
རྒྱ་ནག་ཤེས་ཡོན་ཅན་ཚོས་རྒྱབ་སྐྱོར་མེད་པ།
རང་བཙན་འཐབ་རྩོད་སྣེ་ཁྲིད་པ་ཚད་ལྡན་གཅིག་ཀྱང་མེད་པ།
མ་འཛོམས་པ་ལྔ།
རང་བཙན་འཐབ་རྩོད་པའི་དཔུང་སྡེ་སྤུས་དག་མ་འཛོམས་པ།
རང་བཙན་འཐབ་རྩོད་པར་བློས་གཏོང་སྙིང་སྟོབས་མ་འཛོམས་པ།
རང་བཙན་འཐབ་རྩོད་པར་སློབ་སྦྱོང་ཚད་ལྡན་མ་འཛོམས་པ།
རང་བཙན་འཐབ་རྩོད་པར་ཞི་དྲག་གི་ཐབས་ཤེས་ཁུངས་འཁྱོལ་བ་གཅིག་ཀྱང་མ་འཛོམས་པ།
རང་བཙན་འཐབ་རྩོད་པས་དབུ་མའི་ལམ་ལ་བསྙོན་འཛུགས་བྱ་རྒྱུ་ལས་རྣམ་དཔྱོད་མ་འཛོམས་པ།༽༽
འདི་འདྲའི་རྐྱེན་གྱིས་ཐ་སྙད་དཔའ་ངར་ཅན་འདིའི་ཚོགས་མ་བསགས་པ་མིན་ནམ་སྙམ།།