བྱམས་པས་བརླན་ཡང་ཡེ་ཤེས་མེ་ཡིས་ནག་པོའི་རྩ་ལག་བསྲེགས་མཛད་མ།།
སྡང་སེམས་མེད་ཀྱང་མ་རུང་དགྲ་ལ་ནས་འབྲུའི་མཆེ་བ་ཀུན་དུ་བརྩིགས།།
ཁྲོ་སེམས་དབེན་ཡང་ཁྲོ་གཉེར་སྨིན་མ་མཚམས་སུ་བསྡུས་པའི་ཁྲོ་མོ་ཁྱེད།།
དགའ་མ་མེད་ཀྱང་རྣལ་འབྱོར་ང་ནི་རྣལ་འབྱོར་མ་ལ་ཧ་ཅང་དགའ།།
སྤྲོས་བྲལ་ངེས་ཀྱང་ཁྱེད་ཀྱི་སྐུ་ལུས་རུས་པའི་རྒྱན་གྱིས་སྤྲོས་མཛད་མ།།
སྲེད་ལས་གྲོལ་ཡང་གཅེར་བུ་བཞེངས་ཏེ་སྲེད་བཅས་ཀུན་ལ་འདོད་ལམ་བསྟན།།
གནས་ཞེན་བྲལ་ཡང་དབུ་ནི་འཁྱོགས་ཏེ་མཁའ་སྤྱོད་ཞིང་ལ་རྒྱང་གཟིགས་མཛད།།
དགའ་མ་མེད་ཀྱང་རྣལ་འབྱོར་ང་ནི་རྣལ་འབྱོར་མ་ལ་ཧ་ཅང་དགའ།།
ཁམས་ཟས་སྤངས་ཀྱང་ཕྱག་གཡས་ཐོད་པ་ཁྲག་གི་བསྐངས་ཏེ་གསོལ་མཛད་མ།།
མཚན་མ་བྲལ་ཡང་ཁ་ཊཾ་གཱ་ཡི་ཕྱག་མཚན་གཡོན་གྱི་གྲུ་མོར་མནམས།།
རྗེས་ཆགས་དབེན་ཡང་ན་རོ་པ་སོགས་རྣལ་འབྱོར་པ་རྣམས་རྗེས་སུ་བཟུང།།
དགའ་མ་མེད་ཀྱང་རྣལ་འབྱོར་ང་ནི་རྣལ་འབྱོར་མ་ལ་ཧ་ཅང་དགའ།།
ཞི་ཉམས་ལྡན་ཡང་ཐོད་སྐམ་ལྔ་ཡི་དྲག་པོའི་དབུ་རྒྱན་འཆངས་མཛད་མ།།
འཚེ་བ་མེད་ཀྱང་ཚེ་སྲོག་བཅད་པའི་མི་མགོ་ལྔ་བཅུའི་དོ་ཤལ་ནི།།
མགུལ་རྒྱན་ཡིན་ཡང་ཕྲ་སྦོམ་བརླ་ཤའི་མཚམས་སུ་འཕྱངས་བའི་རྣལ་འབྱོར་མ།།
དགའ་མ་མེད་ཀྱང་རྣལ་འབྱོར་ང་ནི་རྣལ་འབྱོར་མ་ལ་ཧ་ཅང་དགའ།།
བདུད་དཔུང་ཟ་ཡང་ཞབས་གཡོན་བསྐུམས་པས་མ་ལུས་འགྲོ་བ་འདྲེན་མཛད་མ།།
ལས་འབྲས་མཁྱེན་ཡང་ཞབས་གཡས་བརྐྱངས་པས་ངན་སོང་སྒོ་ནི་ཀུན་དུ་འགོག།།
འགྲོ་ལ་བརྩེ་ཡང་འཇིག་རྟེན་པ་ཡི་དྲེགས་ཚོགས་བརྐྱང་བསྐུམ་ཞབས་ཀྱི་གདན།།
དགའ་མ་མེད་ཀྱང་རྣལ་འབྱོར་ང་ནི་རྣལ་འབྱོར་མ་ལ་ཧ་ཅང་དགའ།།
མ་བསྒྲུབས་ན་ཡང་མཆོག་མཐུན་དངོས་གྲུབ་བདེ་རླག་མྱུར་དུ་སྩོལ་མཛད་མ།།
མ་བསྒོམས་ན་ཡང་སྐལ་ལྡན་ཡིན་ན་ཐད་ཀར་མཁའ་སྤྱོད་ཞིང་ལ་འཁྲིད།།
མགྲོན་གཉེར་མིན་ཡང་སྒྲུབ་པ་པོ་རྣམས་བར་དོའི་འཕྲང་ན་བསུ་མཁས་ཁྱེད།།
དགའ་མ་མེད་ཀྱང་རྣལ་འབྱོར་ང་ནི་རྣལ་འབྱོར་མ་ལ་ཧ་ཅང་དགའ།།
ངེས་པ་མེད་ཀྱང་རྒྱ་བལ་བོད་གསུམ་གནས་ཆེན་ཉེར་བཞི་བཀོད་མཛད་མ།།
དབང་ཕྱུག་རློམས་ཡང་དཔའ་བོ་དཔའ་མོ་ཉེར་བཞིི་གནས་ཀྱི་བདག་པོར་གྱུར།།
ནང་བསྟན་ཉམས་ཀྱང་དུས་ཀྱི་མཐའ་འདིར་ཁྱེད་ཀྱི་བསྟན་པ་དེ་བས་རྒྱས།།
དགའ་མ་མེད་ཀྱང་རྣལ་འབྱོར་ང་ནི་རྣལ་འབྱོར་མ་ལ་ཧ་ཅང་དགའ།།
མི་ཕམ་པའི་བསྟན་སྲུང་མངའ་གསོལ་དང་ཆ་ཙམ་འདྲ་བར་བྱུང་འདུག སྙན་བྱུང་།
ཆོས་ལ་སྦྱང་བ་མེད་དེ་ནང་གི་འཇིག་རྟེན་མི་ཤེས་ཀྱང་།
ཕྱི་ལ་རྣལ་ཞིང་འབྱོར་བའི་གཟུགས་སུ་འཛིན་པའི་ཁྱི་མོ་ལ་།
སྟོད་ན་ཁྱོ་ག་རྒྱ་ཡིས་བསྣུན་པའི་ཁུ་བའི་མཚོ་མོ་ཡོད་།
སྨད་ན་མི་རིགས་ཤིག་གི་གོམས་གཤིས་བརླགས་པའི་གཏམ་རྒྱུད་མང་།
དགའ་མ་རྟག་དུ་སྒོམ་པའི་རྣལ་འབྱོར་བ།།
དགའ་མ་ཁྱེད་ལ་མི་དབང་ལས་ངན་བོ།།
དགའ་མ་མེད་རུང་ཡོད་མདོག་རྨི་ལམ་ཅན།།
དགའ་མའི་དོན་དུ་རང་ལྟ་ཕྱིན་ཅི་ལོག།
དབང་པོ་ཕལ་པའི་འགྲོ་བ་ལ་ཡང་ཚེ་གཅིག་དོན་ལྡན་སྦྱིན་མཁན་ཁྱེད།
དབང་རྣོན་དག་ལ་འཕྲད་མ་ཐག་ནས་འཁོར་བ་སྒྲོལ་བའི་བདེ་སྦྱིན་མ།
ལྐོག་འགྱུར་མེད་ཅིང་གསང་བ་མེད་པའི་གསང་སྔགས་ཉམས་ལེན་ཤིན་དུ་སླ།
སྒྲུབ་པ་པོ་ལ་སྨར་ཆེན་བདེ་བའི་དངོས་གྲུབ་དངོས་བསྩོལ་ལྷ་མོ་ལ།
གུས་པ་ཆེན་པོ་གསོལ་བ་འདེབས་སོ་བྱིན་གྱིས་རློབས་པར་མཛད་དུ་གསོལ།
འདིར་རྣལ་འབྱོར་མའི་གསང་སྔགས་ཀྱི་ཐུན་མིན་ཁྱད་ཆོས་གཙོ་བོ་ནི། ཆོས་འདི་གོ་སླ་བ། ཉམས་དུ་ལེན་སླ་བ། འབྲས་བུ་མྱུར་བའི་དམིགས་བསལ་གྱི་ཆེ་བ་གསུང་པ་བཞིན། དེ་ལྟར་ལྟོས་ནས། བོད་ཕྱི་ནང་ལ། སྐྱེ་བོ་ཕལ་པ་མང་པོར་ཉམས་ལེན་འགོ་འཛུགས་མ་ཐག་ནས་དངོས་གྲུབ་སྟེར་ཐུབ་མཁན་གྱི་ཐུན་མིན་གསང་སྔགས་ཉམས་ལེན་ཞིག་དུ་གསུངས།
ཨ་རིར་མཚོན་ན། ཡི་དམ་འདི་ཉམས་ལེན་བགྱིས་ནས། འབྲས་བུ་བཟང་པོ་ཐོབ་པའི་ཕྱི་རྒྱལ་སྤུ་ཟིང་བ་འགའ་ཤས་མཐོང་ཡས་འདུག
དང་པོ་ལུས་སེམས་བསྐྱེད་པའི་མ། །
བར་དུ་ཟང་ཟིང་སྦྱིན་པའི་མ། །
ཐ་མར་སྐྱེ་མེད་སྟོན་པའི་མ། །
མ་དྲིན་མོ་ཆེ་ལ་གསོལ་བ་འདེབས། །
གཅོད་གཞུང་ལས།
མ་མི་མིན་ཡེ་ཤེས་མཁའ་འགྲོ་མ།།
རྣམ་ཐར་གསུམ་གྱི་སྒོ་འབྱེད་མ།།
བདུད་ཀྱི་དཔུངས་རྣམས་འཇོམས་མཛད་མ།།
རྗེ་ལབ་སྒྲོན་ཁྱོད་ལ་ཕྱག་འཚལ་བསྟོད།།
གོང་དུ་དྲ་གྲོགས་གཅིག་གི་བདག་གིས་ལོ་སྔོོན་མ་ནས་དྲ་ཐོག་འདིར་བཀོལ་བཞིན་པའི་སྨྱུག་མིང་༼མྱི་དཀར་༽ཞེས་པའི་མིང་དེ་བེད་སྤྱོད་བཏང་འདུག་པས་དྲ་བདག་ནས་སྟངས་འཛིན་གནང་རོགས་ཞུ།།
གྲོགས་པོ་དགོངས་དག་ཡིན་རྒྱུ་མ་རེད་མིང་འདི་ངས་བེད་སྤྱོད་བཏང་ནས་ལོ་གཅིག་དང་ཕྱེད་ཀ་འགྲོ་ཚར་འདུག་མིང་འདིའི་ཐོག་ངས་རྩོམ་ཡིག་གང་སར་སྤེལ་ཡོད་མིང་འདི་ང་ལ་མཚོན་ན་ཧ་ཅང་གི་གལ་ཆེན་ཡིན
གྲོགས་པོ་ཁྱེད་རང་ལ་ཁ་བརྡ་མ་གཏོགས་གཞན་དག་ནས་ཟིན་བྲིས་དང་མཆན་བུ་ཡོད་དམ
ཡ་དེ་རིང་ངའི་དྲ་གྲོགས་ཚོར་འདྲི་བ་ཞིག་བྱ་། ང་ཡོད་ས་ན་བལ་བོའམ་འབྲུག་རྒན་ཁ་ཤས་ཤིག་འདུག ཁོ་བོ་ཚོས་འབྲུག་བོད་ཀྱི་བར་ན་ལོ་རྒྱུས་ཀྱི་འབྲེལ་བ་ཡོད་ཀྱང་དེང་སྐབས་ཕན་ཚུན་བར་ན་ཆོས་འབྲེལ་ཙམ་ལས་གཞན་ཆབ་སྲིད་སོགས་ཀྱི་འབྲེལ་བ་གང་ཡང་མེད་ཚུལ་བཤད་ཀྱི་འདུག དྲ་གྲོགས་ཚོའི་ནང་དེའི་བསྐོར་གསལ་བོ་ཞིག་བཤད་ཐུབ་མཁན་འུ་ཡོད་།
དྲ་གྲོགས་ལགས། ངས་ཀྱང་མིང་འདི་བཀོལ་ནས་ལོ་གཉིས་ཕྱིན་མེད་ན་ཡང་ལོ་གཅིག་དང་ཕྱེད་ཀ་ལས་ལྷག་པའི་དུས་ཚོད་སོང་ཟིན་པ་ཡིན། དེ་ཡིན་དུས་མིང་གཅིག་མི་གཉིས་ཀྱིས་བཀོལ་ན་བསམ་ཚུལ་མི་མཐུན་པའི་དབང་གིས་རྙོག་དྲ་ཡོང་སྲིད་སྟབས། དྲ་བདག་ནས་དྲ་ཐོག་འདིར་ངེད་གཉིས་སུས་མིང་འདི་བཀོལ་སྔ་འདུག་པ་གཟིགས་ཏེ་སྟངས་འཛིན་གནང་རོགས་ཞུ། མིང་འདི་དྲ་ཐོག་འདིར་ཁྱེད་ཀྱིས་བཀོལ་སྔ་ན་དེ་ལ་དབང་བ་ཡིན་པས་གཞན་དེའི་མཆན་དག་མེད་པབཟོ་རོགས་གནང་།
དྲ་གྲོགས་ལགས། ངས་ཀྱང་མིང་འདི་བཀོལ་ནས་ལོ་གཉིས་ཕྱིན་མེད་ན་ཡང་ལོ་གཅིག་དང་ཕྱེད་ཀ་ལས་ལྷག་པའི་དུས་ཚོད་སོང་ཟིན་པ་ཡིན། དེ་ཡིན་དུས་མིང་གཅིག་མི་གཉིས་ཀྱིས་བཀོལ་ན་བསམ་ཚུལ་མི་མཐུན་པའི་དབང་གིས་རྙོག་དྲ་ཡོང་སྲིད་སྟབས། དྲ་བདག་ནས་དྲ་ཐོག་འདིར་ངེད་གཉིས་སུས་མིང་འདི་བཀོལ་སྔ་འདུག་པ་གཟིགས་ཏེ་སྟངས་འཛིན་གནང་རོགས་ཞུ། མིང་འདི་དྲ་ཐོག་འདིར་སུས་བཀོལ་སྔ་ན་དེ་ལ་དབང་བ་ཡིན་པས་གཞན་དེའི་མཆན་དག་མེད་པབཟོ་རོགས་གནང་།
མྱི་དཀར་རོ་སེམས་པ་ནག་གོ་ཅན་གཉིས་ཡིན་ས་རེད། ཧ་ཧ་ཧ།
གཅིག་གི་མྱིང་ལ་མྱི་དཀར་དང་གཞན་པའི་མྱིང་ལ་ཞྭ་དཀར། དེ་མིན་ཁ་དཀར། མགོ་དཀར། སེམས་དཀར་སོགས་རྩོད་དགོས་དོན་ཞིག་ཡོད་ནི་ཨ།
ད་དེ་འདྲ་མ་ལབ་གཅིག་ལ་མྱི་དཀར་དང་གཅིག་ལ་མྱི་ནག་ལབ་ན་ག་འདྲས་འདུག།
དགའ་ལ་དགའ་མས་ཆགས་པ་སྤེལ། །
དགའ་ལ་དགའ་མས་ཆགས་པ་བསྲེགས། །
དགའ་མ་མཛེས་པས་མ་ཡིན་ལ། །
དགའ་མ་ངན་པས་མ་ཡིན་ལ། །
ལྟ་མཁན་རང་ཉིད་རག་ལས་སོ། །
ངས་ཁ་བརྡ་མ་གཏོགས་གཞན་པ་གང་གི་ནང་དུ་མིང་འདི་བཀོལ་མེད་ལགས།
དེ་ཡིན་ས་རེད་དྲ་བ་གཞན་ནས་མཐོང་མ་སོང་གང་ལྟར་ངས་འདི་བེད་སྤྱོད་བཏང་ཚར་བ་རེད་ཁྱེད་རང་གིས་བཏང་ཚར་བ་རེད་དེ་ན་གྲོགས་པོ་ཁྱེད་རང་གིས་ཁ་བརྡ་མ་གཏོགས་གཞན་ནས་བེད་སྤྱོད་བཏང་མེད་ན་མིང་འདིའི་འགོ་འཇུག་གང་རུང་ཤིག་ལ་བསྒྱུར་བཅོས་ཞིག་བཏང་ན་འགྲིག་ས་རེད་བེ་ངས་མིང་འདི་དྲ་བ་གཞན་ནས་བེད་སྤྱོད་བཏང་ཚར་བས་འདི་ནས་མིང་དེ་བརྗེ་བ་ཡིན་ན་དྲ་བ་གཞན་ཚང་མ་ནས་ཡང་བརྗེ་དགོས་བ་འདྲ་ག་འདྲ་བྱས་ན་ཡག་ས་རེད།
སྤྱིར་མིང་འདི་ངོ་མ་བཤད་ན་ང་རང་གི་ཕ་རྒན་གྱིས་བཏགས་པ་རེད་ཆུང་དུས་ང་ལ་ནང་མི་ཚང་མས་མིང་འདི་བེད་སྤྱོད་བཏང་ནས་ཡོང་བ་ཡིན་གཞུག་ནས་མིང་འདི་བེད་སྤྱོད་མི་བཏང་དེ་ལ་རྒྱུ་མཚན་མང་པོ་ཟིག་འདི་ནས་བཤད་ན་ཡག་པོ་ཡོད་ས་མ་རེད་གྲོགས་པོ་གནས་ཚུལ་དེ་འདྲ་རེད་ངོ་མ་ཡིན