༸གོང་ས་མཆོག་དབུ་བཞུགས་ཐོག་སེམས་དང་སྲོག་གི་བགྲོ་གླེང་ཚོགས་འདུ་ཐེངས་༢༦པ་འབྲས་སྤུངས་ཆོས་སྒར་དུ་ཚོགས་པར་ལྟ་བ།
སྤྱི་ལོ་༢༠༡༣ ལོའི་ཟླ་༡ ཚེས་༡༧ ནས་༢༢ བར་གདན་ས་ཆེན་པོ་དཔལ་ལྡན་འབྲས་སྤུངས་སུ་ལོ་རྒྱུས་རང་བཞིན་ལྡན་པའི་སེམས་དང་སྲོག་གི་ཚོགས་འདུ་ཐེངས་༢༦ པ་སྐོང་ཚོགས་གནང་། ཚོགས་འདུ་དེར་ཕེབས་མཁན་གྱི་མི་སྣ་གཙོ་བོ་ནི་ནུབ་ཕྱོགས་ཀྱི་དངོས་ཁམས་དང་ཀླད་རྩའི་ཚན་རིག་སྐོར་གྱི་མཁས་པ་འབུམ་རམས་པ་ཁག་ཅིག་དང་། ནང་པའི་གཞུང་ལུགས་རམས་འབྱམས་ལ་མཁས་པའི་དགེ་བཤེས་ལྷ་རམས་པ་དང་། ཕྱི་རྒྱལ་གྱི་མཐོ་སློབ་ཁག་ནས་འབུམ་རམས་པའི་མཚན་གནས་ཐོབ་པའི་ནང་པའི་མཁས་པ་དག་རེད། ཆེས་གལ་གནད་ཆེ་བ་དང་གླེང་བར་འོས་པ་ཞིག་ནི་འཇིག་རྟེན་ཞི་བདེའི་དེད་དཔོན་དང་ནང་དོན་རིག་པའི་མཁས་དབང་ཆེན་པོ་༸གོང་ས༸སྐྱབས་མགོན་ཆེན་པོ་མཆོག་ཚོགས་མགོན་དུ་ཆིབས་སྒྱུར་བཀའ་དྲིན་བསྐྱངས་བར་མ་ཟད་ནང་དོན་རིག་པ་དང་དངོས་ཁམས་ཚན་རིག་གི་ཆེས་ཟབ་གནད་ཕྲ་མོའི་དཀའ་གནད་དག་ལ་ཕྲ་ཞིབ་ཀྱི་སྤུ་རིས་ལེགས་འབྱེད་གནང་བ་དེ་རེད།
འགྲོ་བ་མིའི་བདེ་དོན་འཚོལ་སྒྲུབ་ཀྱི་བསམ་ཕྱོགས་ནས་ནང་ཆོས་ཀྱི་གཞི་རིམ་ལྟ་གྲུབ་དང་ཚན་རིག་པའི་ལྟ་སྟངས་ཀྱི་ལེགས་ཕྱོགས་ཟུང་འབྲེལ་གྱིས་བདེ་བའི་རྨང་གཞི་སྐྲུན་ཐབས་ཀྱི་ལོ་རྒྱུས་རང་བཞིན་ལྡན་པའི་ཚོགས་འདུ་འདི་ནི་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་ཡང་དག་པའི་བླང་དོར་ལམ་སྟོན་འོག་ ༡༩༨༧ ལོར་ཐོག་མར་དབུ་བཙུགས་ཡོད་འདུག ཚོགས་འདུ་འདི་ཚོགས་ནས་བགྲོ་གླེང་དང་གྲོས་བསྡུར་གྱི་གྲུབ་དོན་ལེགས་བསྒྲིགས་ཀྱིས་ད་བར་ནུབ་ཕྱོགས་པའི་སྤྱི་ཚོགས་ནང་ལ་སེམས་ཀྱི་སྒོམ་སྒྲུབ་ཀྱི་ཐོག་ནས་ནད་གསོ་ཐབས་ཀྱི་དབང་རྩའི་ཚན་རིག་ཟུར་གསལ་དུ་གསར་གཏོད་བྱེད་ཐུབ་པ་བྱུང་ཡོད་ཅེས་སེམས་དང་སྲོག་གི་ཚོགས་པའི་ཚོགས་གཙོ་ཨར་ཐུར་ཛ་ཇོང་གིས་བཤད། ནང་བའི་དགེ་འདུན་པ་རྣམས་ཚན་རིག་གི་ཕྱོགས་སུ་སྐུལ་དེད་བྱས་པ་དེས་ཚན་རིག་པས་ནང་ཆོས་ཉམས་རྒུད་དང་གཏོར་བཅོམ་བྱེད་པ་ལས་ལྡོག་ཏེ་བགྲོ་གླེང་དང་ཚོགས་འདུ་འདི་ལྟ་བུའི་ནུས་ཤུགས་ཀྱིས་ནང་བའི་རིག་གཞུང་དེ་ཚན་རིག་པས་དམིགས་བསལ་དོ་སྣང་བྱ་ཡུལ་ཞིག་དང་། ལེགས་ཆ་ཡོད་པའི་ངོས་འཛིན་འཐོབ་བཞིན་པ་དང་དེ་ལྟ་བུའི་ནུས་ཤུགས་ཀྱིས་ནང་བ་དང་ནང་བའི་རིག་གཞུང་གི་གཟི་བརྗིད་ཚན་རིག་པའི་བསམ་བློའི་ནང་དང་འཛམ་གླིང་ཧྲིལ་བོའི་འགྲོ་བ་མིའི་སེམས་ཀྱི་གོ་སར་རིན་ཐང་གི་ལྗིད་ཚད་ཆེ་རུ་འགྲོ་བཞིན་ཡོད། དེས་ནི་༸གོང་ས་མཆོག་གི་ཡང་དག་པའི་དགོངས་བཞེད་ཀྱི་བླ་ན་མེད་པའི་རིན་ཐང་གསལ་བཤད་བྱས་ཡོད། ཚོགས་འདུ་འདིའི་སྐབས་སུ་ཚད་མ་རིག་པ་དང་དབུ་ཕར་གྱི་གཞུང་ལུགས་ལ་རྩོད་སྒྲུབ་ཀྱི་རིགས་ལམ་བྱང་བའི་ནང་དོན་རིག་པའི་མཁས་དབང་དག་གིས་སྤོབས་པ་དང་གདེང་ཚོད་ཀྱི་སྒོ་ནས་རྩོད་སྒྲུབ་ཀྱི་ནུས་པ་ཆེས་ཆེར་བཏོན་ཐུབ་པ་མ་ཟད་ཚན་རིག་མཁས་དབང་དག་གི་མདུན་ནས་གང་ལ་ཡང་གཉའ་ཞུམ་མི་དགོས་པའི་གདེང་ཚོད་ཀྱིས་འཇུག་བཞིན་འདུག འདིའི་སྐོར་ལ་ཕྱི་ནང་རིག་གནས་ཀུན་ལ་མཁས་པའི་འབུམ་རམས་པ་དགེ་བཤེས་ཐུབ་བསྟན་སྦྱིན་པས”ངས་ནུབ་ཕྱོགས་ཀྱི་རིག་གནས་ལ་སློབ་སྦྱོང་གང་འཚམ་བྱས་མོད་དེ་ལ་སྤོབས་པ་གང་ཡང་མེད། ང་ལ་སྤོབས་པ་ཞིག་ཡོད་པ་ནི་གདན་ས་ཆེན་པོའི་ནང་དུ་ནང་བའི་གཞུང་ཆེན་ཁག་ལ་སློབ་སྦྱོང་བྱས་པ་དེ་ཡིན”ཞེས་སེམས་ཚོར་དྲག་པོས་བཤད། བདག་ཚོགས་འདུ་འདིར་ཞུགས་པའི་རྒྱུད་རིམ་ནང་གུ་ཡངས་རང་བཞིན་གྱིས་གོ་རྟོགས་སྤེལ་རེས་ཀྱི་སྣང་ཚུལ་འདིས་འགྲོ་བ་མིའི་བདེ་དོན་སྒྲུབ་པའི་དམིགས་ཡུལ་གྱིས་ལེགས་སྒྲུབ་ཟུང་འབྲེལ་གྱིས་རིག་གཞུང་བརྗེ་རེས་འདིར་ཡི་རང་ཞིང་སེམས་དུང་བར་གྱུར་ལ་ལས་གཞི་འདི་ལྟ་བུ་ནི་ནང་བ་དང་བོད་མི་རིགས་ཀྱི་ངོས་ནས་བླ་ན་མེད་པའི་རིན་ཐང་གི་སྒུལ་ཤུགས་ཤིག་ཏུ་ཡང་ཚོར། ནང་བ་དང་ནུབ་ཕྱོགས་ཚན་རིག་པ་དག་གིས་རིན་ཐང་ལྟ་ཚུལ་དང་། གཤིས་གོམས་སྤྱོད་ཚུལ་གྱི་ངོས་ནས་འགལ་ཟླའི་རང་བཞིན་ལྡན་ཡང་འགྲོ་བ་མིའི་བདེ་དོན་སྒྲུབ་པའི་འདུ་ཤེས་འཛིན་སྟངས་ཀྱི་ཕྱོགས་ནས་ཟུང་འབྲེལ་ནུས་ཤུགས་ཀྱི་རིན་ཐང་བླ་མེད་དུ་ལྡན་པ་གྲུབ་འབྲས་འདི་དག་གིས་གསལ་བཤད་བྱས་འདུག ངས་དེ་སྔོན་བདག་དཔེ་ཚོགས་ཀྱི་དེབ་ཅིག་ཏུ་ཚན་རིག་དང་ནང་བའི་ལྟ་གྲུབ་ཀྱི་བར་གྱི་མཐུན་ཐབས་མེད་པའི་འགལ་ཟླ་མང་པོ་གླེང་རྗེས་དེ་གཉིས་ཟུང་འབྲེལ་གྱིས་ཕན་ནུས་ལྡན་པའི་ལས་འཆར་གང་ཡང་སྒྲུབ་མི་ཐུབ་པར་བཤད་ཡོད་པ་དྲན། དེ་རིང་དངོས་ཁམས་ཚན་རིག་གི་འབུམ་རམས་པ་དག་གིས་ནང་ཆོས་དང་ཚན་རིག་ཟུང་འབྲེལ་གྱིས་འགྲོ་བ་མིའི་བདེ་དོན་གྱི་ཕྱོགས་ལ་ནུས་པ་ཐོན་ཐུབ་པའི་བསམ་ཚུལ་རྒྱུ་མཚན་ལྡན་པ་དག་གླེང་སྐབས་ངས་རྒྱུ་མཚན་མང་པའི་ལམ་ཕྱོགས་དེར་ཡིད་ཆེས་རྙེད་པ་དང་། རང་གཞན་གྱི་རིག་པའི་གཞུང་ལུགས་ཀྱི་གཏིང་རྒྱུས་མ་ལོན་པའི་བཤད་པ་རྒྱུ་མཚན་བྲལ་བ་དེ་ཚོར་ཡི་མུག་པར་གྱུར། ཚོགས་འདུ་འདིའི་གལ་གནད་ཆེ་བའི་གནད་དོན་གཞན་ཞིག་ནི་ལོ་རྒྱུས་རང་བཞིན་ལྡན་པའི་ནང་བའི་གདན་ས་ཆེན་པོ་ཞིག་ཏུ་ཚོགས་ཐུབ་པ་བྱུང་བ་འདི་རེད། དེས་གདན་སའི་ནང་དོན་རིག་པའི་སློབ་གཉེར་བ་རྣམས་ལ་ཕན་པ་མ་ཟད་ནུབ་ཕྱོགས་ཚན་རིག་པ་དག་ལའང་ཤར་ཕྱོགས་ཀྱི་སྲོལ་རྒྱུན་རིག་པའི་སློབ་གཉེར་གྱི་དམིགས་བསལ་ལམ་སྲོལ་དག་ལ་རྒྱུས་ལོན་དང་གོ་རྟོགས་བྱུང་བར་ཚོགས་ཞུགས་ཚན་རིག་པ་རྣམས་ཀྱིས་ངོས་འཛིན་བྱས། འདི་ལྟ་བུའི་ཚན་རིག་པ་དང་ནང་བ་བའི་བར་གྱི་བགྲོ་གླེང་ཚོགས་འདུའི་དམིགས་ཡུལ་གཙོ་བོ་ནི་འགྲོ་བ་མིའི་ཤེས་བྱ་ཡར་རྒྱས་གཏོང་ཐབས་དང་། ནང་བསམ་བློའི་གོ་རྟོགས་དང་། ཕྱི་དངོས་དངོས་པོའི་ཤེས་ཡོན་ཟུང་འབྲེལ་གྱིས་འགྲོ་བ་མིའི་བདེ་བའི་གཞི་རྩ་སྐྲུན་ཆེད་ཡིན་པ་༸གོང་ས་མཆོག་གིས་བཀའ་བསྩལ་མཛད། ང་ཚོས་ངེས་པར་དུ་དྲན་དགོས་པ་ཞིག་ལ་ནང་བ་བ་དང་ཚན་རིག་པའི་མཉམ་འབྲེལ་གླེང་སྟེགསཀྱི་ལས་གཞི་དང་ཚོགས་འདུ་འདིས་ནང་དོན་རིག་པ་གལ་ཆུང་དང་ཚན་རིག་གལ་ཆེན་གྱི་ལྟ་ཕྱོགས་ནས་དགེ་འདུན་པ་རྣམས་ཚན་རིག་སྦྱོང་བརྡར་གྱི་ལམ་འཇུག་བྱེད་དགོས་པ་དེ་མ་ཡིན་པར་ནང་རིག་པའི་གཞུང་ལུགས་ཐོས་བསམ་གྱི་མ་གདན་ནས་ཚན་རིག་བསམ་བློས་ཟུར་རྒྱན་གྱིས་འགྲོ་བ་མིའི་བདེ་དོན་སྒྲུབ་པར་གཞོལ་དགོས་པ་དེ་རེད། དེ་ནི་བླ་མེད་པའི་དགོངས་གཞི་དང་ཕུལ་དུ་བྱུང་བའི་དུས་བསྟུན་རང་བཞིན་གྱི་ཡང་དག་པའི་ལམ་སྟོན་གསར་བ་ཞིག་ཀྱང་རེད། དེ་ཡང་༸གོང་ས་མཆོག་གིས། “དགེ་འདུན་པ་སློབ་གཉེར་བ་ཚོས་ནང་ཆོས་ཀྱི་སློབ་གཉེར་མ་རྩར་བཞག་སྟེ། ཚན་རིག་ལ་སློབ་སྦྱོང་བྱ་རྒྱུ་གལ་ཆེན་པོ་རེད། འོན་ཀྱང་ཚན་རིག་བསླབ་དགོས་པ་རེད་ཅེས་ཚན་རིག་ལ་དོ་སྣང་གསར་པ་བསླེབས་ནས་ཀླད་པའི་ནུས་པ་བརྒྱ་ཆ་མང་བ་ཚན་རིག་ཐོག་གཏོང་རྒྱུ་ཞིག་མིན། ཁྱེད་རང་ཚོ་མང་ཆེ་བ་ངོས་ཀྱི་མདུན་ནས་ཆོས་འབྲེལ་ཐོབ་པ་ཤ་སྟག་རེད། དེར་བརྟེན་སྔོན་ལ་སློབ་དཔོན་ལ་དཔེ་བལྟས་ནས་འགྲོ་དགོས། ངོས་ལ་ཆ་བཞག་ན། ཚན་རིག་ལ་ལྷ་སར་ཡོད་སྐབས་ནས་ཧ་ཅང་དོ་སྣང་ཡོད། འོན་ཀྱང་ངོས་རང་ཉིན་ཞག་གཅིག་ནང་དུས་ཚོད་མང་བ་བྱང་ཆུབ་སེམས་དང་སྟོང་ཉིད་ཀྱི་ལྟ་བ་བསྒོམ་རྒྱུ། དེ་བཞིན་ནང་བའི་གཞུང་དེ་དག་དུས་ཚོད་ནམ་ཁོམ་ལ་སློབ་སྦྱོང་བྱེད་ཀྱི་ཡོད། དེར་བརྟེན་ཁྱེད་རང་ཚོས་ཚན་རིག་བསླབ་རྒྱུར་ཨ་གསར་བྱས་ནས་ཚུར་ཕྱོགས་འདིར་ད་ལྟ་བར་དུ་སློབ་གཉེར་བྱས་དང་བྱེད་མུས་ཡིན་པ་དེར་འཐུས་ཤོར་ཕྱིན་ན་རྩ་བ་ནས་འགྲིག་གི་མེད། ནང་ཆོས་སློབ་གཉེར་བྱ་རྒྱུ་དེ་ང་ཚོའི་མ་རྩ་རེད། གུང་ཐང་རིན་པོ་ཆེས། རྩ་བ་བོར་ནས་ཡལ་ག་མ་འཛིན་ཨང། ཞེས་གསུངས་ཡོད། དཔེར་ན། ངོས་རང་ལ་ཆ་བཞག་ན། ཚན་རིག་པ་དང་མཉམ་དུ་སྐད་ཆ་ཤོད་སྐབས་ངོས་རང་ཚན་རིག་དང་དེང་དུས་ཀྱི་སློབ་སྦྱོང་གང་ཡང་མེད། འོན་ཀྱང་ཚན་རིག་པ་དང་ལྷན་རྐུབ་གྲལ་བསྒྲིགས་ཏེ་སྐད་ཆ་བཤད་ནས་གོ་བསྡུར་བྱ་རྒྱུའི་སྤོབས་སེམས་ཕྲན་བུ་ཡོང་གི་ཡོད་པ་དེ་ཚད་མ་དང་དབུ་མའི་གཞུང་གི་བསམ་བློ་གཏོང་སྟངས་ཐོག་ནས་སློབ་སྐབས་ཧ་ཅང་ཕན་ཐོགས་ཡོང་གི་འདུག དེར་བརྟེན་ཁྱེད་རང་ཚོས་དེ་དགོངས་པར་འཇགས་དགོས།”ཞེས་བཀའ་བསྩལ་ཡོད། ད་ནི་བདག་གིས་ལོ་ལྟར་གདན་ས་ཆེ་ཁག་ཏུ་འདི་ལྟ་བུའི་ཚོགས་འདུ་ཚོགས་ཐུབ་པ་དང་། ནང་དོན་རིག་པའི་མཁས་དབང་རྣམས་ཀྱང་དེང་དུས་ཀྱི་ཚད་འཛིན་མཁས་པ་དག་དང་མཉམ་དུ་བགྲོ་གླེང་གྲོས་བསྡུར་བརྒྱུད་ནང་རིག་པའི་དགེ་མཚན་གྱི་ནུས་པ་དགོན་པ་དང་བོད་པ་ལས་བརྒལ་ཏེ་སྐྱེ་འགྲོ་ཡོངས་ཀྱི་བདེ་བའི་བགོ་སྐལ་དུ་འགྱུར་བའི་རེ་སྨོན་བཅས་རྩོམ་ཡིག་འདིའི་མཇུག་བསྡུས་པ་ཡིན། ༢༠༡༣/༡/༢༠ ལ་བྲིས།
ང་ཚོའི་རང་སྣང་དག་པའི་ནང་པའི་མཁས་པ་ཚོས་ནུབ་ཕྱོགས་ཀྱི་ཚན་རིག་པ་ཚོ་དང་ལྷན་དུ་བགྲོ་གླེང་བྱས་པའི་འཇུག་འབྲས་སུ་རང་ཕྱོགས་ཀྱི་གཞུང་ཆེན་དག་ནས་བཤད་པའི་ཕྱིའི་འཇིག་རྟེན་ཆགས་ཚུལ་དང་ཉི་ཟླ་རི་རབ་གླིང་བཞི་སོགས་ཀྱི་དབྱིབས་ཀྱི་བཀོད་པ་རྣམས་དགོངས་པ་རང་ཞུ་བྱས་དགོས་བྱུང་བ་བཞིན་དུ་ནང་གི་བཅུད་ཀྱི་སེམས་ཅན་ཀྱི་ཚེ་སྔ་ཕྱི་དང་དེའི་རྒྱུད་ནས་ལས་རྒྱུ་འབྲས་ཀྱི་འགྲོ་ལུགས་རྣམས་ལའང་སྔ་ཕྱི་མ་གཏོགས་ཨ་ཕོས་དགོངས་པ་རང་ཞུ་མི་བྱེད་ཀ་མེད་ཆགས་ངེས་པ་ཡིན།། རྒྱུ་མཚན་དགོས་ན་རྗེས་སུ་དུས་ཚོད་སྟོང་པ་བྱུང་ན་བཤད་ཆོག
་་་་ རང་གཞན་གྱི་རིག་པའི་གཞུང་ལུགས་ཀྱི་གཏིང་རྒྱུས་མ་ལོན་པའི་བཤད་པ་རྒྱུ་མཚན་བྲལ་བ་དེ་ཚོར་ཡི་མུག་པར་གྱུར། ཚོགས་འདུ་འདིའི་གལ་གནད་ཆེ་བའི་གནད་དོན་གཞན་ཞིག་ནི་ལོ་རྒྱུས་རང་བཞིན་ལྡན་པའི་ནང་བའི་གདན་ས་ཆེན་པོ་ཞིག་ཏུ་ཚོགས་ཐུབ་པ་བྱུང་བ་འདི་རེད། ་་་་ཟེར།
གོང་དུ་འཇུག་འབྲས་ཞེས་པ་དེ་ལག་ནོར་ཤོར་འདུག་པས་མཇུག་འབྲས་ལ་བཅོས་རོགས།
རེད་ལོག་སྨྲས་ཚད་མ་བཤད་སོང། དེང་སང་༧གོང་ས་མཆོག་ནས་ཀྱང་མཎཌལ་བརྟན་བཞུགས་ནས་འགྲེལ་བཤད་བྱས་པའི་རི་རྒྱལ་དང་སྟོང་གསུམ་ལས་སོགས་ལ་ཐུགས་དམྱེས་པོ་གནང་གི་མི་འདུག་ཟེར་བ་གོ་སོང་བདེན་མིན་མི་ཤེས། མཛོད་ཀྱི་སྟོང་གསུམ་འཇིག་རྟེན་དེ་ཚོ་ནས་དགོངས་པ་ཞུས། དེ་ནས་ཤིན་ཏུ་ལྐོག་གྱུར་གྱི་གནས་རྣམས་ཚན་རིག་པའི་དཔྱད་ཡུལ་དུ་མ་གྱུར་ཙང་ཚེ་སྔ་ཕྱི་ལས་རྒྱུ་འབྲས་འབྲས་བུ་རྣམ་མཁྱེན་སོགས་ལ་དགོངས་པ་ཞུ་རན་སོང། དེ་ནས་བྱང་ཆུབ་སེམས་དཔའ་དང་ལམ་བཞུགས་ཟེར་བ་དེ་ཚོ་ལས་ཀྱང་དགོངས་པ་ཞུ་རན། སྔར་ནི་གདན་ས་སེ་འབྲས་དགའ་སོགས་ལ་དཔེ་ཆ་བ་ཡག་པོ་ཡོད་རབས་གོ། ད་ནི་ཚན་རིག་ཚན་རིག་མེད། ནང་ཆོས་ནང་ཆོས་མེད་པར་ཆགས་རྒྱུ་ཉག་ཅིག་རེད། དེ་ལས་འཛམ་གླིང་གི་ཆོས་ལུགས་ཆོས་རྒྱུད་རྣམས་ཀྱི་ལྟ་གྲུབ་ལ་བསམ་ཚུལ་བརྗེ་རེས་དང་དག་སྣང་སྦྱོང་རྒྱུའི་སྐོར་ལ་ཟབ་སྦྱོང་མང་ཙམ་གནང་ན་ལེགས་པར་མཐོང།
རེད། བཤད་བཅུག་ན་ཕ་བསད་བུ་ལའང་བཤད་རྒྱུ་ཡོད་པའི་གཏམ་དེ་བདེན་ངེས། འཇིག་རྟེན་འདིའི་སྟེང་གི་ཆོས་ལུགས་ཕལ་མོ་ཆེ་རིག་གསར་གྱིས་འཆི་ལམ་དུ་དེད་ཟིན་པ་ཡོངས་གྲགས་རེད། ད་སངས་རྒྱས་པའི་ཆོས་ལ་གདིང་ཇི་ཙམ་འདུག་བརྟགས་དཔྱད་ཀྱི་མགོ་ཚུགས་པ་ནི་མཇུག་འབྲས་ཇི་བྱུང་ཡང་བྱུང་། བདེན་རྫུན་གྱི་ཕུ་ཐགས་ཆོད་ན་དེ་གས་ཆོག ལས་གཞི་འདི་ལ་དགའ་བསུ་ཞུ།
ལོ་སྨའི་ལོག་པར་བཤད་པར་ལ་ཉོན་ནས་ལོག་ལམ་དུ་མི་འགྲོ་བས་རེ་བ་ཡོད། མི་འདི་ཡི་ལོ་མང་ནང་ཆོས་སྦྱངས་ནས་མཐར་ལོག་རྟོག་ངན་པའི་དབང་གི་ལོག་པ་ཁོ་ན་སྨ་མཁན་ཞིག་ཏུ་གྱུར་བ་རེད། ཡར་ལྷ་གྲལ་དུ་མ་ཚུད་མི་གྲལ་དུ་ཡོད་པ་འདྲ་བ་དང་། མར་མི་གྲལ་དུ་མ་ཚུད་བདག་མེད་འཁྱམས་མྱུལ་ཁོ་ནའི་དུས་འདའ་བ་ནི་ངོ་མ་ཀྱེ་མ་ཧུ།
སྐྱག་པས་རྐུབ་ཞིག་བཀྱགས་ཐུབ་ན་བསམ་ཡོད་རྒྱུ་རེད་དེ། ཚན་རིག་ནི་དད་པ་ལྟར་དད་པའི་མགོ་ཁུངས་ནག་ཁུངས་ལ་གཏུགས་ནས་འདུག་མཁན་དེ་འདྲ་རྩ་བ་ནས་མིན། ད་དཀའ་ལས་ཆེན་པོ་མེད་འགྲོ། མ་གཞི། ཆོས་ལུགས་དད་པ་དང་མཐུན་དགོས་བ་ལས། ཚན་རིག་དང་མཐུན་དགོས་བ་དེ་འདྲ་གང་ཡིན་ནི་ཨ།
གྲྭ་བརྒྱགས་ཀྱི་ཁ། རྟ་བརྒྱགས་ཀྱི་རྐུབ། སེམས་ཀྱི་རྩ་བ་འདྲ་བཤད་ནི་མིན་ན། གཞན་ཅི་གང་མེད་པ་དེ་གསལ་བོ་རེད།
༸གོང་ས་མཆོག་གིས།
་་་་ འདིར་ད་ལྟ་བར་དུ་སློབ་གཉེར་བྱས་དང་བྱེད་མུས་ཡིན་པ་དེར་འཐུས་ཤོར་ཕྱིན་ན་རྩ་བ་ནས་འགྲིག་གི་མེད། ནང་ཆོས་སློབ་གཉེར་བྱ་རྒྱུ་དེ་ང་ཚོའི་མ་རྩ་རེད། གུང་ཐང་རིན་པོ་ཆེས། རྩ་བ་བོར་ནས་ཡལ་ག་མ་འཛིན་ཨང། ཞེས་གསུངས་ཡོད།
དཔེར་ན། ངོས་རང་ལ་ཆ་བཞག་ན། ཚན་རིག་པ་དང་མཉམ་དུ་སྐད་ཆ་ཤོད་སྐབས་ངོས་རང་ཚན་རིག་དང་དེང་དུས་ཀྱི་སློབ་སྦྱོང་གང་ཡང་མེད།
འོན་ཀྱང་ཚན་རིག་པ་དང་ལྷན་རྐུབ་གྲལ་བསྒྲིགས་ཏེ་སྐད་ཆ་བཤད་ནས་གོ་བསྡུར་བྱ་རྒྱུའི་སྤོབས་སེམས་ཕྲན་བུ་ཡོང་གི་ཡོད་པ་དེ་ཚད་མ་དང་དབུ་མའི་གཞུང་གི་བསམ་བློ་གཏོང་སྟངས་ཐོག་ནས་སློབ་སྐབས་ཧ་ཅང་ཕན་ཐོགས་ཡོང་གི་འདུག ་་་་གསུངས།
དངོས་ཁམས་ཚན་རིག་པ་དང་སེམས་གཤིས་རིག་པའི་གྲུབ་དོན།
ཟེར་དུས་སེམས་ཀྱི་གཤིས་ཟེར་བ་ནི་བོད་ཀྱི་ཆོས་ལུགས་ཆོས་རྒྱུད་པས་བཤད་པའི་་་་་རང་བྱུང་ཡེ་ཤེས་་་་སེམས་འོད་གསལ་་་་སེམས་བདེན་པར་གྲུབ་པས་སྟོང་པ་སོགས་བཤད་ཀྱི་ཡོད་དམ
རེད་རེད། དང་པོ་མཛོད་ཀྱིས་དགོངས་པ་ཞུས། དེ་ནས་རྩ་བ་ཤེས་རབ་དང་མངོན་རྟོགས་རྒྱན་གྱིས་དགོངས་པ་ཞུས། དེ་ནས་བར་དོ་ཐོས་གྲོལ་སོགས་ཀྱིས་དགོངས་པ་ཞུས། དེ་ནས་སོ་སོར་ཐར་པའི་མདོས་དགོངས་པ་ཞུས། དེ་ནས་བཀའ་འགྱུར་དང་བསྟན་འགྱུར་གྱི་གླེགས་བམ་རེ་རེས་དགོངས་པ་ཞུས། དེ་ནས་ང་ཚོ་ཚང་མ་དངོས་གཙོ་རིང་ལུགས་པ་ཞིག་ཆགས་འགྲོ མ་རེད་དམ།
དགེ་བཤེས་ལྷ་རམས་པ་ཆེན་མོ་ལོག་སྨྲ་ཚར་གཅོད་ལགས་་་ཁམས་བཟང་།
དབང་ཆེན་གསེར་གྱི་ས་གཞི་སོགས་ནང་ཆོས་ཀྱི་གཞུང་ལུགས་ཁག་གི་ནང་དུ་གསུངས་པ་ལ་དགོས་པ་དང་རྒྱུ་མཚན་ཞིག་ཡོད་ནས་གསུངས་པ་རེད་བསམས་ཀྱི་འདུག
དཔེར་ན། དགེ་ཆོས་མཆོག་གིས། ཀླུ་སྒྲུབ་དགོངས་རྒྱན་ལས། སངས་རྒྱས་རྒྱ་ནག་ཏུ་ཕྱིན་ཡོད་པའི་དབང་དུ་བཏང་ན་འབྲུག་གྱི་རི་མོ་ཡོད་པའི་གོས་ཆེན་སེར་པོའི་ན་བཟའ་བཞེས་ཡོད་མཁན་ཞིག་བྲིས་ཡོད་ཀྱི་རེད་ལ་སངས་རྒྱས་བོད་དུ་ཕྱིན་ཡོད་པའི་དབང་དུ་བཏང་ན་དཔག་བསམ་ཤིང་གི་ལོ་མའི་གསོལ་ཇ་དང་འདོད་འཇོ་བ་ཡི་འོ་མ་གཉིས་གསེར་གྱི་ཇ་མདོང་ནང་དཀྲུགས་པའི་གསོལ་ཇ་བཞེས་མཁན་ཞིག་བྲིས་པ་ཡོད་མེད་ལ་ཐེ་ཚོམ་མི་དགོས་ཅེས་གསུངས་འདུག་་་་་ཀླུ་སྒྲུབ་དགོངས་རྒྱན་གྱི་ཚིག་ཇི་བཞིན་འདི་བཀོད་ཐུབ་མ་སོང་།་་བརྗེད་ཚར་འདུག་པས་དགོངས་འགལ་མེད་པ་ཞུ་་་་་་་་།
༡་་སྐབས་དང་དུས་་་་་་གདུལ་བྱའི་ཁམས་དང་མོས་པ་ལ་བརྟེན་ནས་ཆོས་གསུངས་ཡོད་པ་དང་ཐང་ག་བྲིས་ཡོད་པ་སོགས་ནི་དངོས་ཡོད་གནས་ཚུལ་རེད། མ་གཏོགས་གཞུང་ལུགས་ཁག་ནས་གསུངས་པ་ཐམས་ཅད་དངོས་ཡོད་ཚན་རིག་དང་མཐུན་ག་ལ་ཡོད།
༢་་་སྐྱེ་བ་སྔ་ཕྱི་ཡི་རྣམ་བཞག་དང་རྒྱུ་འབྲས་ཀྱི་རྣམ་བཞག་ལ་ཚན་རིག་པས་དགག་མི་ཐུབ། གལ་སྲིད་ཚན་རིག་པས་སྐྱེ་བ་སྔ་ཕྱི་དང་རྒྱུ་འབྲས་ཀྱི་རྣམ་བཞག་ལ་དགག་ཐུབ་ན་ང་ཅོ་རི་རང་ཤི་རྒྱབ་ཆོག དེ་མིན་དྲ་ཐོག་གི་མཁས་དབང་སུ་ཡིས་དགག་ཐུབ་ན་ཕེབས་ཤོག་དང་ང་ལ་ལན་ཡོད།
རྒྱུ་མཚན་ཡོད་ན་བཤད་དགོས་པ་ལས་རང་ཤི་རྒྱབ་པའི་ཕན་ཨེ་ཡོང་བ།
གཞན་གྱིས་ཅི་བཤད་ཀྱི་ཡོད་མེད་མི་ཤེས་པར་ཁ་བཙུམ།།
གདོང་དམར་བའི་བཀའ་མོས་ལ་མོས་མཐུན་ཡོད།
འབུམ་བཀའ་འགྱུར་བསྟན་འགྱུར་མི་ཤེས་ཀྱང་།
ང་བཀའ་འགྱུར་བླ་མའི་དགེ་ཕྲུག་ཡིན།
མགོ་སྒུར་ནས་རྨོངས་དད་མི་ཤེས་ཀྱང་།
ལས་རྒྱུ་འབྲས་རྣམ་བཞག་ཤེས་ཙམ་ཡོད།
བྱམས་སྙིང་རྗེ་ཅན་གྱི་མི་མིན་ཀྱང་།
དམངས་ཉམ་ཆུང་གཉའ་གནོན་བྱས་མྱོང་མེད།
དོན་སྟོང་ཉིད་རྟོགས་པའི་བློ་མེད་ཀྱང་།
རིག་རྟོག་གེ་འདི་ལ་ཡིད་ཆེས་ཡོད།
གོ་ཨེ་བྱུང་བོད་ཀྱི་རྨོངས་རྒན་ཚོ།
རྟགས་ཡོད་ན་བཀོད་པའི་དུས་ལ་བབ།
གྱོད་ཡོད་ན་རྒྱབ་པའི་དུས་ལ་བབ།
དེ་མེད་ན་རྨོངས་ཁ་བཙུམ་ན་ལེགས།།
སྔ་རབས་བོད་ལ་ཚན་རིག་དར་སྲོལ་བྱུང་མེད་པའི་ཁུངས་སྐྱེལ་ག་ལ་ཐུབ། དབྱིན་ཇིའི་ཚན་རིག་འདི་ཡང་ཆུང་ཆུང་ནས་ཆེན་པོར་གྱུར་བ་ཡིན་པ་རེད། དེ་འདྲ་ཡིན་དུས་ང་ཚོའི་བོད་ཡུལ་དུ་སྔ་རབས་ནས་གསོ་བ་རིག་པའི་གཞུང་ལུགས་དར་ཡོད་པ་རེད། དཔེར་ན་སྨན་རྩ་འབུམ་ཕྲག་མང་པོའི་ཕན་ཡོན་དང་རོ་ནུས་བྱེད་ལས་དེ་ཚོ་ཞིབ་ཅིང་ཚགས་པ་བརྟག་དཔྱད་བྱས་ནས་ནད་ལ་ཏག་ཏག་ཕན་ནུས་ཡོད་པ་དེ་སྨན་གྲལ་དུ་བཞག་ཡོད་པ་རེད། འདི་ཚོ་ཚན་རིག་མིན་ན་གང་ཡིན་ནམ། ཕྱི་རྒྱལ་བའི་ཚན་རིག་ཟེར་ནའང་འདི་འདྲ་བྱས་ནས་ཡར་རྒྱས་བྱུང་བ་རེད། ཚན་རིག་ཟེར་བཤད་ཡོང་དུས་ཚང་མ་སེམས་རྐྱང་རྐྱང་ལ་བརྟག་དཔྱད་བྱེད་རྒྱུ་ཞིག་ག་ལ་ཡིན། དཀར་རྩིས་རིག་པས་གནམ་གཤིས་འགྱུར་ལྡོག་དང་གངས་ཆར་བབ་དུས་སོགས་གཏན་འཁེལ་ཤོད་ཐུབ་པ་དང། ལོ་ཏོག་རྨོ་འདེབས་དང་རྔ་བསྡུ་བཅས་རྩིས་རིག་གི་ལམ་ནས་གཏན་འབེབས་བྱེད་སྲོལ་ཡོད་པ་རེད། འདི་ཡང་དེའི་ཚེ་དེའི་དུས་ཀྱི་ཚན་རིག་ཅིག་ལོས་ཡིན། འབྲོག་པ་རྒད་པོ་དེ་ཚོ་ལའང་བཤད་རྒྱུན་དང་ཉམས་མྱོང་ལས་བྱུང་བའི་གནམ་དཔྱད་རིག་པ་ཐུན་མོང་མ་ཡིན་པ་དེ་འདྲ་ཡོད། བལ་ཡུལ་གྱི་འགྲེམ་སྟོན་ཁང་ཞིག་ཏུ་བོད་དམག་གི་ལག་ནས་འཕྲོག་པ་རེད་ཟེར་བའི་ཀོ་བས་བཟོས་པའི་མེ་རྒྱོག་དེ་འདྲའང་འདུག། དེ་འདྲ་ཡིན་དུས་སྔོན་མ་ནས་བོད་ཡུལ་དུ་ཚན་རིག་རྩ་བ་ནས་དར་མྱོང་མེད་ཟེར་ནས་བཤད་ནའང་འགྲིག་ས་མ་རེད། །
ལས་རྒྱུ་འབྲས་ཟེར་ཤོད་བཞིན་པ་འདི་སེམས་ལྡན་གང་ཟག་ཅིག་གིས་ཚེ་འདི་ལ་ལས་བཟང་ངན་གང་བསགས་པ་དེ་རྒྱུ་རུ་བྱས་ནས་གང་ཟག་དེའི་སྐྱེ་བརྒྱུད་རྗེས་མ་རྣམས་སུ་རྐྱེན་ཞིག་ལ་བརྟེན་ནས་ལས་དེའི་འབྲས་བུ་ཁ་ཡོད་ལག་ཡོད་སྨིན་རྒྱུ་ཡོད་པར་འདོད་པ་འདི་ལ་བདེན་པ་ཡོད་མེད་བགྲོ་གླེང་བྱེད་དགོས་པ་འདུག། དེ་ཡང་དམྱལ་བ་ཡིད་དྭགས་བྱོལ་སོང་མི་ལྷ་ལྷ་མིན་བཅས་ལ་སྐྱེ་བ་བླངས་ནས་སྡུག་བསྔལ་བསམ་གྱིས་མི་ཁྱབ་པ་མྱོང་དགོས་པར་འདོད་པ་འདི་ཚོ་བདེན་མིན་གང་འདྲ་རེད་བགྲོ་གླིང་གནང་དགོས་ས་རེད། གཞན་ནས་ས་ཆུ་ལུད་དྲོད་གཤེར་ཚོགས་པ་ཚང་བའི་ལུག་ལོ་དཔྱིད་དུས་ཀྱི་ཞིང་ནས་མྱུ་གུ་གསར་པ་སྨིན་རྒྱུ་ཡོད་པ་ལྟ་བུ་ལ་ཧ་ལས་དགོས་པ་ཅང་མིན་འདུག། །
དཀོར་བདག་ཚོས་བོད་བཙན་པོའི་སྲིད་འབྱོར་རིག་རྩ་མེད་བཟོས་པ་མ་གཏོགས་འཛམ་གླིང་ཐོག་ཏུ་ཚན་རིག་སྔོན་ཐོན་པའི་གྲལ་རེད་བསམས་ཀྱི་འདུག་ལགས། བཀོར་བདག་ཚོའི་བློ་དང་མཐུན་པའི་ལྷ་ཆོས་དགེ་བ་བཅུ་དང་མི་ཆོས་གཙང་མ་དྲུག་ཟེར་བ་ཞིག་ལ་བོད་བཙན་པོའི་རྒྱལ་ཁབ་ཀྱི་ཁྲིམས་ལུགས་རེད་ཟེར་གྱི་འདུག་ག་་་་་་དཔྱད་རོགས་བྱོས།
མཛོད་གནས་གསུམ་པ་འཇིག་རྟེན་བསྟན་པ་མེད་པའི་མཛོད་ཅིག་ཡོད་པའང་བཤད་སྲོལ་འདུག སྤྱིར་ན་སློབ་དཔོན་དབྱིག་གཉེན་ཁོང་དང་པོར་ཐེག་ཆེན་པའི་འདོད་མི་ཐུབ་པའི་དགེ་སློང་ཅིག་ཡིན་དེ་ཡང་བརྗེད་མི་ཉན་ནོ། །
མི་རེའི་ཁོག་ན་མི་མཐུན་ཚད་མ་རེ།
ལ་རེའི་རྒྱབ་ན་མི་མཐུན་ཆོས་ལུགས་རེ།
དེ་ཡི་རྗེས་འབྲངས་མཁས་བླུན་སྟོང་ཕྲག་རེ།
འདི་བདེན་ལ་འདི་ཉིད་མི་སླུ་ཞེས།
རང་བདེན་ཁ་རང་ལ་སྤྱིན་པ་འདི།
རིགས་མཐུན་ཚོགས་ལ་སྨྲས་ན་ཉམས་རེ་དགའ།
མི་མཐུན་ཚོགས་ལ་སྨྲ་ན་ཞེ་རེ་ཁྲོ།་་་ཞེས་་དམ་པ་དགེ་ཆོས་མཆོག་གི་ཞལ་ནས་གསུངས་པ་ལྟར་ང་ཅོ་རི་ལ་ཡང་ཤྭཀྱའི་ཆོས་ལུགས་ལ་བལྟ་སྟངས་ཁ་ཁར་ཡོད། རང་རྒྱུད་ཀྱི་ལྟ་བ་རྣམས་ཁྲོམ་བསྒྲག་བྱེད་ན་བསམ་ཚུལ་མི་མཐུན་པའི་ཕྱོགས་གཏོགས་རྣམས་ཁོང་ཁྲོ་ཟ་འགྲོ་བ་ནི་དངོས་ཡོད་རེད།་་ཡིན་ནའང་བསམ་ཚུལ་ཟུར་ཙམ་ཞུ་རྒྱུ་ཡིན།
ངས་ངོས་ནས་བྱས་ན་ད་ལྟའི་ཆར་བོད་ཡིག་ཐོག་ཏུ་ཡོད་བཞིན་པའི་བཀའ་འགྱུར་འདི་བརྒྱ་ཆ་བརྒྱ་ཐམ་པ་ཤྭཀྱའི་རྒྱལ་པོའི་ཞལ་ནས་གསུངས་པ་རེད་བསམས་ཀྱི་མི་འདུག ཤྭཀྱའི་རྒྱལ་པོ་ཞལ་བཞུགས་པའི་སྐབས་སུ་བཀའ་འགྱུར་ཡིག་ཐོག་ཏུ་མེད། འདས་ཚར་བའི་རྗེས་སུ་རྒྱ་གར་བའི་ས་དོང་བྷ་བྷ་ཚོས་ཡིག་ཐོག་ཏུ་ཕབ་པ་རེད། དེའི་རྗེས་སུ་ལོ་ཙ་བ་ས་དོང་བྷ་བྷ་རྫུན་སྐྱ་བ་ཚོས་བོད་བསྒྱུར་བྱས་པར་འདོད།
རྒྱ་གར་བའི་ས་དོང་བྷ་བྷ་རྣམས་ནི་འཛམ་གླིང་ཐོག་གི་སྐྱ་རྫུན་མཁས་ཤོས་རེད།་་་བུད་མེད་དང་རྒྱུ་ནོར་གོ་གནས་འཐོབ་ཆེད་དུ་རྫུན་བཤད་པ་གྲངས་ཀྱི་ག་ལ་ཆོད།
དམ་པ་དགེ་ཆོས་མཆོག་གིས་ཞལ་ནས་་་་བྲམ་ཟེ་ཆུང་མའི་དོན་དུ་ཞེ་གནག་པས་་་མདོ་དང་བསྟན་བཅོས་ལས་ཀྱང་ལྷག་བྲིས་ཅེས་གསུངས་འདུག
དེ་ནས་་་བོད་ཡིག་ཐོག་ཏུ་ཡོད་པའི་བཀའ་འགྱུར་འདི་ལ་་་བོད་ཀྱི་ཆོས་རྒྱུད་ཁག་གིས་རང་རང་གི་འདོད་པ་མཐུན་པའི་འགྲེལ་བཤད་རེ་རེར་བརྒྱབ་ཡོད། དགེ་ལུགས་ཀྱིས་སོ་སོའི་ཕྱོགས་སུ་མཐུན་པ་བྲིས་་་་དེ་དང་དེར་མཚུངས་ས་སྐྱ་དང་རྙིང་མ་་་བཀའ་རྒྱུད་སོགས་ཀྱིས་ཀྱང་བྲིས་ཡོད་པ་རེད་བསམས་ཀྱི་འདུག
མ་ཟད་དེང་སང་བོད་ཀྱི་བོན་པོ་ཚོས་ཤྭཀྱའི་རྒྱལ་པོའི་བཀའ་དང་མཐུན་པའི་དགོངས་འགྲེལ་འདྲ་བྲིས་ཡོད་ཟོལ་བཤད་ཀྱི་འདུག་ག་་་་་་ཧཧཧཧ
ཅོ་རི་ལགས་ཀྱིས། ༼དགེ་ཆོས་མཆོག་གིས། ཀླུ་སྒྲུབ་དགོངས་རྒྱན་ལས། སངས་རྒྱས་རྒྱ་ནག་ཏུ་ཕྱིན་ཡོད་པའི་དབང་དུ་བཏང་ན་འབྲུག་གྱི་རི་མོ་ཡོད་པའི་གོས་ཆེན་སེར་པོའི་ན་བཟའ་བཞེས་ཡོད་མཁན་ཞིག་བྲིས་ཡོད་ཀྱི་རེད་ལ་སངས་རྒྱས་བོད་དུ་ཕྱིན་ཡོད་པའི་དབང་དུ་བཏང་ན་དཔག་བསམ་ཤིང་གི་ལོ་མའི་གསོལ་ཇ་དང་འདོད་འཇོ་བ་ཡི་འོ་མ་གཉིས་གསེར་གྱི་ཇ་མདོང་ནང་དཀྲུགས་པའི་གསོལ་ཇ་བཞེས་མཁན་ཞིག་བྲིས་པ་ཡོད་མེད་ལ་ཐེ་ཚོམ་མི་དགོས་ཅེས་གསུངས་འདུག་་་་་༽
ཞེས་གསུངས་བབ་ལ་གཞིགས་ན། ཀླུ་སྒྲུབ་དགོངས་རྒྱན་དགེ་ཆོས་ཀྱི་གསུངས་ཡིན་པར་ངེས་འཛིན་གནང་གི་ཡོད་པ་འདྲ། དེ་ལྟར་ཡིན་ན་ཁྱེད་ནོར་སོང་བ་རེད།
གཞན་ཡང་སྐྱེ་བ་སྔ་ཕྱི་དང་ལས་རྒྱུ་འབྲས་སགས་ལ་ཚན་རིགས་པས་དགག་མི་ཐུབ་ན་ང་ཅོ་རི་རང་ཤི་རྒྱབ་ཆོག་པ་གསུངས། བདེན་སྨྲ་དང་རྣམ་དཔྱད་ཀྱིས་སྟོང་སོང་བ་མིན་ན་རང་ཤི་རྒྱབ་ན་ལ་ཅི་ཕན། དེ་ལས་ནང་པའི་སྐྱེ་བ་སྔ་ཕྱི་འདོད་ཚུལ་འདི་ཚན་རིག་པར་ངོ་སྤྲོད་ཡག་པོ་ཞིག་ཐུབ་ན་ད་ཟད་སེམས་ཀྱི་རྣམ་བཞག་ཡོད་ཚོད་བདེན་དོན་དུ་མཁས་ལེན་ངེས། འོན་ཀྱང་མཐར་གཏུགས་ན་དེ་ཡང་ཁག་པོ་མིན་འགྲོ། དེས་ན་སྐྱེ་སྔ་མ་ཡོད་པའི་སྒྲུབ་བྱེད་ཨ་ན་མ་ན་ཞིག་གསུང་རོགས།
ཤྭཀྱའི་རྒྱལ་པོ་ཞལ་བཞུགས་པའི་སྐབས་སུ་བཀའ་འགྱུར་ཡིག་ཐོག་ཏུ་མེད་གསུངས་འདུག་བ་དེ་འདྲ་ཡིན་ན་པ་ལིའི་་ཡི་གེ་ནི་དེ་དུས་ཡོད་ས་རེད། ཤྭཀྱའི་རྒྱལ་པོས་རྒྱ་ཆེ་ལ་རྒྱུན་རིང་བ་ཞིག་གསུངས་ཡོད་པ་བདེན་ན་པ་ལིའི་ཡིག་ཐོག་ཏུ་པོ་ཏི་ཁ་ཤས་ཤིག་མི་ཕབ་དགོས་པ་གང་ཡིན་ནམ། །
ས་དོང་བྷ་བྷ་ཚོས་ཡིག་ཐོག་ཏུ་ཕབ་པ་དང་། དེ་རྗེས་ས་དོང་བྷ་བྷ་རྫུན་སྐྱ་བ་ཚོས་བོད་བསྒྱུར་བྱས་པར་འདོད་པ་འདི་ཡང་ཨའོ་ཙི་ཡག་པོ་རེད། ངས་ནི་དེ་ཙམ་དུ་ཡང་འདོད་པར་མི་བྱའོ། དུས་རབས་བདུན་པ་དང་བརྒྱད་པའི་སྐོར་ལ་མང་ཆེ་བ་བོན་དཔེ་ལེབ་བཤུས་ཀྱང་བྱས་པ་ཡོད་པ་གསལ་པོ་རེད། འོན་ཀྱང་གསོལ་འདེབས་དང་སྨོན་ལམ་སྔགས་ཡིག་དེ་འདྲ་ཤོགས་ལྷེ་ཁ་ཤས་འདྲ་བསྒྱུར་ཡོན་ནའང་ཆོག། དེང་སང་པོ་ཏི་མང་པོ་ཡོད་པ་འདི་ཚོ་ནི་བོད་བླ་མས་སྔར་ལུགས་གསར་བཅོས་བྱས་ཤིང་རང་ཁུངས་གཞན་བཏུག་བྱས་པའི་ཆོས་ལུགས་དམིགས་བསལ་བ་ཞིག་ཡིན་པར་སེམས། ད་གང་ལྟར་དེང་སང་བོད་བརྒྱུད་ནང་བསྟན་ཟེར་བའི་མིང་འདི་ནི་༡༩༥༩་རྗེས་ནས་རྒྱ་མཁས་ཚོས་ཚུར་བཏག་བཞག་པ་ཞིག་རེད། འདིའི་དོན་ནི་ཕལ་ཆེར་བོད་ལུགས་ནང་པའི་ཆོས་ལུགས་འདི་ཉིད་རྒྱ་ནག་གི་ནང་པའི་ཆོས་ལུགས་ཀྱི་ཆ་ཤས་ཤིག་ཏུ་ངོས་འཛིན་བྱས་པ་ཡིན་པ་འདྲ། དེ་འདྲ་ཡིན་ན་ཁྱེད་ཚོས་རྒྱ་ནག་ཧ་ཤང་བོད་ནས་མར་ཕུད་པ་ཡིན་ཟེར་བ་དེ་ལ་ཡ་ལན་ཡག་ཐག་ཆོད་ཅིག་སྤྲད་འདུག་དྲན་གྱི་ཡོད། དོན་དག་རྡོག་རྡོག་བྱས་ན་ཀཱ་མ་ལ་ཤཱི་ལས་རྒྱ་ནག་ཧཱ་ཤང་མར་ཕུད་པ་ཡིན་ན་ལས། གུང་ཁྲན་གྱིས་ཀཱ་མ་ལ་ཤཱི་ལ་ཕར་རང་བཞིན་གྱིས་ཕུད་བཞག་པ་འདྲ་པོ་འདུག། བུ་ཆབ་སྲིད་མཁས་པ་ཟེར་ན་དེ་འདྲ་རེད། ད་དགོངས་པ་ཡག་པོ་བཞེས་ནས་བཞུགས་རོགས། དེ་འདྲ་ཡིན་ན་བོད་སྔ་རབས་པ་ཚོས་སྤོབས་པ་ཏོག་ཙམ་ཁྱེར་ན་འགྲིག་ས་རེད་ད། ཨ་རོགས་ཀུ་རེ་ཡིན། ཧཧཧ
ཧུན་ཆུ་ཁུ་བ་དཀར་པོ་ཤོར་ཚད་ལ།།
སྐྱེ་འབུ་བྱེ་བ་བརྒལ་བའི་ཚེ་སྲོག་དེ།
བསད་པའི་སྡིག་པ་ཡོད་དམ་ཉེས་བ་ཡོད།
ཆོས་པ་ཅོ་རི་ཉི་མར་འདྲི་ཤོར་ཐལ།།
ནང་པས་བོན་དཔེ་ལེ་་ཤུས་བྱས་པ་བདེན་པ་བོན་དཔེ་སུས་བྲིས་པ་རེད། བོན་གསུངས་པ་པོ་སུ་རེད། ག་དུས། ག་རུ། ཧ ཧཧཧཧཧཧ་ཁ་རྐུ་་གཉིས་ནས་གད་མོ་ཤོར་གི མ་གཞི་ནང་བོན་གཉིས་འདྲ་བའི་ཆ་མང་བས་སུས་ཤུས་ཡིན་ན་གཅིག་གིས་ཤུས་པ་ངོ་མ་རེད། རྒྱལ་སྤྱིའི་ཁྲིམས་ཁང་ལ་སྦྱར་དགོས། ནང་ཆོས་་བོན་ནས་ཤུས་པ་ར་འཕྲོད་ན་བོན་པས་ཅི་བྱ་འདོད་ཡོད་ན་བྱོས། ང་ནི་དུས་དེ་ནས་བོན་ལས་ཤུས་པའི་ནང་པ་སྤངའ་ནས་ཆོས་མེད་རིང་ལུགས་པ་བྱ་རྒྱུ་ཡིན། གལ་ཏེ་བོན་པོས་ནང་ཆོས་ཤུས་པ་ར་འཕྲོད་ན་བོན་དཔེ་ཚང་མ་མེ་ལ་སྲེག་རྒྱུ། དེའི་ཐལ་བ་རླུང་ལ་བསྐུར་རྒྱུ། བོན་དགོན་ཚང་མ་དམག་སྒར་རྒྱག་རྒྱུ་ཡིན།
ཚ་ཕྲུག གིས། ཀླུ་སྒྲུབ་དགོངས་རྒྱན་དགེ་ཆོས་ཀྱི་གསུངས་ཡིན་པར་ངེས་འཛིན་གནང་གི་ཡོད་པ་འདྲ། དེ་ལྟར་ཡིན་ན་ཁྱེད་ནོར་སོང་བ་རེད། གང ཟེར་བ་ནི་ཁྱོད་རང་ནོར་བ་རེད་སྙམ།
ཡ་དྲྭ་གློགས་ཚོ་ང་ཚོའི་བོད་ལ་སངས་རྒྱས་ཀྱི་བསྟན་པ་ཚད་དང་ལྡན་པ་ཞིག་ཡོད་ན་འགྲིག་བསྡད་ཡོད་རེད། སངས་རྒྱས་ཀྱི་བསྟན་པ་ནི་མ་བགོས་སྤྱི་ལ་བཞག་པའི་ནོར་བུ་ཡིན་ལབ་ཀྱི་འདུག་བ། དེར་མ་ཚད་འཇུག་སྒོ་མ་འགག་པའི་སངས་རྒྱས་ཀྱི་བསྟན་པ་རིན་པོ་ཆེ་ཟེར་ཤོད་ཀྱི་ཡོད་པ་རེད། སངས་རྒྱས་ཀྱི་བསྟན་པའི་ནང་དོན་བསླབ་བྱ་རྣམས་ནི་འགག་བྱ་དང་དགོས་པ་གཉིས་ལྡན་ཡིན་གསུངས་འདུག་བ། འགག་བྱ་གནང་བ་དེ་ཧ་གོ་ཡང་དེའི་དགོས་པ་དེ་མ་ཤེས་ན་ཐབས་སྐྱོ་བོ་རེད། དགོས་པ་ཤེས་ནའང་དེ་རང་གི་རྒྱུད་ཐོག་ཏུ་སྦྱོར་ཤེས་དགོས། མདོར་ན་རང་གི་སེམས་རྒྱུད་ཧྲག་ཧྲག་པོ་འདི་འདུལ་བའི་ཐབས་ལ་འབད་པ་བྱེད་དགོས་པར་གསུངས་ཡོད། བོན་པོ་ཚོས་སངས་རྒྱས་ཅེས་པའི་སྒྲ་འཇུག་པའི་འཇུག་གཞིའི་མཚན་གཞི་དེ་སྟོན་པ་གཤེན་རབ་མི་བོ་བཞག་པ་རེད། བན་དེ་ཚོས་་སངས་རྒྱས་ཅེས་པའི་སྒྲ་འཇུག་པའི་འཇུག་གཞིའི་མཚན་གཞི་དེ་སྟོན་པ་ཤྭཀྱ་ཐུབ་པ་བཞག་ཡོད་པ་རེད། དོན་དག་ཡང་སྙིང་བན་བོན་གཉིས་ཀས་འབྲས་བུ་ཡག་པོ་ཞིག་ཐོབ་པར་འདོད་པ་ནི་གཅིག་མཚུངས་རེད། དེ་འདྲ་ཡིན་དུས་ཚེ་འདི་ཕྱི་གཉིས་ཀ་ལ་འགྲུབ་འབྲས་སུ་ལ་ཡག་བ་ཐོན་གྱི་འདུག་བལྟ་དགོས་པ་རེད། ང་རང་རང་མ་གཏོགས་གཞན་ཚང་མ་ནོར་བར་འདོད་ན་འགྲིག་གི་ཨ་ཡོད་ན། བོན་པོའི་རྒྱུད་ལ་སྐྱེས་པའི་བདག་རྟོགས་པའི་ཤེས་རབ་ཡིན་ནའང་ཉོན་མོངས་དུག་ལྔ་དུག་གསུམ་དྲུང་ནས་འབྱིན་བྱེད་རེད། དེ་བཞིན་བན་དེའི་རྒྱུད་ལ་སྐྱེས་པའི་བདག་རྟོགས་པའི་ཤེས་རབ་ཡིན་ནའང་ཉོན་མོངས་དུག་ལྔ་དུག་གསུམ་དྲུང་ནས་འབྱིན་བྱེད་རེད། གང་ལྟར་་ཉོན་མོངས་དུག་ལྔ་དུག་གསུམ་བན་བོན་སུའི་རྒྱུད་ལ་རང་ཁ་མར་དུས་གཏན་དུ་འདི་མུར་ལུས་བསྡད་ཡོད་པ་ཡིན་ན་དེ་ལ་སངས་རྒྱས་ཀྱི་བསྟན་པས་ཕན་སྤུ་ཙམ་ཡང་མ་ཐོག་པ་ཤེས་དགོས། སངས་རྒྱས་ཀྱི་བསྟན་པ་ནི་ཚོགས་སྡེ་ཆེན་པོ་བཟོ་བྱེད་མ་རེད།མི་འབོར་དང་ཁ་མང་དཔུང་མང་བཟོ་བྱེད་ག་ལ་ཡིན། ཁ་ནང་དུ་བསྐོར་ནས་སོ་སོའི་རྒྱུད་ཀྱི་ཉིན་མོངས་དུག་ལྔ་དུག་གསུམ་ངོས་ལེགས་པར་ངོས་བཟུང་བའི་ཐོག་ནས་དེ་འདུལ་བའི་ཐབས་ལམ་ཡང་དག་པར་སྟོན་པར་བྱེད་མཁན་ཡིན། ཐབས་ལམ་དེ་བསྟན་བཞག་པ་ཙམ་གྱིས་འགྲིག་གི་ཡོད་མ་རེད་དེ་སྐྱེ་བུས་ཚུལ་བཞིན་དུ་ཉམས་སུ་ལེན་ཤེས་དགོས་པ་རེད། དེ་ཡང་ཐོས་པས་མི་ཆོག་བསམ། བསམས་པས་མི་ཆོག་བསྒོམ། བསྒོམས་པས་མི་ཆོག་མཐར་རུ་ཕྱིན་པའི་འབྲས་བུ་ཐོབ་དགོས་གསུངས་ཡོད། དེ་འདྲ་གནང་བ་ཡིན་ན་སངས་རྒྱས་ཀྱི་བསྟན་པས་ཕན་ཐོག་པ་རེད། གང་ཟག་དེའི་རྒྱུད་ལ་སངས་རྒྱས་ཀྱི་བསྟན་པ་ཡོད་པར་ཁས་ལེན་བྱེད་དགོས། གཞན་སངས་རྒྱས་ཀྱི་བསྟན་པ་ཟེར་ག་ཚོད་བཤད་པ་ཡིན་ནའང་ཇི་སྙམས་སོ། །
དགོངས་དག་་་་་བདག་མེད་རྟོགས་པའི་ཤེས་རབ་་་བཅོ་རོགས།
རྒྱལ་བ་དོན་ཡིད་བཞིན་ནོར་བུ་ཟེར་དུས། ངོ་མ་འདི་འདྲ་ཡིན་དགོས་ཚོད། ཕྱོགས་བཞི་མཚམས་བརྒྱད་ནས་འགུལ་བ་གནང་ནས། ནང་ཆོས་འདི་དར་ཞིང་སྤེལ་བ་དང་གོམས་གང་མདུན་སྤོས་ཀྱིས་རྒྱ་ཆེ་ལ་གཏིང་ཟབ་ཏུ་གཏོང་གནང་མཛད། ནང་པ་ཚོར་མཚོན་ན་ཁོང་ངོ་མ་བཀའ་དྲིན་ཆེན་པོ་རེད། བོད་པ་ཚོར་མཚོན་ན་ཁོང་བཀའ་དྲིན་ཆེན་པོ་རེད།
བླ་མ་འདིར་ཕྱོགས་བཞེན་དང་སྒེར་སེམས་ཟེར་བ་ངོ་མ་མིན་འདུག། བརྩེ་བ་ནི་ཐམས་ཅད་ལ་ཁྱབ་པར་མཛད་འདུག། ལེགས་ཉེས་རྣམ་དཔྱོད་ཀྱི་རྩལ་ནི་འགྲན་ཟླ་བྲལ་བ་རེད། རིགས་པ་དང་། རྒྱུ་མཚན་དཔང་པོ་གཙོ་བོར་འཛིན་ནས་རྣམ་དབྱེ་མཛད་པ་ལས། ལ་རྒྱ་དང་ཕྱོགས་རིས་མེད་པ་ལྟ་བུ་རེད། སྔོན་མ་རྙིང་མའི་བླ་མ་ཞིག་གིས་གསུངས་མྱོང་། རྒྱལ་བ་རིན་པོ་ཆེའི་མདུན་ལ་རྒྱུ་མཚན་དང་རིགས་པ་དྲངས་ནས་བཀའ་མོལ་ཞུས་ན། རིགས་པ་དང་རྒྱུ་མཚན་འདི་གཙོ་བོར་འཛིན་ནས་བཀའ་མོལ་གནང་སྟབས། སྐད་ཆ་ག་རེ་ཡིན་ཡང་ཁོང་ལ་ཞུ་འདོད་ཆེན་པོ་ཡོང་གི་འདུག་ཟེར། ད་དུང་བཀའ་བརྒྱུད་ཀྱི་བླ་མ་མཁས་དབང་ནམ་མཁའི་ནོར་བུ་རིན་པོ་ཆེས་ཀྱང་གསུངས་མྱོང་བ་ཞིག་ལ། ཁོང་གི་ལོ་རྒྱུས་དེབ་ཐོག་མ་འདི་བྲིས་ཟིན་རུང། བཀའ་བརྒྱུད་དང་རྙིང་མའི་བླ་མ་འགའ་ཤས་ནས་སྐྱོན་བརྗོད་ཤུགས་ཆེ་བྱས་སྟབས། ཁོང་ནས་དེབ་འདི་དཔར་མ་ཕོད་པར་གྱུར་ནས། རྗེས་མ་འདྲ་བཤུས་གཅིག་རྒྱལ་བ་རིན་པོ་ཆེར་འབུལ་ནས་མི་དཔར་རྒྱུའི་ཐག་གཅོད་བྱས། རྒྱལ་བ་རིན་པོ་ཆེས་གཟིགས་ནས། ཁོང་ལ། འདི་ངས་དཔར་ན་འགྲིགས་སམ་གསུངས་ནས་ཕར་ཞུ་མ་དགོས་པར་ཚུར་སྤར་སྐྲུན་བྱས་ཆོག་པའི་བཀའ་ཁྲོལ་ཞུ་བ་མཛད་ནས་རྗེས་མ་ཤེས་རིག་དཔར་ཁང་ནས་སྤར་འདུག། གཙོ་བོ་ནི་བླ་མ་འདིས་རྒྱུ་མཚན་དང་རིགས་པ། དཔང་པོ་གཙོ་བོར་འཇོག་པ་ལས། ཕྱོགས་རིས་དང་། ངོ་ཁ། སྤྲེལ་ལད། ཁ་ཡག་དང་སྲོལ་རྒྱུན་གཙོ་བོར་མི་མཛད་པ་ལྟ་བུ་རེད། བླ་མ་འདི་འདྲ་ངོ་མ་ཉུང་ཉུང་རེད།
བདེན་འཛིན་མ་རིག་པའི་གཉེན་པོ་ལ་བདག་མེད་རྟོགས་པའི་ཤེས་རབ་དང་ཚན་རིག་རྟོགས་པའི་ཤེས་རབ་གཉིས་གང་ལེགས་པ་འདུག་དེང་སང་བརྟག་དཔྱད་བྱེད་བཞིན་པའི་སྒང་རེད། ཚང་མ་ལ་བྱ་བ་ལམ་འགྲོ་ཡོང་བའི་སྨོན་ལམ་ཞུ། །
Bonpo ནང་བོན་དགོངས་པ་གཅིག་སྒྲུབ་པའི་ངལ་བ་བརྟེན་གི་འདུག མཚམས་རེར་གཽ་ཏ་མའི་རིང་ལུགས་ལ་སྡང་གི་འདུག དངོས་གནས་སོ་སྐྱེས་འགྱུར་སླ་བའི་རང་བཞིན་གསུངས་པ་ལ་ངེས་པ་རྙེད་གི
བོན་པོས་གཽ་ཏ་མའི་རིང་ལུགས་ལ་དུས་ནམ་ཡང་སྡང་མ་མྱོང་ངོ་། མ་ཚད་ཆོས་ལུགས་གང་ལའང་སྡང་བར་མི་བྱའོ། སྐུ་ཚེ་རིང་།
མེ་དཀར་ལགས། དབུ་མའི་ཟབ་གནད་སྙིང་པོར་དྲིལ་བའི་ལེགས་བཤད་ཀླུ་སྒྲུབ་དགོངས་རྒྱན་ཞེས་པ་དེ་དགེ་འདུན་ཆོས་འཕེལ་ལགས་ཀྱིས་རྩོམ་པའི་མིང་དུ་གྲགས་ཀྱང་དོན་དུ་དེ་ལྟར་མ་རེད། དེ་ནི་དགེ་ཆོས་ལགས་ཀྱི་གསུངས་རྒྱུན་མང་པོའི་ལྷན་ཐབ་ཀྱིས་ཤར་ནག་ཟླ་བ་བཟང་པོ་ཞེས་པའི་ཁོང་གི་རྩོམ་པ་རེད།
གང་ལྟར་བཀའ་འགྱུར་ལ་སོགས་པ་འདི་དག་ས་དོང་བྷ་བྷ་ཡིས་བྲིས་པ་ཡིན་ནའང་འདྲ་སྤྱིར་རང་གཞན་གཉིས་ཀའི་དམིགས་བྱ་ནི་མཐར་ཐུག་གི་བདེ་བ་དེ་ཡིན་ལ་དེ་ཐོབ་ཆེད་དུ་ཐབས་སྣ་ཚོགས་ལ་བསྟེན་དགོས་མོད། གང་ལ་རྒྱུ་མཚན་ཡང་དག་དང་མཐར་གྱི་བདེ་བ་ཐོབ་བྱེད་གནད་མ་ཞིག་ལྡན་ན་དེ་ཉིད་ལེན་དགོས་པ་ཡིན་ལ། དེའང་རང་ཉིད་ཀྱི་རྣམ་དཔྱོད་རྩལ་དུ་བཏོན་ནས་བླང་དོར་མ་ནོར་བ་བྱེད་དགོས་པ་ལས་རྒྱུ་མཚན་ཡོད་མེད་ལ་རྣམ་དཔྱོད་ཀྱི་མིག་མ་བལྟོས་པར་སྐྱོན་བརྗོད་སོགས་གཡམ་རྒྱུག་བྱེད་པ་འདི་རང་གཤིས་ཕྱིར་ངོམས་པའི་རྒྱུ་ཁོ་ན་ལས་མ་འདས་སོ།།
བོན་པོ་ཚང་རྫུན་མ་བཤད་ཨ། ངོ་ཡང་མི་ཚ་འམ། སྔོན་བཤད་པ་ཚང་མ་བརྗེད་མ་སོང་ངམ། མ་ཚད་ངའི་སྐྱག་འབི་བོན་མིང་གི་ས་མ་ཟིན་ནས་བན་དེ་བས་མིང་ཁུར་ནས་ག་ཚོད་ཡང་མར་དཀྲུགས་ཡོད་པར་ཤེས་སམ། ད་དུང་༧གོང་ས་མཆོག་གི་དབུས་ཚན་རིག་མཁས་དབང་ཚོ་ལ་ངན་དམོ་ལ་བལྟས་ན་མིག་སེར་བོན་གཤིན་རང་གཟུགས་སྟོན་པ་ཤེས་ཐལ་ལོ།།
་་་་་་་ དགོས་པ་ཤེས་ནའང་དེ་རང་གི་རྒྱུད་ཐོག་ཏུ་སྦྱོར་ཤེས་དགོས། མདོར་ན་རང་གི་སེམས་རྒྱུད་ཧྲག་ཧྲག་པོ་འདི་འདུལ་བའི་ཐབས་ལ་འབད་པ་བྱེད་དགོས་པར་གསུངས་ཡོད།
བོན་པོ་ཚོས་སངས་རྒྱས་ཅེས་པའི་སྒྲ་འཇུག་པའི་འཇུག་གཞིའི་མཚན་གཞི་དེ་སྟོན་པ་གཤེན་རབ་མི་བོ་བཞག་པ་རེད། བན་དེ་ཚོས་་སངས་རྒྱས་ཅེས་པའི་སྒྲ་འཇུག་པའི་འཇུག་གཞིའི་མཚན་གཞི་དེ་སྟོན་པ་ཤྭཀྱ་ཐུབ་པ་བཞག་ཡོད་པ་རེད།
དོན་དག་ཡང་སྙིང་བན་བོན་གཉིས་ཀས་འབྲས་བུ་ཡག་པོ་ཞིག་ཐོབ་པར་འདོད་པ་ནི་གཅིག་མཚུངས་རེད། ་་་་་ཟེར།
་་་་་་ དེ་ཡང་༸གོང་ས་མཆོག་གིས། “དགེ་འདུན་པ་སློབ་གཉེར་བ་ཚོས་ནང་ཆོས་ཀྱི་སློབ་གཉེར་མ་རྩར་བཞག་སྟེ། ཚན་རིག་ལ་སློབ་སྦྱོང་བྱ་རྒྱུ་གལ་ཆེན་པོ་རེད། འོན་ཀྱང་ཚན་རིག་བསླབ་དགོས་པ་རེད་ཅེས་ཚན་རིག་ལ་དོ་སྣང་གསར་པ་བསླེབས་ནས་ཀླད་པའི་ནུས་པ་བརྒྱ་ཆ་མང་བ་ཚན་རིག་ཐོག་གཏོང་རྒྱུ་ཞིག་མིན། ་་་་་་
ཀླུ་སྒྲུབ་དགོངས་རྒྱན་་ཟླ་བཟང་གིས་བརྩམས་པར་འདོད་ན་ཟླ་བཟང་གིས་ཀླུ་སྒྲུབ་དགོངས་རྒྱན་དང་འདྲ་བའི་བསྟན་བཅོས་གཞན་ཡང་ཅིའི་ཕྱིར་མ་བརྩམས། དེ་ནི་ལེགས་པར་སོམས་དགོས་པའི་གནས་ཅིག་ཡིན་ནོ། །
འབྲས་བུ་ཡག་པོ་ཞིག་འཐོབ་པར་འདོད་པ་ནི་ཆོས་ལུགས་ཚང་མ་མཚུངས་སོ། །དེར་བརྟེན་དེང་སང་ཁ་ཅིག་གིས་སངས་རྒྱས་ཟེར་བ་དེ་ཡང་གང་ཟག་ཡག་པོ་ཅིག་ལ་ཟེར་དགོས། དེ་ཡིན་ཙང་ཆོས་ལུགས་ཐམས་ཅད་གང་ཟག་ཡག་པོར་བསྒྱུར་བ་བརྩོན་མཁན་ཡིན་པས་གཅིག་པ་རེད། ཟེར་མཁན་ཡང་འདུག་གོ།
ཀ་རྡོ་གཉེར་ཕྱག་པས། ༼མཛོད་གནས་གསུམ་པ་འཇིག་རྟེན་བསྟན་པ་མེད་པའི་མཛོད་ཅིག་ཡོད་པའང་བཤད་སྲོལ་འདུག སྤྱིར་ན་སློབ་དཔོན་དབྱིག་གཉེན་ཁོང་དང་པོར་ཐེག་ཆེན་པའི་འདོད་མི་ཐུབ་པའི་དགེ་སློང་ཅིག་ཡིན་དེ་ཡང་བརྗེད་མི་ཉན་ནོ། །༽གསུངས། སློབ་དཔོན་དབྱིག་གཉེན་ནི་ཐེག་ཆེན་པས་ཁས་ལེན་མི་ཐུབ་པའི་དགེ་སློང་ཡིན་ཟེར་རམ། སློབ་དཔོན་དབྱིག་གཉེན་ནི་ཐེག་ཆེན་ཁས་ལེན་མི་ཐུབ་པའི་དགེ་སློང་ཞིག་ཡིན་ཟེར། ངས་ནི་སློབ་དཔོན་དབྱིག་གཉེན་ཆོག་ཐེག་ཆེན་པས་ཀྱང་ཁས་ལེན་ལ་ཁོང་གིས་ཀྱང་ཐེག་ཆེན་ཁས་ལེན་པར་འདོད། ལོ་རྒྱུས་ལ་ཡང་ཐོགས་མེད་ཀྱིས་ཁོང་གི་སློབ་མ་ཞིག་དབྱིག་གཉེན་གྱི་སྒོ་དྲུང་དུ་ཐེག་ཆེན་གྱི་མདོ་འདོན་བཅུག་པ་ལ་བརྟེན་ནས་ཁོང་ཐེག་ཆེན་ལ་ཞུགས་ཡོད་པའི་ལོ་རྒྱུས་ཤིག་ཡོད་སྙམ། མ་ཟད་མངོན་མཛོད་དུ་ཡང་ཐེག་ཆེན་བྱང་ཆུབ་སེམས་དཔའི་སྐོར་ཅུང་ཟད་ཙམ་ཞིག་གསུངས་ཡོད་དྲན།
ཀླུ་དགོངས་སུས་བརྩམས་མིན་ཀླུ་དགོངས་ཁོ་རང་གིས་མ་གྲགས་ན་སུས་ཀྱང་ཤེས་ས་མ་རེད། ང་ནི་མགོ་ན་སོང་། བརྗོད་དོན་ནི་ཡིད་དུ་འོངས་བ་ཞིག་རེད་ཨང་།
ཀླུ་དགོངས་རྩོམ་པོ་པོ་དགེ་ཆོས་ཡིན་མིན་གྱི་དོགས་གཞི་ནི་ཐོག་མར་ཨ་མདོ་ཡང་ཡིན་ལ་དགེ་ལུགས་ཀྱང་ཡིན་པའི་མཁས་པ་ཚོས་བསླངས་པ་རེད་ཟེར།
༣༩༽ གཡུ་འབྲུག་དཀར་པོ་ལགས། སློབ་དཔོན་དབྱིག་གཉེན་སྐོར། ཁྱེད་རང་གིས་གང་གསུངས་པ་ཐམས་ཅད་བདེན་པ་རེད། འོནད་ཀྱང་ཐེག་པའི་ཆོས་ལ་མ་དད་པ་བྱུང་བ་ཡང་བདེན་པ་རེད་དོ། ཕྱིས་སུ་འགྱོད་བཤགས་ཀྱིས་ཚུལ་དུ་ཐེག་ཆེན་པའི་བསྟོད་པ་ཡང་མཛད་པར་གྲགས་སོ། །
དྲ་གྲོགས་རྣམས་་་སྔ་དྲོ་བདེ་ལེགས། ཚ་ཕྲུག་རྒྱལ་ལགས་་་ཀླུ་སྒྲུབ་དགོངས་རྒྱན་གྱི་སྐོར་སྔོན་མ་ནས་བང་ཆེན་ཟིན་བྲིས་ནང་དུ་ལན་བཏབ་ཡོད། དེ་ལས་ལྷག་པ་ཅང་བཤད་ཀྱི་མེད།
སྐྱེ་བ་སྔ་ཕྱི་སྒྲུབ་པའི་རིག་པ་ནི། ཚ་ཕྲུག་སྐྱེས་མ་ཐག་པའི་རིག་པ་ཆོས་ཅན། རིག་པ་སྔ་མ་སྔོན་དུ་སོང་སྟེ། ཆགས་ཅན་གྱི་བློ་ཡིན་པས་ཕྱིར། དཔེར་ན། ཅོ་རི་རྒད་པོ་ཤི་ཁ་མའི་བློ་བཞིན།།
ཚན་རིག་པ་ལ་རྟགས་འདི་བཀོད་ནའང་ཅང་མི་ཕན་པར་འདོད། ཚན་རིག་པས་མིག་གིས་མཐོང་བ་འདོད་པ་ལ་ལས་གསལ་ཞིང་རིག་པའི་ངོ་བོ་གཟུགས་འཛིན་མིག་ཤེས་མི་ཤེས་པས་རྩོད་གཞི་ལ་རྨོངས་ནས་བསྡད་ཡོད་རེད།་་་རྟགས་ཡང་དག་འགྲོ་གི་མ་རེད།
མདོ་ན་་མི་ལོ་ཉིས་སྟོང་ལྷག་གི་རིང་གྱི་ནང་ཆོས་ཀྱི་ཁང་རྒན་རྙིང་པ་འདིའི་ནང་དུ་ནུབ་ཕྱོགས་ཚན་རིག་པའི་འཕྲུལ་ཆ་སླེབས་ཡོང་དུས་སུ་གད་རྙིགས་པོ་མང་པོ་ཞིག་གཙང་མ་བཟོ་ངེས་རེད་འདོད་དོ། རྒྱུ་མཚན་འདིས་དགའ་པོ་ཡོད།
དེང་སང་གི་བོད་ཀྱི་ཆོས་རྒྱུད་ཁག་གིས་ནང་ཕར་ཚུར་ཞེ་སྡང་དང་མཐུན་སྒྲིལ་མེད་པ་ནི་དཀོར་ཕོར་གྱི་ཆེད་དུ་ཡིན་པར་འདྲ་བ་ལས་ལྟ་གྲུབ་མཐའ་ཐུག་གི་འཐབ་རྩོད་ཤིག་རེད་བསམས་ཀྱི་མི་འདུག་གོ
ཚ་ཕྲུག་རྒྱལ་ལགས་་་་ཁྱེད་ཀྱིས་་་གཞན་ཡང་སྐྱེ་བ་སྔ་ཕྱི་དང་ལས་རྒྱུ་འབྲས་སགས་ལ་ཚན་རིགས་པས་དགག་མི་ཐུབ་ན་ང་ཅོ་རི་རང་ཤི་རྒྱབ་ཆོག་པ་གསུངས་་་ཅེས་པ་ཁྱེད་ཀྱི་སྐད་ཆ་རེད།
ངའི་སྐད་ཆ་འདིར་རེད་་་༢་་་སྐྱེ་བ་སྔ་ཕྱི་ཡི་རྣམ་བཞག་དང་རྒྱུ་འབྲས་ཀྱི་རྣམ་བཞག་ལ་ཚན་རིག་པས་དགག་མི་ཐུབ། གལ་སྲིད་ཚན་རིག་པས་སྐྱེ་བ་སྔ་ཕྱི་དང་རྒྱུ་འབྲས་ཀྱི་རྣམ་བཞག་ལ་དགག་ཐུབ་ན་ང་ཅོ་རི་རང་ཤི་རྒྱབ་ཆོག དེ་མིན་དྲ་ཐོག་གི་མཁས་དབང་སུ་ཡིས་དགག་ཐུབ་ན་ཕེབས་ཤོག་དང་ང་ལ་ལན་ཡོད།
ཡག་པོ་ལྟོས་་་་དེ་ནས་རྩོད་དང་འགྲིག་ཡོང་གི་རེད།
༄༅། །ཆོས་ལུགས་རིས་མེད་གཅིག་ཤེས་དགོས་ན་དམ་ཆོས་དགོངས་གཅིག་ལ་ཐོག་མར་ལྟ་དགོས། དེ་ན་ཚན་རིག་ནང་ཆོས་ཚང་མ་འདུག དེ་ཡང་་་་་་་
དམ་ཆོས་དགོངས་པ་གཅིག་པའི་རྩ་བ་བཞུགས་སོ། །དམ་ཆོས་དགོངས་པ་གཅིག་པའི་གཞུང༌། ། རྡོ་རྗེའི་གསུང་བརྒྱ་ལྔ་བཅུ་བ་ཞེས་བྱ་བ། །སྟོབས་བཅུའི་དབང་ཕྱུག་ཤཱཀྱ་སེང་གེ་ལ་ཕྱག་འཚལ་ལོ། །དྲི་མེད་འོད་གསལ་ཐུགས་ཀྱི་དཀྱིལ་འཁོར་དུ། །མ་འདྲེས་ཤེས་བྱའི་དངོས་པོ་ཇི་ལྟ་བ། །ཐམས་ཅད་གཟིགས་པ་ཀུན་མཁྱེན་ཆོས་ཀྱི་རྗེ། །མཉམ་མེད་འབྲི་གུང་རིན་ཆེན་ཕྱག་འཚལ་ལོ། །རྒྱལ་བ་མཆོག་གི་ཞལ་ནས་གསུངས་པ་ཡི། །དམ་ཆོས་ཁྱད་འཕགས་ཐུན་མོང་མ་ཡིན་པ། །སྔོན་དུ་མཛད་པའི་བཞེད་ཚུལ་དཔག་མེད་ཀྱང༌། །རྨོངས་པས་དྲན་པ་ཅུང་ཟད་ཙམ་ཞིག་བྲི། །ཆོས་ཀུན་གཤིས་སམ་བབས་ཀྱི་གནས་ལུགས་བསྟན། །ཆོས་ཕུང་བརྒྱད་ཁྲི་སངས་རྒྱས་སྒྲུབ་པར་གཅིག །སྡེ་སྣོད་རྒྱུད་སྡེ་ལམ་གྱི་རིམ་པ་ཡིན། །ཆོས་འཁོར་རྣམ་གསུམ་འཁོར་གྱི་རྟོགས་པའི་ཁྱད། །འཁོར་ལོ་རེ་རེ་ལ་ཡང་གསུམ་ག་ཚང༌། །ཕྱི་མའི་ས་བོན་སྔ་མ་སྔ་མར་གནས། །མདོ་དོན་གནད་ཀྱིས་འཁོར་ལོ་གསུམ་དུ་ངེས། །འདུལ་བའི་སྡེ་སྣོད་བདེན་བཞིའི་ཆོས་འཁོར་ཏེ། །ཐེག་པ་སྣ་ཚོགས་ངེས་དོན་འཁོར་ལོ་ཡིན། །མཐའ་དྲུག་དགོངས་པ་ངེས་དོན་འབའ་ཞིག་བཞེད། །སེམས་ཙམ་བཀའ་ཡིས་མཐའ་བྲལ་དབུ་མ་སྟོན། །ལོག་པའི་ཀུན་རྫོབ་ཀྱིས་ཀྱང་དོན་བྱེད་ནུས། །ཇི་སྙེད་ལམ་རྣམས་ས་ བཅུས་བགྲོད་པ་སྟེ། །དེ་ཡང་རིམ་གྱིས་འཇུག་པ་ཁོ་ནར་ངེས། །ཤེས་བྱའི་སྒྲིབ་པ་ཐོག་མར་སྤོང་བའང་ཡོད། །ཚད་མ་སངས་རྒྱས་མཁྱེན་པའི་ཡེ་ཤེས་ཏེ། །ཚད་མའི་འབྲས་བུས་ཟབ་མོ་སྟོང་ཉིད་སྟོན། ། གྲུབ་མཐའ་འཛིན་པ་ཐམས་ཅད་རང་རྒྱུད་པ། །མུ་སྟེགས་པ་ལའང་དགེ་བའི་བསྒྲུབ་བྱ་མང༌། །ཕྱི་ནང་ཁྱད་པར་སྐྱབས་འགྲོས་འབྱེད་པ་སྟེ། །ཐེག་པ་ཆེ་ཆུང་ཁྱད་པར་སེམས་བསྐྱེད་ཡིན། །མདོ་དང་སྔགས་ཀྱི་ཁྱད་པར་དབང་ཡིན་ཏེ། །དེ་གཉིས་གང་མེད་རྫོགས་བྱང་ཐོབ་མི་སྲིད། །སྡོམ་གསུམ་མི་དགེ་བཅུ་སྤོང་གནད་གཅིག་ལ། ། བདག་པོ་འཕོས་པས་སྡོམ་པ་གསུམ་དུ་འོང༌། །རང་བཞིན་རྣམ་དག་བྲལ་འབྲས་ཡོན་ཏན་ལྡན། །བྱང་ཕྱོགས་སོ་བདུན་བདེ་གཤེགས་སྙིང་པོ་ཡོད། །ཚད་མེད་རྣམ་བཞི་སངས་རྒྱས་ངོ་བོ་ཉིད། །ཐེག་པ་ཐམས་ཅད་རིགས་གཅིག་ཐེག་པར་གཅིག །ཉན་རང་ལོག་སྲེག་ཅན་ཡང་རྣམ་མཁྱེན་འགྱུར། །ཆོས་འཁོར་གནད་བསྡུས་ཀྱི་སྐབས་ཏེ་དང་པོའོ། །
དགེ་སྡིག་གཉིས་ལས་ལུང་མ་བསྟན་གཞན་མེད། །རྟོག་གཉིས་ཅིག་ཅར་འཇུག་པ་མི་སྲིད་ལ། །སེམས་བྱུང་ལས་ཀྱང་སེམས་ནི་འབྱུང་བའང་ཡོད། །འཁོར་བའི་རྒྱ་མཚོར་ལུས་ཉིད་འཁོར་བར་ བཞེད། །རྟེན་འབྲེལ་བཅུ་གཉིས་མ་རིག་ཁོ་ནའི་གཡོས། །བཅུ་གཉིས་དེ་ཡང་སྐད་ཅིག་གཅིག་ལ་ཚང༌། །སེམས་ནི་ཐ་དད་དབང་གི་སྣང་བ་ཡང༌། །ད་ལྡ་ཉིད་དུ་གང་བསྒྲུབས་འབྲས་བུར་སྤྱོད། །དུས་ཀྱི་འཕེལ་འགྲིབ་ད་ལྟར་བྱ་ཡོད་ཡིན། །ཚེ་འདི་རང་ལ་མཐོང་ཆོས་གཙོ་བོར་འབྱུང༌། །མི་ཆོས་བཅུ་དྲུག་ལྷ་ཆོས་གནད་གཅིག་སྟེ། །གཙོ་ཕལ་ཙམ་ལས་འབྲས་ཐོབ་རྒྱུན་ཆད་མེད། །ཤེས་རབ་བསླབ་པ་ཐོག་མར་འགྲོ་བའང་ཡོད། །ལམ་རིམ་ཐམས་ཅད་ཐུན་གཅིག་ཉམས་ལེན་དགོས། །ཞིང་གཅིག་ལ་ཡངས་སངས་རྒྱས་གྲངས་མེད་འབྱོན། ། རྟེན་འབྲེལ་གནད་བསྡུས་ཀྱི་སྐབས་ཏེ་གཉིས་པའོ། །
དམ་ཆོས་འདུལ་བ་ཐེག་པ་ཐུན་མོང་སྟེ། །ལྷག་པར་ཐེག་པ་ཆེན་པོར་གསལ་བཞུགས་ལ། །ཐམས་ཅད་མཁྱེན་པའི་ཡེ་ཤེས་འདི་ཉིད་ཡིན། །བར་ཆད་ལྡན་ལའང་སྡོམ་པ་སྐྱེ་ངེས་ཏེ། །ངོ་ བོ་རྣམ་པར་རིག་བྱེད་མིན་པའི་གཟུགས། །ལྟུང་བ་མཐའ་དག་ལ་ནི་འདུ་ཤེས་གཙོ། །ཡིད་ཀྱི་རྣམ་གསུམ་གཙོ་བོར་སྤོང་བ་དགོས། ། གཏོང་བའི་རྒྱུ་ཡིས་མི་གཏོང་བ་ཡང་ཡོད། །ཕམ་པ་བཞི་ནི་བུ་ལོན་ནོར་ཅན་བཞིན། །སྣ་གཅིག་བསྲུངས་པས་འབྲས་བུ་མྱང་འདས་འཐོབ། །བཅས་དང་རང་བཞིན་ཁ་ན་མ་ཐོ་གཅིག །སྡིག་ལྟུང་ཐ་དད་མེད་ཅིང་གཅིག་པ་ཡིན། །བཀག་པ་ཡེ་བཀག་གནང་བ་ཡེ་གནང་ལ། །ཆོས་ཀྱི་རྒྱལ་པོས་འགྲོ་བ་སྤྱི་ལ་བཅས། །འགྲོ་བ་གང་གིས་འདས་ཀྱང་ཉེས་པ་དང༌། །བསྲུངས་པའི་ཕན་ཡོན་ཡང་ནི་ཀུན་ལ་འབྱུང༌། །བསྟན་ལ་ཆོ་ག་ལྷག་པར་གལ་ཆེ་ལ། །མི་ཤེས་གཏི་མུག་ཉེས་པ་གཞན་ལས་ལྕི། །དུད་འགྲོ་གཏི་མུག་ཆེ་བས་དམན་པ་ཡིན། །ཉམས་ལས་མ་ཐོབ་ཉེས་པ་ཆེ་བར་བཞེད། སོ་ཐར་གནད་བསྡུས་ཀྱི་སྐབས་ཏེ་གསུམ་པའོ། །
བྱང་ཆུབ་སེམས་དང་སྙིང་རྗེ་ཐ་དད་ཡིན། །བྱང་ཆུབ་སེམས་དཔའི་སྡོམ་པ་རྟེན་ཅན་བཞེད། །སོ་སོ་སྐྱེ་བོ་ལ་ཡང་འཇུག་སྡོམ་སྐྱེ། །ཅི་རིགས་ཀྱིས་ཀྱང་འཇུག་པའི་སྡོམ་པར་འགྱུར། །ཉོན་མོངས་ཅན་མིན་ལྟུང་བ་མི་སྲིད་ཅིང༌། །ཉེས་པར་མི་འགྱུར་མི་དགེ་གནང་བ་མེད། །ཐབས་མཁས་སྤྱོད་ལ་མི་དགེ་ཡོད་མ་ཡིན། །རང་གཞན་བརྗེ་བ་ཉེས་པ་འགྱུར་སྐབས་ཡོད། །སེམས་དཔར་གནོད་བྱས་བདེ་བར་མི་འབྲེལ་ཞིང༌། །དགེ་དང་མི་དགེའི་འབྲས་བུ་སོ་སོར་འབྱུང༌། །བྱང་ཆུབ་སེམས་ནི་བརྗེད་ལས་འཆོར་མི་སྲིད། །སྒྲིབ་པ་རྣམས་གསུམ་ཉོན་མོངས་སྒྲིབ་པ་གཅིག །ཇི་སྙེད་གྲུབ་པས་དོན་དམ་བདེན་པ་བསྒྲིབས། །ཉན་ཐོས་ཀྱིས་ཀྱང་གནས་ལུགས་ཕྱོགས་གཅིག་མཐོང༌། །ས་དྲུག་མན་ཆད་ཉན་རང་ཐུན་མོང་སྟེ། །སེམས་ཙམ་པ་ནི་ས་བདུན་མངོན་རྟོགས་ཡིན། །ཆོས་ཀྱི་བདག་མེད་ས་ བརྒྱད་མངོན་དུ་བྱས། །རྟོགས་པ་གཅིག་གིས་ས་ལམ་མ་ལུས་ བགྲོད། །ས་ཐོབ་ཡོན་ཏན་འབྱུང་ཚུལ་མུ་དྲུག་ཡོད། །གཞི་ལམ་འབྲས་བུར་ཚོགས་གཉིས་ཟུང་འཇུག་ནས། །མཐོ་དམན་ཀུན་ཏུ་ཞིང་ནི་གདམས་པ་ཟབ། །བདག་ཏུ་བཟུང་སྟེ་ཚོགས་བསགས་ཐབས་མཁས་བཞེད། །འཁོར་འདས་ཀུན་གྱིས་བསགས་ཡོད་དགེ་བ་བསྔོ། །སངས་རྒྱས་བླ་མ་ལ་ཡང་བསྔོ་བ་དགོས། །བྱང་སེམས་གནད་བསྡུས་ཀྱི་སྐབས་ཏེ་བཞི་བའོ། །
གསང་སྔགས་བསྟན་པ་གཞན་ལའང་འབྱུང་བ་ཡོད། ། དབང་དོན་རྒྱུད་ལ་སྐྱེས་ནས་ཐོབ་པར་བཞེད། །ལྷ་ནི་ཕྱོགས་གཅིག་པས་ཀྱང་དབང་བསྐུར་འགྲོ། །རྟོགས་པ་མ་སྐྱེས་དཔེ་དོན་ཁོང་མི་ཆུད། །བསྐྱེད་པའི་རིམ་པ་གདོད་ནས་ཡོངས་སུ་གྲུབ། །རང་བྱུང་རྣམས་ལ་འཇུག་པའི་ཆོ་ག་དགོས། །ལྷ་རྣམས་ཐམས་ཅད་མཚན་དཔེའི་ཡོན་ཏན་ལྡན། །མདོ་རྒྱུད་ལས་གསུང་ལྷ་རྣམས་གཙོ་བོར་བྱ། །དབང་པོ་རབ་ལ་ཆོ་ག་རྒྱས་པ་དགོས། །སྤྲོས་པ་ཐམས་ཅད་བབས་ཀྱི་རྟེན་འབྲེལ་ཡིན། །རྡོ་རྗེའི་ལུས་ནི་ཟབ་མོའི་འཁོར་ལོར་བཞེད། །གནས་ལུག་འགའ་ཞིག་རྡོ་རྗེ་འཆང་གིས་སྦས། ། ལས་དང་འདུག་ཚུལ་འགའ་ཞིག་སྨན་རྒྱུད་ཟབ། །གཞན་གྱི་མི་ཟབ་པ་རྣམས་འདིར་ཟབ་སྟེ། །དེ་མེད་རྩ་རླུང་གདམས་པས་སངས་མི་རྒྱ། །བཀའ་དང་འགལ་བའི་ཉམས་མྱོང་ལོག་རྟོག་ཡིན། །དགོངས་པ་ཐམས་ཅད་འགལ་མེད་ཤེས་པར་དགོས། །གདམས་ངག་ལྟར་མིན་བཀའ་ལྟར་འོང་བར་བཞེད། །སྐྱོན་མེད་ཏིང་འཛིན་ཁམས་གསུམ་འཁོར་བའི་རྒྱུ། །སྐུ་གསུམ་རེ་རེ་ལ་ཡང་གཞན་གཉིས་ཚང༌། །གསང་སྔགས་ལ་ནི་ཚུལ་ཁྲིམས་མེད་ཀ་མེད། །འདོད་པས་བར་དུ་གཅོད་པ་མདོ་སྔགས་གཅིག །སྔགས་ཀྱི་མི་དགེ་དགེ་བར་འགྱུར་སྐབས་མེད། །འདུལ་བར་མི་དགེ་སྔགས་སུའང་དགེར་མི་འགྱུར། །ཉོན་མོངས་དག་འབྲས་བདེ་བར་གཤེགས་པ་ཉིད། །མཐུ་བསྟན་ཙམ་ལས་མངོན་སྤྱོད་གནང་བ་མེད། །རྡོ་རྗེ་དམྱལ་བ་མནར་མེད་ལ་སོགས་ཡིན། །སློབ་དཔོན་རྒྱུད་ཚོད་མཐོ་ན་མྱུར་དུ་འདྲེན། །གསང་སྔགས་གནད་བསྡུས་ཀྱི་སྐབས་ཏེ་ལྔ་བའོ། ། ། །
༈ དམ་པའི་ཆོས་གང་བརྒྱུད་པར་འབྲེལ་པ་ཟབ། །འཁོར་འདས་ཆོས་ཀུན་རང་གི་སེམས་སྣང་ཙམ། །རྒྱུ་འབྲས་སྐད་ཅིག་བསམ་པའི་རང་གཟུགས་ཡིན། །གཤིས་ལ་མི་གནས་བལྟས་པའི་འགྱུར་མི་སྲིད། །མཚན་ཉིད་མི་ལྡན་ཡོན་ཏན་སྐྱེད་མི་ནུས། །རྟོགས་པ་སྐྱེད་ཐབས་མོས་གུས་ཁོ་ནར་ངེས། །ལྟ་བའི་མཆོག་གྱུར་རྟོགས་པ་དང་ལྡན་པ། །ཆེན་པོ་གསུམ་གྱིས་མ་རེག་རྟོགས་པའི་མཆོག །ཐོས་བསམ་སྒོམ་པའི་སྟོང་ཉིད་ཤོལ་གོལ་ཡིན། །རྟོགས་པ་གོམས་པར་བྱེད་པ་སྒོམ་པ་སྟེ། །སྤྱོད་པ་བླང་དོར་བྲལ་བ་ཚུལ་ཁྲིམས་བཞེད། ། ལྟ་སྒོམ་སྤྱོད་གསུམ་ཐ་དད་མེད་པར་གཅིག །ཕྱག་ཆེན་ཚུལ་ཁྲིམས་གནད་གཅིག་ཁྱད་པར་ཆོས། །ཕྱག་ཆེན་ཡོན་ཏན་ཀུན་གྱི་བདག་ཉིད་དེ། །མཉམ་པར་བཞག་ལས་ཡོན་ཏན་ཐམས་ཅད་འབྱུང༌། །རྒྱུ་ནི་མ་བསྒྲུབས་ཡོན་ཏན་འབྱུང་མི་སྲིད། །སྟོང་ཉིད་རྟོགས་ན་རྒྱུ་འབྲས་ཉིད་དུ་ལྡང༌། །རྟོགས་ལྡན་ལ་ཡང་ཐམས་ལམ་ལྷག་པར་དགོས། །རིགས་སྤྱོད་ཁྱད་དུ་འཕགས་པ་ཚུལ་ཁྲིམས་ཡིན། །ཆོས་གསུམ་མི་ལྡན་ཉན་རང་ཁྱད་པར་མེད། །ལྟ་སྒོམ་སྤྱོད་པ་གནད་བསྡུས་ཀྱི་སྐབས་ཏེ་དྲུག་པའོ། །
སངས་རྒྱས་ས་ན་བདེན་གཉིས་རྣམ་དབྱེར་མེད། །མཁྱེན་པའི་ཡེ་ཤེེས་གཉིས་མེད་མཐའ་དང་བྲལ། །རྒྱུ་མ་ལྟ་བུའི་ཆོས་ལས་ཡང་དག་འདས། །སངས་རྒྱས་དུས་རྣམས་རྟག་ཏུ་ཚད་མར་བཞུགས། ། བྲལ་བའི་འབྲས་བུས་ཡེ་ཤེས་ཐུགས་ཅན་བཞེད། །ཆོས་སྐུ་ཡོན་ཏན་མཛད་པ་ཕྲིན་ལས་བཅས། །མཐར་ཐུག་སངས་རྒྱས་ས་ནའང་ཐུགས་བསྐྱེད་ཡོད། །ཐུགས་ནི་རྟག་ཆད་ལྟ་བ་ཚུན་ལའང་འབྱུང༌། ། ཤེས་བྱ་སྲིད་ཚད་སངས་རྒྱས་བྱ་བ་བྱེད། །ཆོས་དབྱིངས་ཀུན་ཏུ་འཚང་རྒྱ་དགོས་པར་བཞེད། །རྒྱུ་མེད་སྤྲུལ་པ་མི་སྲིད་རང་རྒྱུད་པ། ། སངས་རྒྱས་ཞེས་བྱ་རྟེན་ཅིང་འབྲེལ་འབྱུང་སྐུ། །སྨོན་འཇུག་ལོངས་སྤྲུལ་རྒྱུ་རུ་བཞེད་པའང་ཡོད། །སྐུ་གསུམ་ཐ་དད་མེད་ཅིང་བཞུགས་པ་ཡིན། །སངས་རྒྱས་ཐམས་ཅད་སེམས་ཅན་རྒྱུད་ལ་བཞུགས། ། འབྲས་བུ་གནད་བསྡུས་ཀྱི་སྐབས་ཏེ་བདུན་པའོ། །
ཇི་ལྟར་འཇིག་རྟེན་འདི་ན་ཕ་ཡི་བུ། །ལོངས་སྤྱོད་ཕལ་པའི་འབྱོར་བ་ལྡན་གྱུར་ཀྱང༌། །ཕ་ཡིས་ཁྱད་ནོར་གཞན་ལ་མེད་པ་དག མ་ཐོས་མི་འཛིན་དེ་ནི་སྨད་པ་ལྟར། །དེ་བཞིན་མཚུངས་མེད་འཇིག་རྟེན་མགོན་པོ་ཡིས། །མངོན་དུ་མཛད་པའི་ཁྱད་པར་ཆོས་འདི་དང༌། ། སྔོན་ཆད་མ་གྲགས་ཕྱི་དུས་འཇིག་རྟེན་འདིར། །རྗེས་འབྲང་སྲས་ཀྱིས་མི་འཛིན་དེ་དང་མཚུངས། །དེ་ཕྱིར་རིགས་ལྡན་ཕ་ཡི་གདུང་འཚོབ་པ། །རིགས་འཚོལ་གཞན་ལ་སྨོད་པར་མི་བྱེད་ཅིང༌། །གྲགས་ལྡན་དེ་ཡི་བཞེད་པའི་ཐུགས་དགོངས་རྣམས། །ནན་ཏན་ཆེན་པོས་འཛིན་པ་ངོ་མཚར་ཆེ། །བསྟན་འཛིན་ཆོས་མཛད་སྐྱེས་བུ་དམ་པ་རྣམས། །བུ་སྟོང་ནང་དུ་འཁོར་ལོས་སྒྱུར་རྒྱལ་གྱི། །མཚན་ལྡན་སྲས་ནི་ཁྱད་པར་འཕགས་པ་བཞིན། །བསྟན་པའི་སྒོར་ཞུགས་ཀུན་གྱི་ནང་ན་མཛེས། །ཐུན་མོང་མ་ཡིན་དམ་པའི་སྙིང་པོ་དང༌། །རབ་འབྱམས་ཐུབ་པའི་བཀའ་ལ་མ་རྨོངས་པས། །ཕྱི་རོལ་རྒོལ་བ་ངན་པའི་ཝ་ཚོགས་ཀྱིས། །གངས་ཅན་སེང་གེ་ལྟ་བུར་ཉམས་ང་མེད། ། རིགས་མཐུན་འཁོར་དང་སྣ་ཚོགས་གདུལ་བྱ་ལ། །མ་འདྲེས་ཆོས་ཀྱི་ཁྱད་པར་ལེགས་བསྟན་པ། །དམན་དང་མཆོག་གི་བྱེ་བྲག་རབ་ཕྱེ་སྟེ། །སྙན་པའི་སྒྲ་ཆེན་འབྲུག་སྒྲ་ཕྱོགས་བཅུར་སྒྲོགས། །དེ་ལྟར་ཟབ་ཅིང་རྒྱ་ཆེ་བླ་མེད་པའི། །དགོངས་པ་རྒྱ་མཚོ་ཆེ་ལྟར་ཡངས་པ་ལས། །སྐྲ་རྩེའི་ཆུ་ཐིགས་ཙམ་ཞིག་སྨྲས་པ་འདི། །བན་ལྡོམ་ཤེས་རབ་འབྱུང་གནས་བདག་གིས་བྲིས། །རྣམ་དག་གང་རི་ལྟར་དཀར་དགེ་བ་འདིས། །རིན་ཆེན་བསྟན་པ་ཕྱོགས་བཅུར་རྒྱས་པ་དང༌། །འཇིག་རྟེན་མི་ཤེས་གཏི་མུག་རྣམ་བྲལ་ཞིང༌། །མཐར་ཕྱིན་སངས་རྒྱས་ཡེ་ཤེས་ཐོབ་པར་ཤོག། ། །
དགོངས་གཅིག་ལྷན་ཐབས།
ན་མོ་གུ་རུ། བྱང་ཆུབ་སྙིང་པོ་རྡུ་བྲལ་ཞིང་ཁམས་སུ། །རང་བྱུང་རྒྱལ་བ་ཡང་དག་རྫོགས་སངས་རྒྱས། །མཚུངས་མེད་ཆོས་ཀྱི་འཁོར་ལོ་རབ་བསྐོར་བ། །ཐུབ་དབང་འབྲི་གུང་རིན་ཆེན་ཕྱག་འཚལ་ལོ། །དམ་པ་མཆོག་དེའི་ཞལ་གྱི་པདྨ་ནས། །ལེགས་འོང་ཐུན་མོང་མ་ཡིན་རྡོ་རྗེའི་གསུང༌། །ལྷན་ཐབས་བཞི་བཅུའི་རྩ་བ་བདུད་རྩིའི་བཅུད། །འདོད་ལྡན་རྣམས་བདེ་ཡིད་དགའི་དཔལ་དུ་སྦྱིན། །ཕྱོགས་དུས་རྒྱལ་བ་ཀུན་གྱི་བསྟན་པ་གཅིག །ཐེག་དང་གྲུབ་མཐའ་ཐམས་ཅད་རྟེན་འབྲེལ་ཡིན། །ཆོས་ཕུང་བརྒྱད་ཁྲི་་ཉོན་མོངས་གཉེན་པོར་གསུངས། །རེ་རེ་ལ་ཡང་གསུང་རབ་བཅུ་གཉིས་ཚང༌། །དེ་བཞིན་སྡེ་སྣོད་གཅིག་ལའང་གསུམ་ཀ་འདུས། །འཁོར་འདས་ཐམས་ཅད་ཕུན་ཚོགས་ལྔ་ཡིས་བསྡུས། །ཐུན་མོང་ཐུན་མོང་མ་ཡིན་མངོན་པའི་སྡེ། །མུ་སྟེགས་བོན་གྱིས་བདེན་པ་མཐོང་སྐབས་མེད། །ཐར་པ་ཆ་མཐུན་འགའ་ཞིག་ཡོད་ཀྱང་རུང༌། །སྡོམ་དང་སྙིང་རྗེ་ཕྱི་རོལ་པ་ལའང་ཡོད། །མཚན་ཉིད་ཐེག་པས་ཚེ་གཅིག་གིས་འཚང་རྒྱ། ། ཆོས་དང་ཉམས་ལེན་འགྲོས་ཀྱིས་སངས་རྒྱས་གཅིག །སྡོམ་གསུམ་གོང་ནས་གོང་དུ་དོག་ཏུ་འགྲོ། །མཐར་ཐུག་ས་ཚུན་ཚོགས་ལམ་ངོ་བོས་བགྲོད། །རྒྱུ་དང་ལྡན་ཕྱིར་ཉན་རང་སངས་རྒྱས་འགྱུར། །སྤྲོས་པ་བྲལ་ཕྱིར་འཁོར་བ་མཐའ་མེད་ བཞེད། །ཆོས་ཀུན་སོ་ཐར་སྡོམ་གསུམ་རེ་རེར་འདུ། །སྡེ་བ་ཀུན་གྱི་རྩ་བ་ལུང་སྡེ་བཞི། །རྨི་ལམ་དུ་ནི་ཉམས་ཀྱང་ཉེས་པ་འབྱུང༌། །དག་པའི་ས་ཐོབ་ངན་འགྲོར་སོང་བའང་ཡོད། །རྒྱུ་སྤྱད་གྱུར་ན་ས་བཅུ་ས་པ་ཡང་ལྟུང༌། །ཉམས་ལེན་རྨད་བྱུང་རྣལ་འབྱོར་ནང་གི་ཚོགས། ། ཏིང་འཛིན་མཐའ་དག་རྡོ་རྗེ་ལྟ་བུ་སྟེ། །སྡེ་སྣོད་གསུམ་མམ་དེ་ཡི་སྙིང་པོ་སྔགས། །རྟོགས་ཀྱང་བརྒྱུད་པ་ཟབ་ཕྱིར་ཆོ་ག་དགོས། །ལྷ་གཅིག་གིས་ཀྱང་ཕྲིན་ལས་ཐམས་ཅད་འགྲུབ། །ལྷ་ཀུན་མཚན་ནི་ལྷག་པའི་ལྷ་ཡིས་བཟུང༌། །དུས་བཞིར་རྩ་བའི་དམ་ཚིག་གནང་སྐབས་མེད། །ལྷ་ལ་ཅིག་ཅར་འཇུག་པ་ཟབ་མོའི་གནད། །རྟེན་འབྲེལ་འཚོགས་ལས་གྲུབ་པར་ཤེས་པ་དགོས། །ཐ་མལ་ལུས་སུ་བཏགས་ཕྱིར་དཀའ་ཐུབ་སྨད། །དྲང་ངེས་མེད་པར་ཆོ་ག་རྒྱས་པར་དགོས། །དེ་ཡིས་འདུལ་ན་བསྡུས་པ་ཡང་ནི་བཞེད། །བསྲུང་ བའི་འཁོར་ལོ་རྨད་བྱུང་བྱང་ཆུབ་སེམས། །རྩ་རླུང་གདམས་པ་འདུལ་བ་ལྷག་པར་དགོས། ། བྱིན་མཐུས་ཀུན་གཞི་དུས་གཞན་དུ་ཡང་མཐོང༌། །རྩ་རླུང་ཐིག་ལེ་སྙིགས་མ་དུག་བཅས་ཟབ། །རྡོ་རྗེ་ཐེག་པའི་ལམ་རིམ་བསླབ་པ་གསུམ། །ཕར་ཕྱིན་དྲུག་ནི་ཐེག་པ་གསུམ་གའི་ལམ། །དཔོན་སློབ་ཕན་ཚུན་དམ་ཚིག་མཉམ་པར་གཅིག །དགེ་བའི་ངོ་བོས་ཕྱག་ཆེན་སྒྲིབ་མི་སྲིད། །བྲལ་བའི་བྲས་བུ་ཐམས་ཅད་རྒྱུ་དང་བཅས། །ནམ་མཁའ་གཉིས་འདྲེས་ཉན་ཐོས་ཀྱི་མངོན་རྟོགས། ། རླུང་མི་འཛིན་པ་ལྷུགས་པར་འཇོག་པར་ཟབ། །རྣམ་ཤེས་བླ་མ་འོད་གསལ་འཕོ་བའི་མཆོག །བྱང་ཆུབ་སེམས་ཀྱི་རང་གཟུགས་སངས་རྒྱས་ཡིན། ། དེ་ལྟར་གང་གི་དགོས་པ་ཀུན་གསལ་མཐའ། །དབང་ཐོབ་རྣམས་ཀྱིས་དཔག་པ་སླ་མིན་ཡང༌། །འདབ་ལྡན་མཁའ་ལྡིང་དབང་པོ་སྤྱན་སྔ་བའི། །མཁྱེན་སྤྱོད་གཤོག་ཡངས་རླབས་ཀྱིས་བགྲོད་པ་གང༌། །སྔོན་བྱོན་རྣམས་ཀྱིས་གསལ་བར་བྱས་མོད་ཀྱང༌། །བློ་དམན་རྣམས་ལ་ཕན་ཕྱིར་ལྷན་ཐབས་རྣམས། །ཚིགས་སུ་བཅད་པ་ཡིད་བཞིན་ནོར་བུའི་ཕྲེང༌། །དཔྱོད་ལྡན་དགའ་བའི་དོ་ཤལ་འདི་བསྟར་བས། །ལེགས་བྱས་དགེ་བ་སྟོང་ཕྲག་འབར་བའི་གཟིས། ། སྐྱེ་འགྲོའི་སྒྲིབ་མུན་ཅིག་ཅར་དྲུང་ཕྱུང་ནས། །ལུང་དང་རྟོགས་པའི་ཚོགས་གཉིས་པད་མོའི་ཚལ། །རྒྱས་པའི་བཅུད་ལ་རོལ་པའི་དཔལ་ཐོབ་ཤོག །ཅེས་པ་རྗེ་བླ་མ་དྷརྨ་སཱུརྻས་བརྩམས་པའོ། །
ཀླུ་དགོངས་ཞིབ་པར་ཀློག་དང་དེ་སྔ་གསར་གཉིས་ཀར་འདྲི་བ་མང་པོ་བཏང་འདུག
ལྷག་པར་དུ་བོད་སྔ་རབས་པ་ྮྮཚོར་མཐོང་ཆུང་ལྟ་བུའི་བགྲོ་གླེང་མང་པོ་འདུག
བོད་མི་རིགས་ལ་ལྷག་བསམ་དུས་ལས་དཀར་བའི་དམ་པ་དགེ་ཆོས་མཆོག་གིས་མི་ལོ་མང་པོའི་རིང་དུ་རྒྱ་གར་དང་སིང་གྷ་ལའི་ཡུལ་དུ་དཀའ་བ་ཚད་མེད་སྤྱད་ཤིང་ཕྱི་ནང་གི་རིག་གནས་མང་པོ་བྲིས་པ་རྣམས་ཁུར་ནས་བོད་གངས་ཅན་གྱི་ཡུལ་དུ་ཕྱིར་ཕེབས་པ་རེད། རྨོངས་རྒན་ལུག་མགོ་ཅན་ཚོས་དགེ་ཆོས་བཙོན་དུ་བཅུགས། ལོ་མང་རིང་དུ་དཀའ་ལས་བརྒྱབ་པའི་ཡིག་ཆ་ཚང་མ་རྐུ་ལ་ཤོར།
མཐའ་བོད་མི་རིགས་ཀྱི་ལག་ཏུ་ལྷག་ཡོད་པ་ཀླུ་སྒྲུབ་དགོངས་རྒྱན་དང་འདོད་པའི་བསྟན་བཅོས་སོགས་རེད། དེང་སང་ཀླུ་སྒྲུབ་དགོངས་རྒྱན་ཡང་དགེ་ཆོས་མཆོག་གིས་བྲིས་པ་མི་མདོག་བཤད་པ་ནི་རྒྱ་གཏམ་བོད་རྣ་ལ་མི་འགྲོ་བའི་གཏམ་རེད་འདོད་དོ།།
ཨ་་་་་་ཅོ་རི་ཇོ་མོ། ངའི་དྲི་བ་དེ་ལ་ལན་མེད་དམ།
མི་རེའི་སེམས་ལ་རྩ་བའི་བླ་མ་རེ།
བླ་མ་རེ་ལ་རྫུན་གྱི་ཨི་ཁུང་རེ།
དེ་ལ་སློབ་མ་རེ་ཡིས་ལྷན་པ་རེ།
རྫུན་བཤད་སྟོང་གིས་གཡོགས་པ་བོད་ཆོས་རེད།
རྩ་བའི་བླ་མའི་བཀའ་རྒྱའི་ཕྱི་རོལ་དུ།
རྟོག་གེ་མདའ་མོ་འཕེན་ནུས་མེད་པ་འདི།
སློབ་མ་ལུག་ཀླད་ཅན་གྱི་སྤྱོད་པ་ལས།
དཔྱོད་ལྡན་ཚན་རིག་པ་རྣམས་ཅི་ལ་སྤྲོ།
གནམ་ལགས་་སྐྱག་པས་རྐུབ་ཞིག་བཀྱགས་ཐུབ་ན་བསམ་ཡོད་རྒྱུ་རེད་ཅེས་པ་དེ་ལ་འགྲེལ་བཤད་ཤིག་རྒྱོབ་དང་་་དེ་ནས་བལྟ་ཆོག་་་་བརྗོད་གཞི་གྱི་ཁ་ཕྱོགས་འཁྱོག་འགྲོ་ས་རེད་བསམས་ནས་ལན་མ་བརྒྱབ་པར་བསྡད་ཡོད་ལགས།
དེ་མ་རེད། དེའི་འོག་ན་ཅིག་ཡོད། དེ་ལ་ལན་ཐོབས།
ངས་ཀྱང་དེའི་འོག་ལབ་ཀྱི་ཡོད་ལགས་་་ཧཧཧཧ ང་ལ་དམིགས་བསལ་གྱི་ལན་འདེབས་ཀྱི་ཡོད། མདང་དགོང་ནས་དེའི་སྐོར་བསམས་བློ་གཏང་ཡོད་ལགས་་་་་་་་ཧཧརྒྱུ་མཚན་དེས་བརྗོད་འཁྱོག་འགྲོ་གི་རེད་ཟེར་གྱི་ཡོད་དོ།
ལགས་སོ། སྡིག་པ་ཅི་ཡང་མི་བྱ་བར། དགེ་བ་ཕུན་སུམ་ཚོགས་པར་ཤོག་ཟེར་བ་དེ་དཀའ་མོ་རེད་འདུག་པས། ང་ནི་སྡིག་ཆེན་པ་ཞིག་མིན་འགྲོ་བསམ་ནས་སྐྲག་སྣང་བྱུང་ན་འགྲིག་གམ། ཧ་ཧ་ཧ་།
༼སྡོམ་གསུམ་གོང་ནས་གོང་དུ་དོག་ཏུ་འགྲོ ༽སྟངས་གང་འདྲ་རེད། ངས་བལྟས་ན་གོང་ནས་གོང་དུ་ཡངས་སུ་འགྲོ་དགོས་སྙམ།
ཆོས་ལུགས་རིས་མེད་ཨེ། ཆོས་ལུགས་རིས་མེད་ཅེས་པ་ནི་ཆོས་ལུགས་ཐམས་ཅད་ལ་དག་སྣང་ཤར་བའི་བློ་རྣལ་མ་ཞིག་སྐྱེ་དགོས། དག་སྣང་ཞེས་པ་ཁྱོད་ཀྱི་ཁ་དང་ང་ཡི་སྣ་ཟེར་ནས་གྲུབ་མཐའ་འམ་ཆོས་ལུགས་གཞན་ལ་དུག་ཏུ་བལྟ་བ་མིན་པར་རང་གི་ཆོས་ལུགས་ལ་དད་པ་དག་སྣང་ཇི་ལྟར་ཡོད་པ་བཞིན་གཞན་གྱི་ཆོས་ལུགས་ལའང་དེ་བཞིན་དག་སྣང་མོས་པ་ཞིག་དགོས་པ་ལས། གཞན་ལ་དུག་ཏུ་བལྟ་རང་གི་དེ་ལ་སྨན་དུ་བལྟ་བའི་བློ་་ཞིག་ཡོད་ཕྱིན་ཆད་དག་སྣང་ཟེར་བ་རི་བོང་རྭ་དང་མོ་ཤམ་གྱི་བུ་ཨ་ར་ཅན་རང་རེད། སྦྲུལ་གྱི་ལྕེ་ལས་ནོར་བུ་ཡོང་དྭོགས་མེད།
ང་འདྲ་པོ་་་ཨེ་་བན་དེ་བ་ལགས།
འོ་ཅོ་རི་ཁྱེད་ནི་རིགས་པ་སྨྲ་བ་ཞིག་ཏུ་སེམས་ལྷག་པར་དུ་ཁྱེད་ཀྱི་ཆོས་ལུགས་ལ་བལྟ་སྟངས་དེ་ལ་ང་སྣང་བར་འགྲོ་གི
བན་དེ་བ་ལགས་་་་ང་ཅོ་རི་ཞེན་སྒོག་ཆེན་པོ་ཡིན་་་་ས་འདི་ཕྱོགས་སུ་ཡེ་ཤུ་ཆོས་ལུགས་པ་ཚོས་མཉམ་དུ་བཀའ་མོས་འདྲ་མིན་སྣ་ཚོགས་བཤད་ཀྱི་ཡོད་ཀྱང་བོད་གངས་ཅན་པའི་ཁྱད་ནོར་ལ་ཐུགས་དུས་སུ་ང་རྒྱལ་ཏོག་ཙམ་ཆེ་ཐལ་འགྲོ་གི་འདུག
ངས་ཁྱེད་ལ་ངོ་དགའ་མིན།་་་་ང་བོན་པོ་ལ་དགའ་པོ་ཡོད་་་བོད་བཙན་པོའི་ཕ་མེས་ཀྱི་ཆོས་ལུགས་ཡིན་པས་རེད། བོད་པ་མང་ཤོས་ཀྱིས་རང་ཕྲུ་གུ་མིང་འདོགས་དུས་རྒྱལ་བ་བསྟན་འཛིན་རྒྱལ་མཚོའི་དྲུང་དུ་མིང་ཞུ་གི་རེད། ངའི་བུ་མོ་ལ་ང་རང་རང་གིས་གཡུང་དྲུང་ལྷ་མོ་ཞེས་བཏགས་ཡོད་་་་མོ་རང་ཡང་མིང་དེ་ལ་དགའ་འདུག་་་་ཞེན་སྒོག་རེད་བ་་་ཧཧཧ
དགེ་ཆོས་མཆོག་གིས།
ཀ་ཆུ་ཡན་ཆད་ནག་ཆུ་མན་ཆད་བར།
ཁ་ཚིག་མཐོ་བའི་སྐྱེ་བོ་མང་ནའང།
ག་ལེ་བསམས་ན་རང་རེའི་ཐ་སྙད་པས།
ང་རྒྱལ་དེ་ནི་དོན་གྱི་ང་རྒྱལ་ཞིག་་་་་་ཞེས་གསུངས་པ་ལྟར་་་ང་ལ་ང་རྒྱལ་ཆེན་པོ་ཡོད།།་་་ཧཧཧ
ཨོ་ཡ་་་དྲ་ཐོག་གི་ཀློག་པ་པོ་རྣམས་པ་དང་ལྷག་པ་ཏུ་བསམ་ཚུལ་གསུངས་གནང་མཁན་ཚོ་ལ་ཐུགས་རྗེ་ཞུ་གི་ཡིན།།་་་སྐྱེ་བ་སྔ་ཕྱི་དང་ལས་རྒྱུ་འབྲས་ཀྱི་རྣམ་བཞག་ལ་དགག་པ་རྒྱབ་མཁན་ཡོད་ན་་་ང་སྒོ་ཁྱིས་ཟུག་སྐད་རྒྱབ་ངེས་ཡིན་པས་ཐུགས་སུ་འཛིན་རོགས་་་་བཞུགས་གདན་འཇག
ཅོ་རི་ཉི་མ་ཁྱེད་ནི་མི་བུ་ཁ་རི་ཁ་ཐུག་གི་མི་ཞིག་ཡིན་ཅིང་དངོས་གནས་ཁྱེད་ཀྱིས་བཤད་པ་དེ་ཚོར་ང་ཡང་མོས་འདུན་བྱེད་ཀྱི་ཡོད་ད།
ཡ་དྲ་གྲོགས་ཅོ་རི་ལགས། ཕེབས་པར་བཟང་། ༼ཚ་ཕྲུག་སྐྱེས་མ་ཐག་པའི་རིག་པ་ཆོས་ཅན། རིག་པ་སྔ་མ་སྔོན་དུ་སོང་སྟེ། ཆགས་ཅན་གྱི་བློ་ཡིན་པས་ཕྱིར། དཔེར་ན། ཅོ་རི་རྒད་པོ་ཤི་ཁ་མའི་བློ་བཞིན།།༽ དེར་ཚན་རིགས་པས་སྒྲུབ་བྱ་ཆོས་ཀྱི་ངོ་བོ་མ་གྲུབ་པས་རྗེས་ཁྱབ་མ་གྲུབ་ཟེར་རྒྱུ་ལས་འོས་མེད། རིག་པ་ཡིན་ན་རིགས་འདྲ་སྔ་མ་ཡོད་དགོས་པ་དེ་སྒྲུབ་བྱ་རེད། སྤྱིར་ནང་གཞུང་དུ་གསལ་བའི་བློ་དང་རིག་པ། རྣམ་ཤེས་དང་ཡིད་ཤེས་སོགས་གཟུགས་མེད་སེམས་ཀྱི་རྣམ་བཞག་དེ་བཞིན་ཚན་རིགས་པས་འདོད་ནི་མ་རེད། ཁྱེད་ལ་སྐྱེ་བ་སྔ་ཕྱི་སྒྲུབས་བྱེད་དེ་ཙམ་མ་གཏོག་མེད་ན་ཁྱེད་ཤི་ཐུབ་ས་མ་རེད། ༼ཚ་ཕྲུག་རྒྱལ་ལགས་་་ཀླུ་སྒྲུབ་དགོངས་རྒྱན་གྱི་སྐོར་སྔོན་མ་ནས་བང་ཆེན་ཟིན་བྲིས་ནང་དུ་ལན་བཏབ་ཡོད། དེ་ལས་ལྷག་པ་ཅང་བཤད་ཀྱི་མེད།༽ ཧཧཧཧཧ། སྔོན་མ་ནས་བང་ཆེན་ཟིན་བྲིས་ནང་དུ་ལན་ཇི་ལྟར་བཏབ་པ་ཡིན་ནམ། དེར་གཟིགས་དང་དྲིས་ལེན་ཇི་ཡོད་ད་ལྟ་ཡང་མཐོང་རྒྱུ་ཡོད། ཡང་། ༼ལོ་མང་རིང་དུ་དཀའ་ལས་བརྒྱབ་པའི་ཡིག་ཆ་ཚང་མ་རྐུ་ལ་ཤོར། མཐའ་བོད་མི་རིགས་ཀྱི་ལག་ཏུ་ལྷག་ཡོད་པ་ཀླུ་སྒྲུབ་དགོངས་རྒྱན་དང་འདོད་པའི་བསྟན་བཅོས་སོགས་རེད། དེང་སང་ཀླུ་སྒྲུབ་དགོངས་རྒྱན་ཡང་དགེ་ཆོས་མཆོག་གིས་བྲིས་པ་མི་མདོག་བཤད་པ་ནི་རྒྱ་གཏམ་བོད་རྣ་ལ་མི་འགྲོ་བའི་གཏམ་རེད་འདོད་དོ།།༽ ཞེས་བཤད་པ་དེར་གཞིགས་ན་སྐུ་ཉིད་ཀྱིས་ཀླུ་སྒྲུབ་དགོངས་རྒྱན་ཆ་ཚང་བ་ཞིག་ཀློག་མྱོང་མེད་པ་འདྲ། ཀླུ་དགོངས་ཀྱི་འཇུག་གི་རྩོམ་བྱང་དེར་རྩོམ་པ་པོའི་མཚན་དང་བརྩམས་པའི་ལོ་ཟླ་བཅས་གསལ་གསལ་དག་དག་ཏུ་བཀོད་འདུག་པས་དེར་མཐོ་བཤད་དམའ་བཤད་ཀྱིས་ཀླན་ཀ་འཚོལ་དགོས་དོན་སྤུ་རྩེ་ཙམ་ཡང་མི་འདུག། ཡིན་ངོ་མ་ནི་ཤར་ཉག་པ་ཟླ་བ་བཟང་པོའི་གསུངས་རྩོམ་ཡིན་པ་གསལ་འདུག་གོ།།
ཆོས་ཚན་གཉིས་ལ་དབུལ་ཤིང་ཕོང་པའི་ཕུང་རྒན་ཆ་ཚང་དེ་རིང་འདིར་ཡོད་ངེས་རེད་འདུག །ཁྱོད་ཚོས་སོ་སོའི་ཁ་ཕོར་བདག་པོ་ཡག་པོ་བྱོས། དེ་མིན་དྲང་བདེན་དང་རྣམ་དཔྱོད་ཡོད་མཁན་མི་གཅིག་ཀྱང་མི་འདུག་ཞེས་ངས་མགྲིན་པ་གཟེངས་སུ་བསྟོད་ནས་སྨྲ་སྤོབས། དེའི་ཕྱིར་ཆེན་པོ་དཔྱོད་ཁུལ་གྱི་ཆུང་ངུ་ཡང་ཤོར་ཉེན་ཆེ་འདུག །
ཀླུ་དགོངས་དགེ་ཆོས་ཀྱི་བརྩམས་ཆོས་མ་ཡོན་པར་བཤད་པ་ནི་ཀླུ་དགོངས་ཀྱི་རིན་ཐང་བཅོག་ཐབས་ཙམ་རེད་སྙམ། ཟླ་བཟང་ལ་འདི་འདྲ་ཞིག་བརྩོམ་པའི་རྣམ་དཔྱོད་ཡོད་ཚོད་མ་རེད་ལ། བརྩོམ་གཤིས་ལ་བལྟས་ཀྱང་དགེ་ཆོས་ཀྱི་རྩོམ་གཤིས་མ་འཁྲུལ་བ་རེད།
ནང་ཆོས་མ་ཏོགས་ཚན་རིག་པས་ཆོས་ལུགས་གཞན་རྣམས་ལས་སླ་བོའི་ཐོག་མཐོང་དང་རྒྱུ་ཚན་མེད་པ་བཟོས་ཡོད་།
ད་ནི་ནང་ཆོས་ནས་བཤད་པའི་སྐྱེ་བ་སྔ་ཕྱིའི་རིགས་པ་དང་། རྟེན་འབྲེལ་རིགས་པ་། དངོས་པོའི་རྣམ་ཞག་གི་རིགས་པ་རྣམས་ལ་ཚན་རིགས་པས་སྐྱོན་བསྟན་ཐུབ་ན་། ང་ཚོས་ངོས་ལེན་མ་བྱེད་རང་བྱེད་རེད་།།།